Video Overview
In this video, Dorji Phuntsho narrates the story of Kuntu Lekpa, a prince of Khandro Drowa Zangmo and King Kala Wangpo. Most Bhutanese are familiar with the epic of Khando Drowa Zangmo; it is taught in schools as part of the school curriculum. At the end of the epic, Khandro Drowa Zangmo’s son, Kuntu Legpa rules a village named Yue Pemachen; that place is said to be the present day village of Chaling in Shongphu Gewog, Trashigang.
- Trashigang
- Radhi
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ རྒྱལ་པོ་དེ་གི་ཚབ་ བདུད་མོ་ཧ་ཤང་གིས་འབད་ནུག་ཏེ་ བདུད་མོ་ཧ་ཤང་གིས་ ད་ལས་ཏེ་ རྒྱལ་པོའི་སྐུ་ཚབ་འབད་དེ་ ཏེ་མོ་དར་ཕུལ་ཏེ་ དེ་སྦེ་འབད་དེ་ དེ་ལས་ རྒྱལ་པོ་མོ་གིས་མཛད་དེ་ དེ་ལས་ཏེ་ཨ་ནཱི།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoམོ་གིས་བཀའ་གནང་མི་འདི་ བཀའ་སྒྲུབ་དགོཔ་ཡར་སོང་ནུག་ མི་ཚུ་ག་ར་ དེ་ལས་ ད་འ་ནཱི་མོ་ འདིའི་སྐབས་སུ་ལུ་ དེ་ལས་ ན་སྟེ་ན་རྫུ་བཏབ་སྟེ་ བདུད་མོ་ཧ་ཤང་གིས་ གནམ་མེད་ས་མེད་ཀྱི་ ན་རྫུ་བཏབ་སྟེ་ དེ་ལས་འ་ནཱི་དེ་ཡང་ ད་མོ་དྲག་ནི་མེདཔ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoགནམ་མེད་ས་མེད་དྲག་མ་ཚུགསཔ་བཟོ་སྟེ་ དེ་ལས་ འ་ནཱི་དེ་ཡང་ ང་བཅས་རའི་ནཱ་ རིགས་བཟང་གི་ཨ་ལོ་གི་ དོན་ཧིང་གཅིག་འབག་པ་ཅིན་ མོ་དྲག་ནི་མས་ཟེར་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoའ་ནཱི་ཨ་ལོ་གཉིསཔོ་གི་དོན་ཧིང་གཅིག་འབག་པ་ཅིན་ མོ་ཁམས་སངས་ཏོག་ཏོ་སྦེ་ དྲག་ནི་མས་ཟེར་ཨིན་མས་ དེ་ལས་ འ་ནཱི་ཨ་ལོ་གཉིས་ཀྱི་ དོན་ཧིང་དེ་བཏོན་འབག་ཤོག་ཟེར་ ཏེ་ བཀའ་གནང་སྟེ་ དེ་ལས་ བཤན་པ་སྤུན་གཉིས་ལུ་བཀའ་གནང་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoབཤན་པ་ བཤན་པ་སྤུན་གཉིས་ལུ་ དེ་ལས་ བཤན་པ་སྤུན་གཉིསཔོ་དེ་འགྱོ་སྟེ་ དེ་ལས་ ཨ་ལོ་གཉིས་ཀྱི་དོན་ཧིང་དེ་ བཏོན་འབག་འོང་ནི་སྦེ་ དེ་ལས་ ག་ཅི་འབད་ཟེརཝ་ཅིག་ བཀའ་སྒྲུབ་དགོཔ་ར་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ཧེ་མ་ རྒྱལ་པོ་ཀ་ལ་དབང་པོ་གིས་ ཏེ་ བཀའ་གནང་པའི་སྐབས་ལུ་ ག་ཅི་འབད་ཟེར་རུང་བཀའ་སྒྲུབ་དགོཔ་རང་ཨིན་མས་ རོགས་བཤན་པ་སྤུན་གཉིས་ཀྱིས་ དེ་ལས་འ་ནཱ་ལུ་ འགྱོ་བལྟཝ་ད་ལུ་ དེ་ལས་ ཨ་ཞེམོ་ལས་བཏོན་ནི་འབདཝ་ད་ ནུ་གཅུང་གིས་ ཨ་ཞེམོ་གི་འདི་དུག་ཨིན་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoསྨན་མེན་ཟེར་ མི་དྲག་ཟེར་ ཨ་མ་མི་དྲག་ཟེར་ ཏེ་ ངེ་གི་འདི་སྨན་ཨིན་ཟེར་སླབ་ནུག་ གླུ་ཚིག་སྦེ་བཟོ་སྟེ་ཡོད་ ངེའི་འདི་སྨན་ཨིན་ཟེར་ ངེའི་དོན་ཧིང་འདི་སྨན་ཨིན་ཟེར་ ཨ་ཞེམོ་གི་འདི་ དུག་ཨིན་ཟེར་སླབ་ནུག་ དེ་ལས་ ཡ་ཡ་ཟེར་ དེ་ལས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoནུ་གཅུང་བསད་ཞིནམ་ལས་འབག་ནི་འབདཝ་ད་ལུ་ མེན་མེན་ཁོ་གི་འདི་ནུ་གཅུང་གི་འདི་ དུག་ཨིན་ཟེར་ ངེ་གི་འདི་སྨན་ཨིན་ཟེར་སླབ་ནུག་ དེ་ལས་ དེ་སྦེ་འབད་དེ་ ཏེ་ཁོང་གཉིས་གཅིག་གི་འབག་ནི་འབདཝ་ད་ གཅིག་གིས་ དེ་སྦེ་སྙིང་རྗེ་སྦོམ་ཡོན་ནི་དེ་གིས་ དེ་ལས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ ག་ཅི་སླབ་ནི་ ངེ་གི་སྨན་ཨིན་ཟེར་ དེ་ལས་གཅིག་ད་རུང་རང་ གཅིག་གིས་ངེའི་སྨན་ཨིན་ཟེར་ ཁོང་གཉིས་ང་འདི་གསད་ད་ ཨ་ཞེམོ་འདི་བཞག་ཟེར་ གཅིག་གིས་འབད་བ་ཅིན་ ནུ་གཅུང་འདི་བཞག་ཟེར་ ཁོང་གཉིས་དེ་སྦེ་རང་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ འ་ནཱ་ལས་ ཁོང་གཉིས་སྙིང་རྗེ་ཆེ་ནི་དེ་གིས་ ཁོང་གཉིས་ཀྱིས་ ལེ་ཤ་ཅིག་རང་ དེ་སྦེ་གསུངས་ཏེ་ གསུངས་སྟེ་ཡོད་ ག་ཅི་སྨོ་ཟེར་བ་ཅིན་ ད་ ཁྱོད་ཚུ་བདུད་མོའི་དབང་ལུ་སོང་སྟེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoབདུད་མོ་གི་ ག་ཅི་སླབ་ནི་ བཀའ་ཉན་དགོཔ་སོང་སྟེ་ཡོད་ཟེར་ བདུད་མོའི་དབང་ལུ་སོང་ཡི་ཟེར་ ད་ དེ་སྦེ་གསུངས་ཏེ་ དེ་བཟུམ་མའི་ལོ་རྒྱུས་ལེ་ཤ་གསུངས་ཏེ་ཡོད་ དེ་ལས་ ཧ་ལམ་ཅིག་ལས་ ཁོང་གཉིས་ལུ་ སྙིང་རྗེ་ཆེ་དྲགས་ནི་དེ་གིས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoག་ཅི་ལོ་ ནཱ་ལས་བཏོན་མ་ཚུགས་པར་ ཨ་ལོ་གཉིས་ལས་ བཏོན་བྱིན་མ་ཚུགས་པས་ དེ་ལས་ ཧ་ལམ་ཅིག་ལས་གཞན་ མི་གནགཔ་ཨ་ལོ་གཉིས་ ལོ་ཚད་འདྲན་འདྲ་འབད་མི་ ཨ་ལོ་གཉིས་འ་ནཱི་བསད་དེ་ དོན་ཧིང་བཏོན་ཏེ་འབག་སོང་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདོན་ཧིང་བཏོན་འབག་སྟེ་ དེ་ལས་ འ་ནཱི་བྱིན་ནུག་ འ་ནཱི་བྱིན་ཏེ་ དེ་ལས་ འ་ནཱ་ལས་དྲག་དོ་བཟུམ་བཟོ་ནུག་ དྲག་ནུག་ དེ་ལས་ ཨ་ལོ་གཉིསཔོ་དེ་ བྱོག་ཡར་སོང་སྨ་རེད་ཟེར་ བྱོག་སོང་ནུག་ ཁྱོད་གཉིས་ནཱ་མ་སྡོད་སྨ་རེད་ཟེར་ ཏེ་ད།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoས་ ལམ་ཐག་རིང་པོ་ཅིག་ཁར་ བྱོག་ཡར་སོང་སྨ་རེད་ཟེར་སླབ་ད་ནུག་ ཏེ་ཁོང་གཉིས་བྱོག་འགྱོ་ནི་གིས་ གོ་མ་མཆོད་པས་ཏེ་ ཏེ་ནཱ་ནགས་ཚལ་ནང་ན་སྐོར་སྐོར་སྦེ་ དེ་ཁར་རང་ཡོདཔ་ཨིན་མས་ དེ་ལས་ཏེ་ བདུད་མོ་ཧ་ཤང་གིས་ ཉིནམ་གཅིག་འབདཝ་ད་ མཐོང་ད་ནུག་ད་རུང་ར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoད་རུང་རང་མ་བཏུབ་པས་ ད་རུང་རང་འ་ནཱི་ཨ་ལོ་གཉིས་ཀྱི་ཤ་མེན་པ་ གཞན་གྱི་ཤ་ཨིན་མས་ཟེར་ ད་ང་ཧེང་སྐལ་སྦེ་རང་ན་ཡི་ཟེར་ཨིན་མས་ ཧེང་སྐལ་རང་ན་ཡི་ཟེར་ དེ་ལས་ དེ་གི་བར་ན་རང་ དེ་ལས་ཏེ་ ཉ་པ་སྤུན་གཉིས་ལུ་བཀའ་གནང་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཉ་པ་སྤུན་གཉིས་ལུ་ ཉ་པ་སྤུན་གཉིས་ལུ་བཀའ་གནང་སྟེ་ དེ་ལས་ ཉ་པ་སྤུན་གཉིས་ཀྱིས་དེ་འབད་བ་ཅིན་ ཨིན་ཅི་མིན་ཅི་མི་བཀོ་བཏང་ཟེར་བ་ཅིན་ བཀོཝ་ཨིན་མས་ མཚོ་ནང་བཀོ་ནི་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoམཚོ་ནང་བཀོ་བཏང་ནི་ མཚོ་ནང་བཀོ་ཞིནམ་ལས་ ཡར་བལྟ་བཏོན་ནི་མིན་འདུག་ མ་པ་ལས་རང་འདི་ན་རང་ཤི་ནི་རྐྱངམ་གཅིག་ཨིན་མས་ ཏེ་མཚོ་ནང་བཀོ་ད་ཟེར་ ཏེ་ བཀའ་གནང་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ འ་ནཱ་ལས་ ཉ་པ་སྤུན་གཉིས་ཀྱིས་འབག་སྟེ་ དེ་ལས་ཕར་མཚོའི་མཐའ་མར་འབག་སྟེ་ དེ་ལས་ མཚོ་གུ་བཀོ་ནི་འབདཝ་ད་ དེ་ལས་ ཁོང་གཉིས་ཀྱིས་ གནམ་མེད་ས་མེད་ ཆོས་ཀྱི་སྐོར་ལས་གསུངས་སྟེ་ གནམ་མེད་ས་མེད་ དེ་སྦེ་གསུངས་སྟེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ཡར་མཁའ་འགྲོ་སྡེ་ལྔ་གིས་ ནཱ་ལུ་བསུ་བ་འབད་བར་ཤོག་ཟེར་ དེ་བཟུམ་སྦེ་བྱོན་ཟེར་ གནམ་མེད་ས་མེད་གསུངས་གསུངས་པའི་ལོ་རྒྱུས་ལེ་ཤ་ཡོད།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ དེ་སྦེ་འབདཝ་ལས་ དེ་ལས་ཏེ་བཀོ་མ་ཚུགས་པར་ ཁོང་གཉིསཔོ་དེ་གིས་ བཀོ་མ་ཚུགས་པར་ ཁོང་གཉིས་ ག་ཅི་སླབ་ན་ ཁོང་གཉིསཔོ་སེམས་འདི་འཁྲུལ་སྣང་ལང་ནི་དྲག་སྟེ་ རྩ་ལས་རང་བཀོ་མི་ཚུགས་ནི་མས་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoད་ ཁྱོད་གཉིས་ད་འབདན་ནཱ་མ་སྡོད་སྨ་རེད་ཟེར་ ཏེ་བྱོག་ཡར་སོང་སྨ་རེད་ཁྱོད་གཉིས་ཟེར་ ང་བཅས་གཉིས་ཡང་བྱོག་འགྱོ་ནི་ནཱ་ དེ་ལས་ ཤ་པ་གཉིས་ཡང་བྱོག་སོང་ནུག་ ཏེ་ཉ་པ་ཁོང་གཉིས་ཡང་ ནཱ་མི་སྡོད་ལྟ་དབང་ལུ་མི་སྡོད་ཟེར་ ད་བྱོག་འགྱོ་ནི་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ ཁྱོད་གཉིས་ཡང་ བྱོག་ཡར་སོང་ནཱ་མ་སྡོད་སྨ་རེད་ཟེར་ ལྟ་དབང་ལུ་མ་སྡོད་ད་ཟེར་བཞག་ནུག་ ཁོང་གཉིས་ཡང་ ནགས་ཚལ་ནང་ན་ལས་སྦེ་ ཨ་ལོ་གཉིས་བྱོག་འགྱོ་ནུག་ཏེ་ ཨ་ལོ་གཉིས་ཡང་བྱོག་འགྱོ་སྟེ་ ཁོང་ག་ཅི་ལོ་ ཉ་པ་སྤུན་གཉིས་ཡང་བྱོག་འགྱོ་སོང་སྟེ་ ཏེ་བྱོག་སོང་སྟེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ ནགས་ཚལ་ནང་ལས་སྦེ་བྱོན་ཏེ་ དེ་ཁར་ལྟོཝ་བཀྱེས་ཏེ་དཀའཝ་སྤྱད་ ལྟོཝ་བཀྱེས་ཏེ་ ད་ དཀའཝ་སྤྱད་པའི་སྐབས་ལུ་ ཨ་མ་གིས་ འ་ནཱ་ག་ཅི་ལོ་ མཁའ་འགྲོ་གླིང་ལུ་ ཨ་མ་དེ་ མཁའ་འགྲོ་གཙོ་བོ་གཅིག་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ལྷ་ཚུ་ལུ་ ཆོས་གསུངསམ་ཨིན་མས་ མཁའ་འགྲོ་གླིང་ལུ་ ཞིང་ཁམས་ལུ་ ཆོས་གསུངསམ་ཨིན་མས་ དེ་ལས་འ་ནཱི་བར་ན་ ད་རུང་རང་ ཨ་མ་གིས་ སྤྲུལ་ཡི་སྤྲུལ་ཡི་བྱོན་ཏེ་ ཏེ་ སྤྱ་ལ་སོགས་པ་ལུ་ སྤྲུལ་བྱོན་ཏེ་ དེ་ལས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཤིང་གི་རྡོག་མའི་སྦོ་ལོགས་ཁར་འཁྱིད་སོང་སྟེ་ རྡོག་མ་སྤོགས་ཅི་རང་ ཟ་བཅུག་དོ་ཡོདཔ་ཨིན་པས་ ཟཝ་ཨིན་མས་ ཁོང་གཉིས་འ་ནཱི་རྡོག་མ་ཟ་སྟེ་ དེ་ལས་ ད་རུང་རང་ཉིནམ་གཅིག་འབདཝ་ད་ ཏེ་འ་ནཱི།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoབདུད་མོ་ཧ་ཤང་གིས་མཐོང་ད་ནུག་ བདུད་མོ་ཧ་ཤང་གིས་མཐོང་སྟེ་ དེ་ལས་ འ་ནཱི་དེ་ མཚོ་ནང་ལུ་བཀོ་བཏང་ཟེརཝ་ད་ མཚོ་ནང་ལུ་མ་བཀོ་བས་ ཕར་སྡོད་ནུག་ཟེར་ ཏེ་འ་ནཱི་དེ་ ལོག་སྟེ་འབག་ཤོག་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ད་ང་རང་གིས་རང་ ནཱ་འབད་ནི་ཟེར་ ཏེ་འཁྱིད་འབག་ཤོག་ཟེར་ ཏེ་ ད་རུང་རང་འབག་སྟེ་ ད་རུང་རང་ལོག་སྟེ་ ཕར་ལྟ་དབང་ལུ་འབག་ནུག་ ཏེ་ད་རུང་རང་ དེ་ལས་ཏེ་ ད་དོལ་པ་སྤུན་གཉིས་ཟེར་ཡོདཔ་ཨིན་མས་ ཏེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoག་ཅི་ལོ་ ཤ་པ་སྤུན་གཉིས་ དོལ་པ་སྤུན་གཉིས་ཀྱིས་ འབད་མ་ཚུགས་པ་ཅིན་ ཤ་པ་མེན་ག་ཅི་ལོ་ ཨིན་འ་ནཱི་ཤ་པ་སྤུན་གཉིས་ ཉ་པ་སྤུན་གཉིས་ཀྱིས་འབད་མ་ཚུགས་པ་ཅིན།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདོལ་པ་སྤུན་གཉིས་ཟེར་མི་དེ་གཉིསཔོ་གིས་འདི་ མ་པ་ལས་རང་གསད་ནི་མ་ཏོགས་ ཏེ་ ཡང་ཆ་ཡོད་རང་མེདཔ་ཨིན་མས་ ཡང་ཆ་ཡོད་རང་མེདཔ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ འ་ནཱ་དོལ་པ་སྤུན་གཉིས་ལས་ ཡ་ཨ་ཞེམོ་དེ་ ཕོ་རྒནམ་ཁྱོད་ཀྱི་འགན་ཁུར་ཨིན་སྨ་རེད་བཀོ་བཏང་ནི་གི་ དེ་ལས་ འ་ནཱི་ནུ་གཅུང་དེ་ ཁྱོད་ནུ་གཅུང་གི་འགན་ཁུར་ཨིན་སྨ་རེད་ཟེར་ དབྱེ་བ་ཕྱེ་སྟེ་རང་།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་བྱིན་ནུག་ དབྱེ་བ་ཕྱེ་སྟེ་རང་ ཏེ་ད་འ་ནཱ་ བརྩིས་སྤྲོད་དེ་རང་ དེ་ལས་འ་ནཱི་སྦེ་འབག་སྟེ་ དེ་ལས་ཏེ་ཡར་ ཡང་ལེ་རི་ཟེར་མི་ཅིག་ཡོདཔ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoས་གི་མིང་འདི་འབད་བ་ཅིན་ ཡང་ལེ་རི་ཟེར་ ད་རེས་ནངས་པ་ཡང་ཡོད་ཟེར་མཇལ་ནི་གི་ ཡང་ལེ་རི་ཟེར་ ཏེ་མར་ལས་ཡར་བལྟཝ་ད་ ཆོས་ཀྱི་རྒྱལ་པོའི་ཞལ་བཟུམ་ཅིག་ཡོད་ཟེར་ཨིན་མས་ མར་ལས་ཡར་བལྟཝ་ད་ དེ་ལས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoའ་ནཱི་ཕུའི་ཐོག་ཁར་འབག་སྟེ་ དེ་ལས་མར་བཀོཝ་ད་ལུ་ ཕྲང་ཕྲང་མར་རྒྱ་མཚོ་ནང་ལུ་ལྷོད་ནི་ཨིན་མས་ ཏེ་བར་ན་ཐོགས་ལུས་ནི་ ག་ཅི་ཡང་མེདཔ་ཨིན་མས་ འ་ནཱ་ལས་རིལ་ཡི་རིལ་ཡི་རང་ འདི་ལས་མར་རིལ་འགྱོཝ་ད་ མར་རྒྱ་མཚོ་ནང་ལྷོད་ནི་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ རྒྱ་མཚོ་ནང་ན་ལྷོད་ནི་ཨིན་མས་ འ་ནཱིའི་ཐོག་ཁར་ལས་མར་ ཁོང་གཉིས་ཀྱིས་ མང་ཤོས་ཅིག་རང་ མི་ག་ར་ དེ་བཟུམ་སྦེ་མི་ངན་པ་ཚུ་ག་ར་ རྒྱལ་པོ་དེ་ཚུ་གིས་ བཀའ་གནངམ་ད་ འ་ནཱ་འབག་སྟེ་བཀོ་བཏངམ་ཨིན་མས་ འ་ནཱ་ལས་མར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoལགཔ་དང་རྐངམ་བསྡམས་ཏེ་ འ་ནཱ་ལས་བཀོ་བཏངམ་ཨིན་མས་ དེ་ལས་འ་ནཱི་ཨ་ལོ་གཉིས་ཡང་ དེ་ཁར་འབག་སོང་ནུག་ ཨ་ལོ་གཉིས་ཡང་འ་ནཱ་འབག་སྟེ་ དེ་ལས་ བཀོ་ནི་སྦེ་གྲ་སྒྲིག་འབད་བའི་སྐབས་ལུ་ ཏེ་གནམ་མེད་ས་མེད་ཆོས་གསུངས་ཏེ་ཁོང་གཉིས་ཀྱིས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ ཆོས་ལེ་ཤ་གསུངས་ཏེ་ གནམ་མེད་ས་མེད་དེ་སྦེ་ཏེ་ མགུར་མ་སྦེ་གསུངས་ཡོདཔ་ལེ་ཤ་ཡོད་ མགུར་མ་སྦེ་གསུངས་བའི་ མཁའ་འགྲོ་སྡེ་ལྔ་གི་ དེ་སྦེ་ཚུར་ཞུ་བའི་ ཏེ་དེ་སྦེ་མང་ཤོས་རང་ ཏེ་ཡོད་ལོ་རྒྱུས་ལེ་ཤ་ འ་ནཱི་ཆོས་ཀྱི་ཁ་ཐུག་ཀྱི།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་དེ་སྦེ་འབད་བའི་སྐབས་ལུ་ ད་འ་ནཱ་ དོལ་པ་ཕོ་རྒནམ་དེ་གིས་ དབའི་དེ་བཟུམ་ཅིག་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ང་བཅས་གཉིས་ཀྱིས་ འ་ནཱ་ལས་མར་མི་ སྟོང་ཕྲག་སྦེ་བཀོ་བཏང་ཡི་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་འ་ནཱི་ ཨ་ལོ་གཉིསཔོ་དེ་ བཀོ་མི་ཚུགས་ནི་མས་ཟེར་ ཏེ་སླབ་ནུག་ ཨ་ལོ་གཉིསཔོ་དེ་ སངས་རྒྱས་དངོས་ཨིན་མས་ ང་གིས་འབད་བ་ཅིན་ཟེར་ སངས་རྒྱས་མངོན་སུམ་དུ་ཨིན་མས་ཟེར་ ང་གིས་འ་ནཱི་བཀོ་མི་ཚུགས་ནི་ཨིན་མས་ད་ལྟོ་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ ང་བཅས་གཉིས་ཀྱིས་ ཚེ་ཐར་ཅིག་བྱིན་གེ་མེན་ན་? འ་ནཱི་ཨ་ལོ་གཉིས་ཟེར་སླབ་ནུག་ ཕོ་རྒནམ་གིས་ དེ་ལས་ཏེ་ དོལ་པ་ནུ་གཅུང་དེ་གིས་ ང་གིས་བྱིན་མི་ཚུགས་ཟེར་སླབ་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoང་རྒྱལ་པོའི་ ག་ཅི་ལོ་ ད་བཀའ་ཨིན་ བདུད་མོའི་བཀའ་ཨིན་ཟེར་ འ་ནཱི་འདི་ ཚེ་ཐར་བྱིན་མི་ཚུགས་ཟེར་སླབ་ནུག་ ཚེ་ཐར་བྱིན་མི་ཚུགས་ཟེར་ ཏེ་ཁྱོད་ཀྱིས་ ཚེ་ཐར་བྱིན་མ་ཚུགས་རུང་ཁྱད་མེད་ཟེར་ ད་ ང་ར་གི་འདི་ ཚེ་ཐར་བཏང་བཞག་ནི་ཟེར་ ང་གིས་འདི་ བཀོ་བཏང་མི་ཚུགས་ནི་མས་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་རོགས་དོལ་པ་ཕོ་རྒནམ་དེ་གིས་ ང་ནཱ་གཡུས་ཁར་ཡང་མི་སྡོད་ ད་ང་བྱོག་འགྱོ་ནི་ཟེར་ ཏེ་ འ་ནཱི་ཨ་ལོ་དེ་ ང་མི་བཀོ་ཟེར་ ས་ཁར་བཞག་ནུག་ ཁོང་གཉིས་ཀྱི་ཕྱག་ལྟག་ཁར་བཀལ་ཏེ་ཡོདཔ་ཨིན་མས་ བཀོ་ཆོག་ཆོ་སྦེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoའ་ནཱི་ཕྱག་ལྟག་གུ་བཀལ་ཏེ་ ཁ་སླབ་དོ་མས་ དེ་ལས་ བཀོ་མི་ཚུགས་ནི་མས་ཟེར་ས་ཁར་བཞག་ནུག་ དེ་ལས་ཏེ་ ད་ ཨ་ཞེམོ་ཁྱོད་ལུ་ ཚེ་ཐར་བྱིན་ཡི་ཟེར་ ད་ ང་ལུ་ ད་ ཚེ་ཐར་མི་བྱིན་ནི་མས་ཟེར་ ད་ དེ་འབད་བ་ཅིན་ ད་ཨ་མ་ ཨ་མ་འགྲོ་བའིབཟང་མོ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoང་ལུ་ཐུགས་རྗེ་དང་སྤྱན་གྱིས་གཟུགས་གནང་ཟེར་ ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ང་ལུ་ཐུགས་རྗེ་གཟིགས་གནང་ཟེར་ དེ་ལས་ ལྷོའི་མཁའ་འགྲོ་ ང་ལུ་ཐུགས་རྗེ་གཟིགས་གནང་ཟེར་ ནུབ་ཀྱི་མཁའ་འགྲོ་ ང་ལུ་ཐུགས་རྗེ་གཟིགས་གནང་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoབྱང་གི་མཁའ་འགྲོ་ ང་ལུ་ཐུགས་རྗེ་གཟིགས་གནང་ཟེར་ དེ་ལས་ དབུས་ཀྱི་མཁའ་འགྲོ་ ང་ལུ་ཐུགས་རྗེ་གཟིགས་གནང་ཟེར་ དེ་ལས་ མཁའ་འགྲོ་སྡེ་ལྔ་གིས་ ང་ལུ་ཐུགས་རྗེ་གཟིགས་གནང་ཟེར་ ཨ་མ་འགྲོ་བའི་བཟང་མོ་ ང་ལུ་ཐུགས་རྗེ་གཟིགས་གནང་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoགནམ་མེད་ས་མེད་ཁོ་གིས་ མགུར་མ་གནང་ནུག་ མགུར་མ་གནང་སྟེ་ དེ་ལས་འ་ནཱ་ལས་ ཡ་ད་འབདན་ང་བཀོ་རུང་ འགྱོད་པ་ག་ནི་ཡང་མེད་བཀོ་ད་ཟེར་ དེ་སྦེ་གསུངས་ནུག་བུ་གིས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཁོ་ག་ཅི་ལོ་ བཀོ་རུང་ཁྱད་མེད་ཟེར་ ཏེ་ད་ཁྱོད་ཀྱིས་ ང་ཚེ་ཐར་འདི་ མ་པ་ལས་རང་མི་བཏང་ནི་མས་ ཨ་ཞེམོ་དེ་ ཚེ་ཐར་ཡང་བཏང་ཡི་ཟེར་ ཁྱོད་ལེགས་ཤོམ་སྦེ་སྡོད་སྨ་རེད།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཟེར་ ཨ་ཞེམོ་ལུ་ཡང་ ཁ་ཆམས་བཞག་སྟེ་ དེ་ལས་འ་ནཱ་ལས་ ང་བཀོ་རུང་བཀོ་ད་ཟེར་སླབ་ནུག་ ད་དེ་ལས་ འ་ནཱ་ལས་མར་བཀོ་བཏང་ནུག་ཁོ་ འ་ནཱ་ལས་མར་ནུ་གཅུང་དེ་ བཀོ་བཏང་སྟེ་བྱག་ལས་མར་བཀོཝ་ཅིག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་མར་ ག་ཅི་ལོ་རྒྱ་མཚོའི་ཁར་མ་ལྷོད་པའི་བར་ན་ ཨ་མ་ཡར་ཆོས་གནང་བཞུགས་ཡོདཔ་ཨིན་མས་ཨ་མ་དེ་ མའ་འགྲོ་གླིང་ལུ་ ཁོང་མཁའ་འགྲོ་ཚུ་ལུ་ ཆོས་གནང་བཞུགས་པའི་བར་ན་ལུ་ ཨ་མ་གིས་ མངོན་ཤེས་མཁྱེནམ་ཅིག་རང་ ཡ་ད་འབདན་ཁྱོད་ཚུ་ ཨ་ཙི་ཅིག་བསྒུགས་ད་ ང་འགྱོ་དགོ་པས་ཟེར་སླབ་སྟེ་བྱོནམ་ཅིག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་མར་ བྱ་རྒོད་ལུ་སྤྲུལ་ཏེ་ ཨ་ལོ་དེ་ བྱ་རྒོད་ཀྱིས་ ཐོག་ཁར་བཀལ་ཏེ་འབག་ཡར་སོང་ནུག་ཨའི་གིས་ ག་ཅི་ལོ་ ད་བྱ་རྒོད་ལུ་སྤྲུལ་ཏེ་ བྱ་རྒོད་ཐོག་ཁར་བཀལ་ཏེ་ རྒྱ་མཚོ་གནམ་མེད་ས་མེད་རྒྱ་མཚོ་ཡོདཔ་ཨིན་མས་རྒྱ་མཚོ་ ད་ལྟོ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoད་རེས་ནངས་པ་ཡང་ཡོད་ལོ་རྒྱ་མཚོ་ དེ་ལས་ དེ་སྦེ་འབད་དེ་ ཏེ་བྱ་རྒོད་ཀྱི་སྒལ་ཏོག་གུ་བཀལ་ཏེ་ མོ་གིས་ ན་ཟུག་ག་ནི་ཡང་མེདཔ་སྦེ་འབག་སོང་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཨ་ལོ་ན་ཟུག་ཨ་ཙི་ཅིག་རང་མ་ཕོགཔ་སྦེ་ བྱ་རྒོད་ཐོག་ཁར་སྦེ་ ཨའི་གིས་ ལེན་འབག་སོང་ནུག་ ལེན་འབག་སྟེ་ དེ་ལས་ཕར་མཐའ་མར་མ་ཐོན་ཚུན་ཚོད་ ཏེ་ཨའི་དེ་ ཐང་ཆད་སོངམ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoད་རྒྱ་མཚོ་ནང་ན་བུད་ནི་ཨིན་མས་ད་རུང་རང་ རྒྱ་མཚོ་ནང་ན་འགྱོ་ནི་འབདཝ་ད་ ད་རུང་རང་ཨ་མ་གིས་ ཉ་ལུ་སྤྲུལཝ་ཅིག་རང་ ཉ་སྦོམ་གཅིག་ལུ་སྤྲུལཝ་ཅིག་རང་ ཉའི་ཐོག་ཁར་སྦེ་ འ་ནཱི་ཉ་གིས་འབག་སོང་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཉ་གིས་འབག་སོང་སྟེ་ ད་ དེ་ལས་ཏེ་ ཕར་ཆུའི་མཐའ་མར་བཏོན་ཏེ་ ཆུའི་མཐའ་མར་བཏོན་ཏེ་ དེ་ལས་ཏེ་ ཨ་མ་གིས་ བྱ་གཅིག་ལུ་སྤྲུལ་ནུག་ ཨ་མ་གིས་ ཨ་མ་གིས་བྱ་གཅིག་ལུ་སྤྲུལ་ཏེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་འ་ནཱི་ཨ་ལོ་ ག་ཅི་ལོ་ ཁོ་ཏེ་ཨ་ཙི་རེ་ལམ་འགྱོ་སྟེ་ འ་ནཱི་ཨ་ལོ་ བྱ་ལེགས་ཤོམ་འདུག་ཟེར་དེ་ལས་ བྱའི་རྟིང་བདའ་ཡི་བདའ་ཡི་ བྱ་བཟུང་པར་འགྱོཝ་ཨིན་མས་ བྱ་བཟུང་པར་ ཏེ་དེ་ལས་ ཨ་མ་གིས་ ཨ་ཙི་ཅིག་གདོང་ཁར་ གདོང་ཁར་སོང་སྟེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoབྱ་གིས་ ཨ་ཙི་ཕར་ཕར་འགྱོཝ་ད་ ད་རུང་རང་ ཕར་ཕར་འགྱོ་སྟེ་ དེ་ལས་ བྱ་གིས་སྦེ་འཁྱིད་འབག་ནུག་ འཁྱིད་དེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoབྱ་གིས་སྦེ་འཁྱིད་དེ་ ཏེ་ནཱ་ཡར་ལས་མར་བལྟ་ཐོན་ནུག་ ཡར་ལས་མར་བལྟ་ གསེར་སྐྱེམས་ལའི་མར་བལྟ་ཐོན་ནུག་ ཡར་ལས་མར་བལྟ་སྟེ་ ཡར་ལས་མར་བལྟ་ཐོན་ཏེ་ ད་ འ་ནཱ་ལས་མར་བལྟ་ཐོན་ཏེ་ ཡར་ལས་མར་བལྟ་སྦེ་ཐོན་ཏེ་ ཡར་ལུ་ཏེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoད་ལྟོའི་སྨིན་དྲུག་ལའི་ནང་ན་ ཡར་སྨིན་དྲུག་ལའི་ནང་ན་ དེ་ཁར་ལྷོད་ལྷོདཔ་ཨིན་མས་ དེ་ཁར་ལྷོད་དེ་ དེ་ལས་ སྨིན་དྲུག་ལ་ནང་ན་ ཏེ་འ་ནཱ་ཤིང་རྭཝ་ནང་ན་ དེ་སྦེ་འབད་དེ་ བཞུགས་ཡོདཔ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཁོ་ག་ཅི་སྨོ་ཟེར་བ་ཅིན་ འ་ནཱི་བྱ་གིས་འཁྱིད་འབག་སྟེ་ ཆརཔ་མ་རྐྱབ་སར་འཁྱིད་འབག་སྟེ་ ཆརཔ་རྐྱབ་ད་ གནམ་སྲོཝ་ད་ དེ་ཁར་བཞག་དོ་ཡོདཔ་ཨིན་མས་ དེ་ཁར་ལུ་ལུས་དོ་ཡོདཔ་ཨིན་མས་ འཕྲལ་འཕྲལ་ལུསཔ་ཨིན་མས་དེ་ཁར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ ལྟོ་ཟ་རུང་ཡང་ ལྟོ་ཡང་ ག་ཅི་ལོ་ རྡོག་མ་ཡོད་སའི་ཤིང་གི་རྩ་བར་འབག་སྟེ་ དེ་སྦེ་སྤྱ་ལུ་སྤྲུལ་ཏེ་ འགྱོ་ཞིནམ་ལས་ དེ་སྦེ་འབདཝ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ ཏེ་ད་ལྟོ་ ད་ལྟོ་འ་ནཱི་ ད་ཅི་གི་བར་ནའི་ལོ་རྒྱུས་འདི་ བར་ན་ལས་ ངེའི་ཨ་ཙི་ཅིག་ཟུར་ཆད་སོང་ནུག་ ཏེ་ད་ཅི་ འ་ནཱ་འ་ནཱི་ཤ་ ག་ཅི་སླབ་ན་ ཉ་པ་སྤུན་གཉིས་ཀྱིས་བཏང་བའི་སྐབས་ལུ་ཡང་ དེ་ནང་ལས་བྱོག་འགྱོ་བའི་སྐབས་ལུ་ཡང་།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoའ་ནཱ་ཡང་ དཀའཝ་སྤྱོད་དེ་ཡོད་ཁོང་གཉིས་ ལེ་ཤ་ཅིག་རང་ ག་ཅི་སྨོ་ཟེར་བ་ཅིན་ ད་ལྟོ་བར་ན་ལས་ལོག་སླབ་ཨིན་ ཏེ་འ་ནཱི་ ཉ་པ་སྤུན་གཉིས་ཀྱིས་ ཏེ་ག་ཅི་སླབ་ན་ ཚེ་ཐར་བཏང་སྟེ་ བྱོག་འགྱོ་བའི་སྐབས་ལུ་ཡང་།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་འ་ནཱ་ ཏེ་ཆུ་སྐོམ་ཏེ་ འབད་མ་ཚུགས་པར་ ནུ་གཅུང་གིས་ ཆུ་འབག་ཤོག་ཟེར་སླབ་ནུག་ ཆུ་འབག་ཤོག་ ད་ལྟོ་རང་ཆུ་འབག་ཤོག་ ཨ་ཞེམོ་ཆུ་འབག་ཤོག་ཟེར་སླབ་ནུག་ དེ་ལས་ ཆུ་འབག་ཤོག་ཟེར་སླབ་པའི་སྐབས་ལུ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཆུ་མ་པ་ལས་ ས་ཆགས་དེ་ཁར་རང་མེདཔ་ཨིན་མས་ ཏེ་ཆུ་འབག་ཤོག་ ད་ལྟོ་རང་ཆུ་འབག་ཤོག་ཟེར་ ཆུ་འབག་ཤོག་ཟེར་ རྔུ་སྟེ་མ་བཏུབ་པར་ ཏེ་ཨ་ཞེམོ་དེ་ ཆུ་ལེན་པར་འགྱོ་གེ་ ཁྱོད་འ་ནཱ་སྡོད་ཟེར་སླབ་སྦེ་སོངམ་ད་ ཆུ་ག་ཏེ་ལུ་ཡང་མེདཔ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ ཆུ་མེད་པར་འ་ནཱི་རྒྱ་ཚའི་རྐངམ་པར་ནང་ ཆར་ཆུ་ཨ་ཙི་རེ་ཡོདཔ་ཨིན་མས་ ཏེ་ མོ་གིས་ འ་ནཱི་ཐགས་རས་མཐའམ་ཨ་ཙི་ཅིག་སྦང་སྟེ་ དེ་ལས་ འབག་སྟེ་ དེ་སྦེ་འབད་དེ་བྱིན་ནི་ཨིན་མས་མེན་ན་ ཐགས་རས་མཐའམ་སྦང་སྟེ་འབག་སྡོདཔ་ད།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoམོ་ཕར་འགྱོ་སྡོདཔ་ད་ལུ་ ཨ་ལོ་དེ་ ག་ཅི་སླབ་ན་ སྦུལ་གཅིག་ལྷོད་དེ་ སྦུལ་གྱི་དུག་གིས་སྦེ་ ཨ་ལོ་ཤི་སོང་ནུག་ དེའི་བར་ན་ཡང་ དཀའཝ་ལེ་ཤ་སྤྱོད་དེ་ཡོད་ ཏེ་འ་ནཱི་སྦུལ་གྱི་དུག་ཕོག་སྟེ་ ཨ་ལོ་ཤི་སོང་སྟེ་ སྦུལ་གྱི་སྦེ་ ཨ་ལོ་ཤི་སོང་སྟེ་ དེ་ལས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ཁར་ཡང་ ཨ་མ་སྤྲུལ་ཏེ་ སྦུལ་ག་ཅི་ལོ་ སྨན་སྦུལ་གཅིག་ལུ་སྤྲུལ་ཏེ་ སྦུལ་དཀརཔོ་གཅིག་ལུ་སྤྲུལ་ཏེ་ དེ་སྦེ་བྱོན་བྱོནམ་ཡོད་ ཏེ་འ་ནཱ་ དེ་ལས་ མོ་ལྷོད་དེ་ལྟཝ་ད་ལུ་ ཨ་ལོ་ཤི་སོང་སྟེ་སྡོད་ཡོདཔ་ཨིན་པས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoའ་ནཱི་ཨ་ཞེམོ་དེ་ལྷོད་ལྟཝ་ད་ ཏེ་འ་ནི་ཆུ་བཙིར་ཏེ་བྱིན་ནི་ཟེརཝ་ད་ ཨ་ལོ་ཤི་སོང་ཡོདཔ་ལས་ ཨོ་ལོ་ ལོ་འབད་དེ་ དེ་ལས་ དེ་སྦེ་འབད་དེ་ མོ་ར་ནུ་གཅུང་ཤི་སོང་ནུག་ཟེར་སྤར་སྡོདཔ་ད་ སྡོད་ཡོདཔ་ཨིན་མས་ཏེ་ དེ་ལས་ འ་ནཱི་ཅིག་གི་བར་ན་རང་།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ ཨ་མ་དེ་གིས་ མངོན་ཤེས་མཁྱེནམ་ཅིག་རང་ སྨན་སྦུལ་ལུ་སྤྲུལ་ཏེ་ སྨན་སྦུལ་གྱིས་ སྨན་བླུགསཔ་ཅིག་རང་བྱོན་ཡོདཔ་ཨིན་མས་མེན་ན་ ཏེ་ཨ་ཞེམོ་དེ་གིསནི་ མ་ཤེས་པས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཨ་ལོ་དེ་སྦེ་འབད་དེ་སྡོད་ཡོདཔ་ཨིན་མས་ དེ་ལས་ཨ་ནཱི་ ཁོ་མིག་ཏོ་བརྒྱངམ་ད་ ཡར་ལས་སྦུལ་དཀརཔོ་གཅིག་ ཡོར་བཏང་འགྱོ་ས་མཐོང་ཡོདཔ་ཨིན་མས་ འ་ནཱི་ ག་ཅི་སླབ་ནི་ ནུ་གཅུང་རྐྱངམ་གཅིག་གིས་མཐོང་ཡོདཔ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ཏེ་ མོ་གི་ཐགས་རས་མཐའམ་འདི་ལས་ ཁ་ནང་ལུ་ ཆུ་ཐིག་པ་གཅིག་བླུགས་བྱིན་ཏེ་ དེ་ལས་དཀའཝ་ཅིག་སྤྱད་དེ་ཡོད་ ད་ཅི་བར་ན་ལུས་སོང་ནུག་ འ་ནཱི་འདི་ དེ་ལས་ཏེ་ སྨིན་དྲུག་གླིང་ལས་མར་ལྷོད་ཅི་སྨོ་ད།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཡར་ལས་མར་འོང་སྟེ་ ང་བཅས་རའི་ནཱ་ འབྲུག་ལུ་ལྷོད་ནུག་ འབྲུག་རྒྱལ་ཁབ་ཀྱི་ས་ཆགས་ལུ་ དཔེ་འབད་བ་ཅིན་ སྨིན་དྲུག་ལ་ཐོག་ཁར་ལྷོད་པའི་སྐབས་ལུ་འདི་ ད་ ང་བཅས་རའི་ནཱ་ སྨིན་དྲུག་ལ་ལས་ ག་ཅི་ལོ་ད་ ལྷོད་པའི་སྐབས་ལུ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoལྕགས་གླིང་པ་ཚུ་ཡར་བལྟ་ ཁོང་ཡར་ཤ་བདའ་བར་སོང་སྟེ་ཡོདཔ་ཨིན་མས་ ཡར་ཤ་པ་ཚུ་གིས་ དེ་ལས་ དེ་ཅིག་གི་བར་ན་ ཨ་ལོ་གཅིག་འ་ནཱི་ ཤིང་རྭཝ་ནང་ན་སྡོད་མི་ ཏེ་ འ་ནཱི་མཐོང་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདབའི་ ཁྱོད་ག་ཅི་འབད་དོ་ཟེར་སླབ་ད་ ཏེ་ང་འ་ནཱ་སྡོད་དེ་ཡོད་ཟེར་སླབ་ཡོདཔ་ཨིན་མས་ ཏེ་དེ་ཅིག་གི་བར་ན་ ཁྱོད་ག་ཏེ་ལས་འོང་ཡི་ཟེརཝ་ད་ ང་ཡར་ལས་མར་བལྟ་འོང་ཡི་ཟེར་སླབ་ལས་ དབའི་ཁྱོད་ཀྱི་ཨ་པ་དེ་ཡར་ བཙོན་ཁང་ནང་ཡོད་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཨ་མ་དེ་ འཕུར་ཏེ་བྱོན་སོང་ཡི་ཟེར་སླབ་ཨིན་མས་ དེ་ལས་ཏེ་ ཤ་པ་གིས་ཁུ་སིམ་སི་སྦེ་ འབག་ཞིནམ་ལས་ དེ་ལས་ ཁྱིམ་ནང་བཞག་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoནཱ་ལྕགས་གླིང་ལུ་འབག་བཞག་ནུག་ ནཱ་ང་བཅས་རའི་ལྕགས་གླིང་ཟེར་འཕྱད་ནུག་གཡུས་ཚན་ ད་ དཔེ་འབད་བ་ཅིན་ ང་བཅས་རའི་ནཱ་ལུ་ ད་ནང་ན་ཨིན་མས་ཏེ་ ལྕགས་གླིང་ལུ་ ད་ནཱ་ག་ཏེ་བཞག་ཡི་ག་ བཞག་བཞགཔ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ དེ་ཅིག་གི་བར་ན་ ཏེ་ རྒྱལ་པོ་ད་ལྟོ་ནཱ་ལྕགས་གླིང་གི་ རྒྱལ་པོ་དེ་ ཧེ་མ་ལས་རང་ བཤགས་བཤགསཔ་ཨིན་མས་ལགས་ དེའི་བར་ན་ རྒྱལ་པོ་བཤགས་ཡོདཔ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་རྒྱལ་པོ་བཤགས་ཞིནམ་ལས་ རྒྱལ་པོ་ལུ་ སྲས་སྲསམོ་མེདཔ་ཨིན་མས་ དེ་ལས་ ཚབ་བཀལ་ནི་ཨིན་པས་རྒྱལ་པོ་འདི་ སྲས་ཡོད་པ་ཅིན་སྲས་བཀལ་ནི་དང་ སྲསམོ་ཡོད་པ་ཅིན་སྲསམོ་བཀལ་ནི་ སྲས་སྲསམོ་རང་མེདཔ་ཨིན་མས་ ཏེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoརྒྱལ་པོའི་རྩ་དེ་ ཚར་གཅིག་་འབདཝ་ད་ཆད་ཡར་སོང་ནུག་ མི་རྒྱུད་དེ་ཡང་རྒྱུན་ཆད་སོང་སྟེ་ དེ་ལས་ འ་ནཱི་ཅིག་གི་བར་ན་ལུ་ ད་མི་སེར་གྱི་གྲས་ལས་བཏོན་དགོ་པས་ཟེར་ རྒྱལ་པོ་གིས་ ག་དྲགཔ་ཅིག་ཟེར་ དེ་ལས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoམི་སེར་གྲས་ལས་བཏོན་དགོ་པས་ཟེར་ ད་ང་བཅས་ནཱ་ལུ་ ད་དེ་ཚུའི་གྲས་ལས་ ཉིནམ་གཅིག་ཟེརཝ་ད་ དེ་ལས་ འཛོམས་ད་ཟེར་ བློན་པོ་ཚུ་གིས་བཀའ་གནང་སྟེ་ བློན་པོ་ཚུ་གནམ་མེད་ས་མེད་ཤུགས་ཆེཝ་སྦེ་ཡོདཔ་ཨིན་མས་དེ་བསྒང།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཧེ་མའི་རྒྱལ་པོའི་སྐབས་ཀྱི་བློན་པོ་ དམག་དཔོན་གནམ་མེད་ས་མེད་ཤུགས་ཆེ་ཤོས་ཡོད་ དེ་ལས་འ་ནཱིའི་བར་ན་ མི་སེར་ཚུ་ག་ར་བཀུག་སྟེ་ བཀུག་ཞིནམ་ལས་ དེ་ལས་འ་ནཱ་ལུ་ ཉིནམ་གཅིག་ཟེརཝ་ད་ འ་ནཱ་ལུ་ ད།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoརྒྱལ་པོ་འཚོལ་ནིའི་དོན་ལས་ ཏེ་ཁོང་ཕར་ལུ་ རྒྱལ་པོ་འཚོལ་ནིའི་དོན་ལས་ རིགས་བརྒྱུད་བཟང་པོ་འཚོལ་ནིའི་དོན་ལས་ བྱ་གཅིག་ཡོདཔ་ཨིན་མས་ ཧེ་མ་ལས་རང་ བྱ་ འ་ནཱི་ཁོང་གི་ཕར་ རྒྱལ་པོའི་གཟིམ་ཅུང་ནང་ལུ་ བྱ་གཅིག་ཡོདཔ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ མི་སེར་ཚུ་ག་ར་ སྡིར་བཏང་སྡོད་བཅུག་ཞིནམ་ལས་ དེ་ལས་ འ་ནཱ ལས་བྱ་གིས་ འཕུརཝ་ཨིན་མས་ འཕུར་སོང་སྟེ་ དེ་སྦེ་ མི་སེར་ག་ཅི་ལོ་ མི་སེར་ཚུ་གི་ མགུ་ཏོག་གུ་ལས་ བྱ་གིས་ དེ་སྦེ་འཕུར་སོང་སྟེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ འ་ནཱ་ལས་ འ་ནཱི་ཨ་ལོའི་ཐོག་ཁར་འཛེགས་སྡོད་ནུག་ ཨ་ལོའི་ཕྱག་ལྟག་ཁར་འཛེགས་སྡོད་ནུག་ ཨ་ལོའི་ཕྱག་ལྟག་གུ་འཛེགས་ཏེ་ དེ་ལས་ སྡོད་སྡོདཔ་ཨིན་མས་ ཨ་ལོའི་ཕྱག་ལྟག་གུ་འཛེགས་སྡོདཔ་ད་རང་།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoའ་ནཱ་ལས་ ཏེ་ བློན་པོ་ཚུ་སོང་སྟེ་ དེ་ལས་ དྲི་ནུག་འ་ནཱི་ཨ་ལོ་ལུ་ ཏེ་ ཁྱོད་ཀྱི་ཨ་པའི་མིང་ག་ཅི་སླབ་སྨོ་ཟེར་ དེ་ལས་ ཨ་མའི་མིང་ག་ཅི་སླབ་སྨོ་ཟེར་ ཏེ་དྲི་ནུག་དེ་ལས་ཏེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཁྱོད་ཀྱི་ཨ་པའི་མིང་ག་ཅི་སླབ་སྨོ་ཟེརཝ་ད་ རྒྱལ་པོ་ཀ་ལ་དབང་པོ་ཟེར་སླབ་ཨིན་ཟེར་ དེ་ལས་ ཨ་མ་གི་མིང་ག་ཅི་སྨོ་ཟེརཝ་ད་ ཨ་མ་ག་ཅི་ལོ་ མཁའ་འགྲོ་འགྲོ་བའི་བཟང་མོ་ཟེར་སླབ་ཨིན་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ ཁྱོད་ཀྱི་ཨ་པ་ད་ལྟོ་ག་ཏེ་ཡོད་གོ་ཟེར་ སླབ་པའི་སྐབས་ལུ་ ཨ་པ་དེ་ ཏེ་ཨ་མ་སྦོམ་དེ་གིས་ བཙོན་ཁང་ནང་བཙུགས་ཏེ་ཡོད་ཟེར་ བཙོན་ཁང་ནང་ན་ཡོད་ཟེར་ དེ་ལས་ ཨ་མ་ག་ཏེ་ཡོད་ཟེར་སླབ་ད་ལུ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ ཨ་མ་དེ་ མཁའ་འགྲོའི་གླིང་ལུ་ འཕུར་ཏེ་བྱོན་ཡི་ཟེར་ཨིན་མས་ དེ་ལས་ ང་ར་ཤིང་ལེ་ཡང་རི་ལེ་ལས་ ཤིང་རི་ལས་མར་བལྟ་བཀོ་བཏང་ཡི་ཟེར་ ང་འ་ནཱ་ལས་མར་བྱ་གིས་ འཁྱིད་དེ་འོང་ཡི་ཟེར་སླབ་སླབ་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ འ་ནཱི་འདི་ ཡ་འ་ནཱི་ཨ་ལོ་དེ་གིས་ ང་བཅས་རའི་རྒྱལ་པོ་ལྕོགས་རང་ལྕོགས་ནི་ཨིན་མས་ཟེར་ འ་ནཱི་འདི་ རོགས་རྒྱལ་པོའི་སྲས་ཨིན་མས་ཟེར་ མི་རྒྱུད་ཨིན་མས་ཟེར་ ད་ ག་ཅི་སླབ་ན་ རྒྱལ་པོའི་བརྒྱུད་ཨིན་མས་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoའ་ནཱི་འདི་ང་བཅས་རའི་ནཱ་ རྒྱལ་པོ་ཐད་རི་བ་རི་ལྕོགས་འོང་ཟེར་ ཏེ་ འ་ནཱི་འདི་ རིགས་བཟང་པོ་སྦོམ་ཅིག་ཨིན་མས་ཟེར་ ཏེ་ དེ་ལས་ རྒྱལ་པོའི་ཁྲི་མངའ་སྲོལ་མཛད་ནུག་ཏེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཁྲི་མངའ་སྲོལ་མཛད་དེ་ དེ་ལས་ལོ་ག་ཅི་ལོ་ བཅོ་བརྒྱད་ཀྱི་བར་ན་ཡར་སོང་ནུག་ ད་ག་ཅི་སྨོ་ཟེར་བ་ཅིན་ ད་ཁྲི་མངའ་སྲོལ་མཛད་དེ་ ཕར་གྱི་རྒྱལ་པོ་བཀལ་ཏེ་ ཁོ་ལོ་གསུམ་ལུ་རྒྱལ་པོ་བཀལ་ནུག་མེན་ན་ ལོ་གསུམ་ལུ་རྒྱལ་པོ་བཀལ་ཏེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་འ་ནཱི་ཅིག་གི་བར་ན་ ལོ་བཅོ་བརྒྱད་ལངས་ཏེ་ ལོ་བཅོ་བརྒྱད་ལངས་ཏེ་ ཏེ་འ་ནཱི་ཅིག་གི་བར་ན་ ཨ་ཞེམོ་དེ་ འཁོར་བ་འཁྱམས་སྡོད་ཡོདཔ་ཨིན་མས་ ཨ་ཞེམོ་དེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཨ་ཞེམོ་དེ་ མོ་ཤིང་ལེ་ཡང་རི་ལས་མར་བལྟ་བསྐོར་ཏེ་ ཕར་ས་ལོག་གཅིག་ཁར་ལས་བསྐོར་ཏེ་ མར་ ལོ་གཅིག་གི་ས་ཁར་ མར་ས་ཁར་ལྷོདཔ་ཨིན་མས་ རྒྱ་མཚོའི་མཐའ་མར་ རྩ་བར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoརྩ་བར་ལྷོད་དེ་ ཏེ་ངེའི་ནུ་གཅུང་དེ་ ཡར་ལས་མར་བལྟ་བཀོ་སྟེ་ འ་ནཱི་རྩ་བར་ལྷོདཔ་ད་ རུ་ཏོ་བསྡུ་ནི་སྦེ་ མེ་བཏང་ནི་ཟེར་ ཏེ་མོ་མར་དེ་སྦེ་འགྱོ་སྟེ་ ཏེ་འ་ནཱི་རྒྱ་མཚོ་བསྐོར་ཏེ་ རུ་ཏོ་ལེ་ཤ་ཡོདཔ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཡོད་ནི་འདི་ མཐའ་མར་ལྟཝ་ད་རུ་ཏོ་ ཡར་ལས་མར་བལྟ་བཀོ་བཏང་བཏངམ་ཤི་མི་ མི་ཤི་མིའི་རུ་ཏོ་ཚུ་ཡོདཔ་ཨིན་མས་ འ་ནཱི་རུ་ཏོ་ཚུ་ག་ར་རང་ ག་ཅི་སླབ་ལོ་བསྡུ་སྟེ་ མེ་བཏང་སྟེ་ དེ་སྦེ་རང་སྡོད་ཡོདཔ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཨ་ཞེམོ་དེ་ འ་ནཱི་ག་ཅི་སྨོ་ཟེར་བ་ཅིན་ མོ་གི་ནུ་གཅུང་གི་རུ་ཏོ་ཨིནམ་འོང་ཟེར་ ནུ་གཅུང་གི་རུ་ཏོ་ཨིན་པ་ཅིན་ མེ་བཏང་ནི་ཟེར་ མེ་བཏང་སྟེ་ དེ་སྦེ་རང་སྡོད་དེ་ དེ་སྦེ་གནམ་མེད་ས་མེད་ ནགས་ཚལ་ནང་ན་དེ་སྦེ་སྡོད་དེ་ གྱོན་ནི་ཡང་གནམ་མེད་ས་མེད་མེད་པར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoགཟུགས་ག་ར་སྤུ་སྐྱེས་ཚར་ཏེ་ཡོདཔ་ཨིན་མས་ ད་ག་ཅི་སྨོ་ཟེར་བ་ཅིན་ གོ་ལ་དང་ འ་ནཱི་ལེ་ཤ་མ་གྱོན་ནི་དེ་གིས་ གྱོན་ནི་མེད་པར་ དེ་སྦེ་སྤྱང་ཀ་ དེ་ལས་ ག་ཏེ་ལྷོད་སར་ལྷང་སྟེ་ ཨ་ཙི་རེ་ལྷང་ཡི་ལྷང་ཡི་ཟ་སྟེ་ ལྷང་ཡི་ར་ཟ་སྟེ་ དེ་སྦེ་རང་བསྐོར་བསྐོར་བཏང་།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ དེ་སྦེ་འབད་དེ་ ཁོང་ཚུ་མར་ལས་ མར་ལས་ཡར་བལྟ་ མར་ལས་དེ་སྦེ་ཐོན་ཏེ་ ག་ཅི་སྨོ་ཟེར་བ་ཅིན་ བྱང་ཕུ་ལུ་ལྷོད་ནུག་ མར་ལས་བྱང་ཕུ་ལུ་ བྱང་ཕུ་ལུ་ལྷོད་ནུག་ ཏེ་བྱང་ཕུ་ལུ་ལྷོདཔ་ད་ལུ་འདི་ ཏེ་ཕར་མི་སེར་ཚུ་གིས་ཤེསཔ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ནཱ་གཡུས་པདྨ་ཅན་ལུ་ཏེ་ རྒྱལ་པོ་དེ་ གནམ་མེད་ས་མེད་ཆོས་ལུ་དད་པ་སྦོམ་ཡོད་པའི་ རྒྱལཔོ་གཅིག་འདུག་ཟེར་ སྦྱིན་པ་གནམ་མེད་ས་མེད་ སྦྱིན་པ་གནང་མས་ཟེར་ གྱོན་ནི་མེད་མི་ཚུ་ལུ་ གྱོན་ནི་གི་ ཟ་ནི་མེད་མི་ཚུ་ལུ་ཟ་ནི་གི།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་འ་ནཱ་ལས་ སྦྱིན་པ་གནམ་མེད་ས་མེད་ སྦྱིན་པ་གནང་དེས་ཟེར་ ཏེ་ཁྱོད་ར་ཡང་ འདི་ནང་ལུ་འགྱོ་ཟེར་ ཏེ་ཁོང་གིས་ཕར་ བྱང་ཕུ་ལུ་ལྷོདཔ་ད་ དེ་སྦེ་སླབ་ནུག་ དེ་ལས་ཏེ་ གཡུས་པདྨ་ཅན་ཟེར་མི་འདི་ ག་ཏེ་སྨོ་ཟེར་དྲི་སྟེ་ འདི་ལས་ཡར་གཡུས་པདྨ་ཅན་དྲན་དྲན་སར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoམོ་གིས་གཡུས་པདྨ་ཅན་ག་ཏེ་སྨོ་ཟེར་ དྲི་སྟེ་རང་ལྷོད་ནུག་ཏེ་ནཱ་ ནཱ་ལྷོད་ནུག་ མོ་ཨ་ནཱི་ལོ་ཉི་ཤུ་དང་གཅིག་སོང་ནུག་མེན་ན་ དེ་བསྒང་ ནཱ་ལྷོད་པའི་སྐབས་སུ་ལུ་ ཏེ་འ་ནཱ་ལས་ ནཱ་ལྷོད་ནུག་ གཡུས་པདྨ་ཅན་ལུ་ལྷོད་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoང་གཡུས་པདྨ་ཅན་གྱི་རྒྱལ་པོ་ལུ་ ཕྱག་དབང་བཅར་ནི་ཟེར་ལྷོད་ནུག་ གཡུས་པདྨ་ཅན་རྒྱལཔོ་ ག་ཅི་ལོ་ ཕྱག་དབང་བཅར་ནི་སྦེ་ལྷོདཔ་ད་ལུ་ཏེ་ མོ་གནམ་མེད་ས་མེད་ ཨང་རྒས་ངོ་མ་འགྱོ་སྟེ་ཡོདཔ་ཨིན་མས་ ཏེ་ག་ར་སྤུ་སྐྱེས་ཚར་ཏེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་སྦེ་ དེ་བཟུམ་སྦེ་ ཁྱོད་རྒྱལ་པོ་ལུ་ ཕྱག་དབང་བཅར་པར་འགྱོ་བ་ཅིན་ དེ་འབད་བ་ཅིན་ ང་བཅས་རའི་རྒྱལ་པོ་ སྐུ་སྒྲིབ་ཕོག་འོང་ཟེར་ ཏེ་ཕྱག་དབང་བཅར་མ་བཅུག་པས་མོ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཕྱག་དབང་བཅར་མ་བཅུག་པར་ རྒྱལ་པོ་སྐུ་སྒྲིབ་ཕོག་འོང་ཟེར་ དེ་ལས་ འ་ནཱ་ལུ་ ཆུ་ལེནམ་ཨིན་མས་ ཆུ་ལེནམ་ད་ལུ་ ཆུ་ཕར་ཆུ་དེ་ ད་ལྟོ་རྒྱལ་པོ་ ཀུན་ཏུ་ལེགས་པའི་གསོལ་ཆུ་ཟེར་ ཕར་རྒྱབ་ཁ་ཐུག་ལུ་ཡོད་ དེ་ཁར་ཤིང་གཅིག་གི་རྩ་བར་ད་ལྟོ་ ད་རེས་ནངས་པ་ཡང་།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoད་ལྟོ་དེ་ཁར་ལས་ལེནམ་ཨིན་མས་ ཆུ་གཞན་ཧེ་མ་ཡར་བལྟ་ ཆུ་ཡོད་རང་མེདཔ་ཨིན་མས་ ཆུ་ད་ལྟོ་ ད་རེས་ནངས་པ་ཡང་ ཡར་ལམ་ཐག་རིང་ས་ལས་ཚུར་གཞུང་གིས་ གསོལ་རས་གནང་སྟེ་བཏོན་ཏེ་ཡོད་ ཏེ་ད་ལྟོ་ཚུན་ཚོད་ཆུ་ཡོད་རང་མེད་ ཆུ་མར་ལས་ཡར་བལྟ་འབག་དགོ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཆུ་ཕར་ མར་ལས་ཕར་ཡོདཔ་ཨིན་མས་ འ་ནཱ་ལས་ལེནམ་ཨིན་མས་ ཆུ་ལེན་མི་ཚུ་བཙུགས་ཏེ་ཡོདཔ་ཨིན་མས་ འ་ནཱི་ཆུ་དེ་ཚུ་ ག་ཏེ་འབག་སྨོ་ཟེར་སླབ་སླབ་མས་ མོ་གིས་འ་ནཱི་ འ་ནཱི་བུམོ་གིས་ ག་ཏེ་འབག་ནི་སྨོ་ཟེརཝ་ད།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoརྒྱལ་པོ་ཁྲུས་གནང་ནི་གི་དོན་ལུ་འབགཔ་ཨིན་ཟེར་སླབ་ཨིན་མས་ རྒྱལ་པོའི་ཁྲུས་གནང་ནི་གི་ཨིན་ཟེར་ ཏེ་ དེ་འབད་ཅིན་ ག་ཅི་ལོ་ མོ་ཙེའུ་ཡར་འབག་ནི་འབདཝ་ད་ འབག་མ་ཚུགསཔ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoམོ་གིས་ ང་གི་འཐེན་བྱིན་གེ་ཟེར་ འཐེན་དོ་བཟུམ་འབད་བའི་ཞོར་ཁ་ མོ་གི་མཛུབ་དཀྱི་གཅིག་ཡོདཔ་ཨིན་མས་ འ་ནཱི་བཟུམ་ཅིག་ ཏེ་ མཛུབ་དཀྱི་དེ་ ཙེའུ་ནང་ན་འགྲོས་ཀྱིས་སྦེ་ བཀལ་བཞག་ནུག་ ཙེའུ་ནང་བཙུགས་བཏང་བཏངམ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoམཛུབ་དཀྱི་གཅིག་ དེ་ལས་ཏེ་ རྒྱལ་པོ་ཁྲུས་གནང་སྟེ་བཞུགསཔ་ད་ འ་ནཱི་ག་ཅི་ལོ་ ཁྲོ་ནང་ན་བླུགས་བཏངམ་ད་ལུ་ ཆུ་བླུགཔ་བཏངམ་ད་ལུ་ མཛུབ་དཀྱི་ནང་ན་འཛུལ་སོང་ཡོདཔ་ཨིན་མས་ མཛུབ་དཀྱི་ནང་ན་འགྱོཝ་ད་ལུ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoའ་ནཱི་གསེར་གྱི་ མོ་གི་ནོར་བུ་རང་འབྱུང་འབདཝ་ལས་ ཁྲོ་གི་ནང་ན་ ཟང་ཟང་བཏང་སྐད་རྐྱབ་འཛུལ་སོང་ནུག་ སྐད་རྐྱབ་འཛུལ་ད་ནུག་ དབའི་ག་ཅི་ཅིག་འདུག་ས་ ཁྱོད་ཀྱི་ཆུའི་ནང་ན་ཟེར་སླབ་ད་ལུ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ འ་ནཱི་ཆུ་ནང་ན་ལྟཝ་ད་ལུ་ འ་ནཱི་མཛུབ་དཀྱི་གཅིག་མཐོང་དེ་ཡོདཔ་ཨིན་མས་ དབའི་འ་ནཱི་མཛུབ་དཀྱི་འདི་ ཧེ་མ་དང་ཕུ་ ངེའི་ཨ་མ་གི་ཅོག་གཅིགཔ་རང་འདུག་ཟེར་ དེ་སྦེ་ཐུགས་བསམ་བཞེས་ནུག་ ངེའི་ཨ་མ་གི་མཛུབ་དཀྱི་ཅོག་གཅིགཔ་རང་འདུག་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ ཕར་ཆུ་གི་མཐའ་མར་ མི་ག་ཡང་མི་འདུག་ག་ཟེར་སླབ་ད་ ཨང་རྒས་སོང་སོངམ་ ཨང་རྒས་གཅིག་འདུག་ཟེར་སླབ་ནུག་ ཨང་རྒས་གཅིག་འདུག་ཟེར་སླབ་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ འ་ནཱི་ཨང་རྒས་ནཱ་ཤོག་ཟེར་སླབ་ད་ཟེར་སླབ་ནུག་ ཏེ་ ག་ཅི་སྨོ་ཟེར་བ་ཅིན་ ལོ་རྒྱུས་འདྲི་ནི་ཨིན་མས་རྒྱལ་པོ་གིས་ ལོ་རྒྱུས་འདྲི་ནི་ཨིན་མས་རྒྱལ་པོ་གིས་ འ་ནཱི་མཛུབ་དཀྱི་དེ་ ག་ཏེ་ལས་འབག་ཡི་ག་ཟེར་ ཏེ་ ལོ་རྒྱུས་འདྲི་ནི་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ འ་ནཱ་ལས་ ཨང་རྒས་འཁྱིད་འོང་སྟེ་ དེ་ལས་ཕར་ ཕྱག་དབང་ལུ་བཙུགས་ནུག་ ཕྱག་དབང་བར་པར་བཙུགས་ཏེ་ ཏེ་ འ་ནཱ་ལས་ ཁྱོད་ག་ཏེ་ལས་སྨོ་ཟེར་ དེ་སྦེ་དྲི་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ རྒྱལ་པོ་གིས་ ཁྱོད་ག་ཏེ་ལས་སྨོ་ཟེར་ ཁྱོད་ར་གཡུས་ག་ཏེ་ལས་སྨོ་ཟེར་ ཁྱོད་ག་དེ་སྦེ་འོང་ཡི་ནཱ་ཟེར་དྲི་ནུག་ དེ་ལས་ཏེ་ མོ་གིས་ ལོ་རྒྱུས་ཚུ་ག་ར་ ཧེ་མའི་ལོ་རྒྱུས་ཚུ་ག་ར་སླབ་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoལོ་རྒྱུས་ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་མཁའ་འགྲོ་ མོ་གི་ཨ་པ་གི་མིང་འདི་འབད་བ་ཅིན་ རྒྱལ་པོ་ཀ་ལ་དབང་པོ་ཟེར་སླབ་ཨིན་ཟེར་ ཨ་མ་གི་མིང་འདི་ མཁའ་འགྲོ་འགྲོ་བའི་བཟང་མོ་ཟེར་ཨིན་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ ཨ་པ་དེ་ བཙོན་ནང་བཙུགས་ཡི་ཟེར་ ཨ་མ་དེ་ ག་ཅི་ལོ་ མཁའ་འགྲོའི་གླིང་ལུ་སོང་ཡི་ཟེར་ བྱོན་ཡི་ཟེར་ ཏེ་ང་བཅས་གཉིས་ སྤུན་ཆ་གཉིས་སྡོད་ཡི་ཟེར་ ནུ་གཅུང་དེ་ ཤིང་ཡང་ལེ་རི་ལས་མར་བལྟ་ བཀོ་བཏང་སྟེ་ ག་ཅི་ལོ་བསད་ཡི་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ ང་ར་བསྐོར་ཏེ་འོང་ཡི་ཟེར་ ག་ཅི་ལོ་ཞུ་ད་ནུག་ ཞུཝ་ད་དེ་སྦེ་སྡོདཔ་ད་ རྒྱལ་པོ་བླ་མ་མཁྱེན་ནོ་ ངེའི་ཨ་ཞེམོ་ཐད་རི་བ་རི་ཨིན་མས་ཟེར་ ཐུགས་བསམ་བཞེས་ཏེ་ ཨ་ཞེམོ་དེ་ དྲན་མེད་བརྒྱལ་སོང་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoག་ཅི་ལོ་ རྒྱལ་པོ་དྲན་མེད་སོང་ནུག་ ཨ་ཞེམོ་ཟེར་སླབ་སྡོད་ནུག་ རྒྱལ་པོ་དྲན་མེད་སོང་ནུག་ རྒྱལ་པོ་དྲན་མེད་སོངམ་ད་ལུ་རང་ བླ་མ་མཁྱེན་ནོ་ འ་ནཱ་ག་ཅི་ལོ་ ཨང་རྒས་གཅིག་ལྷོད་དེ་ སྐུ་སྒྲིབ་ཕོག་ཡི་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་འ་ནཱི་ ང་བཅས་རའི་རྒྱལ་པོ་བཤགས་སོང་ཡི་ཟེར་ ཨ་ནཱི་ཨང་རྒས་ ཤུགས་སྦེ་རང་དྲངས་ཏེ་བདའ་བཏང་ནུག་ འ་ནཱི་གཡུས་ཁའི་མི་ ག་ཅི་ལོ་ འ་ནཱི་རྒྱལ་པོའི་ཕྱག་ཞུ་མི་ཚུ་གིས་ ཨང་རྒས་དེ་ རྒྱལ་པོ་ ག་ཅི་ལོ་ ལོག་སྟེ་དྲན་པ་ལྷོད་ལྟཝ་ད་ལུ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཨང་རྒས་དེ་ བདའ་བཏང་ད་ནུག་ཁོང་ཆ་ཁྱབ་ཀྱིས་ དྲངས་ཏེ་ དེ་ལས་ དྲན་པ་ལྷོད་ལྟཝ་ད་ དེ་ལས་ ཨང་རྒས་ག་ཏེ་སྨོ་ཟེར་སླབ་ད་ལུ་ ཏེ་བདའ་བཏང་ཡི་ཟེར་སླབ་ནུག་ བདའ་བཏང་ཡི་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoམོ་ད་ལྟོ་རང་འཁྱིད་ཤོག་ཟེར་ བཀའ་གནང་སྟེ་ ད་རུང་ལོག་འགྱོ་སྟེ་ འཁྱིད་འབག་སྟེ་ འབག་ནུག་ ལོག་འཁྱིད་འབག་སྟེ་ དེ་ལས་ཏེ་ དེ་ལས་ ལོ་རྒྱུས་ཚུ་ དོ་རུང་རང་ལོག་སྟེ་ མོ་གི་ནུ་གཅུང་གིས་ ལོ་རྒྱུས་ཚུ་སླབ་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཤིང་ལེ་ཡང་རི་ལས་མར་བལྟ་ ག་ཅི་ལོ་ བཀོ་བཏང་པའི་སྐབས་ལུ་ བྱ་རྒོད་ཀྱི་སྒལ་ཏོ་ཁར་འཛེགས་ཏེ་ དེ་ལས་ ཆུའི་མཐའ་མར་བཏོན་ཏེ་ ང་དེ་བཟུམ་ཅིག་ བྱ་གིས་འཁྱིད་དེ་ བྱ་གིས་འཁྱིད་དེ་འབག་སྟེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoང་ནཱ་ལྷོད་ལྷོདཔ་ཨིན་ ཀུན་ཏུ་ལེགས་པ་ང་ཨིན་ཟེར་ དེ་སྦེ་གསུངས་ནུག་ དེ་ལས་ ཨ་ཞེམོ་དྲན་མེད་སོང་ནུག་ད་རུང་རང་ ད་རུང་རང་ཆུ་གཏོར་ཏེ་ ལོག་སྟེ་ ཏེ་འ་ནཱ་ལས་ དེ་ལས་ཏེ་ ཨ་ཞེམོ་དེ་ ག་ཅི་ལོ་ སྐུ་ཁྲུས་གནང་སྟེ་ གནམ་མེད་ས་མེད་ཆུ་འཁྱུ་སྟེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoབཏང་སྟེ་ ཧིང་སང་ས་ལེགས་ཤོམ་བཟོ་སྟེ་ དེ་ལས་ དེ་སྦེ་རང་བཞག་སྟེ་ དེ་ལས་འ་ནཱ་ཨ་ཞེམོ་དེ་ གཡུ་ ཁྲི་ཐོག་ཁར་བཞག་ཡི་ཟེར་སླབ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཨ་ཞེམོ་དེ་ གཡུ་ཁྲི་ཐོག་ཁར་བཞག་སྟེ་ རྒྱལ་པོ་དེ་ གསེར་ཁྲི་ཐོག་ཁར་བཞུགས་ཏེ་ ཁོང་གཉིས་སྦེ་ དྲན་འདྲ་འབད་རང་ ཁོང་གཉིས་ཀྱི་དབང་ཚད་དེ་ དྲན་འདྲ་འབད་རང་ ཡར་བལྟ་དེ་སྦེ་བཞུགས་ནུག་ འ་ནཱ་གཡུས་པདྨ་ཅན་ལུ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoབཞུགས་པའི་སྐབས་ལུ་ དེ་ལས་ འ་ནཱི་སྦེ་ཁོང་གཉིསཔོ་དེ་ ལེགས་ཤོམ་སྦེ་ གནམ་མེད་ས་མེད་ལེགས་ཤོམ་སྦེ་ཕྱད་དེ་ དགའ་སྤྲོ་འབད་དེ་ ལེགས་ཤོམ་སྦེ་ བཞུགས་ཏེ་ བཞུགས་པའི་སྐབས་ལུ་རང་།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ ཡར་ལུ་བདུད་མོ་ཧ་ཤང་གིས་ ཏེ་གོ་ནུག་ ད་འ་ནཱི་ སྤུན་ཆ་གཉིསཔོ་དེ་ ཡང་ལེ་རི་ལས་མར་བཀོ་བཏང་སྟེ་བསད་ཡི་ས་ མ་བསད་པར་ མར་རྒྱལ་པོ་སྦེ་འདུག་ཟེར་ཨིན་མས་ ད་ཁོང་གཉིསཔོ་དང་ ཕྱད་མདའ་བཏང་ནི་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཁྱོད་གཉིསཔོ་ ཁྱོད་ཡར་ཤོག་ཟེར་ ཡར་ཤོག་ཟེར་ མོ་མར་བལྟ་འཐོན་འོང་ཟེར་ དེ་ལས་ དུས་ཚོད་འ་ནེམ་ཅིག་ལུ་ཤོག་ཟེར་ བཀའ་ཤོག་ལྷོད་ནུག་ནཱ་ལུ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoབདུད་མོ་ཧ་ཤང་གིས་ བདུད་མོ་ཧ་ཤང་གིས་ བཀའ་ཤོག་དེ་སྦེ་ལྷོད་ནུག་ དེ་ལས་ཏེ་ འ་ནཱ་སྡུག་བསྔལ་ཕོག་སྟེ་ བླ་མ་མཁྱེན་ནོ་ད་རུང་རང་ཨིན་མས་ཟེར་ ད་འབདན་ཟེར་ སྡུག་བསྔལ་ཕོག་སྟེ་བཞུགས་པའི་སྐབས་ལུ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ལྷ་གིས་ ལྷ་ཆོས་སྐྱོང་སྲུང་མ་ཚུ་གིས་ ལུང་བསྟན་བྱུང་ནུག་ ད་ཁྱོད་འ་ནཱ་ ག་ཅི་ལོ་བྱོན་དགོ་ཟེར་ དུས་ཚོད་དེ་བཟུམ་ཅིག་གི་བསྒང་ལུ་ཟེར་ ཁྱོད་བྱོན་དགོ་ཟེར་ ལྷ་གིས་ལུང་བསྟན་ནུག་ ལྷ་གིས་ལུང་བསྟན་ཏེ་ ག་ཅི་ལོ་ ད་ཁྱོད་ཐུགས་ཚ་གྱང་བཞེས་རང་མི་དགོ་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoད་ཁྱོད་ཀྱི་མདའ་དེ་ ཏེ་ ཡར་འབད་བ་ཅིན་གསེར་གྱི་ བར་ན་དངུལ་གྱི་ དེ་ལས་ མར་ལྕགས་ཀྱི་སྦེ་འབད་དེ་ སྤྱི་ཏོག་གི་རྣམ་ཅོ་དེ་ལྕགས་ ལྕགས་ཀྱི་མདའ་ རྣམ་ཅོ་འདི་དགུ་ཡོདཔ་སྦེ་བརྡུངས་ཏེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ ལྕགས་སྦོམ་སྦེ་ཨིན་མས་ཏེ་ལྕགས་ ག་ཅི་ལོ་ འ་ནཱི་སྦེ་རྐྱབ་སྟེ་ བར་ན་འབད་བ་ཅིན་ ཏེ་ དངུལ་འབད་བཟོ་སྟེ་ དེ་ལས་ སྤྱི་ཏོག་གུ་གསེར་རྐྱབ་སྟེ་ བར་ན་འ་ནཱི་ཡོདཔ་ཨིན་མས་ མདའ་རིངམོ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoསྡོམ་གང་དེ་ཅིག་ འ་ནཱི་སྦོམ་ མི་གིས་འབད་བ་ཅིན་ མི་གཅིག་གིས་འཐུ་མ་ཚུགསཔ་ཅིག་ཡོདཔ་ཨིན་མས་ བཟོ་སྟེ་ འ་ནཱི་བཟུམ་ཅིག་སྦེ་ བཟོ་དགོ་ཟེར་ དེ་ལས་ སྒྲོ་འདི་ག་ཅི་བཀལ་དགོ་ཟེར་བ་ཅིན་ སྒྲོ་འདི་འུག་པའི་སྒྲོ་བཀལ་ད་ཟེར་ དེ་ལས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoལྷ་གིས་ལུང་བསྟན་གནང་ཡོདཔ་ཨིན་མས་ དེ་སྦེ་ དེ་ལས་འ་ནཱི་སྦེ་འབད་དེ་ ཏེ་ད་ག་ཅི་ལོ་ རྒྱལ་པོ་ཁྱོད་ར་ གནམ་མེད་ས་མེད་དེ་བཟུམ་མའི་ཐུགས་བསམ་ ག་ཅི་ལོ་བཞེས་རང་མི་དགོ་ཟེར་ ཐུགས་སྡུག་རང་མི་དགོ་ཟེར་ ཁོང་དམག་དཔོན་ཧེ་མ་ལས་རང་ རྒྱལ་པོའི་དམག་དཔོན་ལེ་ཤ་ཡོདཔ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདམག་དཔོན་ དམག་དཔོན་ཚུ་གིས་ ཁོང་ར་ཚུ་གིས་རང་བཏང་འོང་ཟེར་ རྒྱལ་པོ་བྱོན་རང་མི་དགོ་ཟེར་ ང་བཅས་ཀྱིས་ བདུད་ཨིན་རུང་ཨིན་ ག་ཅི་ཨིན་རུང་ ག་ཅི་བཟུམ་ཅིག་ཡོད་རུང་ང་བཅས་ཀྱིས་འབད་ཚུགས་ཟེར་གསུངས་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཞུ་ནུག་ ང་གིས་འབད་ཚུགས་ཟེར་ ཏེ་ མི་ཚུགས་ཟེར་གསུངས་ནུག་ ཏེ་རྒྱལ་པོ་གིས་ མི་ཚུགས་ཟེར་ ངེའི་འ་ནཱི་ ག་ཅི་ལོ་ བདུད་མོ་ཧ་ཤང་དེ་ ནམ་དང་ནམ་རང་ ག་གིས་ཡང་ དམ་བཏགས་མི་ཚུགས་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཁྱོད་ཚུ་གིས་ འབད་མི་ཚུགས་ཟེར་གསུངས་ནུག་ འབད་ཚུགས་ཟེར་སླབ་ནུག་ཁོང་ཆ་ཁྱབ་ཀྱིས་ ཏེ་ འབད་ཚུགས་པ་ཅིན་ ཁྱོད་ཚུ་གིས་ ག་དེ་སྦེ་འབད་ནི་སྨོ་ཟེར་གསུངས་ནུག་ རྒྱལ་པོ་གིས་ ག་དེ་སྦེ་འབད་ནི་ ག་དེ་སྦེ་འབད་ནི་ཟེར་གསུངསམ་ད།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoང་གིས་ དེ་སྦེ་ཡོད་ ཁོང་ལུ་སྤྲུལ་པ་ཡོདཔ་ཨིན་མས་ དམག་དཔོན་ཚུ་ལུ་ཡང་ སྤྲུལ་པ་ཡང་ཡོདཔ་ཨིན་མས་ ཤུགས་སྟོབས་ཡང་སྦོམ་ཡོདཔ་ཨིན་མས་ཧེ་མ་ རྒྱལ་པོ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoརྒྱལ་པོའི་དམག་དཔོན་ཚུ་ལུ་ ཏེ་ང་གིས་ འ་ནཱི་སྦེ་བཏང་ནི་ཟེར་ གྱི་རིང་དཔའ་རྟགས་སྡོམ་བཅོ་བརྒྱདའབད་མི་བཤད་དེ་ཡོདཔ་ཨིན་མས་ སྡོམ་བཅོ་བརྒྱད་འབད་མི་ གྱི་རིང་དཔའ་རྟགས་ དོམ་བཅོ་བརྒྱད་འབད་མི་ ཏེ་བཤད་དེ་ ཕར་འཆམ་རྐྱབ་ད་ཡར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདར་མ་ཤིང་གཉིས་དེ་ཅིག་གུ་ལས་ཡར་ མཆོངས་ཚུགསཔ་ཨིན་མས་ དར་མ་ཤིང་གཉིས་དེ་ཅིག་ཡར་བལྟ་མཆོངས་ཏེ་ འ་ནཱི་གྱི་རིང་དཔའ་རྟགས་ དེ་སྦེ་ཡར་གནམ་ཁར་གཡུག་སྟེ་བསྐོར་ར་ཧ་ལམ་བརྒྱ་སྦེ་ རྐྱབ་ཚུགས་དོ་ཡོདཔ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་སྦེ་བརྡུངས་ཞིན་ན་ དེ་སྦེ་བཏོག་གཏང་ནི་ཟེར་ ང་གིས་དེ་སྦེ་གཏང་ནི་ཟེར་ ཏེ་ དེ་སྦེ་འབདཝ་ཨིན་མས་ དམག་དཔོན་ཚུ་གིས་ ང་གིས་དེ་སྦེ་འབད་ནི་ཟེར་ ད་རུང་དམག་དཔོན་གཅིག་གིས་ཡང་ དེ་སྦེ་རང་འབདཝ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoང་གིས་དེ་སྦེ་གཏང་ནི་ཟེར་ ང་བཅས་དེམ་ཅིག་འགྱོ་ད་ལུ་འདི་ མོ་ག་ནི་ཡང་མེན་ཟེར་ གཏང་ནི་ཟེར་ དམག་གཏང་ནི་ཟེར་ཨིན་མས་ དེ་ལས་ ཁོང་ཆ་ཁྱབ་ཀྱིས་ ག་བཟུམ་ཅིག་འགྱོ་སྟེ་འབད་རུང་ ཡར་ལྷོདཔ་ད་ལུ་འདི་ འབད་མི་ཚུགས་ནི་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་འ་ནཱི་ ལྷ་གི་ལུང་བསྟན་གནངམ་ད་ལུ་ ལྷ་གིས་ལུང་བསྟན་པའི་སྐབས་ལུ་ ཏེ་ཁྱོད་རང་བྱོན་དགོ་ཟེར་ ལྷ་གིས་ལུང་བསྟན་ཡོདཔ་ཨིན་མས་ ད་ལུང་བསྟན་ཁོ་ལུ་རྐྱངམ་གཅིག་ཡོད་ནི་དེ་གིས་ ཁྱོད་ར་རང་བྱོན་དགོ་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoམདའ་དེ་ཡང་ དེ་བཟུམ་ཅིག་བཟོ་སྟེ་བྱོན་དགོ་ཟེར་ ལྷ་གིས་ལུང་བསྟན་དེ་སྦེ་འབབས་ཏེ་ དེ་ལས་ ཨ་ཞེམོ་གིས་འབད་བ་ཅིན་ མོ་འབྱོན་ནི་ཟེར་ ག་ཅི་སྨོ་ཟེར་བ་ཅིན་ ནུ་གཅུང་ ག་ཅི་ལོ་ བཀྲོངས་བཞག་དོ་འོང་ཟེར་ ཨ་ཞེམོ་གིས་ མོ་གིས་འབད་ཚུགས་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཨ་ཞེམོ་གིས་ དེ་སྦེ་གསུངསམ་ཨིན་མས་ དེ་ལས་ ད་ག་ཅི་ལོ་ ཏེ་རྒྱལ་པོ་གིས་གསན་མ་བཏུབ་ཨིན་མས་ང་རང་ར་འགྱོ་ནི་ཟེར་ ང་རང་འབྱོན་ནི་ཟེར་ ཏེ་འ་ནཱ་ལུ་ ཧེ་མའི་ཆིབས་པ་ཡོདཔ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoའ་ནཱི་ཆིབས་པ་ཡང་ ཚུར་གྱི་ལ་ཐོག་ཁར་ལས་ ཕར་གྱི་ལ་ཐོག་ཁར་མཆོངས་ཚུགས་པའི་ཆིབས་རྟ་ཡོདཔ་ཨིན་མས་ ད་ལྟོ་ང་བཅས་རའི་ གཡུས་པདྨ་ཅན་གྱི་ རྒྱལ་པོའི་ཆིབས་པ་ ཧེ་མའི་ཆིབས་པ་འདི།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ ག་ཅི་སྨོ་ཟེར་བ་ཅིན་ སྐྱེས་བཙན་གྱི་ཆིབས་རྟ་ཡོད་ཨིན་མས་ ཏེ་འ་ནཱི་ཆིམས་པ་འདི་ ད་ལྟོ་ ད་རེས་ ག་ཅི་ལོ་ འ་ནཱི་རྒྱལ་པོ་ ཧེ་མའི་རྒྱལ་པོའི་སྐབས་ཀྱི་ཆིབས་པ་ཡོདཔ་ཨིན་མས་ འ་ནཱི་ཆིབས་པ་གུ་ཆིབས་ཏེ་བྱོན་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ དཔེ་འབད་བ་ཅིན་ ཚུར་གྱི་ལ་ཐོག་ཁར་ལས་ ཕར་གྱི་ལ་ཐོག་ཁར་ལུ་མཆོངས་ཚུགས་པའི་ ཆིབས་པ་ཡོདཔ་ཨིན་མས་ ཏེ་དེ་བཟུམ་ཅིག་སྦེ་ འདིའི་ཐོག་ཁར་བཞོན་ཏེ་ ཏེ་ཡར་བྱོན་ ཡར་བལྟ་བྱོན་ནུག་ཏེ་ དེ་ལས་ད་ ཡར་བལྟ་བྱོན་ཏེ་ ཏེ་ཡར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoད་ལྟོ་ སྨིན་དྲུག་ལ་ཟེར་ས་ལུ་ སྨིན་དྲུག་ལ་ཐོག་ཁར་བྱོན་ཏེ་ སྨིན་དྲུག་ལ་ཐོག་ཁར་ཕེབས་ད་ལུ་ ཏེ་ བདུད་མོ་ཧ་ཤང་དེ་ ཡར་དགོན་སྒོ་གི་ཚུར་ སག་ཅུང་མ་ཟེར་སར་ལྷོད་ནུག་ དེ་ལས་ སག་ཅུང་མ་ལུ་ལྷོད་པའི་སྐབས་ལུ་ སག་ཅུང་མ་ཚུར་བལྟ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་སྨིན་དྲུག་ལ་ཐོག་ཁར་ལས་སྦེ་ མོ་གིས་མཐོང་ནུག་སྟེ་ བདུད་མོ་ཧ་ཤང་གིས་ འོ་ཟེར་ ཡར་ལས་མར་བལྟ་སྐད་རྐྱབ་སྟེ་ ཡར་དགོན་སྒོ་སྦོ་ལོགས་ཁར་ལས་མར་བལྟ་སྐད་རྐྱབ་ད་ སྨིན་དྲུག་ལ་ལས་གོཝ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཤུགས་ཡོདཔ་ཨིན་མས་མོ་ བདུད་ གནམ་མེད་ས་མེད་ཤུགས་ཅན་ དེ་ལས་ ཡར་ལས་མར་བལྟ་ ཧ་ལམ་ ག་ཅི་ལོ་ དེ་སྦེ་ལམ་འགྱོ་བ་ཅིན་ ཉིནམ་ཕྱེད་ཀ་འདུག་མེན་ན་སྨོ་ ཉིནམ་ཕྱེད་ཀ་ལྷགཔ་ཅིག་འདུག་འ་ནཱ་ ཏེ་དེ་ཁར་ལུ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་སྐད་རྐྱབ་དོ་མས་མོ་གིས་ འོ་ཟེར་ ད་ག་ར་ཚེ་རྫོགསཔ་ད་ ལམ་ཁར་འཐོན་འོང་ཟེར་ ད་ད་རེས་འབདན་ ཁྱོད་གཉིས་ནཱ་འོང་དེས་མེན་ན་ཟེར་ ད་ད་རེས་འབདན་ ཁྱོད་གཉིསཔོ་དེ་ ང་གིས་འདར་འདུར་བཟོ་སྟེ་ ཟ་མ་ཚུགས་པ་ཅིན་ ང་ལྟ་དབང་ལུ་ལོག་མི་འགྱོ་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཡར་ལས་མར་སྐད་རྐྱབ་དོ་མས་མོ་གིས་ ཏེ་ རལཔ་གཡུག་སྟེ་ དེ་ལས་ སོ་ཏེག་ཏེ་བཏང་སྤརཝ་ཨིན་མས་ སོ་ཚར་གསུམ་སྐད་རྐྱབ་ཡོདཔ་ཨིན་མས་མོ་གིས་ སོ་ཏེག་ཏེ་བཏང་ ཏེ་ག་ཅི་ལོ་ ཏེ་རལཔ་དེ་སྦེ་གཡུག་སྟེ་ ཚར་གསུམ་གཡུག་སྟེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཡར་ལས་མར་བལྟ་འོང་འོངམ་མས་ མར་བལྟ་སྟེ་ དེ་ལས་ སྨིན་དྲུག་ལ་ལས་མར་བབས་ཏེ་བྱོན་ནུག་ སྨིན་དྲུག་ལ་ལས་མར་བལྟ་བབས་བྱོན་ཏེ་ མར་འོག་གི་ད་ལྟོ་ མེ་རག་པའི་ཆོས་་་ ག་ཅི་ལོ་ འ་ནཱི་ལྟག་གི་འ་ནཱ་ ད་ལྟོ་མཆོད་རྟེན་གཅིག་ཡོད།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་འ་ནཱི་མཆོད་རྟེན་ཚུན་ཚོད་བྱོན་པའི་སྐབས་ལུ་ ཏེ་མར་འ་ནཱ་ཚུན་ཚོད་བྱོན་ནུག་ནཱ་ལས་ ག་ཅི་ལོ་ སྲས་ཀུན་ཏུ་ལེགས་པ་དེ་ ཏེ་ཡར་ལས་མར་བལྟ་ ཚར་གཅིག་གུ་ནཱ་ད་ལྟོ་ དངས་བུ་བྲང་ལུ་ལྷོད་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoའ་ནཱི་ མོ་སེམས་དགའ་དྲགས་ཏེ་ ཟ་ནི་ཟེར་ ཏེ་ཡར་ ག་ཅི་ལོ་བདུད་མོ་ཧ་ཤང་དེ་ ཏེ་ མར་དངས་བུ་བྲང་ལུ་ལྷོད་ནུག་ དངས་བུ་བྲང་ལུ་ལྷོདཔ་ད་ལུ་ ཏེ་འ་ནཱ་ལུ་ འ་ནཱ་ལས་མར་བལྟ་ ཏེ་ གསེར་སྐྱེམས་གནང་སྟེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoབཀའ་ཆོས་སྐྱོང་སྲུང་མ་ཚུ་གིས་ ཐུགས་རྗེ་གཟིགས་གནང་ཟེར་ ཏེ་ གནམ་མེད་ས་མེད་དཀོད་མཆོག་གསུམ་ལུ་གསོལ་བ་བཏབ་སྟེ་ ཆོས་སྐྱོང་སྲུང་མ་ཚུ་ལུ་གསོཝ་བཏབ་སྟེ་ དེ་ལས་ མདའ་འདི་དཔག་སྟེ་ དེ་ལས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ཐུགས་རྗེ་གནམ་མེད་ས་མེད་ཀྱི་ བཟང་པོའི་ཐོག་ལས་སྦེ་ ཏེ་དགྲ་བོ་བསྒྲལ་པའི་ཐོག་ལུ་ ག་ཅི་ལོ་ དགྲ་དང་བགེགས་ཀྱི་ཐོག་ལུ་མེན་པར་ ཏེ་ གནམ་མེད་ས་མེད་ཐུགས་རྗེ་བཟང་པོའི་ཐོག་ལས་སྦེ་ མདའ་འདི་བཏང་ད་ནུག་ ནཱ་ལས་བཏང་བའི་སྐབས་ལུ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoའབྲུག་སྟོང་ཕྲག་གཅིག་སྐད་རྐྱབ་དོ་བཟུམ་སྦེ་ སྐད་རྐྱབ་སྟེ་སོང་ཡི་ཟེར་ཨིན་མས་ འ་ནཱི་མདའ་གིས་ མདའ་གིས་སྐད་རྐྱབ་སོང་སྟེ་ དེ་ལས་ཏེ་ ཕར་བདུད་མོ་ཧ་ཤང་གི་ འ་ནཱ་ཨོམ་གུ་ལུ་རང་ཕོག་སྟེ་ ཨོམ་གུ་ཕོག་སྟེ་ འ་ནཱ་བརྒྱལ་ཏེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoབརྒྱལཝ་ཅིག་ ཨོམ་ལུ་ཕོག་སྟེ་བརྒྱལཝ་ཅིག་ རྟ་གིས་འཕུར་སོང་སྟེ་ ཐོག་ཁར་དེ་ལས་ཏེ་མར་ལྷོད་དེ་ ཡར་བལྟ་ མར་ཁོ་སྲས་ཀུན་ཏུ་ལེགས་པ་གིས་ ལྷ་ཚོགས་གི་སྐུར་བཞེས་ཏེ་ སྤྲུལ་པ་གིས་སྦེ་ འ་ནཱི་ཞབས་ཀྱིས་མནན་བཞག་སྟེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ཏེ་ ཡར་བལྟ་ལོང་མ་ཚུགས་ཐལ་ཏེ་ ཏེ་ འ་ནཱ་ལུ་སྦེ་ སྨན་དྲ་ཡི་དྲ་ཡི་རང་ དམག་དཔོན་འདི་ ཧེ་མ་ དེ་བཟུམ་སྦེ་ ང་བཅས་ཀྱི་ དམག་རྐྱབ་པའི་སྐབས་ལུ་ དེ་བཟུམ་སྦེ་བསད་དེ་ཡོད་ཟེརཝ་ད་ དེ་ལས་ ད་རུང་རང་།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཁོང་གཉིསཔོ་དེ་ འ་ནཱི་ཅིག་ ཚེ་ཐར་བཏང་ཟེར་རུང་ ཚེ་ཐར་བཏང་མ་བཏུབ་པར་ ཤ་པ་སྤུན་གཉིས་ལུ་སྤྲོད་ཡི་ ཉ་པ་སྤུན་གཉིས་ལུ་སྤྲོད་ཡི་ དོལ་པ་སྤུན་གཉིས་ལུ་སྤྲོད་ཡི་ཟེར་ ཏེ་འ་ནཱ་ལུ་ སྨན་དྲ་ཡི་དྲ་ཡི་རང་ ཏེ་ ག་ཅི་ལོ་ རྐངམ་དང་ལགཔ་ཚུ་བཏོག་སྟེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ འ་ནཱ་ལུ་ ཏེ་ དེ་བཟུམ་སྦེ་ འབད་བའི་ལོ་རྒྱུས་ལེ་ཤ་ཡོད་ ཏེ་ འ་ནཱི་གི་བར་ན་ ད་འབདན་ཏེ་ ང་གིས་ ཁྱོད་སངས་རྒྱས་དངོས་སུ་ཨིནམ་མ་ཤེས་ཟེར་ བདུད་མོ་ཧ་ཤང་གིས་ ང་གིས་གཤགས་པ་ཕུལ་ནི་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoམོ་གིས་དེ་སྦེ་སླབ་སྟེ་ཡོད་ གཤགས་པ་ཕུལ་ནི་ཟེར་ ད་འབདན་ཏེ་ ང་ཁྱོད་ཀྱི་འོག་ལུ་སྡོད་གེ་ ངེའི་ལྟ་དབང་ཡང་ཁྱོད་ཀྱི་དབང་ད་ཟེར་ ཏེ་ད་ག་ཅི་ལོ་ ང་གིས་ནམ་རང་ཁྱོད་ལུ་མི་འབད་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoད་ དམ་མི་ལོག་ཟེར་ ང་ཚེ་ཐར་ཅིག་བཏང་ཟེར་སླབ་ནུག་ ཚེ་ཐར་བཏང་ཟེར་སླབ་ད་ ཚེ་ཐར་བཏང་ནིའི་ ད་ ང་ལུ་མེད་ཟེར་ ཏེ་ང་ཚེ་ཐར་མ་བཏང་ནི་དེ་གིས་ ཁྱོད་ཚེ་ཐར་བཏང་དགོཔ་མེད་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoད་ སྨན་དྲ་ཡི་དྲ་ཡི་རང་ ཏེ་ འ་ནཱ་ལས་དགྲ་བོ་བསྒྲལ་ཏེ་ ཏེ་འ་ནཱ་ལུ་ཏེ་ དགྲ་བོ་བསྒྲལ་ཏེ་ བདུད་མོ་ཧ་ཤང་དེ་ དགྲ་བོ་བསྒྲལཝ་ད་ལུ་ དགྲ་བོ་བསྒྲལ་ཞིནམ་ལས་ ཏེ་འ་ནཱ་ལས་ འ་ནཱ་དོང་ ས་རིམ་པ་དགུ་སྦེ་ དོང་བརྐོ་སྟེ་ ཏེ་ འ་ནཱི་ནང་ན་བཙུགས་ཏེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoད་ལྟོ་ ད་རེས་ནངས་པ་མཆོད་རྟེན་ མེ་རག་གནག་པོ་མཆོད་རྟེན་ཟེར་ མཆོད་རྟེན་སྦོམ་གཅིག་ འདི་གི་ཐོག་ཁར་བཞེངས་ཏེ་ ཏེ་དམ་བཏགས་ཏེ་ བཞེངས་བཞག་ཡོད་པའི་ ད་རེས་ནངས་པ་མཆོད་རྟེན་ཡང་ འ་ནཱ་རང་ཡོད་ མཆོད་རྟེན་དེ་ཡང་ དེ་ལས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoའ་ནཱ་ལས་ འ་ནཱི་བདུད་མོ་ཧ་ཤང་དེ་ ཏེ་ འ་ནཱི་ནང་ན་འགྱོ་ཞིནམ་ལས་ཏེ་ ཡར་ལས་མར་བལྟ་ དམག་དཔོན་ཚུ་ག་ར་ དེ་ལས་ཏེ་ འ་ནཱ་སྲས་ཀུན་ཏུ་ལེགས་པ་ཁ་ཐུག་ རྒྱལ་པོ་ལུ་ཕྱག་དབང་བཅར་ཏེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ད་ང་བཅས་ཀྱི་ལྟ་དབང་ཡང་ ཁྱོད་ཀྱིས་དབང་དགོ་ཟེར་ འ་ནཱི་འདི་ཏེ་ ང་བཅས་ཚུ་གསད་མ་གནང་ཟེར་ ཏེ་སྐུ་ཆེ་གསུང་ཆེ་འབད་དེ་ དེ་སྦེ་འབད་དེ་ ཏེ་འ་ནཱ་ལས་བཏུབ་ཟེར་གསུངས་ཏེ་ ཁོ་སྲས་ཀུན་ཏུ་ལེགས་པ་རྒྱལ་པོ་ རྒྱལ་པོ་ཡང་ཡར་ལྟ་དབང་ལུ་བྱོན་ཏེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཡར་བལྟ་དབང་ལུ་བྱོན་ཏེ་ འ་ནཱ་ལས་ཏེ་ ཡབ་བཙོན་ཁང་ནང་ན་བཞུགས་མི་ ཡབ་དེ་ཡང་ འ་ནཱ་ལས་བཏོན་ཏེ་ ཡབ་དེ་ བཙོན་ཁང་ནང་ན་བཞག་ཡོད་སར་ ཏེ་འ་ནཱི་སྦོ་ལོགས་ཁར་བྱོནམ་ད་རང་ ཏེ་དབའི།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoབདུད་མོ་ཧ་ཤང་ཟེར་ ཁྱོད་ཀྱིས་དེམ་ཅིག་རང་འདི་མ་འབད་ཟེར་ གསུངས་མས་ཟེར་ཨིན་མས་ ང་ གསད་པ་ཅིན་ ཚར་གཅིག་གུ་རང་གསད་ཟེར་ སྒོ་ཕྱེཝ་ཅིག་རང་ དེ་སྦེ་གསུངས་དེས་ཟེར་སླབ་ཨིན་མས་ ང་གསད་པ་ཅིན་ཚར་གཅིག་གུ་རང་གསད་བཞག་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ང་འ་ནེ་ཅིག་དྲན་གསིག་འབད་དེ་བཞག་སྟེ་ཁྱོད་ཀྱིས་ཟེར་གསུངས་ཏེ་ ཏེ་ ང་བདུད་མོ་ཧ་ཤང་མེན་ཟེར་ ང་ སྲས་ག་ཅི་ལོ་ ཁྱོད་རའི་སྲས་ཀུན་ཏུ་ལེགས་པ་ཨིན་ཟེར་ཞུ་ནུག་ ཏེ་ ག་ཅི་སྨོ་ཟེར་བ་ཅིན།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoསྤྱན་གྱིས་ཡང་ ད་ བཞེས་སྒོ་མ་བྱིན་པར་བཞག་པ་ལས་ སྤྱན་གྱིས་ཡང་ ཏེ་ གཟིགས་མ་ཚུགསཔ་ཨིན་མས་མེན་ན་ ངོ་ཤེས་མ་ཚུགས་པར་ ཏེ་ ང་བདུད་མོ་ཧ་ཤང་མེན་ རྒྱལ་པོ་ཁྱོད་ཀྱི་སྲས་ཨིན་ སྲས་ཀུན་ཏུ་ལེགས་པ་ཨིན་ཟེར་བའི་སྐབས་ལུ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoངེའི་སྲས་ཀུན་ཏུ་ལེགས་པ་ཡོད་རང་མེད་ཟེར་སླབ་ནུག་ སྲས་དང་སྲསམོ་ཟེར་མི་ ང་ལུ་ཡོད་རང་མེད་ཟེར་ བདུད་མོ་ཧ་ཤང་གིས་ཟ་ཟཝ་ཨིན་ཟེར་ བདུད་མོ་ཧ་ཤང་གིས་ཟ་སྟེ་ཨིན་ཟེར་ ཏེ་ ང་ལུ་མེད་ཟེར་སླབ་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་མེན་ཟེར་ ཟ་ཟཝ་མེན་ ཡོད་ང་ཟེར་ ང་ཤིང་ལེ་ཡང་རི་ལེ་ལས་མར་བལྟ་ བཀོ་བཏང་སྟེ་འབད་རུང་ ང་དེ་བཟུམ་སྦེ་ བྱ་རྒོད་ཀྱི་ཐོག་ཁར་ཚུད་དེ་ འ་ནཱ་ལས་ ང་མར་གཡུས་པདྨ་ཅན་གྱི་རྒྱལ་པོ་སྦེ་ སྡོད་དེ་ཡོད་ཟེར་ ཁྱོད་ཡང་བཏོན་ནི་ཨིན་ཟེར་ཞུ་འབག་སྟེ་ དེ་ལས་ དེ་སྦེ་ཞུ་འབག་ནུག་ ཞུ་འབག་སྟེ་ དེ་ལས་ ཡར་ཕོ་བྲང་ནང་ན་འབག་སྟེ་ ག་ཅི་ལོ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཕོ་བྲང་ནང་ན་འབག་སྟེ་ ཏེ་འ་ནཱ་ སྲས་ཀུན་ཏུ་ལེགས་པ་གིས་ སྟེང་ལྷ་དང་ འོག་ཀླུ་ལས་ཡར་ སྨན་ཚུ་ག་ར་བསྡུ་སྟེ་ ཏེ་ ཡབ་ལུ་སྨན་བཅོས་འབད་དེ་ ཏེ་འ་ནཱི་ སྨན་བཏབ་སྟེ་ ཡབ་ འ་་་ ལྟ་དབང་གི་རྒྱལ་པོ་ཀ་ལ་དབང་པོ་ཡང་ སྙུང་གཞི་དྭངས་ཏེ་ དྲག་སྟེ་ དེ་ལས་ ཧེ་མ་སྔར་བཞིན་དུ་སོང་སྟེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoགནམ་མེད་ས་མེད་མཐུན་མོ་སྦེ་ དེ་ལས་ རྒྱལ་པོ་ཡར་ ལྟ་དབང་ལས་མར་རང་ ང་བཅས་རའི་ནཱ་ གཡུས་པདྨ་ཅན་གྱིས་དབང་སྟེ་ དེ་ལས་ དེ་སྦེ་བཞུགས་ཡོད་པའི་ལོ་རྒྱུས་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoད་ལྟོ་ཚུན་ཚོད་ཀྱི་བར་ན་ ཏེ་ད་ལྟོ་ མཁའ་འགྲོ་འགྲོ་བ་བཟང་མོའི་ཐད་ལས་སོང་པ་ཅིན་ ཏེ་ ད་ལྟོ་འ་ནེ་ཅིག་ཨིན་ལགས།