Skip to main content Skip to search
20 Jun 2018
5 min 4 sec
Video Overview
Creators: 
Penchela

Ap Penjor of Karna, Dagana explains that Bartsa villagers worship their local deity Zhepda on the 11th month of the Bhutanese calendar. They worshiped at a high point of the village, and offer boiled eggs with some ritual cakes. It is tradition that a red and white rooster should accompany them during the event. It is said that in the past, people would slaughter a cow and a pig. After the arrival of Je Kinga Jamtsho, slaughtering animals was banned, and the present worship practices began. As the part of their supplication, they perform the ritual entitled Nyenten Chudru on the 15th day of the 1st month of the Bhutanese calendar. The following day sees the annual archery festival in the ground located in the center of the village.

དར་དཀར་ན་རྫོང་ཁག་ ཀར་ན་རྒེད་འོག་ལས་ ཨཔ་དཔལ་འབྱོར་དང་འཁྲིལ་བ་ཅིན་ བར་ཚྭའི་གཡུས་མི་ཚུ་གིས་ ཁོ་རའི་གཡུས་ཁའི་གཞི་བདག་འདི་ རང་ཟླ་ ༡༡ པའི་ནང་ གསོལཝ་ཨིནམ་ད་ འདི་ཡང་ གཡུས་ཀྱི་མགུ་ལུ་སྦེ་གསོལ་དོ་ཡོདཔ་ད་ ཁོ་གི་ཐུགས་དམ་བསྐང་ནིའི་དོན་ལུ་ གཏོརཝ་དང་གཅིག་ཁར་ སྒོང་རྡོག་བཙོ་བཙོཝ་ཕུལཝ་ཨིན་པས། ད་རུང་དུས་སྟོན་འདི་ཁར་ ཁོང་དང་གཅིག་ཁར་ བྱ་པོད་དཀར་གཅིག་དང་ དམརཔོ་གཅིག་འབག་ནི་འདི་ ལམ་སྲོལ་བཟུམ་ཅིག་ཨིནམ་ད་ དེ་བསྒང་འབད་བ་ཅིན་ མི་ཚུ་གིས་ གཞི་བདག་ལུ་ གསོལ་ཁ་ཕུལ་ནིའི་དོན་ལུ་ གཡུས་ཀྱི་ཟུར་ཁ་སྦེ་ ནོར་ཅིག་དང་ ཕགཔ་ཅིག་བསད་དགོཔ་ཨིན་རུང་ ཤུལ་ལས་ རྗེ་ཀུན་དགའ་རྒྱ་མཚོ་བྱོན་ཞིནམ་ལས་ཚུར་ ཁོ་གིས་ དམར་མཆོད་འབད་ནི་འདི་ བཀག་དམ་མཛད་དེ་ ད་རེས་ཀྱི་ལུགས་སྲོལ་འདི་ འགོ་བཙུགས་བཙུགསཔ་ཨིན་ཟེར་ སླབ་མས། གཞི་བདག་དང་ ཨམ་ཧོ་དོམ་ལུ་བསྟོད་པ་ཕུལ་ནིའི་དོན་ལུ་ ཁོང་གིས་ རང་ཟླ་ ༡ པའི་ཚེས་ ༡༥ ལུ་གནས་བརྟན་བཅུ་དྲུག་གི་ ཆོ་ག་བཏང་ཐོག་ལས་ ཉིམ་ཤུལ་མམ་འདི་ ལོ་མདའི་དུས་སྟོན་བརྩི་སྲུང་འབད་དོ་ཡོདཔ་ད་ དུས་སྟོན་འདི་ཡང་གཡུས་ཀྱི་སྦུག་ལུ་ཡོད་པའི་ ཐང་འདི་ནང་འབདཝ་ཨིན་པས། 

Transcript search
No results found for this search
0 of 0
  • དཔལ་འབྱོར་
    ཧེ་མ་ ད་ དང་ཕུ་ཕམ་ཚུ་གི་སྐབས་ལས་ ང་བཅས་རའི་ཡུལ་ལྷ་ གནས་བདག་བཞི་བདག་འདི་མཆོདཔ་ད་ལུ་ ཏེ་ད་ ཧེ་མ་འབད་བ་ཅིན་ ཏེ་ང་བཅས་ཀྱི་ སེར་ཁའི་བྱ་དཀར་ བྱ་དམར་ཟེར་ འ་ནཱི་སྦེ་བརྩི་ནི་འདུག་ལགས། གཙོ་བོ་གཉིས་གཉིས་འབད་བཏོན་སྦེ་འབདཝ་ད་ལུ་ དེ་ལས་ང་བཅས་ར་ནཱ་གི་བོནམ་ དང་ཕུ་རྒས་ཤོས་ཕམ་འདུག་ལགས། རྩ་རྒས་ཟེར་ ཏེ་རྒས་ཤོས་ཅིག
  • དཔལ་འབྱོར་
    ཏེ་འ་ནཱི་གིས་ ཏེ་རོགས་ དང་ཕུ་ལས་བརྩམས་བཞག་བཞགཔ་ དང་ཕུ་ཕམ་ཚུ་གི་སྐབས་ལས་ར་བརྩམས་བཞག་བཞག་པའི་རོགས་ དཔེ་ཆ་ཅིག་འདུག་ལགས། ཏེ་འ་ནཱི་གི་ དཔེ་ཆ་འདི་གིས་འབད་ ཏེ་དཔེ་ཆ་འདི་བལྟ་ཡི་བལྟ་ཡི་ དེ་ལས་ ཏེ་ཡར་གཏོརམ་ཅིག་བཞེངས་ དེ་ལས་ཨ་ཡར་གཡུས་མགུ་ལུ་ ཏེ་གནསཔ་གཞི་བདག་མཆོད་ས་ར་ཟེར་ ཏེ་གཡུས་མགུ་ལུ་ཨ་ཡར་སྤང་ནང་ལུ་རྡོ་ཕུག་ཅིག་ཡོདཔ་ཨིན་ལགས།
  • དཔལ་འབྱོར་
    ཨ་ཡི་ནང་ན་ལས་ ཏེ་གཏོརམ་དང་འདི་ཚུ་བཞེངས་འབག དེ་ལས་གཙོ་བོ་འདི་ཚུ་གིས་ ཏེ་གཏོརམ་དང་འདི་ཚུ་འབག་སྦེ་འབད་ ཏེ་བོནམ་འདི་ཡར་འགྱོ་ དཔེ་ཆ་འབག་སྦེ་ དེ་ལས་འ་ནཱི་སེར་ཁའི་བྱ་དཀར་འདི་ ཏེ་ཟླཝ་བཅུ་གཅིག་པ་ནང་ལུ་མཆོདཔ་མས་ལགས། ཏེ་འ་ནཱི་མཆོད་པ་ད་ལུ་ ཏེ་ང་བཅས་ཡར་གྱི་ འདི་ ཏེ་དང་པ་རང་འ་ནཱི་ སྒོང་རྡོག་འབད་ སྒོང་རྡོག་བཙོ་འབག་ [མེས་རྒྱས་?]འབད་བཟོ་ དེ་ལས་གཏོརམ་བཟོ་སྦེ་ བྱ་པོད་དཀརཔོ་གཅིག་དང་དམརཔོ་གཅིག་འབག་ནི་འདུག་ལགས། ཏེ་འ་ནཱི་རྟེན་བཙུགས་བཙུགསཔ་ཨིན་ཟེར།
  • དཔལ་འབྱོར་
    དེ་ལས་ཡར་གྱི་་ཚོགས་ཀྱི་ཚོགས་ཤ་འདི་ དེ་ལས་ཏེ་ཨ་ཕི་སྒོང་རྡོག་བཀལཝ་མས་ལགས་སྒོང་རྡོག་བཙོ་སྟེ་ ཏེ་འ་ནཱི་སྦེ་བཀལ་ ཏེ་ཡར་ལས་ དགུན་སོ་ཁའི་བྱ་དཀར་འདི་ ཏེ་འ་ནཱི་སྦེ་མཆོདཔ་མས་ལགས། དེ་ལས་བྱཱར་གྱི་འདི་ དེ་ལས་མཛར་ཅུམ་ར་ཟེར་ ཏེ་བྱཱར་གྱི་འདི་འ་ནཱི་སྦེ་རང་འབག་ ཡར་འབད་རང་མཆོདཔ་ཨིན་ལགས། ཡར་སྤང་ཁ་འབད་རང་ ཏེ་འ་ནཱི་བོནཔོ་འདི་གི་དཔེ་ཆ་དང་འདི་ཚུ་འབག་སྦེ་ དེ་ལས་ང་བཅས་ར་མི་ཚུ་འགྱོ་སྦེ་ ཏེ་འ་ནཱི་སྦེ་འཛོམས་ཏེ་འབད་རང་མཆོད་ དེ་ཡང་ ཏེ་ཚོགས་ཤ་འདི་ འ་ནཱི་སྒོང་རྡོག་བཙོ་སྟེ་འབད་རང་བཀལ་དགོ་པས་ལགས། དང་ཕུ་ལས་རང་ འདི་ལུགས་སྲོལ་ཨིན།
  • དཔལ་འབྱོར་
    དེ་ལས་ང་བཅས་ཀྱི་གནསཔ་འདི་ ཏེ་ཡུལ་ལྷ་འདི་གཞི་བདག་ཟེར་ དེ་ལས་ཨམ་ཧཱ་དོམ་ཟེར་ ཏེ་འ་ནཱི་ཁོང་གཉིས་ཀྱི་ ཏེ་མཆོད་ནི་འདི་འ་ནཱི་བསྒང་ལུ་ དགུན་ཚར་གཅིག་ བྱཱར་ཚར་གཅིག་འ་ནཱི་འབད་རྐྱབ་ནི་འདུག་ཟེར་ཞུ་ནི། དེ་ལས་ང་བཅས་ནཱ་གི་ ཏེ་ཟླཝ་དང་པའི་ལོ་མདའ་ཟེར་ ཏེ་དང་ཕུ་འབད་བ་ཅིན་ ཟླཝ་དང་པའི་ཚེས་བཅོ་ལྔ་ལུ་གནས་བརྟན་བཅུ་དྲུག་བཏང་ནི་ཡོད་ལགས། ལྷ་ཁང་ནང་ལུ་གནས་བརྟན་བཅུ་དྲུག་བཏང་ དེ་ལས་ཏེ་མར་དགྲ་ལྷ་གསོལ་ ཐང་གི་སྦུག་ཁ་ལུ་དགྲ་ལྷ་གསོལ་ དེ་ལས་ཏེ་ཚེས་བཅུ་དྲུག་གི་ཚེ་ལས་མདའ་འགོ་བཙུགས་ ཏེ་འ་ནཱི་སྦེ་ མདའ་ཉིམ་གསུམ་རྐྱབ་ནི་འདུག་ལགས།
  • དཔལ་འབྱོར་
    ཏེ་ཉིམ་གཅིག་ ཨ་མར་གཡུས་མཇུག་ལས་ཕར་རྐྱབ་ནི་འདུག་ལགས། ཨ་མར་ལས་ཕར་གྱི་འདི་ རྐྱབ་དགོ་མི་འདི་ དོན་དག་འདི་ ག་ཅི་ལས་བརྟེན་ཏེ་ཨིན་ཟེར་ འབད་བ་ཅིན་ ཏེ་དང་ཕུ་ ཏེ་མར་ལས་མར་ ཏེ་རུ་ཆད་ནང་ལས་མར་ཟེར་ ཨ་མར་ལས་མར་གྱི་སའི་མིང་འདི་ རུ་ཆད་ནང་ ཟེར་སླབ་ཨིན་ལགས། མར་ལས་མར་མདའ་རྐྱབ་དགོ་མི་འདི་ ཏེ་དང་ཕུ་འབད་བ་ཅིན་ འ་མས་ནང་ལུ་ གླང་ཤ་གཅིག་དམརཔོ་ཅིག་ ཕགཔ་གཉིས་ འ་ནཱི་འབད་བསད་དེ་སྦེ་ མར་ལས་མར་གྱི་བདུད་དང་འ་ནཱི་ཚུ་ལུ་མཆོད་དོ་ཡོདཔ་མས་ལགས།
  • དཔལ་འབྱོར་
    ཏེ་འ་ནཱི་འབད་ནི་དེ་གིས་ ཏེ་ད་ཁོ་གིས་འདི་རྩ་ལས་ཤ་བཙུགས་འ་ནཱི་འབད་ཕགཔ་བཙུགས་ ནོར་བཙུགས་ཏེ་འབད་ནི་མེད་ཟེར་ དང་ཕུ་འདི་ མི་སྤུ་ར་(ག་ར་)འཛོམས་ཏེ་འབད་ འ་མི་ནང་ནོར་གཅིག་དང་ཕགཔ་གཅིག་གི་ཤ་བཟའ་དགོཔ་ཨིན་མས་ལགས་ མར་གྱི་བོནམ་མཆོད་འདི་དང་ཕུ་ལུ། ཏེ་འ་ནཱི་འབད་ནི་དེ་གིས་ ཏེ་དེ་ལས་རྗེ་ཀུན་དགའ་རྒྱ་མཆོ་གིས་ཏེ་ བཀའ་དང་དམ་བཏགས་ ད་འདི་འབད་ནི་མེདཔ་སྦེ་ དེ་ལས་དཔའ་བོ་དཔའམོ་ཚུ་གི་རིགས་ལྔ་དང་དྲིལཔ་ ཌ་རུ་སྤུ་ར་(ག་ར་)འཕྱོགའཕྱོག་ ཏེ་ང་བཅས་ར་ནཱ་ལྷ་ཁང་ནང་སྐྱེལ།
  • དཔལ་འབྱོར་
    དེ་ལས་མར་གྱི་འདི་དང་ ཟླཝ་དང་པའི་ལོ་མདའ་ཉིམ་གཅིགཔ་འདི་ ཚེས་བཅུ་དྲུག་གི་ཚེ་འདི་ ཉིམ་གཅིགཔ་འདི་ འ་མར་ལས་ཕར་རྐྱབ་ནི་འབད་ དེ་ལས་ཉིམ་གཉིསཔ་འདི་ ཡར་གཡུས་མགུ་ལས་ཕར་རྐྱབ་དགོཔ་འབད་ ཏེ་འ་ནཱི་སྦེ་ཨིན་མས་ལགས། དཔའ་བོ་དཔའམོ་ཚུ་གི་རིགས་ལྔ་ཀྲང་ཀྲིང་ཚུ་འཕྱོག་ནཱ་ལྷ་ཁང་ནང་སྐྱེལ་དགོ་མི་འདི་ འདི་ཡང་བཀའ་དང་དམ་ཅིག་བཏགས་ དེ་ལས་ ཏེ་ང་བཅས་ཟླཝ་གཉིས་པའི་ཚེས་བཅུའི་བསྒང་ དེ་ལས་ཕྱི་རུ་ཕྱི་རུ་གསུང་མཆོད་གྲོལ་ ཕྱི་རུ་ཕྱི་རུ་བཞེངས་ཤིག་པདྨ་རྐྱབ་ནི་ཡོད་ལགས་ འཆམ་འབད་ར་རྐྱབ་ནི་ཡོད་ལགས།
  • དཔལ་འབྱོར་
    ཏེ་སྲི་མནན་བཏང་ ཏེ་བཞེངས་ཤིག་པདྨ་འ་ནཱི་འབད་རྐྱབ་ཨིན་ རྐྱབ་ཨིན་མས་ལགས། ཏེ་འ་ནཱི་བཀའ་དང་དམ་འདི་བླམ་ཀུན་དགའ་རྒྱ་མཚོ་གིས་འབད་བཀའ་དང་དམ་བཏགས་བཏགསཔ་ཨིན་མས་ཟེར་ཞུ་ནི་ལགས། ད་ཉིམ་གཉིས་པའི་ཚེ་ཡར་སྤང་ཁ་ལས་ཕར་རྐྱབ་པའི་ཚེ་ འ་ནཱི་བསྒང་ཡང་མཛར་ཅུམ་དྲང་དགོ་པས་ དེ་ལས་་མདའ་རྩེདཔ་ཚུ་གིས་མདའ་རྐྱབ་ དེ་ལས་འ་ནཱི་བོནམ་འདི་དང་ འདི་དང་ཆ་འདི་གི་ སྤྱི་དཔོན་འདི་ དེ་ལས་གཡུས་ཁའི་རྒས་ཤོས་ཅིག་ དེ་ལས་འ་ནཱི་མཛར་ཅུམ་ མདའ་རྩེདཔ་ཚུ་གི་མཛར་ཅུམ་རང་ཟེར།
  • དཔལ་འབྱོར་
    དེ་ལས་འ་ནཱི་ཡར་ ང་བཅས་ར་གི་ཡུལ་ལྷ་ གནས་བདག་གཞི་བདག་ལུ་ ཏེ་འ་ནཱི་མཛར་ཅུམ་ཅིག་དྲང་ནི་འདུག་ལགས། དེ་ཡང་ཨ་ཡི་ནང་གི་སྤང་འདི་ནང་གི་རྡོ་ཕུག་རྩ་བར་འབད་རང་དྲང་དགོ་ལགས། ཏེ་འ་ནཱི་འདི་ ད་ མདའ་རྩེདཔ་གཙོ་བོ་ག་ཨིན་ན་ འ་ནཱི་གིས་སྤྱི་དཔོན་གྱིས་འགོ་འདྲེན་འཐབ་ དེ་ལས་མདའ་རྩེདཔ་གཙོ་བོ་དེ་གིས་ཡང་ རྒྱུ་དང་འདི་ཚུ་བཏོན་ དེ་ལས་འ་ནཱི་བསྒང་ལུ་འབདན་ ཏེ་མདའ་རྩེདཔ་གི་ང་བཅས་ནཱ་ དང་ཕུ་འབདན་ འ་ནཱི་མདའ་རྐྱབ་ད་ ལོ་མདའ་རྐྱབ་ད་ ཏེ་ཤ་ཅིག་བཙུགས་ནི་འདུག་ལགས་ཕགཔ་ཅིག
  • དཔལ་འབྱོར་
    ཏེ་འ་ནཱི་ཕགཔ་དེ་གི་ཤ་ལས་ སྲང་གསུམ་འཇལ་བཞག་དགོ་པས་ལགས། དེ་ལས་ ཏེ་འ་ནཱི་མདའ་རྩེདཔ་གི་མཛར་ཅུམ་ཟེར་ ཏེ་འ་ནཱི་ ཡར་གནས་བདག་གཞི་བདག་ལུ་ ཏེ་དྲངས་མི་འདི་ ཏེ་ད་ང་བཅས་ར་མདའ་རྩེདཔ་ལུ་གནོད་རྐྱེན་མ་ཕོག་ མདའ་མ་ཕོག་ ནཝ་ཚཝ་མེད་ འཐབ་འཛིང་འབད་ནི་མེདཔ་སྦེ་ ཏེ་ཁོང་གིས་དེམ་ཅིག་ རྒྱབ་སྐྱོར་མཛདཔ་ཨིན་ཟེར་ ཏེ་དང་ཕུ་ཕམ་ཚུ་གིས་འ་ནཱི་འབད་སླབ་ཏེ་ འ་ནཱི་ཅིག་མཆོད་ནི་འདུག་ཟེར་ ཞུ་ནི་ལགས།། །།