Skip to main content Skip to search
17 Feb 2017
3 min 41 sec
Video Overview
Creators: 
Sonam Chophel, Khandu, Lhakpa, Encho Lhamo, Jamyang Lhamo

ལོ་རྒྱུས་དང་འཁྲིལཝ་ད་ དགའ་ལེགས་ཀྱིས་ སླབ་མི་ནང་ ལོད་སྦི་ས་ལུ་སྡོད་ཞིནམ་ལས་ ད་རེས་ འཆི་མེད་ལྷ་ཁང་ཡོད་ས་ལུ་ མཇལ་བའི་སྐབས་ བླམ་འབྲུག་པ་ཀུན་ལེགས་མཆོག་ དཀྱིལ་ཀྲུང་སྦེ་ བཞུགས་བཞུགསཔ་བཟུམ་སྦེ་ མཇལཝ་ཨིན་ཟེར་མས། ཏེ་བླམ་རིན་པོ་ཆེ་མཆོག་གི་ པུས་མོ་གཡོནམ་འདི་ བཀའ་ལུང་གཡུས་ཚན་གྱི་ ལྟག་ལུ་དང་ པུས་མོ་གཡསཔ་འདི་ མདའ་རྐྱབ་སའི་འབའ་སྐྱོར་ནང་ཕོགཔ་ཨིན་ཟེར་མས། ཏེ་འཆི་མེད་སྤང་ནི་གི་གཡུས་ཚན་འདི་ དཔེ་ཆའི་གདོང་ཁེབས་བཟུམ་སྦེ་ བླ་མའི་སྐུ་མདུན་ལུ་ ཁོ་རའི་ ་ཕྱག་དཔེ་གི་གདོང་ཁེབས་ཀྱིས་ སྤུར་སྤུརཝ་བཟུམ་སྦེ་ མཇལཝ་ཨིན་ཟེར་མས། ང་བཅས་ཀྱིས་ ད་ལྟོ་ ལྷ་ཁང་བཞེངས་ཏེ་ཡོད་པའི་ རི་འདི་ བླམ་འབྲུག་པ་ཀུན་ལེགས་མཆོག་ དཀྱིར་ཀྲུང་སྦེ་ བཞུགས་བཞུགསཔ་དང་ ཅོག་འཐདཔ་སྦེ་མཇལཝ་ཨིན་ཟེར་ཨིན་མས། ཤུལ་ལས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ མི་སེར་ཚུ་ལུ་ སའི་སྐྱིད་སྡུག་གནང་ཡོདཔ་ད་ འཆི་མེད་སྤང་ནང་ བཟའ་ཚང་སུམ་ཅུ་སོ་གཅིག་ལུ་ ས་ཆ་ཨེ་ཀར་ རེ་རེ་་སྐྱིད་སྡུག་གནང་སྟེ་ གཞི་ས་ཚུ་ཡང་ སྤུན་ན་ཁ་རྫོང་ཁག་ སྟོད་པའི་ས་དང་ དབང་འདུས་རྫོང་ཁག་ དགའ་སེང་ལོག་ལས་འོང་ཡོདཔ་ཨིན་པས། 

 

Transcript search
No results found for this search
0 of 0
  • དགའ་ལེགས Galley
    ད་འཆི་མེད་སྤང་ནའི་སྐོར་ལས་འབད་བ་ཅིན་ ཧེ་མ་གཞི་ཀ་ཟེར་ འབད་དགོ་མི་ཁུངས་དེ་ ག་ཅི་ཨིནམ་ཟེར་བ་ཅིན་ ནཱ་གི་གཞི་འདི་ཚུ་ འ་ནཱི་ཚུ་གིས་ བཟའ་སྡོད་ནུག་པ་ལགས། ཏེ་ འ་ནཱི་འབད་ནི་དེ་གིས་ ཏེ་ གཞི་ཀ་ཟེར་ འབད་དགོ་མི་ཁུངས་དེ་ འ་ནཱི་ཨིན་མས། ཏེ་ ཁྱིམ་མི་ལྷ་ཁང་ ནཱ་ཁྱིམ་མེད་སྤང་ནང་གི་ གཡུས་ཚན་འདི་གི་སྐོར་ལས་མས།
  • དགའ་ལེགས Galley
    ཧེ་མ་གཡུས་ཚན་དེ་བལྟ་བ་ཅིན་ གཡུས་ཚན་ཁྱིམ་གུང་པ་ གསུམ་དེ་ཅིག་ར་ཨིན་ཟེར་ཞུ་ནི་ལགས། ད་ འ་ནཱི་མར་གྱི་ སྦལ་ཁ་གི་ ཡར་བསྡོམས་ ཏེ་ མར་བཀའ་ལི་ལུང་མ་གི་ ཡར་བསྡོམས་འབད་བ་ལས་བརྟེན་ཏེ་གིས་ ད་ལྟོ་ གུང་གྲངས་སུམ་བཅུ་ལྷག་ཙམ་ཅིག་ཡོད་ཟེར་ཞུ་ནི་ཨིན། གུང་གྲངས་སུམ་བཅུ་ལྷག་ཙམ་ཅིག། ཏེ་ འ་ནཱི་འབད་ནི་དེ་གིས་ ད་ལྟོ་འཆི་མེད་ལྷ་ཁང་གི་ས་གནས་དེ་ གན་(ག)བཟུམ་ཅིག་གུ་ ཆགས་ཏེ་ཡོདཔ་སྨོ་ཟེར་བ་ཅིན་ ད་ བླམ་འབྲུགཔ་ཀུན་ལེགས་ཀྱི་ ཏེ་ ཧེ་མ་ ཏེ་ དཀྱིལ་ཀྲུང་གུ་བཞུགསཔ་ད་ལུ་ ཏེ་ ད་ ང་བཅས་ར་པུས་མོ་གཡསཔ་དེ་ མར་ ཡེ་ འ་ནཱེ་འབདཝ་ད་ ལགཔ་གཡོན་པའི་ཁ་ཐུག་ ཁ་ཐུག་ཚུདཔ་མས་ཟེར་ཞུ་ནི་ལགས་ མར་བཀའ་ལི་ལུང་མའི་ ཁ་ཐུག་ཚུདཔ་མས་ཟེར་ཞུ་ནི་ཨིན།
  • དགའ་ལེགས Galley
    དེ་ལས་ང་བཅས་ར་ པུས་མོ་གཡསཔ་ཁ་ཐུག་གི་དེ་ ག་ཏེ་ཚུདཔ་སྨོ་ཟེར་བ་ཅིན་ ཕར་ཨོ་ཁ་ལུང་མའི་ ཁ་ཐུག་ཚུདཔ་མས་ཟེར་ཞུ་ནི་ལགས། ཏེ་ འ་ནཱི་འབད་བ་ལས་བརྟེན་ ད་ལྟོ་འ་ནཱི་ འཆི་མེད་སྤང་ནང་གི་ གཡུས་ཚན་འདི་ ཏེ་ ག་བཟུམ་ཅིག་གི་ནང་ལུ་ ཆགས་ཏུ་ཡོད་ཟེར་བ་ཅིན་ ཏེ་ ད་ བླ་མའི་གི་གདོང་ཁེབས་ ང་བཅས་ར་ ཨ་ནཱེ་སྦེ་བཞུགསཔ་ད་ ཏེ་ ཨ་ནཱ་གདོང་ཁེམས་གུ་ཨིན་ཟེར་ཞུ་ནི་ཨིན་ལགས།
  • དགའ་ལེགས Galley
    ཏེ་ འ་ནཱི་གུང་གྲངས་ ང་ཡང་སུམ་བཅུ་དེ་ཅིག་ ད་ལྟོ་ཨ་ནཱི་ནང་ལུ་ ཁྲ་ཅོམ་ཅོམ་ཡོད་དགོ་མི་འདི་ ཏེ་ འ་ནཱི་ བླ་མའི་གདོང་ཁེབས་གུ་ཨིན། ཏེ་ ངེའི་བསམ་འཆར་ལུ་བལྟ་བ་ཅིན་ ཧེ་མ་གནམ་ལོ་༢༠༡༠ ལུ་ ཨ་ཞེ་ ང་བཅས་ར་རྒྱལཔོ་ལྔ་པ་གི་ཡུམ་འདི་ ང་བཅས་ནཱ་ ཆུ་གི་རྟེན་འབྲེལ་ཅིག་བརྩི་སྡོད་པའི་ནམ་དུས་ནང་ལུ་ ནཱ་ལུ་ཨ་ཞེ་བྱོནམ་ད་ལུ་ ཨ་ཞེ་གི་ཐུགས་སྨོན་ དེ་ལས་བརྟེན་ཏེ་ ད་ལྟོ་ འ་ནཱེ་གི་ ཐུགས་སྨོན་ལས་བརྟེན་ཏེ་ མེན་ན་ཟེར་མནོ་བའི་གི་ དོགས་པ་ན་ཡར་སོང་ཡི་ཟེར་ཞུ་ནི་ལགས། ཨ་ཞེ་གིས་ཁྱེད་འ་ནཱ་སྡོད་མི་ཚུ་ལུ་ ལྷ་ཡུལ་ལུ་ལྷོད་ལྷོད་བཟུམ་སྦེ་ཨིན་པས།
  • དགའ་ལེགས Galley
    ད་རེས་ང་ཡང་ ནཱ་ལུ་འཆི་མེད་ལྷ་ཁང་མཇལ་བ་འོངམ་ད་ ཁྱེད་ཀྱི་ཆུ་གི་རྟེན་འབྲེལ་ནང་ལྷོད། ཏེ་ འ་ནཱི་འབདཝ་ད་ལུ་ ཁྱོད་མ་འོངས་པ་ལུ་ ཏེ་ འ་ནཱི་ ཆུ་དེ་ལས་བརྟེན་ཏེ་ ཁྱོད་གནམ་མེད་ས་མེད་ཡར་རྒྱས་འགྱོ་འོང་། ཏེ་ བླམ་འབྲུག་པ་ཀུན་ལེགས་ཀྱི་ གདན་ས་འདི་ལུ་ ཁྱེད་ལྷ་ཡུལ་ལུ་ལྷོད་སོང་ནུག་ཟེར་མི་དེ་ ཨ་ཞེ་གིས་ལོག་ཅི་ར་གསུངས་ཡི། གསུངསམ་ལས་བརྟེན་ཏེ་གིས་སྦེ་ གནམ་ལོ་༢༠༠༩དང་ ད་ལྟོ་ གནམ་ལོ་༢༠༡༥བར་ན་ལུ་ ཁྱིམ་གྱིས་གང་ར་གང་སོང་ཡི་ཟེར་ཞུ་ནི་ལགས།
  • དགའ་ལེགས Galley
    ཏེ་ འ་ནཱེ་འབདཝ་ད་ ཨ་ཞེའི་ཐུགས་སྨོན་ལས་བརྟེན་ཏེ་སྦེ་ དངམ་བླམ་འབྲུག་པ་ཀུན་ལེགས་ཀྱི་བྱིན་བརླབས། གཉིསཔ་ཅིག་ཨེ་ཞེ་གི་ཐུགས་སྨོན་ལས་བརྟེན་ཏེ་གི་སྦེ་ ད་ལྟོ་ འ་ནཱེ་ཁའི་མི་འདི་ཚུ་ དངམ་དགའ་ལྡན་ལྷ་ཡུལ་ལུ་ལྷོད་ལྷོད་བཟུམ་སྦེ་ ཏེ་ དགའ་བའི་ཉིམ་ཤར། སྐྱིད་པའི་འགྲོ་འཁྱམས་ཏེ་སྦེ་ སྡོད་ཚུགས་མི་དེ་ཡང་ དངམ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་ གཉིསཔ་ཅིག་ དངམ་ཡར་ལས་མར་ རྟ་ལོག་ལས་མར་ ཞབས་དྲུང་གི་ ཏེ་ སྤྱན་མར་ལྟ་བསྒྱིར་ བླམ་ཞབས་དྲུང་གི་གདན་ས་ གཉིསཔ་ཅིག་ སྤུང་ན་ཁ་བདེ་བ་ཆེནམོ་དང་ དབང་འདུས་ཕོ་བྲང་རྫོང་གཞི་གཉིས་ཀྱི་སྦུགས་ན་ ཕར་ལས་ཚུར་ཉི་ཟེར་སྤྲུལ་སྐུ།
  • དགའ་ལེགས Galley
    ཏེ་ ནཱ་ལུ་འབད་རུང་ཡང་ བླམ་འབྲུགཔ་ཀུན་ལེགས་ཁོ་ར་གི་སྐུ་གཟུགས་གུ་ལུ་འབད་ནི་དེ་གིས་ ད་ ཧེ་མ་ནཱ་ལུ་ སྟོད་པའི་དཔོན་སློབ་འབད་བའི་སྐབས་དེ་ནང་ལུ་ གཞི་དེ་ཕར་དང་ཚུར་ བསྡབས་པའི་ནམ་དུས་ནང་ལུ་ ཨ་ནཱ་ཕྱེད་ཀ་ཅིག་ སྟོད་པའི་ས་ལས་མར་ འོང་འོང་མས་ཟེར་ཞུ་ནི་ལགས། ཏེ་ ཕྱེད་ཀ་ཅིག་ སྟོད་པའི་ས་ལས་ཨིན་པས། ཕྱེད་ཀ་ཅིག་ ཧེ་མ་མར་ ལོད་ཚོགས་ཀ་ནང་ལས་ཀྱི་མི་ཨིན་པས་ཟེར་ཞུ་ནི་ལགས།
  • དགའ་ལེགས Galley
    མི་བརྒྱུད་དེ་ མི་བརྒྱུད་དེ་འ་ནཱེམ་ཅིག་གི་མི་བརྒྱུད་ཨིན་པས། ཏེ་ སྟོད་པའི་ས་ལས་ཀྱི་མི་བརྒྱུད་དང་ ད་ལྟོ་མར་ལས་ཀྱི་མི་བརྒྱུད་དེ་ འ་ནཱེམ་ཅིག་སྦེ་ལུ། ཏེ་ དེ་བསྒང་ ནཱ་ལུ་གཞི་དེ་ བཟའ་སྡོདཔ་ད་ལུ་ གཞི་ཀ་ཟེར་ འགྱོ་དགོ་མི་ཁུངས་འདི་ འ་ནཱི་ལས་བསྟུན་ཏེ་ཨིན་པས་ཟེར་ཞུ་ནི་ཨིན།
  • དགའ་ལེགས Galley
    ཏེ་ གཞི་ཀ་འདི་ བསྒྱུར་བཅོས་འགྱོ་སྟེ་གིས་སྦེ་ ད་ལྟོ་འཆི་མེད་སྤང་ན་ཟེར་སྡོད་དགོ་མི་ཁུངས་འདི་ ག་ལས་ཨིནམ་ཟེར་བ་ཅིན་ ཏེ་ ད་ ཨེང་ ནཱ་གི་གཞི་འདི་རོགས་ མར་བ་ཇོབ་ གཞི་གསར་པའི་ལྟེ་བ་ལུ་བཏང་དཔ་ལས་བརྟེན་ཏེ་སྦེ་ ད་ལྟོ་ ནཱ་གི་ཚུ་གཞི་མེད་ནི་དེ་གིས་ ད་ ཁྱིམ་མེད་སྤང་ན་ཟེར་འགྱོ་དགོ་མི་ཁུངས་འདི་ དེ་ཨིན་པས་ཟེར་ཞུ་ནི་ཨིན་ལགས། ལགས་སོ།