Skip to main content Skip to search
20 Jan 2016
19 min 7 sec
Video Overview
Creators: 
Sherig Dhentshog

Shangshing Dorji from Phungsharang village in Pemagatshel district sings a song called "Jalu Keypay Maja" (Peacock Born in India). It is a popular song across Bhutan. The lyrics describe a peacock as a bird special to India, on the other hand birds such as the black necked crane and the pigeon vastly prefer Tibet and Bhutan to escape the Indian heat. However Sangshing sings the song only mentioning India and Tibet, leaving out the part of Bhutan. He also mentions 'Kidpa' as something born in Tibet instead of the crane, though it is unclear if by Kidpa he is referring to a kind of bird or if he meant Kidpa in the classical Dzongkha sense meaning 'peace'.

 

༉  པདྨ་དགའ་ཚལ་རྫོང་ཁག་ ངང་ལམ་རྒེད་འོག་ལས་ བསང་ཤིང་རྡོ་རྗེ་གིས་ གནམ་རྫོང་རྒྱལཔོ་དང་དགོངས་འདུ་རྒྱལོཔོ་ཟེར་ ཧེ་མ་ཕྱོགས་ཕྱོགས་ལུ་མི་ཁ་ཅན་དབང་ཅན་དྲག་ཤོས་ཚུ་གིས་དབང་སྦེ་སྡོད་པའི་གནས་སྐབས་ནང་ བྱུང་བའི་ལོ་རྒྱུས་ཅིག་ཨིནམ་ད་ དེ་ཡང་རྒྱལཔོ་གཉིས་ གཅིག་གིས་གཅིག་ལུ་ངལ་མ་རངས་པར་ཕྱད་མདའ་རྐྱབ་སྟེ་ དགོངས་པོ་གིས་རྒྱལ་ཁ་ཐོབ་པའི་སྐོར་ལས་སྲུང་གཏངམ་ཨིན་མས། བདེ་ཆེན་ཆོས་གླིང་གི་མི་རིགས་འདི་ གནམ་རྫོང་རྒྱལ་པོའི་རྒྱུད་པ་ལས་དར་དརཝ་་ཨིནམ་ད་ གནམ་རྫོང་རྒྱལཔོ་དེ་ ཀུར་སྟོད་ལུ་བཞུགསཔ་ཨིན་རུང་ ཤུལ་ལས་ཁོ་གི་སྲས་ཐོད་པ་རྒྱལ་མཚན་འདི་ བདེ་ཆེན་ཆོས་གླིང་ལུ་གནས་སྤོ་སྟེ་བཞུགས་ཡོདཔ་ལས་ བདེ་ཆེན་ཆོས་གླིང་གི་མི་རིགས་འདི་ སྲས་ཐོད་པ་རྒྱལ་མཚན་ལས་སྦེ་དར་དརཝ་ཨིན་ཟེར་ ཡིད་ཆེས་བསྐྱེད་དོ་ཡོདཔ་མས།

Transcript search
No results found for this search
0 of 0
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཡ་ ལགས་སོ་ལགས། ང་གིས་ ད་ལྟོ་ ང་ནཱ་ ངང་ལམ་བདེ་ཆེན་གླིང་ཕུང་ཤ་རང་ལས་ཨིན་ལགས། ད་ལྟོ་ ང་ ལོ་ལྔ་བཅུ་ལྔ་བདུན་འགྱོ་ཡི།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ད་ལྟོ་ ང་གིས་ ནཱ་ དང་ཕུ་ཕ་མའི་རིམ་བྱོན་གྱི་ བརྒྱུད་གྲོས་ཅིག་ཞུ་ནི། ང་གིས་ ད་ལྟོ་ ག་ཅི་སྨོ་ཟེར་བ་ཅིན་ ད་ལྟོ་བཟུམ་སྦེ་ དང་ཕུ་ རྒྱལ་པོ་རིམ་བྱོན་གྱི་ ལོ་རྒྱུས་ཞུ་ནི།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ད་ལྟོ་ འགོ་དང་པ་འབད་བ་ཅིན་ ནཱ་ བདེ་ཆེན་གླིང་ལུ་ གནམ་རྫོང་རྒྱལ་པོ་ཟེར་མི་ཅིག་བཞུགས་ནུག། དེ་ལས་ མར་འདི་ ད་ལྟའི་ ནོར་བུ་སྒང་ལས་མར་འདི་ ལོག་ཀོ་རིའི་མཚོ་ཟེར་ཡོད། ད་ ལོག་ཀོ་རིའི་མཚོ་ལུ་འདི་ དགོངས་འདུ་རྒྱལ་པོ་ཟེར་མི་ བཞུགས་ནུག་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ འདིའི་ལས་ཏེ་ ནཱ་གནམ་རྫོང་རྒྱལ་པོ་དང་ དགོངས་འདུ་རྒྱལཔོ་གི་བར་ན་ ཁོང་གསུམ་སོང་སྟེ་ གཅིག་ཁར་འགྱོ་འགྱོཝ་མས་ལགས། དེ་ལས་ ནཱ་གནམ་རྫོང་རྒྱལ་པོ་འདི་ ཡར་གྱི་ ལྟོ་དྲངས་ནིའི་ སྒར་པ་ཚུ་ལུ་ ལྟོ་དྲངསམ་ད་ འ་ནཱི་ སྦ་གི་ལྤགས(པགས)་ཀོ་ ཨོ་པ་ར་ལུ་དྲངས་ནུག་ཨིན་པས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    མི་གཅིག་གི་མར་བལྟ་ བར་ན་ ཁོང་ གནམ་རྫོང་རྒྱལ་པོ་ལུ་ཏེ་ ལྟོ་ཐ་ལི་འདི་ ཕྱི་རུ་ ལྟོ་དྲངསམ་ད་ ཕྱི་རུ་རང་བཀོཝ་མས། ནངས་པ་ལྟོ་དྲངམ་ད་ ནངས་པ་ར་བཀོཝ་མས། ལྷག་མ་ཚུ་བཀོཝ་མས་ཟེར་ མི་ཅིག་གིས་ སྦུག་ན་མར་སོང་སྟེ་ དགོངས་འདུ་རྒྱལ་པོ་ལུ་ཞུ་ནུག།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ད་ལྟོ་ ཡ་ དབའི་ ང་ལས་ སྦོམ་ག་ཡོད། ང་ལས་སྦོམ་ག་ཡང་མེད་ཟེར་ ང་ལས་ཕྱུགཔོ་ག་ཡང་མེད། ང་ལས་ཕྱུགཔོ་ག་ཡང་མེད། ང་ལས་མཐོཝ་ག་ཡང་མེད། ང་རང་སྦོམ་ཨིན་ཟེར་ མནོ་བསམ་བཏང་ནུག་ཁོ། ནཱ་ལུ་ མར་ གནམ་རྫོང་རྒྱལ་པོ་ དགོངས་འདུ་རྒྱལ་པོ་དེ།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཡ་ ཁོ་གི་འདི་ འ་ནཱི་ སྦུག་ན་ བརྡ་ཞུ་མི་གིས་ ཁོང་གི་ ཕྱི་རུ་དྲངས་མི་ ཕྱི་རུང་ར་བཀོཝ་ཨིན་ ནངས་པ་བཟའ་མི་ ནངས་པ་ར་བཀོཝ་ཨིན། ཉིནམ་དགུང་ལུ་བཟའ་མི་ ཉིནམ་དགུང་ལུ་ར་བཀོཝ་ཨིན་ཟེར་ སླབ་ནུག། དབའི་ མེནམ་འོང་དེ་སྦེ་འདི་ ཁོ་ང་ལས་ལྷག་སྟེ་མེད་ ཧ་ལམ་ཅིག་ལས་ཏེ་ ཁོ་ བྱོན་ཏེ་བལྟ་ནུག་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཁོ་ བྱོན་ཏེ་ གཟིགས་བལྟཝ་ད་ ནཱ་ལས་ཡར་བལྟ་ ནོར་བུ་སྒང་ལས་ཡར་བལྟ་ཐོན་འོང་། ནཱ་ ཀང་རེ་ཟེ་ཟེར་མི་ཡོད། ཀང་རེ་ཟེ་ལུ་ འོང་བལྟཝ་ད་ ཁོ་རའི་ ལྟོ་ ཉིན་དགུང་གི་ལྟོ་བཟའ་བའི་དུས་ཚོད་ལུ་ ཀྲིག་ཀྲི་བྱོན་ནུག་ དགོངས་འདུ་རྒྱལ་པོ།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དགོངས་འདུ་རྒྱལ་པོ་བྱོན་བལྟཝ་ད་ ལྟོ་དྲངས་ཞིནམ་ལས་ སྒར་པ་ལུ་ལྟོ་དྲངས་ཞིནམ་ལས་ཏེ་ ལྟོའི་ཐ་ལི་བཀོ་ནུག་ལེང་ལེང་བཏང་ ཉིམ་ནང་མཐོང་མཐོངས་མས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཉིམ་གུ་ ཕོག་སྟེ་མཐོངམ་ལས་ དབའི་བདེན་པ་རང་ཨིན་པས། བདེན་པ་ར་བཀོཝ་ཨིན་མས་ ང་དབའི་ ཁོ་བཟུམ་ཅིག་འདི་ ང་གིས་ཡང་འབད་ཚུགས་ཟེར་ ཁོ་གི་ ལོག་འོང་སྟེ་ འ་ནཱི་ དགོངས་འདུ་རྒྱལ་པོ་འདི་ལོག་ མར་བལྟ་བྱོན་ཞིནམ་ལས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཁོ་གིས་ སྒར་པ་ལུ་ ལྟོ་བྱིན་ཞིནམ་ལས་ཏེ་ ཁོ་གིས་ ཕྱི་རུ་ནངས་པ་མེད་པར་ ལོག་ཀོ་རིའི་མཚོ་ནང་ བཀོ་ཡི་ཟེར་ཨིན་པས། ཁོ་གི་ ཐ་ལི་ལྤགས་ཁྲི་ཚུ་ ལྷག་མ་ཚུ་ག་ར་བཀོ་ཡི་ཟེར་ དེ་ལས་ཏེ་བཀོ་ཡི་བཀོ་ཡི་ མཇུག་སྡུག(བསྡུ)་མ་བཏུབ་པར་ ཁོ་གིས་ཏེ་ ཧ་ལམ་གཅིག་ལས་ ཟླཝ་གཅིག་དེ་ཅིག་ལས་ ཁོ་གི་ རྐང་ཤེས་ལོ་གྲོས་ཚུ་(ལྷག་མ)ག་ར་རྫོགས་སོང་ནུག་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཡ་ ཁོ་གིས་ཏེ་ ནངས་པ་གནངས་་ཚེས་ཡང་ དེ་སྦེ་ར་འདུག་ ཁོ་གི་ཏེ་ དེམ་ཅིག་རང་འདུག་ག་ ཁོ་གིས་ ཁོ་གིས་ ཨ་རྟག་ར་དེ་སྦེ་ར་ བཀོ་སྡོད་མས་ཟེར་ སླབ་ནུག་ལགས། ཡ་ དབའི་ མིན་འདུག་ འདི་མིན་ ང་བཅས་གཉིས་འདི་ མི་བཏུབ་པས་ཟེར་ ང་བཅས་གཉིས་འདི་ ད་འབདན་ ང་བཅས་གཉིས་ག་བཟུམ་ ག་རྒྱལཝ་བལྟ་གེ་ ང་བཅས་གཉིས་ ཕྱད་མདའ་རྐྱབ་ནི་ཟེར།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ད་ ཕྱད་མདའ་ལུ་འོང་ནི་ཟེར་ མར་ལས་ཕྱད་མདའ་འཁྱིད་འོང་ནུག་ ཕྱད་མདའ་འཁྱིད་འོངམ་ད་ འོང་བལྟཝ་ད་ ཡ་ ཀང་རི་ཟེ་ལས་ བལྟཝ་ནུག་ད་རུང་ ད་ གནམ་རྫོང་རང་ཨིན་མས། དབའི་ གནམ་རྫོང་ཕུ་རང་ཨིན་མས་ འ་ནཱི་ཟེརཝ་ད་ ཡ་ འདི་ལས་མར་བལྟ་ཞུ་སྟེ་ མར་ ཆུའི་མཐའམ་ལུ་ཕོག
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    མཐའམ་ལུ་ཕོག་སྟེ་ རྒྱུན་ཏེ་ ཡ་དབའི་ གནམ་རྫོང་རང་ཨིན་མས། གནམ་རྫོང་རང་ཨིན་མས། གནམ་མེད་ས་མེད་ཏེ་ དེ་ལས་ཏེ་ ཡར་ལས་ བསྐོར་འོང་སྟེ་ གདོང་རྫོང་ཟེར་སླབ་ཨིན། གདོང་རྫོང་ལུ་སྦེ་ གདོང་རྫོང་ལས་ཡར་བལྟ་ ནཱ་ གདོང་རྫོང་ལམ་འོག་ཟེར་ སླབ་ཨིན། འདི་ལས་འོང་སྟེ་ དགོན་པ་གཟིགསཔ་ད།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ཏེ་ ནཱ་ལས་ཀྲོབ་མདའ་རྐྱབ་ནི་ཟེར་ གྲ་སྒྲིག་རྐྱབ་ནུག། ཀྲོབ་མདའ་རྐྱབ་ནི་འབདཝ་ད་ སྡོདཔ་ད་ ཨ་ཙི་ཅིག་ས་ཁར་སྡོད་སྦེ་སྡོད་ནུག་ སྐུ་ངལ་སྦེ་བཞུགས་ནུག། སྐུ་ངལ་བཞུགས་སྡོདཔ་ད་ ཕར་ལས་ཀྲོབ་མདའ་རྐྱབ་ད་ མ་ཕོག་པར་ ཡར་ལོངམ་ཅིག་ ཡར་ལོང་སའི་ རྐངམ་གྱི་འོག་ལུ་ཕོག་ཕོགཔ་ཨིན་པས། རྐངམ་གྱི་འོག་ལུ་ཕོག་སྟེ་ ཡ་ ད་འབདན་ འབད་མི་ཚུགས་ནི་ཨིན་པས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ད་འབདན་ འབད་མི་ཚུགས་ནི་ཨིན་པས། ང་བཅས་ཚུ་ ཤི་ནི་ཨིན་མས། མེད་ད་ ད་ མར་བལྟ་རྐྱབ་ནི་དེ་རྐྱབ་ནུག། ཀྲོབ་མདའ་གིས་ འབད་ནི་འདི་འབད་བལྟ་ནུག་ མར་གྱི་དེ་ཕོག་སྟེ་ གནམ་རྫོང་རྒྱལ་པོ་ཡང་བཤགས་སོང་ནུག་ སྒར་པ་ག་ར་བཤགས་སོང་ནུག
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཨེ་ ཤི་སོང་ནུག་སྒར་པ་ཚུ་ཡང་ཤི་ཚར་ཏེ་ དེ་ལས་ཏེ་ ཡ་ འབད་ཚུགས་ནི་འདི་ མ་པ་ལས་ར་མི་ཚུགས་ནི་ཨིན་མས་ ཁོང་ལུ་ ཁོང་ཚུ་ར་ རྒྱལ་ནི་ཨིན་མས་ཟེར་ ལོག་སོང་ནུག་ ལམ་འདི་ ལམ་མར་ལས་སྡོད་སྡོདཔ་མས་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ཏེ་ ཨམ་མོ་རེངསམོ་ ཁོ་གི་ ཕགཔ་ལུ་ལྟོ་བྱིན་མི་དང་ འ་ནཱ་ ཁོ་གི་སྡོད་ནུག་ རྟའི་ རྟའི་རྫིཔ་ རྟ་རྫིཔ་ཚུ་ འ་ནཱི་ལུ་ གསེར་གྱི་རང་འཐག་ཅིག་ རྦབ་རིལ་ཡར་སོང་ཡི་ཟེར་ཨིན་མས་ རིལ་བཏང་ཡི་ཟེར་ ཡ་དབའི་ གསེར་གྱི་རང་འཐག་ ནཱ་ལུ་ཐོན་འོང་ཡི།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཁོང་ཚུ་ རྫོགས་སོང་ནུག་ ཡར་ལུ་ དེ་ལས་ཏེ་ དགོངས་འདུ་རྒྱལ་པོ་ཡང་ བྱོན་ཞིནམ་ལས་ དེ་ལས་ སྒར་པ་ཚུ་སོང་སྟེ་ འ་ནཱི་ ཁོང་ཚུ་འགྱོཝ་ད་ རྫོགས་སོངམ་ཨིན་མས། དེ་ལས་ ཤི་སོང་ནུག་འ་ནཱི་ཡང་ བཤགས་ནུག་ རྒྱལ་པོ་ཡང་། དེ་ལས་ཏེ་ ད་ལྟོའི་ ཨམ་ མ་བཤགས་མི་ ཨམ་གིས་ཡ་ ཨམ་ཡང་ ཨ་ལོ་སྒལ་ཏོག་ཁར་འབག་ནུག་ཨ་ལོ། ཨ་ལོ་དེ་འབག་སྟེ་སྡོདཔ་ད་ དབའི་ ཁྱོད་ཀྱི་ བུ་སྨོ་བུམོ་སྨོ་ཟེར་ སླབ་ནུག་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    བུ་བུམོ་ བུ་ཨིན་པ་ཅིན་གསད་ནི་ བུམོ་ཨིན་པ་ཅིན་ མི་གསད་ནི་ཨིན་མས། ཨ་་་བུ་ཨིན་ བུམོ་ཨིན་ཟེར་ སླབ་ནུག་ལགས། བུམོ་ཨིན་ཟེར་ ཨ་་་བུམོ་ཨིན་རུང་ ལགཔ་གཏོགས་བཀོ་ནི་ཟེར་ ཨམ་མཐེ་བོངམ་གཏོགས་བཀོ་ད་ནུག་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    རིག་པ་མི་གསལ་ཟེར་ རིག་པ་མི་གསལ་ཟེར་ གཏོགས་སྟེ་བཀོ་ནུག་ དེ་ལས་ གཏོགས་བཀོ་ཞིནམ་ལས་ དེ་ལས་ཏེ་ ཕར་སོང་སྟེ་ ཡ་ འདི་ལས་ཏེ་ མིན་འདུག་ད་ ནཱ་ལུ་སྡོད་མི་ཚུགས་པས། ད་རུང་ གསད་འོང་ཟེར་ དེ་ལས་ཏེ་ ཡར་བལྟ་ བྱོག་སོང་སྟེ།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཀུར་སྟོད་ལུ་སོང་ནུག། ཀུར་སྟོད་ལུ་སོང་སྟེ་ ཀུར་སྟོད་ལུ་སོང་སྟེ་ མཐེ་པ་བྲག་སངས་སྟོབས་མང་སོང་སྟེ་ མིང་ར་ མཐེ་པ་བྲག་སངས་ཟེར་ སླབ་ནུག་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ཏེ་ ཀུར་སྟོད་ལུ་སོང་སྟེ་ ཀུར་སྟོད་ལུ་སྡོད་དེ་ དེ་ལས་ སྟོབས་མངམ་སོང། དེ་ལས་ཏེ་ ཕར་ལུ་ཡང་ ད་རུང་ ཁོ་གི་ གླང་པོ་ཆེ་གསོ་ཏེ་ གླང་པོ་ཆེའི་ལྤགས་པ་བཟོ་སྟེ་ ད་རུང་ཕྱུགཔ་འགྱོ་ཏེ་ དེ་སྦེ་འགྱོ་ཏེ་ དེ་སྦེ་སྡོད་ཡི་ཟེར་ སླབ་ཨིན་མས་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ཏེ་ ཁོ་གི་བུ་ བུམོ་ བུ་ལེ་ཤ་དར་ཏེ་ ཀུར་སྟོད་ལུ་ དེ་ལས་ འིད་ཡར་ལུ་ ད་རུང་ འདི་བཟུམ་གཅིག་མེད་ ག་གི་ཡང་ འ་ནཱི་བཟུམ་མེད་ཟེར་ ད་ལྟོ་ཏེ་ ག་གི་ཡང་མེད། གླང་པོ་ཆེའི་ལྤགས་པ་ཟེར་ ད་ལྟོ་ཏེ་ གཞུང་ལས་ད་རུང་ སླབ་སྟེ་ འདི་བཟུམ་མེད་ ག་ཏེ་ལུ་རང་སླབ་སྟེ་ ཁོ་ད་རུང་ ཕར་ལུ་ཆད་ཕོག་སྟེ་ གནམ་མེད་ས་མེད་ འ་ནཱི་ཆད་པ་ཕོག་ནུག་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཆད་པ་ཕོག་སྟེ་ འ་ནཱི་བཟུམ་སྦེ་ཕོག་སྟེ་ ཧ་ལམ་ཅིག་ལས་ ཁོ་བྱོག་སོང་སྟེ་ བཐེ་པ་བྲག་སངས་ཤི་སྟེ་ མཐེ་པ་བྲག་སངས་ཤི་སྟེ་ ཁོ་གིས་ བུ་སྡོད་ནུག། ཁོ་གི་བུ་ བུམོ་ འདི་ཚུ་སྡོད་དེ་ ཨ་རྒས་ ཁོ་གིས་ བུ་བུམོ་ བུ་བདུན་སྡོད་ནུག། ཁོ་གི་ དེ་ལས་ཏེ་ ཁོ་གི་ འ་ནཱ་ལུ་ཡང་ ཧ་ལམ་ཅིག་ལས་ ཡར་ལུ་ རོགས་གཞན་གྱིས་ མ་དགའ་བར་ མ་དགའ་བར།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    མ་དགའ་བར་ཧ་ལམ་ཅིག་ལས་ ད་རུང་ ནཱ་ བདེ་ཆེན་གླིང་ལུ་ ད་རུང་ མར་འོང་ནི་ཟེར་ དེ་སྦེ་ ཡར་ལུ་ ཨ་རྒས་ ད་ག་པ། ཨ་རྒས་ གསང་དབང་ རོགས་ཀྱི་ མ་དགའ་བར་ གཅིག་འདི་ དོང་ནང་བཙུགས་བཞག་ནུག། ཨ་རྒས་ གསང་དབང་ཟེར་མི་འདི་ དོང་ནང་བཙུགས་བཞག་སྟེ།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ དོང་ནང་བཙུགས་བཞགཔ་ད་ ཁོ་ཡང་ཐོན་འོང་ནུག་ ཐོན་འོང་སྟེ་ སྟོབས་མངམ་འགྱོ་སྟེ་ མར་བལྟ་འོང་ ཧ་ལམ་ ཨ་རྒས་སྤུན་ཆ་གསུམ་འདི་ ནཱ་ བདེ་ཆེན་གླིང་ལུ་འོང་ནི་སྦེ་འོངམ་ད་ ལམ་ཁར་ ཡར་དུང་སྨན་མ་ལུ་ སྡོད་ཅི་ཟེར་ སླབ་ཨིན་པས་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དུང་སྨན་མ་ལུ་སྡོད་ནུག་ ཧ་ལམ་ཅིག་ལས་འོང་སྟེ་ ནཱ་ལས་ནི་རི་ལས་ཡར་བལྟ་ དུང་སྨན་མ་ཟེར་མི་ཅིག་ཡོད་ལགས། འ་ནཱི་དུང་སྨན་མ་ལུ་སྡོད་དེ་ དེ་ལས་ཏེ་ ཕར་ལས་འགྲོས་ཀྱི་སྦེ་འོང་ ས་བསྐོར་ཏེ་འོང་ནི་ མར་བལྟ་ཟེར་ ནཱ་ ས་བསྐོར་ནི་ཟེར་ དང་ཕུ་ ནཱ་ བདེ་ཆེན་གླིང་ཟེར་ཡང་ སླབ་ནི་མེད། ག་ཅི་ཡང་མེད་པར་ ས་མཐའ་འཁོབ་ཨིན་མས་ལགས་ འ་ནཱི་ ག་ནི་ཡང་མེད་པའི་ས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ཏེ་ འདི་ལུ་འོང་། ཨ་རྒས་སྤུན་ཆ་བདུན་བསྐོར་ཏེ་འོང་ཡི་ཟེར་ སླབ་ཨིན་མས། བདུན་བསྐོར་ཏེ་ བསྐོར་ཏེ་འོང་
    ནཱ་ལས་མར་འོང་ནཱ་ འ་ནཱི་ གནམ་མེད་ས་མེད་ ནགས་ཚལ་སྦོམ་ ག་ཏེ་ཨིན་ན་ཡང་མ་ཤེས་པར་ ནགས་ཚལ་སྡོད་ནུག་ཟེར་ སླབ་ཨིན་མས། ནགས་ཚལ་ ནགས་ཚལ་སྦོམ།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ ཧ་ལམ་ཅིག་ལས་ འདི་ནང་ ག་ཏེ་འགྱོ་ཨིན་ན་ཡང་མ་ཤེས་པར་ ཡ་ འ་ནཱ་ལུ་ མི་ གནམ་མེད་ས་མེད་ ལེགས་ཤོམ་འོང་ནི་ཨིན་མས། ས་བདེ་ཐང་ལེགས་ཤོམ་འདུག་ཟེར་ ཧ་ལམ་ཅིག་ལས་ འ་ནཱི་ལུ་ ག་ཅི་སླབ་ནི་ མིང་ག་ཅི་བཏགས་ནི་སྨོ་ ནཱ་ལུ་ཟེར་ ང་བཅས་ཚུ་ཟེར་ ཁོང་ བློ་སླབ་ནུག་ ཨ་རྒས་སྤུན་ཆ་ཚུ།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    བློ་ག་ཅིག་ཟེར་ ནཱ་འདི་ ང་བཅས་ འ་ནཱི་བཟུམ་ ས་ཆ་འ་ནཱི་བཟུམ་འདུག་དབའི་ཟེར་ ཡ་ ཨ་རྒས་ཅིག་གི་ཐོན་ཐོནམ་མས་ཏེ། ཡ་ འདི་ལུ་ བདེ་ཆེན་གླིང་ཟེར་བཏགས་ནི། བདེ་ཆེན་གླིང་ཟེར་ བདེ་ཐང་ལེགས་ཤོམ་འདུག། བདེ་ཆེན་གླིང་ཟེར་ དེ་ལས་ཏེ་ བདེ་ཆེན་གླིང་ཟེར་ བཏགས་ནུག་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ཏེ་ ད་རུང་ ནཱ་ལས་མར་འགྱོ་ ནགས་ཚལ་ནང་འགྱོ་ཏེ་ ཕད་ཅུང་ ཁུར་ཆ་འབག་སྟེ་ ལྷོདཔ་ཅིག་འགྱོ་སྟེ། འོང་སྟེ་ ནཱ་ རྒྱབ་ལུ་འཛུལ་བལྟཝ་ད་ འ་ནཱ་རྒྱབ་ལུ་ འཛུལ་བལྟ་ནུག་ལགས། རྒྱབ་ལུ་འཛུལ་བལྟཝ་ད་ ཆུ་ ནཱ་ལས་ཐོན་ ཕར་ལས་ཐོན་ ལེ་ཤ་སྡོད་ལོ། དེ་ལས་ ཡ་ འ་ནཱི་འདི་ རི་འཛོམས་མོ་(ཆུ་འཛོམས)ཨིན་ལགས། རི་ཟུམ་མོ་ཟེར་སླབ་ནུག་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    རི་ཟུམ་མོ་ཨིན་ལགས། ང་བཅས་ཀྱིས་ སླབ་འོང། དེ་ལས་ ད་རུང་ ཡར་ལས་ མར་བལྟ་སོང་སྟེ་ འ་ནཱི་བཟུམ་མའི་ ཁ་ཡར་བལྟ་སྐེད་གུ་འཛེག་སྟེ་ ཕར་ལས་སོང་སྟེ་ མོང་སྒར་ལུ་ལྷོདཔ་ད་ ཡ་ ནགས་ཚལ་ནང་ན་ མིག་ ཉིནམ་སྤུབས་ཏེ་ ག་ཏེ་འགྱོ་ནི་ཡང་མ་ཤེས་པར་ ཧ་ལམ་ཅིག་ལས་ ག་ཏེ་འགྱོ་ནི་ཡང་ མ་ཤེས་པར་ ནགས་ཚལ་སྦོམ་ ཕར་ཚུར་འགྱོ་ནི་ཡང་མེད་པར་ ག་ཏེ་ལུ་ཡང་མེད་པར།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ཏེ་ དབའི་ ག་དེ་སྦེ་སྨོ? ང་བཅས་ཚུ་ ནཱ་ལུ་ མི་ཤེས་པས་ཟེར་ དེ་ལས་ཏེ་ མི་རྨོངས་པའི་ན་ མོང་སྒར་ཟེར་ བཏགས་ཡི་ཟེར་ སླབ་སླབ་ཨིན་པས་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ ཧ་ལམ་ཅིག་ལས་ འ་ནཱ་ལས་ཡར་རང་སོང་ནུག་ ཡར་བལྟ་ ཤར་ལུ་སོང་ནུག་ ཡར་བལྟ་ཡར་བལྟ་སོང་ནུག་ལགས། ཡར་སོང་སྟེ་ ཡ་ ཡར་སོང་སྟེ་ ག་ར་ཁོང་ཚུ་ སོ་སོར་སྦེ་འགྱོ་ནུག། ཡར་ལྷོདཔ་ད་ གཅིག་ཁར་འཛོམས་ནུག། ས་འཚོལ་ཏེ་ ས་ལེགས་ཤོམ་མེད་པར་ ས་འཚོལ་ཡི་འཚོལ་ཡི་ དེ་ལས་ཏེ་་ ནཱ་ལུ་ ཡར་ལྷོདཔ་ད་ཏེ་ ཁོང་ག་ར་འཛོམས་ནུག། དེ་ལས་ཏེ་ མི་འཛོམས་ཕུ་ཟེར་ མི་འཛོམས་ཕུ་ཟེར་ རྟགས༼བཏགས༽་ནུག་ལགས་ཧེ་མ།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ ད་རུང་སོང་སྟེ་ ཉི་མ་ཕོག༼ནུབ༽་པར་ འདི་ལས་ལོག་སྟེ་སོང་ འདི་ལུ་སོང་སྟེ་ ཕར་རང་སོང་ཡི་ཟེར་ཨིན་པས། ཕར་ལུ་ དེ་ལས་ཏེ་ ཕར་མང་མཁར་ཟེར་ཡོད་ལགས། འ་ནཱ་ མར་མཁར་ལུ་ མི་སྡོད་ནུག། གཡུས་ཚན་ཨིན། ཚལ་ལུ་ཤིང་ བཙུགས་སྟེ་རང་ཡོད། ད་ལྟོ་འདི་ འགྱོ་མ་ཚུགས་པར་ འ་ནཱི་ ནགས་ཚལ་པ་(ཨལ་ཕ་བོ་དོ)འཛུལ་ཏེ་ ང་བཅས་དེ་ལས་ཏེ་ བཀོ་བཞག་སྟེ་ཡོད།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ འདི་ནང་སོང་སྟེ་ ཡ་ བདེ་ཐང་ལེགས་ཤོམ་འདུག་ཟེར་ ནཱ་ལུ་འདི་ཟེར་ ག་ར་འཛོམས་ནུག་ཟེར་ ཡ་ འ་ནཱ་ལྷོདཔ་ད་ ཚངས་ལ་(མི) ལེ་ཤ་འགྱོ་ནུག། ཁོང་ཨ་རྒས་ཚུ་ག་ར་ འ་ནཱ་འདི་ མང་མཁར་ཟེར་ སླབ་ཨིན་མས་ལགས། འ་ནཱི་འདི་ མང་མཁར་ཨིན་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ ནཱ་ལས་སྦེ་ སོང་སྟེ་ ནཱ་ལུ་ འ་ནཱ་ ཆུའི་མཐའམ་ཅིག་འདུག་སྨོ? ཀུ་ལུང་ཆུའི་མཐའམ་ཅིག་ ཀུ་ལུང་ ཡ་ འ་ནཱི་ཆུ་འདི་ལུ་ ག་ཅི་སླབ་ཨིན་ན་ མིང་ག་ཅི་བཏགས་ནི་སྨོ་ཟེར་ དང་ཕུ་འདི་བཟུམ་ སླབ་ནུག། ག་ཏེ་ར་འགྱོ་རུང་ བྲག་གི་བསྐོར་ཏེ་ ཕར་ལས་སོང་རུང་ བྲག་ ཚུར་ལས་ཡང་བྲག་ འ་ནཱ་འདི་ བསྐོར་རུང་ཆུ་ཟེར་ སླབ་ཨིན་ཟེར་ སླབ་ནུག་ལགས། བསྐོར་རུང་ཆུ་ཟེར།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ ནཱ་ལུ་འགྱོ་སྟེ་ བལྟ་སྟེ་ འ་ནཱེ་སྦེ་འཛུལ་བལྟཝ་ད་ འ་ནཱ་ལུ་བལྟཝ་ད་ ཆུ་དམརཔོ་སྦེ་སྡོད་ནུག་ལགས། ཆུ་དམརཔོ་ ཡ་ འ་ནཱ་ ག་ཅི་སླབ་ནི་ ག་དེ་སྦེ་བཏགས་ནི་མིང་ཟེརཝ་ད་ དམར་རུང་ཟེར་ སླབ་ནུག་ལགས། དམར་རུང་ཨིན་ཟེར་ ཆུ་དམརཔོ་འདི་ འ་ནཱེ་སྦེ་ དེལས་ འ་ནཱ་ལས་ ཡར་ལྟ་སོང་སྟེ་ ཡར་སོང་སྟེ།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཕུའི་རྩེ་ལུ་འཛེག་ནུག་ལགས་། འཛེག་སྟེ་བལྟཝ་ད་ དེ་ལས་ཏེ་ རྒྱ་གར་གྱི་ ས་མཐོང་ནུག་ལགས། ཕུ་ཅིག་ཡོད་ལགས་ རྒྱ་གར་ལྟག་ལ་ཟེར་ཡོད་ལགས། ཡ་དབའི་ ག་ཅི་སྦེ་ནི་སྨོ་ཟེར་ མིང་ག་ཅི་བཏགས་ནི་སྨོ་ཟེར་ ཁོང་གསུམ་ བློ་སླབ་ནུག་ ད་རུང་ར་ རྒྱ་གར་ལྟག་ལ་ཟེར་ འབོ་ནི་ཟེར་ རྒྱ་གར་གྱི་ས་ལུ་ རྒྱ་ལྟག་ལས་མཐོང་མས་ཟེར་ འདི་བཟུམ་ཨིན་མས་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ཏེ་ འདི་ལས་མར་ ལོག་སོང་སྟེ་ ཕར་ལས་ཏེ་ ཡར་བལྟ་ལོག་ཀུར་སྟོད་ལུ་ལོག་སོང་སྟེ་ དེ་ལས་ ལོག་སོང་སྟེ་ ད་རུང་ ཨ་རྒས་སྤུན་ཆ་ གཅིག་དེ་ ཕར་པ་ཚར་ཁ་ མི་ལྡན་ལུ་སོང་ཡི་ཟེར་ སླབ་ཨིན་མས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཡར་ལུ་གསུམ་ལུས་ཡི། གཉིས་དེ་པ་ཚར་ཁ་ གཅིག་པ་ཚར་ཁ་ གཅིག་མི་ལྡན་ལུ་སོང་ དེ་ལས་ གསུམ་དེ་ ནཱ་བདེ་ཆེན་གླིང་ལུ་ འོང་ནུག་ཟེར་ སླབ་ནི་ལགས། བདེ་ཆེན་གླིང་ལུ་འོང་ ཡར་ལུ་གསུམ་ལུས་ཡི། དེ་ལས་ཏེ་ ཀུར་སྟོད་བཙན་མཁར་ ཀུར་སྟོད་མཁོ་མང་ཚུ་ལུ་ཡོད་ཟེར་ འོང་བཅུག་འོང་ནི་དེ་ དང་ཕུ་ ང་བཅས་ཚུ་འོང་བའི་ ཡར་ལས་འོང་ཡི་ཟེར་ དེ་ལས་ཏེ་ ནཱ་དུང་སྨན་མ་འདི་ མ་སྡོད་པར།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ཏེ་ ནཱ་ལུ་སྡོད་དེ་ ད་རུང་ ནཱ་མིན་འདུག་ དེ་ལས་ཏེ་ ནཱ་ལུ་ ད་ལྟོ་ག་ཅི་སྦེ་ཟེར་བ་ཅིན་ ང་བཅས་རའི་ ནཱ་ལུ་ ད་འདི་ནང་སྡོད་དེ་ ནཱ་ མེ་ཏོག་ལཱ་ཟེར་ སླབ་ནུག་ལགས། ནཱ་ལུ་ རྒྱ་གར་ཚུ་གིས་ཏེ་ མེ་ཏོག་ལཱ་ཟེར་ འབོ་ནུག། ང་བཅས་ནཱ་ མེ་ཏོག་ལ་ མེ་ཏོག་ལ་ཟེརཝ་ད་ གཡུས་འ་ནཱེ་སྦེ་སྡོད་ཅི། འདི་བཟུམ་སྡོད་ཡི་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ ནཱ་ ཀང་ཀ་གནས་ཟེར་ སླབ་མི་ཅིག་ཡོད་ལགས། ཀང་ཀ་གནས་ཟེར་ སླབ་ཨིན་ལགས། འདི་ལུ་གག་ཡོད་ལགས། འདི་ལས་ ཕར་བལྟ་འདི་ ཀང་ཀ་གནས་ཟེར་གསུངས་ནུག། དེ་ལས་ཏེ་ ད་རུང་ ཁྱོད་གསུམ་འབྱོན་ས་ལྷོད་འོང་། ཕར་ལུ་ ད་ལྟོ་ར་ཕེབས་འོང་།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ འ་ནཱ་ལས་ ནུབ་མོ་འདི་ སྦུལ་ཐོན། ཉི་མ་འདི་ བྱ་ཁྱུང་ཐོན་ཏེ་ མི་ག་ར་བཟའ་ཚར་ནུག། ནུབ་མོ་ལུ་འདི་ སྦུལ་གྱིས་བཟའ། ཉི་མ་འདི་ བྱ་ཁྱུང་གིས་ བྱམོ་བཟུམ་སྦེ་ཐུག་འབག་ ཧ་ལམ་ཅིག་ལས་ སྡོད་མ་ཚུགས་པར་ ད་རུང་ བཟའ་ཚར་ཏེ་ འགྱོ་ཚར་ནུག་ མེད་ བཟའ་ཚར་ནུག། དེ་ལས་ ད་རུང་ མཚོ།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    མཚོ་ཅིག་ཡོད། པད་གླིང་ཟེར་མི་ པད་གླིང་ལུ་འདི་ ཆུ་ཅིག་ཐོན་ཏེ་ དང་ཕུ་ ག་བཟུམ་ཡོད་སྨོ་ཟེར་བ་ཅིན་ དང་ཕུ་ སྐུ་ཤུགས་གུ་རུ་ གུ་རུ་རིན་པོ་ཆེ་བྱོན་ཡི། བླ་མ་ འབྲུག་པ་ཀུན་ལེགས་ བླ་མ་ ངག་དབང་ཆོས་རྒྱལ། གུ་རུ་རིན་པོ་ཆེ། ཁོང་གསུམ་བྱོན་ད་ལུ་ཏེ་ འ་ནཱི་ སྤོ་ཏོ་གི་ རྩེ་ལས་བྱོན་ཡི་ཟེར་ སླབ་ནི་འ་ནཱ་ལས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    སྤོ་ཏོ་རྩེ་ལས་བྱོན་ཞིནམ་ལས་ཏེ་ ནཱ་ལུ་ ཆུ་ཅིག་ལྷང་སྟེ་འཐུང་ཡི་ཟེར་ དགོན་པ་འུང་ཟེར་ས་ལུ་ ཆུ་ལྷང་སྟེ་འཐུངམ་ད་ ཆུ་ འ་ནཱི་ གནསཔོ་ཨིན་མས། གནསཔོ་ ས་བདག་ཨིན་མས་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    སྒོམ་ཆེན་པདྨ་སློང་པ་ ཁྱོད་ག་ཅི་སྦེ་ ཆུ་ལྷང་སྨོ་ཟེར་ མར་གྱི་ཆུ་འདི་ མི་མཐོང་མས་ག་ མར་ཡོད་ཟེར་ ཁྱོད་མི་བྱིན་ཟེར་ དེ་ལས་ཏེ་ ཆུ་མ་བྱིནམ་ལས་ གུ་རུ་རིན་པོ་ ཁྱོད་ཀྱིས༼ཆེ་གིས༽་ ཡ་ཡ་ འ་ནཱ་ཁྱོད་ཀྱི་ ཚོགས་ཡང་མི་བསགས། ཁྱོད་ཆུ་ཐོན་ནི་མེད་མས། ས་ཡང་སྐམ་འོང་ཟེར་ ག་ཅི་ཡང་མི་འོང་ཟེར་ སྨོན་ལམ་བཏབ་གནང་ནུག
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ད་ ད་ལྟོ་ཡང་མི་འོང་མས། དགོན་པ་འུང་ཟེར་ས་ལུ་ ག་ཅི་ཡང་མེད་པར་ ས་འདི་ལེགས་ཤོམ་ཡོད་ལགས། ཐོག་ཙ་ལས་ར་མི་འབྱུང་། དེ་ལས་ཏེ་ ཆུ་སྐོམ་སྟེ་ གུ་རུ་རིན་པོ་ཆེ་ མར་ལུ་སོང་སྟེ་ ཆུ་འདི་གནམ་མེད་ས་མེད་ ཐང་སྦེ་ཆུང་ཀུ་ཅིག་ ཏེར་བཏང་ཐོན་སྡོད་ནུག་ ཆུང་ཀུ་ཅིག་ དཀརཔོ་སྦེ། དེ་ལས་ཏེ་ སྐུ་ཤུགས་གུ་རུ་གིས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཐུགས་རྗེ་གནང་སྟེ་ ཐུགས་གཅིག་ལས་གནངམ་ལས། ཆུ་སྦོམ་བཟོ་སྟེ་ དེ་ལས་ཏེ་ གཡང་མཚོ་ཨིན་ཟེར་ བཀྲ་ཤིས་ཕབ་སྟེ་ གུ་རུ་རིན་པོ་ཆེའི་ དེ་སྦེ་བཞག་ཞིནམ་ལས་ཏེ་ དེ་ལས་ གཡང་མཚོ་ཟེར་ གཡང་མཚོ་ གཡང་མཚོ་ཟེར་ ཧེ་མ་ དེ་ལས་ འདིའི་བར་ན་ སྦུག་ན་ ད་རུང་ གཡང་མཚོ་འགྱོ་ནི་འབདཝ་ད་ ད་རུང་།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ནཱ་ལུ་ བདུད་ཅིག་འཛུལ་ཏེ་ བདུད་ཅིག་རྒྱུགས་ཏེ་ བདུད་རྒྱུགས་ཏེ་ ད་བདུད་འཛུལ་ཏེ་ དེ་ལས་ཏེ་ གཡང་མཚོ་ལེགས་ཤོམ་མེདཔ་སོང་སྟེ་ སོང་སྟེ་ མི་དང་ ཕུའི་རྩེ་ལས་འགྱོ་རུང་ འདྲོག་སི་སི་སྦེ་ མི་གསུམ་འགྱོ་རུང་ གཅིག་འདི་བཟའ་སྟེ་ར་ གཉིས་འགྱོ་རུང་ གཅིག་འདི་བཟའ་སྟེ་ གཅིག་རྐྱངམ་ཅིག་ལྷོད་དེ་ ལཱ་འབད་བར་འགྱོ་རུང་ དེ་ལས་ཏེ་ ད་རུང་།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཤར་ལས་ སྐུ་ཤུགས་གུ་རུ་ཞུ་ སྐུ་ཤུགས་གུ་རུ་ཞུ་ ཞུ་སྟེ་ དེ་ལས་ཏེ་ སྐུ་ཤུགས་གུ་རུ་ མེན་མེན་ དེ་ལས་ཏེ་ སྐུ་ཤུགས་གུ་རུ་ཞུ་བ་མེད་སྨ་རེ། མར་ལུ་ གཏང་ཀེ་ཨོ་ཛ་གི་ བུ་དོང་ཤ་ཨོ་ཛ་ དོང་ཤ་ཨོ་ཛ་ཞུ་སྟེ་ ཕར་ ནེ་རེ་ས་ལས་ དེ་ལས་ཏེ་ དོང་ཤ་ཨོ་ཛ་གིས་ གྲུ་བཟོ་སྟེ་ གྲུ་བཟོ་སྟེ་ ཆུ་གུ་ ལྕགས་ཟེར་བཙུགས་སྟེ་ མར་ལུ་ རྡོ་བཙོ་སྟེ་ འདིའི་ལས་ དེ་ལས་ཏེ་ བཀྲུམས༼དཀྲུམས༽་ཏེ་བཀོཝ་ལས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    གྲུ་ལས་གསོབ་སྟེ་ འདི་འབདཝ་ད་ལུ་ཏེ་ མགུ་ཏོག་དགུ་འབད་མི་གཅིག་ཐོན་ ཕར་ ཡར་ལས་མར་ ཀུ་རི་ཆུ་ལུ་ འོང་ནུག་མེན་ན? ཀུ་རི་ཆུ་ འ་ནཱི་ཀུ་རི་ཆུ་ གཡང་མ་རི་ལོག་ལུ་ འཛུལ་ཡི་ཟེར་སླབ་ནི། ནཱ་ལས་ མཚོ་ལས་ཐོན་འགྱོཝ་ད་ལུ་ ཡར་ ལེ་ཤིང་རི་ཟེར་མི་ཡོད་ལགས། འ་ནཱ་མཚོ་ མགུ་ཏོག་ཕར་ལྷོདཔ་ད་ ནཱ་ལས་ མཇུག་ཐོན་མ་ཚར་ཟེར་སླབ་ཨིན་མས་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ ད་ལྟོ་གི་ཏེ་ འདི་ལས་སོང་ཞིནམ་ལས་ ད་ལྟོའི་ ཨ་མ་མོ་རེངསམོ་ཅིག་ ལུས་ཏེ་ཡོད་ཟེར་ སླབ་ཨིན་མས་ལགས། ད་ལྟོ་གིས་འདི་ ད་ལྟོ་གིས་འདི་ དེ་ལས་ ད་ལྟོ་གིས་འདི་ འ་ནཱི་མཚོ་འདི་ དེ་སྦེ་རང་ཡོད། མཚོ་གནམ་མེད་ས་མེད་ ཧེ་མ་བཟུམ་སྦེ་མེན།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཐང་ལེགས་ཤོམ་ ཡར་གྱི་ཐང་ཚུ་འདི་ ཆུ་སྐམ་ཡི། སྐམ་ཞིནམ་ལས་ཏེ་ ད་ལྟོ་གིས་འདི་ རོགས་ཞིང་འབད་ཡི། ད་ལྟོ་གིས་འི་ གཞུང་གིས་ཞིང་བཟོ་ཏེ་ གནམ་མེད་ས་མེད་ ཞིང་བཟོ་སྟེ་ ད་ལྟོ་ ང་བཅས་ཀྱིས་ ར་བ་ཟེར་ སླབ་ཨིན་སྨོ? ལྕགས་ཀྱི་ར་བ་འགོར་ཏེ་ འདི་ལུ་ཏེ་ ད་ལྟོ་གིས་ བདག་འཛིན་འབད་དེ་ཡོད་ཟེར་ སླབ་ནི།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ འ་ནཱི་འདི་ དེ་ལུ་སོང་སྟེ་ ལེགས་ཤོམ་སོང་སྟེ་ ང་བཅས་ཀྱི་ བདེ་ཆེན་གླིང་ལུ་ འདི་བཟུམ་སྦེ་ཡོད་ཟེར་ སླབ་ནི་ཨིན། དང་ཕུའི་ལོ་རྒྱུས་འབད་བ་ཅིན་ དེ་ལས་ ནཱ་ལུ་འདི་ འདི་ལུ་ སྐུ་ཤུགས་གུ་རུ་བྱོན་ཏེ་ སག་སྟེང་སྐུ་ཤུགས་གུ་རུ་བྱོན་ཏེ་ སྐུ་ཤུགས་གུ་རུ་ཚར་གསུམ་བྱོན་ཏེ་ བྱོན་ནུག་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    བྱོན་ཞིནམ་ལས་ཏེ་ བྱ་ཁྱུང་ཡང་དམ་གནང་སྟེ། དེ་ལས་ རི་བདག་སེམས་ཅན་ཡང་དམ་གནང་སྟེ་ ད་ལྟོ་ཐོན་ནི་མེདཔ་སྦེ་ ད་ལྟོ་བར་ན་ རྡོ་གུ་འདི་ དམ་ཡང་ཡོད། དེ་ལས་ ད་ལྟོ་ ངང་ལག་ཤིང་ཅིག་ཡོད། འ་ནཱི་ ངང་ལག་ཤིང་གཅིག་རྐྱངམ་ཅིག་སྐྱེ་འོང་། ག་ཏེ་ལུ་ཡང་ལེ་ཤ་མི་སྐྱེ། ངང་ལག་ཤིང་གཅིག་རྐྱངམ་ཅིག་ སྐབས་སྐབས་ཕར་གྱི་ རྡོ་གུ་སྤོ་འོང་། ཕར་ལུ་སྤོ་འོང་། ཁོ་གི་གཉིས་གསུམ་སྦེ་མི་སྐྱེ
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ཁོ་གི་འདི་ འབག་ནི་མེད། དེ་སྦེ་རང་སྡོད་འོང་ དང་ཕུ་ལས་ར་དེ་སྦེ་ཨིན་ལགས། དེ་ལས་ ད་ལྟོ་གི་འདི་ འདི་བཟུམ་ཨིན་ལགས། ང་གིས་ ལོ་རྒྱུས་ཅིག་ཞུ་དོ། དང་ཕུ་འབད་བ་ཅིན་འདི་ཨིན། དེ་ལས་ཏེ་ འདི་བཟུམ་ ང་བཅས་ནཱ་ལུ་ སྡོད་ཚུགས་མི་འདི་ འདིའི་ལས་བརྟེན་ སྡོད་ཚུགས་ཡི་ཟེར་ཨིན་མས་ལགས། ད་ལྟོ་ ནཱ་ལུ་འདི་ དང་ཕུའི་ རྒྱུ་འབྲས་ཅིག་ཞུ་བ་ཅིན།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    ང་བཅས་ནཱ་གི་འདི་ སོ་སོར་མེད། ད་ལྟོ་ ང་བཅས་ནཱ་འདི་ མཐེ་པ་བྲག་ཚང་གི་བརྒྱུད་པ་ཟེར་ སླབ་ཨིན་ལགས། མཐེ་པ་བྲག་ཚང་ གནམ་རྫོང་རྒྱལ་པོའི་སྲས་འདི་ མཐེ་པ་བྲག་ཚང་ཟེར་ཨིན་ལགས།
  • སངས་ཤིང་རྡོ་རྗེ་/ Sangshing Dorji:
    དེ་ལས་ ད་ལྟོ་ ང་གིས་ ལོ་རྒྱུས་དེམ་ཅི་ཨིན་ལགས། ང་གིས་ དེམ་ཅི་ཞུ་དོ། དང་ཕུ་ ང་བཅས་ཀྱི་ ཨ་རྒས་ཨང་རྒས་ཚུ་གིས་ དང་ཕུ་གསུངས་དེས། ཨཔ་ཚུ་ཨམ་ཚུ་ ཨ་རྒས་ག་ར་གིས་གསུངས་ཏེ་ ང་གིས་ ད་ལྟོ་ ང་གིས་ དེམ་ཅི་སྦེ་ ང་གིས་ ཞུ་དོ། ང་གིས་གཞན་འདི་མི་ཤེས།