Skip to main content Skip to search
05 Feb 2016
2 min 33 sec
Rating
0
No votes yet
Video Overview
Creators: 
Monika Subba, Kuenzang Wangmo

༉ ལམ་ལུགས་སྲོལ་གྱི་ནང་ལས་ གཞན་ག་དང་ཡང་མ་འདྲ་བའི་ལུགས་སྲོལ་ཅིག་ དོ་ཡ་གི་གཡུས་ཁ་ལུ་ཡོདཔ་ཨིན། དེ་ཡང་ བསམ་རྩེ་རྡོ་རོ་ཁ་འཇིགས་མེད་ལས་ ལྷ་བའི་དོ་ཡ་གིས་ ཧེ་མ་ཕམ་ཚུ་གི་སྐབས་ལས་ར་ ལམ་སྲོལ་མ་འདྲཝ་ལེ་ཤ་ཡོད་པའི་གྲས་ལས་ དཀྱི་ར་གྱོན་ཐངས་ ག་དེ་སྦེ་ཨིན་ནའི་སྐོར་སྟོནམ་ཨིནམ་ད་ སྟོད་གོ་དང་འོན་འཇུ་གྱོན་ནི་མེདཔ་མ་གཏོགས་ དཀྱི་ར་དཀྱི་ཐངས་འདི་ ད་ལྟོའི་རྒྱལ་ཡོངས་ཀྱི་གྱོན་ཆས་སྦེ་ལག་ལེན་འཐབ་དོ་ཡོད་པའི་དཀྱི་ར་བཟུམ་སྦེ་ར་དཀྱིཝ་ཨིན་པས།

Show More

  • Chapchu
    ངེ་གི་མིང་འདི་ཁྱབ་ཆུ་དོ་ཡ་ཨིན། ང་ལོ་ཐོག་སྐུ་ཅུག་འཇིགས་མེད་གཡུས་ལས་ཨིན། My name is Chabchu Doya. I am from Lotokuchu, Jigme village.
  • Chapchu
    ཏེ་ད་རེས་ང་གིས་དོ་ཡ་གི་ཁ་ཤ་འདི་ག་དེ་སྦེ་རྒྱོནམ་ཨིན་ན་གི་སྐོར་ལས་སླབ་ནི་ཨིན། So, today I am going to share about Doya's Kasha and how Kasha is wore.
  • Chapchu
    ཏེ་ང་གིས་ ཁ་ཤ་འདི་གྱོན་ཐངས་དང་ ནམ་གྱོནམ་དགོཔ་ཨིན་ན་ སླབ་ནི་ཨིན། So, today I am going to tell about steps to wear Kasha and when it is wore.
  • Chapchu
    ཧེ་མ་འབད་བ་ཅིན་ ང་བཅས་ཀྱི་ ཕམ་ཚུ་གིས་ ཁ་ཤ་འདི་རང་གྱོནམ་ཨིན་པས། དེ་འབདཝ་ད་ ད་རེས་ནངས་པ་ མང་ཤོས་ཀྱིས་ར་ གྱོན་ནི་མི་དགའ། In the past, our grandparents used to wear Kasha only. But now only few prefers to wear Kasha.
  • Chapchu
    ཁ་ཤ་འདི་ ཞལ་འཛོམས་ཁག་ཆེ་ཏོག་ཏོ་ཚུ་ནང་དང་ ཆོ་གུ་བཏངམ་ད་ གྱོནམ་ཨིན། Kasha is wore only on improtant meetings and rituals.
  • Chapchu
    ད་ང་གིས་ ཁ་ཤ་གྱོན་ཐངས་སྟོན་ནི་ཨིན། So, now I am going to demonstrate on how to wear Kasha.
  • Chapchu
    ང་བཅས་ཀྱིས་ ཁ་ཤ་འདི་ མགུ་ཏོ་ཁ་ལས་ བསྡམ་ནིའི་དོན་ལུ་ཐགཔ་ཅིག་དགོ། We need a rope to tie Kasha on top.
  • Chapchu
    ཁ་ཤ་འདི་ གྱོནམ་པའི་སྐབས་ དང་པ་ར་ གཡོན་ལུ་གྱོན་ དེ་ལས་ གཡས་ཁ་ཐུག་ལུ་གྱོན་དགོ། While wearing Kasha, first we need to wear it to the left and then to the right.
  • Chapchu
    ཁ་ཤ་འདི་ རྒྱབ་ཁར་དང་ གདོང་ཁར་གཉིས་ཆ་ར་ལས་ བགོ་བཟུམ་སྦེ་མཐོངམ་ཨིན། Kasha resemblance gho both from the front and back.