Video Overview
Lobzang Dorji, from Radhi Gewog, Trashigang, shares an account of local deities. It is said that the head of all local deities of Radhi is Aum Jomo, who is said to be originally from Tibet. This is why, the naming of the deities was similar to the tradition of Tibetans. Amo Jomo is called the Poen (Leader), and the rest are known as Woopoen (followers). The exact time of the origin of those deities is not known.
བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ལས་ བློ་བཟང་རྡོེ་གིས་ གནས་བདག་ཡང་ན་ ཆོས་སྐྱོང་སྲུང་མའི་ སྐོར་ལས་བཤདཔ་ཨིན། ཁོ་གིས་སླབ་མི་ནང་ ར་དྷི་རྒེད་འོག་ནང་ལུ་ ཡོད་པའི་གནས་བདག་ཚུའི་འབྲལ་ལས་ གནས་བདག་གོང་མ་འདི་ བོད་ལས་ཨིན་མི་ ཨམ་ཇོ་མོ་ ཨིན་ཟེར་བཤདཔ་ཨིན། དེ་འབདཝ་ལས་ གནས་བདག་ཚུའི་ མཚན་བཏགས་ཐང་འདི་ བོད་ཀྱི་ལམ་ལུགས་དང ་ཆ་འདྲ་བ་ཅིག་ཡོདཔ་ཨིན། གནས་བདག་ཚུའི་འབྲལ་ལས་ ཨམ་ཇོ་མོ་འདི་ གོང་མ་ཅིག་འབདཝ་ལས་ མོ་ལུ་དཔོན་ཟེར་ཞུཝ་ཨིན། དེ་ལས་ གནས་བདག་གཞན་ཚུ་ལུ་ འོག་དཔོན་ཟེར་ཞུཝ་ཨིན། འ་ནི་གནས་བདག་ཚུ་ གནམ་འབྱོན་ཡི་ག་ ཁ་གསལ་ཅིག་མི་ཤེས་དོ་ཨིན་མས།
- Kadam
- Radhi
- Trashigang
- བློ་བཟང་རྡོ་རྗེ་ Lobzang Dorjiལགས་སོ། ཏེ་ད་ང་བཅས་ར་ནཱ་ ད་སྐྱེས་ལྷ་ཡུལ་ལྷ་ཟེར་སླབ་དགོ་མི་ སྐྱེས་བཙན་ཟེར་སླབ་དགོ་མི་ བཙན་ཟེར་སླབ་མི་འདི་ ཏེ་ག་དེ་སྦེ་སྨོ་ཟེར་བ་ཅིན་ དཔོན་ལུ་འདི་བཙན་པོ་ཟེར་སླབ་ཨིན་མས་དང་པོ། ཏེ་དཔོན་ལུ་བཙན་པོ་ཟེར་སླབ་དགོ་མི་ ད་ཡི་གེ་ཙ་ལས་བརྟེན་ཏེ་ཨིན་པ་ཅིན་ བཙན་ཟེར་སླབ་ཨིན་མས་ ཡི་གེ་པ་ལས་བརྟེན་ཏེ་ དཔོན་པོ་ཟེར་སླབ་ཨིན་མས། དེ་ལས་ཡི་གེ་རྩ་ལས་བརྟེན་ ང་བཅས་རའི་ཡུལ་སྒོ་ལུ་དང་པོའི་ལུགས་སྲོལ་ ཏེ་འབྲུག་ལུ་ཡང་མིང་བཏགས་པའི་བཏགས་ཚུལ་ ཨ་ཙི་རེ་བོད་ལས་དཔེ་བལྟ་ཡི་བལྟ་ཡི་བཏགས་བཏགསཔ་འབདཝ་ལས་ ཏེ་དཔོན་ལུ་ བཙན་པོ་ཟེར་འབོ་ཡི།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་ད་ལྟོ་སྐྱེས་བཙན་སྐྱེས་བཙན་ ང་བཅས་རའི་གཡུས་ཁའི་དཔོན་ག་གི་འོག་ལུ་སྨོ་ཟེརཝ་ད་ སྐྱེས་བཙན་ག་བཟུམ་ཅིག་གི་འོག་ལུ་ཟེར་སླབ་མི་འདི་ སྐྱེས་བཙན་ཟེར་སླབ་ཨིན་མས། སྐྱེས་བཙན་འདི་ ཏེ་ང་བཅས་རའི་སྐྱེས་བཙན་ག་ར་ ང་བཅས་རའི་ མངའ་རི་ཤར་ཕྱོགས་ལོགས་ལུ་ གཞུང་དཔལ་ལི་ལ་ལས་ཚུར་འདི་ སྐྱེས་བཙན་འདི་ ཏེ་དཔོན་ངོ་མ་འདི་ ཨམ་ཇོ་མོ་ ཏེ་འདོད་ཁམས་གཟུགས་ཁམས་ཟེར་བརྩི་ནི་འདུག་ཁམས་གསུམ་ལུ་ འ་ནཱི་འདོད་ཁམས་ལས་ ཏེ་ལྷ་མོ་རེ་མ་ཏི་གི་ ཏེ་སྲིད་མ་འཁོར་ཅིག་ ཏེ་ང་བཅས་ར་ལྷ་མོ་ཇོ་མོ་རེ་མ་ཏི་ཨིན་ཟེར་བརྩིཝ་མས་བ།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་བཙན་ཚུ་ག་ར་ལས་ ང་བཅས་ར་མངའ་རི་ཤར་ཕྱོགས་ལོགས་ཀྱི་དཔོན་འདི་ ང་བཅས་རའི་ཨམ་ཇོ་མོ་ཨིན་ཟེར་བརྩིཝ་མས། ཏེ་ཨམ་ཇོ་མོའི་འཁོར་འདི་ བློན་པོ་ལྔ་ཡོད་ཟེར་འཐོན་མས་དཔེ་ཆ་ནང་ལས་ འཁོར་དུ་བཀའ་ཡི་བློན་པོ་ལྔ་རུ་འདྲ་ཟེར་ ཏེ་མོ་འདི་ མཚོ་ཆེན་བརྒྱ་དང་རྩ་བཞི་བསྐོར་བའི་བར་ན་ལུ་འདི་ ཇོ་མོ་སྐུ་མཁར་ཡོད་ཟེར་ ང་བཅས་རའི་ནཱ་ ད་ལྟོ་མེ་རག་ལས་ཡར་ རོགས་ང་བཅས་ར་ནཱ་ འབྱོགཔ་ཚུ་གིས་ རོགས་ ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལུ་ ཏེ་གསོལ་ཁ་ཡང་གསོལ་ནི་ཡོད་ཨམ་ཇོ་མོ་ལུ།
- བློ་བཟང་རྡོ་རྗེ་ Lobzang Dorjiདེ་ལས་འ་ནཱ་ལས་ མཚོ་ཆེན་བརྒྱ་དང་རྩ་བརྒྱད་ཀྱི་བར་ན་ལུ་འདི་ སྐུ་མཁར་ངོ་མ་སྦེ་ཆགས་ཏེ་ཡོད་ ཏེ་ད་ང་བཅས་རའི་སྐྱེས་བཙན་ཚུ་གི་དཔོན་འདི་ ཨམ་ཇོ་མོ་རང་ཨིན་ཟེར་ཞུ་ནི། ཏེ་ཨམ་ཇོ་མོ་འདི་ ཏེ་ཡི་གེ་ ད་ཁ་ལས་བརྟེན་ཏེ་ ཡེ་ཤེས་མཁའ་འགྲོ་ཟེར་སླབ་ཨིན་མས། སྤྱིར་བཏང་གི་ང་བཅས་ར་ཆ་ཁྱབ་ཀྱིས་ ཡི་གེ་ཁ་གི་ཚབ་འདི་ མཁའ་འགྲོ་ཟེར་སླབ་པའི་ཚབ་ལུ་ ཡི་གེ་ཇ་ལས་བརྟེན་ ཇོ་མོ་ཟེར་སླབ་ཨིན་མས། ཇོ་མོ་ཟེར་མི་ མཁའ་འགྲོ་གཞན་དང་མ་འདྲ་བའི་མཁའ་འགྲོ་ མཚན་རྟགས་ལེགས་ཤོམ་ཡོདཔ་ལས་ ཇོ་མོ་ཟེར་འབོ་ གུ་རུ་རིན་པོ་ཆེ་ལུ་ཡང་།
- བློ་བཟང་རྡོ་རྗེ་ Lobzang Dorjiཐུགས་སུ་ཆུད་པའི་ཐུགས་རྒྱུན་ཇོ་མོ་བརྒྱད་ཟེར་བརྩིཝ་མས་བ། འདི་བཟུམ་མའི་ང་བཅས་རའི་ཇོ་མོ་ཨམ་ཇོ་མོ་ཟེར་མི་འདི་ ཏེ་མཁའ་འགྲོའི་སྡེ་ཚན་ཅིག་ཨིན་མས། ཏེ་མོ་ལུ་གསོལ་ཁ་ཚུ་ཡང་ ང་བཅས་ར་དམིགས་བསལ་གྱིས་ར་སྡི་ལུ་གསོལ་ནི་ཡོད་མི་ ཏེ་དེ་ལས་ ཏེ་དཔོན་འདི་ སྐྱེས་བཙན་ཚུ་ལས་ག་ར་གི་དཔོན་འདི་ ཨམ་ཇོ་མོ་ཨིན་མས། མོ་ལུ་བློན་པོ་ལྔ་ཡོད་ཟེར་འཐོནམ་མས་དཔེ་ཆ་ནང་ལས་ བློན་པོ་ལྔ་ ག་ཅི་རང་ཨིན་ན་ཟེར་བ་ཅིན་ འཁོར་དུ་བཀའ་ཡི་བློན་པོ་ལྔ་རུ་འདྲ་ཟེར་འཐོནམ་མས།
- བློ་བཟང་རྡོ་རྗེ་ Lobzang Dorjiདེ་ལས་ ཚོང་ཚོང་བཙན་དང་ རྩེ་ཕུ་བཙན་ དེ་ལས་བཙན་གྱི་མུ་ཁུ་ལིང་ ཕོ་ལྷ་དགའ་ར་དབང་ཕྱུག་ དེ་ལས་དྭངས་ང་གླིང་འབདཝ་ད་ ཏེ་བློན་པོ་ལྔ་ཨིན་ཟེར་བརྩིཝ་མས། ཏེ་ད་ལྟོ་ ང་བཅས་ར་ ཏེ་ཁྲོམ་དབང་གི་ གཡུས་པདྨ་མ་ཅན་གྱི་ལྟག་ལུ་ རྩེ་ཕུ་ཟེར་སླབ་ཨིན་ རྩེ་ཕུ་བཙན་ཡང་ ཏེ་ཨ་མོ་ཇོ་མོ་གི་བློན་པོ་ཅིག་ཨིན་ཟེར་ ཚོང་ཚོང་མ་ཡང་བློན་པོ་ཨིན་ དགའ་རབ་དབང་ཕྱུག་ཡང་བློན་པོ་ཨིན་ ཏེ་བློན་པོ་ལྔའི་ཐོག་ཁ་ལུ་འདི་ ཏེ་ཨམ་ཇོ་མོ་མོ་ར་ཨིན་ཟེར་འཐོནམ་མས། ཏེ་ད་ ད་ལྟོ་ག་ཅི་ར་ཨིན་རུང་ ང་བཅས་ར།
- བློ་བཟང་རྡོ་རྗེ་ Lobzang Dorjiགཞུང་ཕུན་སུམ་ལས་ཚུར་རང་ དགའ་རབ་དབང་ཕྱུག་གསོལ་དགོ་མི་ ཏེ་ད་ལྟོ་བཀྲ་ཤིས་སྒང་ལུ་ཡང་ དགའ་རབ་དབང་ཕྱུག་གིས་དབང་སྦེ་ ཏེ་ཁོང་ དམིགས་བསལ་གྱིས་དགའ་རབ་དབང་ཕྱུག་ཡང་གསོལ་དགོཔ་ཨིན། ཏེ་ང་བཅས་ར་ནཱ་ ཤར་ཕྱོགས་དཔལ་ལི་ལ་ལས་ཚུར་བཅད་དེ་ ཚོང་ཚོང་མ་ དྭངས་ལིང་ དགའ་རབ་དབང་ཕྱུག་ དེ་ལས་ རྩེ་ཕུ་བཙན་ བཙན་གྱི་མུག་ཁུ་ལིང་ འདི་བཟུམ་མའི་མ་གསོལ་མི་ག་ཡང་མེད་ ང་བཅས་ར་དཔལ་ལྡན་འབྲུག་གཞུང་གི་ ཧེ་མ་ཞབས་དྲུང་རིན་པོ་ཆེ་གིས།
- བློ་བཟང་རྡོ་རྗེ་ Lobzang Dorjiབཀའ་སྲུང་སྦེ་འཁོད་འཁོདཔ་ནང་ཡང་ ཨམ་ཇོ་མོ་གསོལ་དགོ་པས་ དྭངས་ལིང་ ཚོང་ཚོང་མ་ག་ར་ དེ་ལས་ཞབས་དྲུང་གིས་ ཏེ་བཀའ་ཡང་གནང་སྟེ་ བཙན་ཚུ་ག་ར་ ང་བཅས་རའི་འབྲུག་གི་ ཏེ་གདོང་གྲོགས་ ཆ་རོགས་ རྒྱལ་ཁབ་སྲུང་སྐྱོབ་ཀྱི་དོན་ལས་འབད་དགོ་ ཏེ་རྒྱལ་ཁབ་སྲོང་སྐྱོབ་ཀྱི་དོན་ལས་ ཏེ་བཙན་ཚུ་ལུ་གསོལ་ཁ་འདི་ ང་བཅས་རའི་གཡུས་ཚན་ཁག་ཁག་གི་མི་སེར་ཚུ་གིས་ གསར་ཕུད་ལོ་ཐོག་ཟེར་ཕུལ་ཏེ་ གསེར་སྐྱེམས་ཕུལ་ཏེ་འབད་ནི་ཨིན།
- བློ་བཟང་རྡོ་རྗེ་ Lobzang Dorjiའ་ནཱི་འདི་ ཁྱེད་ཆ་ཁྱབས་ཀྱིས་བཞེས་སྟེ་ ངོམས་ཤིང་ཚིམས་ཏེ་ གདོང་གྲོགས་འདི་ དཔལ་ལྡན་འབྲུག་པ་ གོང་ལས་གོང་དུ་འཕེལ་ནིའི་གྲོགས་འདི་ ཏེ་སྐྱེས་བཙན་ཚུ་གིས་ཡང་འབད་དགོ་ སྦྱིན་བདག་གི་ཚེ་དང་བསོད་ནམས་ཡང་ སྐྱེས་བཙན་ཚུ་གིས་བཟུང་དགོ་ཟེར་ ཞབས་དྲུང་གིས་ དེ་བཟུམ་སྦེ་བྱིན་གྱིས་བརླབས་གནང་མི་ ཏེ་ད་དྭངས་ལིང་དམ་བཏགས་ཏེ་དང་ ཇོ་མོ་དམ་བཏགས་མི་འདི་ ཏེ་གྲུབ་དབང་གྲགས་པ་རྒྱལ་མཚན་ཟེར་མི་ ཏེ་སློབ་དཔོན་ཁི་རྗེ་གི་མཚན་ཨིན་མས།
- རིན་ཆེན་?]ཟེར་ཡང་ཞུཝ་མས། ཤུལ་ལས་སྐྱོན་མིང་སློབ་དཔོན་ཁི་རྗེ་ཟེར་ཡང་ཞུཝ་མས། ཇོ་མོ་དང་དྭངས་ལིང་གཉིས་ ཏེ་རྩེ་ཕུའི་བཙན་ལ་སོགས་པ་ ཏེ་དགའ་རབ་དབང་ཕྱུག་ལ་སོགས་པ་ ཏེ་སློབ་དཔོན་ཁི་རྗེ་གིས་དམ་གནང་གནངམ་ཨིན་མས། དེ་ལས་ཚོང་ཚོང་མ་བཙན་དེ་ཡང་ གུ་རུ་རིན་པོ་ཆེ་ཞལ་བཞུགས་པའི་སྐབས་ལས་རང་ གུ་རུ་རིན་པོ་ཆེ་གིས་ཡང་དམ་གནང་བའི་བཀའ་དང་དམ་ལུ་ ཏེ་གསན་མི་ཅིག་ཨིན་མས། ཏེ་གྲུབ་དབང་གྲགས་པ་རྒྱལ་མཚན་ཟེར་ཡང་ཞུཝ་མས། གཏེར་ཆེན་མདོ་སྔགས་[རོལ་ཆེན་ བློ་བཟང་རྡོ་རྗེ་ Lobzang Dorji
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་དེ་སྦེ་འབདཝ་ལས་ ང་བཅས་ཆ་ཁྱབ་ཀྱིས་ ད་ལྟོ་བཙན་བཙན་ཟེར་གསོལ་དགོ་མི་ ཨ་ལོ་སྐྱེ་བ་ལས་ཡར་ ཏེ་བཙན་ག་ཅི་དབངམ་སྨོ་ཟེར་བའི་སྐབས་ལུ་ ང་བཅས་ར་གི་ ཏེ་བཙན་འདི་བཟུམ་ཅིག་གི་འོག་ལུ་མེན་པ་ཅིན་ བཙན་འདི་བཟུམ་ཅིག་གིས་དབང་ནི་གི་ བཙན་ཟེར་མི་འདི་ དཔོན་ཨིན་མས་ དཔོན་འདི་བཟུམ་ཅིག་གི་འོག་ལུ་དབང་མི་མེད་པ་ཅིན་ གཞན་གནོད་བྱེད་འབྱུང་པོ་ཚུ་གིས་ ང་བཅས་རའི་ཨ་ལོ་ཆུང་ཀུའི་བསྒང་ལས་རང་ ཚེ་དང་བསོད་ནམས་འཕྱོག་འབག་ནི་ཨིན་མས།
- བློ་བཟང་རྡོ་རྗེ་ Lobzang Dorjiཚེ་དང་བསོད་ནམས་འཕྱོག་འབག་པ་ཅིན་ ཏེ་ང་བཅས་ར་ ཨ་པ་དང་ཨའི་གི་མངལ་ནང་དཀའཝ་སྤྱད་དེ་གསོ་གསོཝ་ཟེར་མ་གཏོགས་ ཚེ་དང་བསོད་ནམས་ འདྲེ་འབྱུང་པོ་ཚུ་གིས་འཕྱོག་འབག་པ་ཅིན་ ཨ་ལོ་འདི་ དེ་ཁ་རང་ཤི་ནི་ཨིན་མས། དེ་ཁ་རང་མི་ཤི་ནིའི་དོན་ལས་ ལུངམ་པ་གཡུས་སྒོ་རེ་ལུ་ སྐྱེས་བཙན་གྱིས་དབང་སྟེ་ སྐྱེས་བཙན་དེ་གི་འོག་ལུ་ང་བཅས་རའི་ཨ་ལོ་གི་ཚེ་དང་བསོད་ནམས་ མི་ག་ར་ལུ་ སེམས་ཅན་ག་ར་གི་ཚེ་དང་བསོད་ནམས་ བདག་འཛིན་འབད་ནི་དེ་གིས།
- བློ་བཟང་རྡོ་རྗེ་ Lobzang Dorjiསྐྱེས་བཙན་དེ་གི་ཨིན་ སྦྱིན་བདག་ཨིན་ཟེར་བའི་སྐབས་ལུ་ གནོད་བྱེད་འདྲེ་འབྱུང་པོ་ རྒྱལ་འགོང་མ་མོ་ འ་ནཱི་ག་ར་གིས་ ཏེ་ཚུར་གནོད་མི་ཚུགས་དོ་ཡོདཔ་མས། དེ་འབད་ནི་དེ་གིས་ ཨ་ལོ་སྐྱེཝ་ཅིག་ ཏེ་ང་བཅས་ཆ་ཁྱབ་ སྐྱེས་བཙན་གྱི་མངའ་འོག་ལུ་ སྐྱེས་བཙན་ལུ་གསོལ་ཁ་བཏང་ཞིནམ་ལས་ ཨ་ལོ་སྦོམ་འགྱོ་ཚུགས་ འ་ནཱི་ཨ་ལོ་གིས་ མགོ་ཆོད་མི་གིས་ རྒྱལ་ཁབ་ལུ་ཕྱག་ཞུ་ཚུགས་ དེ་ལས་ ཏེ་སངས་རྒྱས་བསྟན་པ་བཟུང་ཚུགས་ བློ་རིག་གསལ་ཏོག་ཏོ་འོང་དགོ་མི་འདི་ ལུང་པའི་སྐྱེས་བཙན་གྱིས་འགྱོ་འོང་ཟེར་སླབ་མས་བ།
- བློ་བཟང་རྡོ་རྗེ་ Lobzang Dorjiད་རོགས་ ཧཔ་ཚུ་ཨིན་པ་ཅིན་ ཁྱུང་བདུད་ཟེར་མི་གིས་དབང་སྟེ་ སྤ་རོཔ་ཚུ་ཨིན་པ་ཅིན་ རོགས་རང་རང་སོར་སོའི་ བཙན་གྱི་མིང་སྦེ་ བཙན་སྐྱ་ བཙན་སྐྱོ་འབོ་དགོ་པའི་ལུགས་སྲོལ་ཡང་ ཏེ་འདི་བཟུམ་ ཏེ་དེ་སྦེ་སྐྱེས་བཙན་གྱི་མིང་འཐོན་ཏེ་འབོ་དགོ་པའི་ལུགས་སྲོལ་ཅིག་ཡང་འདུག་རོགས་ གཡུས་སྒོ་ནང་ ཏེ་ང་བཅས་རའི་ནཱ་ བཀྲ་ཤིས་སྒང་ཧོང་ལུ་འབད་བ་ཅིན་ སྐྱེས་བཙན་གྱི་མིང་སྦེ་འབོ་དགོ་པའི་ལུགས་སྲོལ་ཅིག་མིན་འདུག ཏེ་ཨིན་རུང་ སྐྱེས་བཙན་ཟེར་དབང་དགོ་མི་འདི།
- བློ་བཟང་རྡོ་རྗེ་ Lobzang Dorjiསྐྱེས་བཙན་ག་ར་ གཡུས་སྒོའི་དཔོན་ དཔོན་སྦེ་བསྐོས་བཞག་དགོ་མིའི་རྒྱུ་མཚན་ གུ་རུ་རིན་པོ་ཆེ་ཞལ་བཞུགས་པའི་སྐབས་ལུ་ གུ་རུ་གིས་ཡང་ ལུང་བསྟན་སྦེ་བསྐོས་གནང་སྟེ་འདུག་ ཁྱོད་འ་ནཱི་གཡུས་སྒོ་འདི་བདག་འཛིན་འབད་ཤིག་ ཁྱོད་ཀྱིས་འ་ནཱི་གཡུས་སྒོ་ལུ་ཆ་རོགས་འབད་ཤིག་ བདག་འཛིན་འབད་ ཚེ་དང་བསོད་ནམས་བདག་འཛིན་འབད་དེ་ ཚེ་དང་བསོད་ནམས་གོང་འཕེལ་གཏང་དགོ་ རོགས་ཀྱི་བླ་ཚེ་སྲོག་འདི་བཏོག་ནི་མེད་ གཏོརམ་ཅིག་ལུ་ སྨུག་རྩིས་དབུར་ཏེ་བསྔོསཔ་ད་ལུ་ ཁྱེད་ཆ་ཁྱབ་ཚིམ་དགོ
- བློ་བཟང་རྡོ་རྗེ་ Lobzang Dorjiགཏོརམ་ལུ་འདི་ སྨུག་རྩིས་ཨིན་ཅིག་མིན་ཅིག་དབུར་དགོ་ང་བཅས་ཆ་ཁྱབ། ཏེ་གཏོརམ་ལུ་སྨུག་རྩིས་མ་དབུར་བ་ཅིན་ ཁོང་སྐྱེས་བཙན་ཚུ་ཐུགས་མ་དགྱེས་ནི་ཨིན་མས། ཏེ་འ་ནཱི་བཟུམ་ཅིག་འབད་སྦེ་ དེ་ལས་གསེར་སྐྱེམས་ཅིག་ གཙང་ཏོག་ཏོ་ཅིག་ཡང་བསྐང་སྦེ་ ཏེ་སྐྱེས་བཙན་ལུ་ཕུད་ཕུལཝ་ད་ལུ་ ཁོང་གིས་བཞེས་སྦེ་ ཏེ་ང་བཅས་ཆ་ཁྱབ་ཀྱིས་ཇ་དྲངས་ ལྟོ་རེ་ ག་ཅི་ལོ་ མཛར་ཅུམ་སྦེ་དྲངས་དྲངསཔ་བཟུམ་སྦེ་དྲངམ་ལས་ ཁོང་ཚུ་ཡང་ཐུགས་དགྱེས་སྦེ་ ཏེ་ང་བཅས་ཀྱི་ཚེ་དང་བསོད་ནམས་བདག་འཛིན་འབད་དེ་ ཨ་ལོ་སྐྱེ་བའི་བསྒང་ལས་རང་ ཏེ་
- བློ་བཟང་རྡོ་རྗེ་ Lobzang Dorjiསྐྱེས་བཙན་ལུ་ སྐྱེས་བཙན་ལུ་དབང་བཅུག་མི་ སྐྱེས་བཙན་ལུ་གསོལ་ཁ་བཏང་སྦེ་དབང་མི་འདི་ ཨ་ལོ་སྦོམ་འགྱོ་ནིའི་དོན་ལས་ཨིན་མས། ཨ་ལོ་མ་ཚད་ གཡུས་ཁ་གི་ང་བཅས་ར་ ཐ་ན་ སྒོ་ཁའི་རོ་ཁྱི་ བྱི་ལི་ མི་ཚད་ མི་ལུ་ཆ་རོགས་འབད་མི་ ནང་ན་ཆ་རོགས་འབད་མི་ བྱི་ལི་ཨིན་ ཕྱི་ཁ་སྒོ་སྲུང་མི་རོ་ཁྱི་ཨིན་ དེ་ལས་ཁུར་ཆ་འབག་མི་རྟ་ཨིན་ ལཱ་ལུ་ཆ་རོགས་འབད་མི་རྒྱ་ཚ་གླང་ཨིན་ དེ་ལས་ མི་གི་ཕོཝ་གསོ་མི་ ནོར་གྱི་ཨོམ་བཞོ་སྦེ་ ཏེ་འཐུངས་སྦེ་ང་བཅས་ར།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་ད་ དྭངས་ལིང་ལུ་ཡང་ གནམ་མེད་ས་མེད་ ཏེ་ནོར་གྱི་བདག་པོ་ཨིན་ཟེར་ དྭངས་ལིང་ལུ་བརྟེན་ཏེ་ ཚོང་ཚོང་མ་འདི་ དམག་དཔོན་ཨིན་ཟེར་ དམག་རྐྱབ་དགོ་པ་ཅིན་ ཚོང་ཚོང་མའི་གསེར་སྐྱེམས་བཏང་སྟེ་ དེ་ལས་ནོར་གནང་དགོ་པ་ཅིན་ ཏེ་དགའ་རབ་དབང་ཕྱུག་ལུ་ ཏེ་དྭངས་ལིང་ཚུ་ལུ་ བཙན་གྱི་མུག་ཁུ་ལིང་ཚུ་ལུ་ དེ་ལས་ཕར་ལས་རྒྱབ་སྐྱོར་འཚོལ་དགོ་པ་ཅིན་ ཏེ་དམག་རྐྱབ་དགོཔ་དང་ ནོར་ལོངས་སྤྱོད་འཕེལ་དགོ་ག་ ཏེ་འ་ནཱི་བཟུམ་ དམིགས་བསལ་གྱིས།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་འ་ནཱི་བཟུམ་ སྐྱེས་བཙན་ལུ་འབད་དགོ་པའི་ལུགས་སྲོལ་འདི་ཨིན་མས། ཏེ་སྐྱེས་བཙན་གྱིས་མ་དབང་པ་ཅིན་ ང་བཅས་ཆ་ཁྱབ་མགྱོགས་པ་རང་ ཨ་ལོ་སྐྱེསཝ་ཅིག་ ཏེ་གནོད་སྦྱིན་ཚུ་གིས་ སྲོག་གཅོད་དེ་ཤི་དགོ་ནི་ཨིན་མས། ཏེ་འ་ནཱི་འབད་བ་ལས་བརྟེན་ཏེ་ ང་བཅས་མི་ཡོད་ཚད་ཅིགཔོ་ གུ་རུ་རིན་པོ་ཆེའི་སློབ་མ་ཨིན་མས། དེ་ལས་སྦྱིན་བདག་ཨིན་མས་ ཏེ་འ་ནཱི་ག་ར་ གུ་རུ་རིན་པོ་ཆེ་གི་སངས་རྒྱས་བསྟན་པ་བཟུང་མི་ཡང་ ང་བཅས་མི་ཨིན་མས།
- བློ་བཟང་རྡོ་རྗེ་ Lobzang Dorjiཏེ་སངས་རྒྱས་བསྟན་པ་ མི་ཅིག་མེད་པ་ཅིན་ སངས་རྒྱས་བསྟན་པ་མི་བཟུང་ནི་ཨིན་མས་ སངས་རྒྱས་བསྟན་པ་བཟུང་ནིའི་དོན་ལས་ ཆ་རོགས་ག་གིས་འབད་དགོཔ་སྨོ་ཟེར་བ་ཅིན་ ཏེ་སྐྱེས་བཙན་ཚུ་གིས་བདག་འཛིན་འབད་དེ་ མིའི་ཚེ་དང་བསོད་ནམས་བདག་འཛིན་འབད་སྦེ་སངས་རྒྱས་ཀྱི་བསྟན་པ་ སྒྲིང་སྒྲིང་བཟོ་ནིའི་དོན་ལས་ ད་ལྟོ་ སྐྱེས་བཙན་སྐྱེས་བཙན་ཟེར་འབད་མི་ཡང་ གུ་རུ་རིན་པོ་ཆེ་གིས་བྱིན་གྱིས་བརླབས་ གུ་རུ་རིན་པོ་ཆེའི་སྤྲུལ་པ་ ང་བཅས་ར་འབྲུག་ལུ་ ངག་དབང་རྣམ་རྒྱལ་ཞབས་དྲུང་བྱོན་ཏེ།
- བློ་བཟང་རྡོ་རྗེ་ Lobzang Dorjiཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ཡང་ ཏེ་སྐྱེས་བཙན་ཚུ་ ཡར་ལུ་ ཏེ་གསོལ་ཁ་གནང་སྟེ་ གདོང་གྲོགས་གནང་དགོ་ཟེར་འབདཝ་ལས་ ཏེ་ད་ལྟོ་ ང་བཅས་ཆ་ཁྱབ་ འབྲུག་ལུ་ ལ་ལུ་ ཏེ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་བཀའ་དང་དམ་ལུ་གནས་མི་བཀའ་སྲུང་ཚུ་གསོལ་དོ་ ལ་ལུ་གུ་རུ་རིན་པོ་ཆེའི་བཀའ་དང་དམ་ལུ་གནས་མིའི་བཀའ་སྲུང་ཚུ་གསོལ་དོ་ གུ་རུ་རིན་པོ་ཆེའི་སྤྲུལ་པ་ག་ཨིནམ་སྨོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་ཨིན་མས། གཏེར་བཏོན་པདྨ་གླིང་པ་ཨིན་མས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཨིན་མས།
- བློ་བཟང་རྡོ་རྗེ་ Lobzang Dorjiདེ་ལས་འ་ནཱ་ལས་ ཤུལ་ལས་རིག་འཛིན་འཇིགས་མེད་གླིང་པ་ཨིན་མས། དེ་ལས་འ་ནཱི་གི་ཤུལ་ལས་ ཏེ་སྔ་རབས་ཀྱི་དུས་ལུ་ འདི་བཟུམ་བྱུང་ཡི་ ད་ཕྱི་རབས་ལུ་ཡང་ ཏེ་གུ་རུ་རིན་པོ་ཆེའི་སྤྲུལ་པ་ ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ཟེར་ཡང་བྱུང་ཡི། དེ་ལས་འ་ནཱ་ལས་ སྤྲུལ་པ་ལས་སྤྲུལ་པ་ ད་ལྟོ་གདུང་འཛིན་དགའ་རབ་རིན་པོ་ཆེ་ མཁྱེན་བརྩེ་ཚུ་ ཏེ་ད་ལྟོ་གུ་རུ་རིན་པོ་ཆེའི་སློབ་མ་ ཏེ་ནམ་མཁའི་སྙིང་པོ་ཚུ་ ཏེ་ད་ལྟོ་ ང་བཅས་རའི་ དཔལ་ལྡན་གྱི་ འབྲུག་གཞུང་གི་ ཏེ་ཞབས་དྲུང་ལས་མར་བརྒྱུད་པའི་ཆོས་རྒྱུད་བཟུང་མི་ག་ར་ ང་བཅས་རའི་ད་ལྟོ་ རྗེ་ཁྲི་རབས།
- བློ་བཟང་རྡོ་རྗེ་ Lobzang Dorjiབདུན་བཅུ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་ཚུན་ཚོད་ལུ་ ཏེ་ང་བཅས་ར་གི་ ཏེ་འ་ནཱི་བཙན་ཚུ་ལུ་གསོལ་ཁ་བཏངམ་བཏང་ས་ གུ་རུ་རིན་པོ་ཆེའི་ ཏེ་བཀའ་དང་དམ་ལུ་གནང་མི་ ཞབས་དྲུང་གིས་དམ་ལུ་གནང་མི་ ཏེ་ག་ར་ལུ་ཆོས་སྐྱོང་ག་ར་ ང་བཅས་འགྲོ་བའི་ཚེ་དང་བསོད་ནམས་བདག་འཛིན་འབད་མི་ཨིན་མས་ རྒྱལ་ཁབ་བཟུང་མི་ཨིན་མས་ དེ་འབདཝ་ལས་ བཙན་ཟེར་མི་འདི་ གནམ་མེད་ས་མེད་ ཏེ་གསོལ་ཁ་ མི་སེར་གྱིས་ ཏེ་འ་ནཱི་ཨ་ཙི་འབདཝ་ཅིག་ དབའེ་ སྐྱེས་བཙན་ལུ་གསེར་སྐྱེམས་རེ་བཏང་ཡི་ག་ཟེར་ ཏེ་ཨ་པ་ཨའི་ཚུ་གིས།
- བློ་བཟང་རྡོ་རྗེ་ Lobzang Dorjiད་ ཨ་ལོ་གི་ཆོས་རྒྱུགས་ཅིག་རྐྱབ་རན་རུང་ དབའེ་ སྐྱེས་ལྷ་ཡུལ་ལྷའི་གསེར་སྐྱེམས་ཟེར་ སྐྱེས་ལྷ་སྐྱེས་བཙན་ཨིན་མས་ ཡུལ་ལྷ་ཟེར་བ་ཅིན་ ད་ལྟོ་ནཱ་སྦོ་ལོགས་ཁར་ ཁྱིམ་གྱི་མཐའ་འཁོར་ ཀླུ་རེ་ཆགས་ཏེ་ཡོད་ག་ ག་ཅི་ཅིག་ ད་ཡུལ་ལྷ་ཟེར་བརྩི་ནི་ཨིན་མས། གཡུས་སྒོ་ལུ་ ཏེ་སྐྱེས་བཙན་ཨ་ཙི་ཅིག་ ཡར་ལ་ཁ་མཚམས་ཅིག་ཨིན་མས་ གཙང་ཏོག་ཏོ་འབདཝ་ལས་ སྐྱེས་བཙན་གཙང་ཏོག་ཏོ་དགོ་ནི་ཨིན་མས། གཡུས་སྒོ་ལུ་ ཡུལ་ལྷ་ཟེར་མི་འདི་ ཨ་ཙི་རེ་ ང་བཅས་ཚུ་གིས་བཙོག་སྒྲིབ་རེ་ཨ་ཙི་རེ་འགྱོ་རུང་ འ་ནཱི་ཡུལ་ལྷ་ཚུ་གིས་ཨ་ཙི་རེ་ ཁྱད་མེདཔ་སྦེ་སྡོདཔ་ཨིན་མས།
- བློ་བཟང་རྡོ་རྗེ་ Lobzang Dorjiསྐྱེས་བཙན་ལུ་བཙོག་སྒྲིབ་འགྱོ་བཅུག་ནི་མི་འོང་ནི་མས། ཡུལ་ལྷ་ལུ་བཙོག་སྒྲིབ་འགྱོ་བ་ཅིན་ ཏེ་གནམ་མེད་ས་མེད་ཤུགས་སྦེ་རང་ ཕོག་དུག་མི་འོང་ནི་ཨིན་མས། ཏེ་འ་ནཱི་བཟུམ་ སྐྱེས་བཙན་འདི་ ཨ་ཙི་ཅིག་ ཡར་ལ་ཁ་ལུ་ ཡར་སྟོད་ལུ་སྦེ། ཏེ་ཡུལ་ལྷ་ཟེར་མི་འདི་ རང་གི་ཁྱིམ་གྱི་མཐའ་འཁོར་ལུ་བཟུམ་ཅིག་སྦེ་བརྩིས་ཏེ་ སྐྱེས་ལྷ་ཟེརཝ་ད་ལུ་ ཨ་པ་ཨའི་ག་གི་དབང་མི་འདི་ སྐྱེས་ལྷ་བརྩི་ནི་ཨིན་མས། སྐྱེས་བཙན་ཟེརཝ་ད་འདི་ ཕུ་གི་བཙན་འདི་ཨིན་མས།
- བློ་བཟང་རྡོ་རྗེ་ Lobzang Dorjiསྐྱེས་ལྷ་ཟེརཝ་ད་ལུ་ ཕ་ཨ་པ་ལས་བརྟེན་ཏེ་འབྱུང་མི་ མ་ཨའི་ལས་བརྟེན་ཏེ་འབྱུང་མི་ ལ་ལུ་ཨ་ཞང་གི་ལྷ་གིས་དབང་དབངམ་ ལ་ལུ་ཨ་པའི་ལྷ་གིས་དབང་དབངམ་ ད་ཨ་པ་ཨའི་གི་ལྷ་གཏན་གཏན་མེད་པ་ཅིན་ ཨ་ཞང་གི་ལྷ་གིས་ཡང་དབང་ནི་ ཏེ་འདི་མེད་པ་ཅིན་ རང་གིས་ ཏེ་ག་ཏེ་བསྟེན་རུང་ འདི་གིས་མ་བཏུབ་མེད་ཟེར་ ཏེ་ད་ལྟོ་ལྷ་འདི་ རྩ་ཆེཝ་སྦེ་བརྩི་དགོ་མི་ ཏེ་ང་བཅས་ར་ག་ར་ ཏེ་ཞབས་དྲུང་དང་གུ་རུ་རིན་པོ་ཆེ་གི་སློབ་མ་ ད་ད་ཅི་གོང་ལས་ཞུ་དོ་བཟུམ་སྦེ་ གཏེར་ཆེན་བླ་མ་ག་ར་གིས་བྱིན་གྱིས་བརླབས་མི་ སྦྱིན་བདག་ཡང་ ང་བཅས་ཆ་ཁྱབ་ཨིན་མས།
- བློ་བཟང་རྡོ་རྗེ་ Lobzang Dorjiསངས་རྒྱས་བསྟན་པ་ཡང་ང་བཅས་ཆ་ཁྱབ་ཀྱིས་བཟུང་དགོཔ་ཨིན་མས། ང་བཅས་ཆ་ཁྱབ་ཀྱིས་སངས་རྒྱས་བསྟན་པ་བཟུངམ་ད་ལུ་ ང་བཅས་ཀྱི་ཤུགས་ཚད་མེདཔ་ཨིན་མས། ང་བཅས་ཀྱི་ཤུགས་ཚད་ ག་ཅི་གིས་འབད་ནི་སྨོ་ སྐྱབས་འབདཝ་ཨིན་ན་ཟེར་བ་ཅིན་ སྐྱེས་བཙན་ཚུ་གིས་ང་བཅས་ཚུ་ལུ་ཆ་རོགས་འབད་དེ་ དེ་ལས་རྐྱངམ་ཅིག་ ང་བཅས་ཚུ་གི་ ཤུགས་ཚད་འགྱོཝ་ཨིན་མས། ད་མདའ་ཅིག་རྐྱབ་པར་འགྱོ་ནི་ ཕྱོགས་མདའ་ཅིག་རྐྱབ་དགོ་པས་ ག་ཅི་ཅིག་འབད་རུང་ ཡ་ ང་བཅས་རའི་སྐྱེས་བཙན་ལུ་ གསེར་སྐྱེམས་རེ་བཏང་ཡི་ག་ཟེར་
- བློ་བཟང་རྡོ་རྗེ་ Lobzang Dorjiདེ་ལས་དགྲ་ལྷ་རེ་བཏང་ཡི་ག་ཟེར་ དགྲ་ལྷ་ཟེར་མི་དགྲ་ལྷ་ཡང་མ་པ་ སྤྱིར་བཏང་གླིང་གེ་སར་རྒྱལ་པོ་གི་ གླིང་གེ་སར་རྒྱལ་པོ་ཨིན་མས་ ང་བཅས་ཚུའི་དགྲ་ལྷ་ངོ་མ་ ཏེ་གླིང་གེ་སར་རྒྱལ་པོའི་གསོལ་ཁ་བཟུམ་ཅིག་ཨིན་མས། དགྲ་ལྷ་དགྲ་ལྷ་ཟེར་མི་ཚུ་ག་ར་ ཏེ་ལ་ལུ་ ལྷ་ག་ར་གིས་ཡང་ དགྲ་ལྷ་བསྟེན་དགོ་ཨིན་མས་ ང་བཅས་མི་སེར་འདི་ དགྲ་ལྷ་ལུ་ག་ཅི་མི་བསྟེན་ནི་ ཏེ་དཔོན་ག་ར་ དགྲ་ལྷ་དམིགས་བསལ་སོ་སོ་སྦེ་ ཏེ་གསོལ་དགོཔ་ ཏེ་སྐྱེས་བཙན་ཟེར་མི་ གནམ་མེད་ས་མེད་ ཁག་ཆེ་ཤོས་ཅིག་ཨིན་མས་ ང་བཅས་ཆ་ཁྱབ་ཀྱིས་སྐྱེས་བཙན་ལུ་གསོལ་ཁ་བཏང་ཞིནམ་ལས་རྐྱངམ་ཅིག
- བློ་བཟང་རྡོ་རྗེ་ Lobzang Dorjiལྷ་ཡང་ཐུགས་དགྱེས་དོ་ཡོདཔ་མས། ལྷ་ག་བཟུམ་ཅིག་ལུ་ ངོ་སྤྲོད་འབད་དེ་ གསོལ་ཁ་འདི་ བཀལ་དགོཔ་ཡང་ ང་བཅས་ཀྱིས་སྐྱེས་བཙན་ལུ་ཕུལ་ཞིནམ་ལས་ སྐྱེས་བཙན་གྱིས་འབད་ ལྷ་ལུ་སྤྲོདཔ་ཨིན་མས། ཏེ་ལྷ་གིས་འབད་ཞིནམ་ལས་རྐྱངམ་ཅིག་ ཏེ་སྐྱེས་བཙན་སྐྱེས་བཙན་གྱིས་འབད་ལྷ་ ང་བཅས་ཆ་ཁྱབ་ག་ར་ དེ་སྦེ་མཉམ་འདྲེས་འབད་དེ་ ཏེ་འུམ་་་་ མི་ལ་རེ་བ་མ་བྱེད། །ལྷ་ལ་གསོལ་བ་བཏབ། །ཟེར་སླབ་པའི་འཇིག་རྟེན་གྱི་ཁ་དཔེ་ཡང་འདུག
- བློ་བཟང་རྡོ་རྗེ་ Lobzang Dorjiང་བཅས་ར་མི་ལུ་རེ་བ་བསྐྱེད་སྡོད་ནི་མེན་ཟེར་ ལྷ་བཟང་པོ་ལུ་གསོལ་བ་བཏབ་དགོ་ ལྷ་ལུ་གསོལ་བ་བཏབ་པ་ཅིན་རྐྱངམ་ཅིག་ མི་ལུ་མགོན་སྐྱབས་འབད་མི་འོང་ཟེར་ འ་ནཱི་སླབ་དགོ་མི་འདི་ སྐྱེས་བཙན་ཨིན་མས། ཏེ་ཁག་ཆེ་ཤོས་ ང་བཅས་ཆ་ཁྱབ་ ཏེ་སྐྱེས་བཙན་གྱི་རྒྱུ་མཚན་ འདི་བཟུམ་ཅིག་ ཏེ་ཨིན་མས་ཟེར་ཞུ་ནི།། །།