Skip to main content Skip to search
28 Jun 2018
2 min 29 sec
Video Overview
Creators: 
Yeshi Wangchuk, Penchela

Most of the spiritual masters in the past owned their own lake; similarly, the spiritual master of Sisina owned a lake just above his residence, below the Thimphu-Phuntsholing highway. Dechen Wangmo learned that her grandparents had a custom of celebrating a Mermaid festival with five beautiful young girls in beautiful costumes each year. It is still practiced on Naga day, but not with mass celebration, but rather a simple event on the day. They need to erect a rice cake and perform it with the help of Yogini even today. 

 

ཧེ་མའི་དུས་ལུ་ བླམ་ཚུ་གིས་ རང་གིས་ རྒྱ་མཚོ་རེ་བདག་ཏུ་བཟུང་སྡོདཔ་ཨིན་མས། དེ་བཟུམ་སྦེ་རང་ སིང་སི་བླམ་གྱིས་ཡང་ ཁོ་རའི་གཟིམ་ཅུང་གིས་ལྟག་ལུ་དང་ ཐིམ་ཕུ་དང་ ཕུན་ཚོགས་གླིང་གིས་གཞུང་ལམ་གྱི་འོག་ལུ་ཡོད་པའི་ མཚོ་འདི་ བདག་འཛིན་འབདཝ་ཨིན་མས། བདེ་ཆེ་དབང་མོ་གིས་ མོ་རའི་ ཨ་རྒས་དང་ཨང་རྒས་ཀྱི་སྐབས་ལུ་ མཚོ་སྨན་གྱི་དུས་སྟོན་བརྩི་དོ་ཡོདཔ་ཤེས་ཏེ་ཡོདཔ་ཨིན། དེ་ཡང་ ལོ་ལྟར་བཞིན་དུ་ བུམོ་འཇའ་རིསམ་ལྔ་གིས་ གྱོན་ཆས་མཛེས་ཏོག་ཏོ་སྦེ་གྱོན་ཏེ་འབདཝ་ཨིན་མས། དུས་སྟོན་འདི་ ད་ལྟོའི་བར་ན་ཡང་ ཀླུའི་ཉིནམ་ལུ་ བརྩི་སྲུང་འབད་དོ་ཡོདཔ་དང་ མི་མང་འབད་འདི་ བརྩི་སྲུང་མི་འབད་ནི་མེདཔ་དང་ དུས་སྟོན་ཆུང་ཀུ་ཅིག་སྦེ་ བརྩི་སྲུང་འབདཝ་ཨིན་མས། དེ་ཡང་ ཁོང་ཚུ་གིས་ གཏོརམ་བཞེངས་ཞིནམ་ལས་ རྣལ་འབྱོརམ་གྱི་གྲོགས་རམ་ཐོག་ལས་ འབད་དོ་ཡོདཔ་ཨིན་མས། 

 

Transcript search
No results found for this search
0 of 0
  • བདེ་ཆེན་དབང་མོ Dechen Wangmo
    ཨ་ནཱི་དང་ཕུ་གི་ཁྱིམ་འདི་ ཁ་མར་ཁ་བལྟ་སྒོར་ཏེ་ཨིན་མས་བ་ལགས་ཏེ་ ག་རི་ལམ་མ་འཐོནམ་ད་ ཁ་མར་ཁ་བལྟ་སྒོར་འབད་ནི་དེ་གིས་གཞུང་ལམ་འདི་མར་ག་རི་མཆོད་རྟེན་སྦོམ་གཅིག་ཡོད་ལགས།
  • བདེ་ཆེན་དབང་མོ Dechen Wangmo
    ཨ་མར་ལས་མཆོད་རྟེན་ལེ་ཤ་ཡོད་བ་འ་མིའི་འོག་ལས་ཕར་སྦེ་མས་ཏེ་ འ་མར་ལས་འཛུལ་སྒོ་ཡང་འ་མ་ལས་འབད་སྦེ་འབད་ཏེ་ དེ་ལས་ ང་བཅས་ནཱ་གི་ སི་སི་ཕྱུགམོ་གི་བླ་མཚོ་བླ་མཚོ་ར་ཟེར་ད་ལྟོ་ཡང་ཡོད་ལགས་ཨ་ནཱི་མཚོ་ཆུང་ཀུ་གཅིག་ཡོད་ལགས་ འ་ནཱ་ལུ།
  • བདེ་ཆེན་དབང་མོ Dechen Wangmo
    འ་ནཱི་དང་ཕུ་ངེའི་ཨའི་གི་ ཨ་རྒས་ཀྱི་སྐབས་ལུ་འདི་རོགས་ཨ་ནཱ་ལུ་མཚོ་སྨནམོ་སྒོརཝ་ཟེར་བུམོ་ཅུང་ལྔ་འ་ནེ་སྦེ་གཟབ་སྤྲོས་རྡིག་སྟེ་ར་མཚོ་མཚོ་སྨནམོ་སྒོར་དེ་ལས་ འ་ནེ་སྦེ་འབད་དགོ་ཟེར་སླབ་མས།
  • བདེ་ཆེན་དབང་མོ Dechen Wangmo
    ཏེ་ ད་ལྟོ་བར་ནང་ཡང་ ང་བཅས་ཀྱིས་མཆོད་ནི་འདི་མཆོད་ཀླུ་ཐེབས་ཡོད་འ་ནི་བཟུམ་འབདཝ་ད་མཆོད་ཨ་ནཱི་བཟུམ་འདི་འབད་དོ་ཏེ་ དེ་སྦེ་བཀོ་སྟེ་བཞག་ནི་མེད་ཏེ་ཙབ་བཙོག་ཞུགས་ནི་མི་འོང་ཟེར་སླབ་མས་ལགས།འ་ནཱི་ཏེ་ ནཱ་གི་བླ་མཚོ་འདི་ འ་ནཱི་ཨིན་ཟེར་ད་ལྟོ་བར་ནང་ཡང་མཇལ་ཚུགས་ལགས།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    ལོ་བསྟར་གྱི་ ལོ་མཆོད་འདྲཝ་གནང་ནི་ཡོད་ག་ལགས?
  • བདེ་ཆེན་དབང་མོ Dechen Wangmo
    ཡོད་ལགས་ད།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    འ་ནི་གི་སྐབས་ལུ་ ནཱ་གསོལ་ནི་ཡོདཔ་ཨིན་ན?
  • བདེ་ཆེན་དབང་མོ Dechen Wangmo
    འདི་དེ་དང་མཉམ་འབྲེལ་ཏེ་མེན་ལགས་འདི་སོ་སོ་སྦེ་རང་མཆོད་དགོ་ལགས་ལོ་མཆོད་འདི་དེ་ ང་བཅས་ཨ་རྟག་ར་ཟླཝ་བརྒྱདཔ་ནང་ར་ཨིན་ལགས་ཟླཝ་བརྒྱད་པའི་ནང་ནཱ་ལུ་འབད།
  • བདེ་ཆེན་དབང་མོ Dechen Wangmo
    དེ་བསྒང་བྱཱར་ས་དགུན་ས་འབདཝ་ད་ཨའི་སྤུན་ཆ་ཚུ་གཅིག་སྦེ་སྡོདཔ་ད་བྱཱར་བྱཱར་གི་ཆོ་ག་འདི་ནཱ་སྦེ་བཏང་དགུན་འདི་ཕར་ ཨ་་་ཝང་རྒྱ་ཁ་ལགས་བ་ཇོ་ཏེ་ ད་ལྟོ་ཕར་ཨའི་གི་ནུམོ་གི་ལཱ་འབད་སྡོད་དོ་བ་ལགས་མོ་སྐལཝ་འ་ནེ་སྦེ་འབདཝ་ད་ ནཱ་གི་འདི་ཟླཝ་བརྒྱད་པའི་ནང་ཕར་གྱི་འདི་ཉིན་ལོག་གི་སྐབས་ལུ་ འ་ནཱི་སྦེ་བཏང་དགོ་པས་ལགས།
  • བདེ་ཆེན་དབང་མོ Dechen Wangmo
    ཏེ་ཀླུ་ཨ་ནཱི་མར་གྱི་མཚོ་སྨནམོ་འདི་སྒོར་ཨ་ནཱི་བཟུམ་འབད་ནི་འདི་ཆོ་ག་དང་འབྲེལ་བཞག་སྦེ་མེན་ལགས་སོ་སོ་སྦེ་རང་འབད་དགོ་ལགས།
  • ཡེ་ཤེས་དབང་ཕྱུ Yeshey Wangchuk
    གཏོརམ་སྦེ་ར་བཞེངས་དགོསཔ་ཨིན་ན་ལགས?ཨ་ནི་བརྩིཝ་ད།
  • བདེ་ཆེན་དབང་མོ Dechen Wangmo
    ཨ་ནཱི་རྣལ་འབྱོརམ་གཅིག་ཞུ་དེ་ལས་ མོ་རོགས་ཨ་ནེ་སྦེ་རྒྱན་ཆས་ཚུ་གྱོན་འབད་ཏེ་ འ་ནེ་སྦེ་ ཆོ་ག་གཏང་ར་འ་ནེ་སྦེ་ར་འབད་དགོ་པས་ལགས་འ་ནི།
  • ཡེ་ཤེས་དབང་ཕྱུ Yeshey Wangchuk
    ད་རེས་ནངས་པ་ག་དེ་སྦེ་འབད་དོ་ལགས?
  • བདེ་ཆེན་དབང་མོ Dechen Wangmo
    ད་རེས་ནང,་པ་ཡང་ འ་ནེ་སྦེ་ ཞུ་སྟེ་ར་འབད་དོ་ལགས།
  • ཡེ་ཤེས་དབང་ཕྱུག Yeshi Wangchuk
    འེང་ཡོདཔ་ཨིན་ན་ལགས་རྣལ་འབྱོརམ་འདི?
  • བདེ་ཆེན་དབང་མོ Dechen Wangmo
    རྣལ་འབྱོརམ་གཅིག་འདུག་ལགས་ འ་ནཱ་ཕར་སྤུ་ན་ཁ་ལས་ཞུཝ་མས་ལགས་ཨ་མ་གིས་སྦེ་ཞུ་ འ་ནེ་སྦེ།
  • དཔོན་ཆེ་ལ་ Penchela
    དུས་ཚོད་འབད་བ་ཅིན་ནམ་སྨོ་ལགས?
  • བདེ་ཆེན་དབང་མོ Dechen Wangmo
    དུས་ཚོད་དེ་ཅིག་ཟེར་མེད་ལགས་ང་བཅས་ར་རོགས་མོ་གིས་བདེ་སྡུག་ཅིག་དང་བལྟ་དེ་ལས་ ང་བཅས་རའི་བདེ་སྡུག་ནེམ་འབད་སྦེ་འབདཝ་ཨིན་ལགས་ འདི་དེ་ཨིན་ཅི་མིན་ཅི་འ་ནཱ་འབད་དགོ་ཟེར་འདི་མིན་འདུག་ལགས།