Skip to main content Skip to search
20 Jun 2018
2 min 38 sec
Video Overview
Creators: 
Sonam Chophel, Dawa Tshering

Neglug village is located between Loopcha and Chongra villages in Laya, Gasa District. He heard accounts of this village from elders. A legend said that a bewhiskered Tibetan Lama, Zhabdrung Ngawang Namgyal, united the entire southern land of medicines. Zhabdrung spent the night in Neglug village, and gave one pair of his Tshoglham (boots) as a token of appreciation; hence the name of this village, “After His Boots were Left.” Changes over time in the village are most evident in houses, which are no longer built in traditional Layap style.

གནས་ལུགས་ཀྱི་གཡུས་ཚན་འདི་ ཡག་གི་རྒེད་འོག་ ལོཔ་ཅ་དང་ ཅོང་ར་གཡུས་ཚན་གཉིས་ཀྱི་ སྦུག་ལུ་ཆགས་ཡོདཔ་ད་ ཁོ་གིས་ གཡུས་འདིའི་ལོ་རྒྱུས་འདི་ མི་རྒས་ཤོས་ཚུ་ལས་གོ་ཡོདཔ་ཨིན་པས། གཏམ་རྒྱུད་ནང་ བོད་ཀྱི་བླམ་ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ ལྷོ་སྨན་ལྗོངས་ཀྱི་ཞིང་འདི་ དབང་དུ་བསྡུ་བའི་སྐབས་ ཞབས་དྲུང་རིང་པོ་ཆེ་མཆོག་ ནུབ་གཅིག་ གནས་ལུགས་ཀྱི་ གཡུས་ཚན་འདི་ནང་བཞུགས་་ཏེ་ ཁོ་རའི་ ཞབས་ལྷམ་ཆ་གཅིག་ འདི་ནང་བཀའ་དྲིན་དགའ་ཚོར་སྦེ་གནང་ཡོདཔ་ལས་ མིང་འདི་ཡང་ འ་ནཱ་ལས་ཚུར་ ཐོབ་ནུབ་ཟེར་ཨིན་པས། ཏེ་ད་རེས་ནངས་པ་ འགྱུར་བཅོས་འགྱོ་མི་བརྟེན་ ཁྱིམ་འདི་ཚུ་ཡང་ ལ་ཡག་གི་ལུགས་སྲོལ་ནང་སྦེ་ མཐོང་ནི་མེདཔ་ཨིན་པས།

Transcript search
No results found for this search
0 of 0
  • ཚེ་དབང་
    ཏེ་འདི་ནང་ལུ་ང་བཅས་ར་ལུསཔ་ཅ་ཟེར་མི་འདི་ ཏེ་ང་བཅས་ར་ལ་ཡག་རྒེད་འོག་ནང་ལུ་ ཏེ་དངམ་སྐྱོང་ར་ གཉིས་པ་ལུསཔ་ཅ་ཟེར་མི་འདི།
  • ཚེ་དབང་
    ཏེ་ལུསཔ་ཅ་ཟེར་མི་གི་གནད་དོན་ངོ་མ་འདི་ ད་ང་བཅས་ར་ཕམ་རྒས་ཤོས་དང་ ད་ང་བཅས་ར་ཨ་རྒས་ཨང་རྒས་ག་ར་ལུ་ ཏེ་ང་བཅས་ཀྱིས་དྲི་བ་དང་ ཏེ་ནེ་སྦེ་ཁོང་ར་གིས་བསླབ་བྱ་བྱིནམ་ད་ ང་བཅས་ཀྱིས་དྲི་བ་དཔྱད་མི་འདི།
  • ཚེ་དབང་
    འདི་ན་ལུ་ཞུ་བ་ཅིན་ ཞབས་དྲུང་རིན་པོ་ཆེ་ཁོ་ར་གི་ཞབས་ལྷམ་འདི་ ཏེ་ནཱ་ང་བཅས་ར་ལུསཔ་ཅ་གཡུས་ཚན་ནང་ལུ་ལུས་ཡོད་ནི་འདི་གིས་ ཏེ་ལུསཔ་ཅ་ཟེར་དར་མི་འདི་ནཱི་ཨིན།
  • ཚེ་དབང་
    ཏེ་ནཱི་ཨིནམ་ལས་བརྟེན་ཏེ་གིས་སྦེ་ ཏེ་ད་རེས་ནངས་པར་ཡང་ང་བཅས་ར་ ལུསཔ་ཅ་ལུསཔ་ཅ་ཟེར་ ཏེ་གནམ་མེད་ས་མེད་དར་ཁྱབ་འགྱོ་སྟེ་རང་ ཏེ་ཞབས་དྲུང་རིན་པོ་ཆེ་ཁོ་རང་གིས་ ཏེ་མཚན་ནེ་སྦེ་བཀོད་གནང་མི་འདི་དང་འབྲེལ་ཏེ་གིས་སྦེ་ ད་རེས་ནངས་པར་ང་བཅས་ཀྱི་གནམ་མེད་ས་མེད་ ལུསཔ་ཅ་ཟེར་རང་ ཏེ་དར་ཁྱབ་སྦོམ་སྦེ་ར་ཡོད།
  • ཚེ་དབང་
    འདི་ནང་ལུ་ཡང་ང་བཅས་ ཏེ་ཞབས་དྲུང་རིན་པོ་ཆེ་ ཏེ་ང་བཅས་ར་ ཏེ་མ་ཤེས་མ་མཐོངམ་ ག་ར་གིས་འབད་རུང་ཡང་ ལུསཔ་ཅ་ཟེར་མི་འདི་ ག་གིས་ཡང་ཧ་གོ ཏེ་འདི་ནང་ང་བཅས་ར་ཤེསཔ་མཐོངམ་ ཏེ་བླམ་ཆོསཔ་ཚུ་གིས་འབད་བ་ཅིན།
  • ཚེ་དབང་
    ལུསཔ་ཅ་ཟེར་ གནམ་མེད་ས་མེད་ཁུངས་དང་དགོས་པ་སྦོམ་ཡོདཔ་ལས་བརྟེན་ཏེ་གིས་སྦེ་ ཏེ་ཞབས་དྲུང་རིན་པོ་ཆེ་ཁོ་ར་བྱིན་གྱིས་བརླབས་བརླབས་པའི་ས་འབད་ནི་འདི་གིས་ གནམ་མེད་ས་མེད་འདི་ནང་ལུ་མཐོང་ནང་སྦོམ་སྦེ་ར་བསྐྱེད་དེ་གི་ཡོད་ ཟེར་ཞུ་ནི།
  • ཚེ་དབང་
    ཏེ་ད་ང་བཅས་ར་ལུསཔ་ཅ་གཡུས་ཚན་འདི་ནང་ལུ་ ཏེ་ང་བཅས་ར་ཞབས་དྲུང་རིན་པོ་ཆེ་ཁོ་ར་གི་ ཞབས་ལྷམ་ཡ་གཅིག་འདི་ནང་ལུ་ལུས་ཡོདཔ་ལས་བརྟེན་ཏེ་གིས་སྦེ་ ད་རེས་ནངས་པར་རྒྱལ་ཁབ་ ང་བཅས་ར་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ནང་ལུ་མི་ཆེ་འབྲིང་ཆུང་གསུམ་ག་ར་བྱོན་རུང་ཡང་།
  • ཚེ་དབང་
    ཏེ་ང་བཅས་ཀྱིས་འདི་ནང་ལུ་ ཏེ་ཞབས་དྲུང་རིན་པོ་ཆེའི་ཞབས་ལྷམ་འདི་མཇལ་ཁ་ ཏེ་གནསཔ་འདི་ལུ་ང་བཅས་རྒེད་འོག་གི་ཧོང་ཐུག་ལས་འབད་རུང་ ཏེ་ཁྱོད་ཀྱིས་ ཏེ་ང་བཅས་ར་རྒྱལ་ཁབ་ཀྱི་མི་ གོངམ་དཔོན་གཡོག་ཆེ་འབྲིང་ཆུང་གསུམ་ག་ར་བྱོན་རུང་ འདི་ལུ་མཇལ་ཁ་ལེགས་ཤོམ་འབད་གནང་བྱིན།
  • ཚེ་དབང་
    ལེགས་ཤོམ་འབད་མཇལ་བཅུག་ཟེར་ ང་བཅས་ཀྱིས་གསོལཝ་བཏབ་སྟེ་རང་ཡོད་ འདི་མ་ཚད་ཁོང་ར་ བྱིན་བདག་གིས་འབད་རུང་ཡང་ གནམ་མེད་ས་མེད་འདི་ནང་ལུ་ ཏེ་བྱོན་མི་ཚུ་ལུ་དགའ་ཚོར་དང་བཅསཔ་སྦེ་ ཏེ་ཞལ་མཇལ་མི་དང་ ཏེ་ནཱི་བཟུམ་ཡོད་པ་ཅིན་ ཁོ་རང་ཁ་ཐུག་ལས་ ཟེར་རུང་གསོལ་ཇ་དྲངས།
  • ཚེ་དབང་
    གནམ་མེད་ས་མེད་ཕེབས་བསུ་ གདོང་ལེགས་ཤོམ་འབད་འགོར་ཏེ་གིས་སྦེ་རང་ གནམ་མེད་ས་མེད་ ཏེ་དགའ་ཚོར་བསྐྱེད་དེ་གིས་ཡོད། ཏེ་ལུསཔ་ཅ་ཟེར་སླབ་མི་ངོ་མ་འདི་ ཏེ་ཞབས་ལྷམ་ཞབས་དྲུང་རིན་པོ་ཆེ་གི་ཞབས་ལྷམ་ཡ་གཅིག་འདི་ནང་ལུས་ནི་འདི་གིས་ ཏེ་ལུསཔ་ཅ་ཟེར་ཞུཝ་ཨིན།
  • ཚེ་དབང་
    ཏེ་གནམ་མེད་ས་མེད་རྒྱས་ཤིང་རྒྱསཔ་སྦེ་ང་བཅས་ཀྱིས་མི་ཤེས་ མདོར་བསྡུས་སུ་ཅིག་ཤེས་མི་ ནེ་ཅིག་ཨིན། བཀའ་དྲིན་ཆེ་ལགས།། །།