Skip to main content Skip to search
23 Aug 2018
7 min 35 sec
Video Overview
Creators: 
Penchela

Aum Kuenzang Wangmo was from Yarbi Zarbi village. Her mother told her about the Khangrab Poenpo. Her grandmother was in the lineage of the Khangrab Poenpo. Even today, during the Namkha consecration for instance, they have to come there to receive the Khangrab Poenpo. This heritage was still there in Bumthang. The house of Khangrab Poenpo was cared for by Gangtey Trulku. Poenpo was received by (pazam) toward the consecration of lhakhang. Then for whole day, this poenpo was kept there at mat and let him enjoy the festival with zhey, dance and bay. There are three Khangrab Poenpo. One went to Budring Poenpo's husband, and one went to Kurtoe Dangling's husband. Since the Khangrab Poenpo has to pay high tax, this lineage has declined.

ཨམ་ཀུན་བཟང་དབང་མོ་འདི་ གཡུས་ཡར་བིས་ཟ་བིས་ལས་ཨིན་མས། མོ་རའི་་ཨའི་གིས་ ལོ་རྒྱུས་ཚུ་ མོ་ལུ་བཤད་འདི་ཡོདཔ་ཨིན་མས། མོ་གིས་ཨང་རྒས་འདི་ ཁང་རབས་དཔོན་པོའི་བརྒྱུད་་པ་ ཨིན་མས། ད་རེས་ནང་པ་ཡང་ གནམ་ཁ་ལས་ རབས་གནས་སྐབས་་ལུ ་དཔོན་པོ་ཞུ་བ་འོང་དགོ་དོ་ཡོདཔ་ ཨིན་མས། མི་བརྒྱུད་འདི་ ད་རེས་ནང་པ་ཡང་ཡོདཔ་ཨིན་མས། ད་རེས་ནང་པ་ ཁྱིམ་འདི་སྒང་སྟོད་་སྤྲུལ་སྐུ་གིས་འབད་ བདག་འཛིན་འབད་འདི་འདུག་ཟེར་ཨིན་མས། ད་རེས་ནང་པ་ཡང་ གནམ་ཁ་རབས་གནས་གང་ ཁང་རབས་དཔོན་པོ་ཞུ་ནིའི་ ལུགས་སྲོལ་འདི་མ་ཉམས་པར་ ཡོདཔ་ཨིན་མས།  དཔོན་པོ་འདི་ ཁང་རབས་ལས་ དཔའ་བཟང་ཚུ་གིས་ ཞུ་འདི་རབས་གནས་གནང་ས་ བསྐྱེད་དགོཔ་པས། དེ་ལས་དཔོན་པོ་འདི་ གདན་གུ་བཞག་འབད་ ཉིམ་ཅིག་ ལྟདམོ་་བལྟ་འབད་ སྡོད་དོ་ཡོདཔ་ཨིན་མས། དེ་ལས་ གསོལ་ར་ཡང་ བྱིན་ནི་ཡོདཔ་ཨིན་མས། ཁང་རབས་དཔོན་པོ་ སྤུན་གསུམ་ཡོད་པ་མས། གཅིག་འདི་ བུ་གྲིང་དཔོན་པོའི་རྨགཔ་འབད་སོང་ཡོདཔ་དང་ དེ་ལས་ཅིག་འདི་སྐུར་སྟོད་དང་གླིང་གི་ རྨགཔ་འབད་འགྱོ་ ཅིག་འདི་ནང་ལུ་སྡོད་ནུག དེ་ལས་ དང་ཕུག་དཔོན་པོ་འདི་ཚུ་ ཁྲལ་གི་འབད་མ་ཚུགས་པར་ ཉམས་ཡར་སོངམ་ཨིན་མས། ད་རེས་ནང་པ་ཡང་ དཔོན་པོ་ཞུ་ནི་འདི་གིས་ ཉམས་མ་འགྱོ་བར་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • ཀུན་བཟང་དབང་མོ་ Kuenzang Wangmo
    ལགས་སོ་ ང་འདི་ ང་ར་སྐྱེས་ས་འདི་ཡར་ སྦིན་ཟ་སྦི་ཟེར་ས་ལུ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཨོང་ ངེའི་ཨའི་གི་ ཨ་པ་འདི་མར་ ཁང་རབས་དཔོན་པོ་ལས་ ཨིན་མས་ལགས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་ལས་ ཨའི་ཡར་སྦིན་ཟ་སྦི་ལས་ཨིན་མས་ལགས་ དེ་ལས་ ཨའི་གི་ཨ་རྒས་ཕར་ཨཔ་མགོན་མཚོ་སྐྱེས་རྡོ་རྗེ་ཟེར་མི་ ཨྱོན་ཆོས་གླིང་གི་ ཨཔ་མགོན་མཚོ་སྐྱེས་རྡོ་རྗེ་གི་ནུ་གཅུང་ ཆོས་རྗེ་རྣམ་རྒྱལ་ཟེར་མི་ ཨིན་པས་ལགས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་ལས་ ངེའི་ཨའི་གི་ ཨ་པ་འ་ནཱི་ཨིན་པས་ལགས་ དེ་ལས་ ཨའི་ཡར་སྐྱེས་ནུག་ དེ་ལས་ ང་བཅས་ཡང་ཡར་སྦོམ་སྦོམ་ཨིན་ ཤུལ་ལས་ དེ་ལས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཨ་ནཱི་ ད་རིས་སྐྱིད་སྡུག་བློན་པོ་ཨ་རྒས་བཤགས་མི་སྨོ་ལགས་ འ་ནཱི་ངེའི་ཨའི་གི་ ཨ་ཞང་གི་བུ་ཨིན་མས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་ལས་ ཁོ་གིས་མཛད་དེ་ དེ་ལས་ ས་སྟོང་ཅིག་ ཞིང་ཉོ་གནང་སྟེ་ ཏེ་ ང་བཅས་དེ་སྦེ་ལྷོད་ལྷོདཔ་ནཱ་ལུ (ཁང་རབས་ལུ)།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་ལས་ ཕར་དཔོན་པོ་གི་ཡང་ ཧེ་མ་དང་ཕུ་འདི་ དཔོན་པོ་ཟེར་རོགས་ ལེགས་ཤོམ་ཅིག་བཤད་མི་ཤེས་པས་ཤེས་ནི་འདི་ ཞུ་མི་ཤེས་པས་ ཨིན་རུང་ ཏེ་ ཨའི་གིས་བཤད་མི་ནང་ ང་བཅས་ཀྱིས་ དུམ་གྲ་རེ་ཐབ་ཐོབ་ཅིག་ཞུ་དོ།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དཔོན་པོ་སྤུན་གསུམ་ཡོད་ཟེར་སླབ་མས་ ཧེ་མ་ང་བཅས་ལུ་ ཏེ་ དཔོན་པོ་གཅིག་མར་ བུ་ལི་དཔོན་པའི་རྨགཔ་འབད་ དཔོན་པོ་གཅིག་ ཕར་ཀུར་སྟོད་དྭངས་ལེངས་རྒད་པོའི་རྨགཔ་འབད་ དེ་ལས་ གཅིག་གིས་ནཱ་ཁང་རབས་ དཔོན་པོ་བཟུང་སྟེ་སྡོད་སྡོདཔ་མས་ལགས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་ལས་ ཤུལ་ལས་ དེ་ལས་ ང་བཅས་ར་གཞུང་ལས་ བླམ་ཆོས་རྗེ་འདི་ཚུ་ ཞལ་ངོ་ ཆོས་རྗེ་ རྒད་པོ་འདི་ཚུ་ལུ་ཁྲལ་སྦོམ་ཕོག་དོ་ཡོདཔ་ཨིན་མས་ལགས་ ཏེ་ འ་ནཱི་ཁྲལ་བཏབ་མ་ཚུགས་པར་ གཞིས་མེདཔ་འགྱོ་འབད་ དེ་ལས་ སྒང་སྟེང་བླ་མའི་འདི་ནང་འཛུལ་ནུག་ལགས་ཕར་ སྒང་སྟེང་བླ་མའི་དཀོན་གཉེར་འབད་འཛུལ་ནུག་ལགས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཏེ་ འ་ནཱི་འབད་དེ་མ་གཏོགས་ ཏེ་ད་འ་ནཱི་གི་མི་རྒྱུད་ མི་རྒྱུད་འབདཝ་ད་ ད་ བྱང་ཉེས་བྱང་ཉེས་ཐལ་སོངམ་ལས་ ལེགས་ཤོམ་འཇའ་ཆི་ཆི་ཅིག་མིན་འདུག་ ཨིན་རུང་ཁོང་གིས་ མ་ཉམས་ཅིག་འབད་འདི་ ཡར་ནམ་མཁའི་རབ་གནས་སྐབས་ ཡར་གོང་ལུ་ཁོ་རང་ཞུ་དགོ་ དཔོན་པོ་སྦེ།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་ལས་ ཡར་ཀ་ར་སྤང་ཟེར་ས་ལུ་ མཚོ་ཅིག་ཡོདཔ་ཨིན་ སྦིན་ཟ་སྦི་དང་ ཁང་རབས་ཀྱི་བར་ན་ འ་ནཱི་མཚོ་ཡང་ཧེ་མ་ ཡར་ལུ་མཚོ་ཆགས་ཏེ་ མི་འདི་ཚུ་ཡར་དང་མར་ལམ་འགྱོ་བའི་སྐབས་འགྱོ་མ་བཅུག་པར་ དེ་ལས་ ཕྲག་དོག་བསྐྱེད་དེ་ དེ་ལས་ རོགས་ཀྱིས་བཙོག་པ་འདི་ཚུ་དེ་ཁར་བཀོ།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་སྦེ་འབད་དེ་ དེ་ལས་ མཚོ་འདི་དེ་ཁར་ལས་བྱོག་སྟེ་ དེ་ལས་མར་ ཁང་རབས་དཔོན་པོ་གི་ རྟིང་བདའ་སྟེ་ བུ་ལི་ལུ་འབྱོན་འབྱོནམ་ཨིན་པས་ལགས་ མཚོ་གི་སྐོར་ལས་ དེ་སྦེ་བཤད་ནི་འདུག་ ཧེ་མ་ངེའི་ཨའི་གིས་འདི་ དེ་སྦེ་བཤདཔ་མས་ཏེ།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ད་ག་རང་ཉམས་ཅི་ཉམས་ཅི་འགྱོ་མི་བཏུབ་པས་ དེ་གི་ཤུལ་ལས་ ད་རུང་དཔོན་པོ་སྤུན་གསུམ་སྡོད་ནུག་ལགས་ དེ་ལས་ དཔོན་པོ་གཅིག་གིས་ མར་ཉ་རུད་རྒད་པོའི་རྨགཔ་འབད་འགྱོ་ནུག
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་ལས་ གཅིག་ཕར་ཁང་རབས་དཔོན་པོའི་རྨགཔ་འབད་ལྷོད་ནུག་ལགས་ དེ་ལས་ གཅིག་གིས་མར་ཉ་རུད་རྒད་པོ་འབད་བཟུང་ནུག་ དེ་ཚུ་གི་ མི་རྒྱུད་ཚུ་འདི་ ཡོད་ལགས་ཡོད་ནི་འདི་ ད་ལྟོ་ཤ་ར་ར།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་ལས་ད་ རོགས་ཀྱིས་ཉམས་ནི་འདི་མི་ཉམས་པས་ དེ་ལས་ དང་ཕུ་བཟུམ་སྦེ་ དྲགཔ་འབད་དེ་འདི་ ག་ཏེ་འོང་བ་ ད་སླ་བསྲེ་ཅི་བསྲེ་ཅི་འགྱོཝ་མས་མེན་ན་ ཁྱོད་གཞུང་ལས་ དེ་སྦེ་བཟོ་གནང་སྟེ་ ལེགས་ཤོམ་ཨིན་མས་ དེ་མེན་པ་ཅིན་འདི་ དང་ཕུའི་མི་རྒྱུད་ག་ཏེ་ཨིན་ན་ཡང་ མི་ཤེས་ནི་མས་ དང་ཕུའི་ཅ་ལ་ག་ཅི་ཨིན་ན་ཡང་མི་ཤེས་ནི་མས་ དང་ཕུ་ལཱ་ག་ཅི་འབད་ཡི་ག་ཡང་མི་ཤེས་ནི་མས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ད་གཞུང་གི་བཀའ་དྲིན་གྱི་ ལེགས་ཤོམ་ཨིན་མས་ཟེར་མནོཝ་མས་ ཁྱོད་སློབ་དཔོན་ཚུ་ནཱ་བྱོནམ་ད་ ང་བཅས་ཀྱིས་ ཞུ་མ་ཤེས་རུང་ ཨ་ཙི་རེ་ཞུ་མི་ཚུ་ དྲན་གསོ་འབདཝ་ད་ལེགས་ཤོམ་འོང་ནི་མས་ཟེར་མནོཝ་མས་ལགས་ ཏེ་ད་དེ་ཅིག་མ་གཏོགས་མི་ཤེས་པས་ང་གིས་འདི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨཔ་མགོན་མཚོ་སྐྱེས་རྡོ་རྗེ་གི་སྤུན་ཆ་ཨིན་ན?
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཨིན་མས་འ་ནཱི་ཆོས་རྗེ་རྣམ་རྒྱལ་ཟེར་མི་འདི་ ཡར་ང་བཅས་ཀྱི་ཨའི་གི་ ཨ་རྒས་ཨིན་མས་ ང་བཅས་ཀྱི་ཨའི་གི་ཨང་རྒས་ཀྱི་ཨ་པ་ཏེ་ ཆོས་རྗེ་རྣམ་རྒྱལ་ཨིན་མས་ ཡར་སྦིན་ཟི་སྦི་ལུ་དགོན་པ་བཟུང་སྟེ་ བཞུགས་བཞུགསཔ་མས་ ཆོས་རྗེ་སྤུན་གསུམ་བཞུགས་ནུག་མེན་ན་ཁོང་ཡང་།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཨཔ་མགོན་མཚོ་སྐྱེས་རྡོ་རྗེ་ དེ་ལས་ ཆོས་རྗེ་དབང་འདུས་ཟེར་གཅིག་ གཅིག་ཆོས་རྗེ་རྣམ་རྒྱལ་ཟེར་གཅིག་ དབང་འདུས་ཟེར་མི་ ཕར་ལ་ཁར་བཀྲིས་ཆོས་གླིང་ཟེར་སླབ་ཨིན་ དེ་ཁར་མགོན་པ་བཟུང་སྟེ་བཞུགས་ནུག་ ཏེ་ ཁོ་ལུ་ཨ་ལུ་མེདཔ་མས་ ད་འདི་ཁྱིམ་ཚུ་ཡང་ རམ་འགྱོ་སྟེ་མེད་དེ་ཁར་ད།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་ལས་ ཡར་སྦིན་ཟ་སྦི་ལུ་ ཆོས་རྗེ་རྣམ་རྒྱལ་ཟེར་མི་ཡར་དགོན་པ་བཟུང་སྟེ་བཞུགས་ནུག་ དེ་གི་མི་རྒྱུད་འདི་ཚུ་འདུག་ ང་བཅས་ཚུ་ཨིན་མས་ ཡར་གི་མི་རྒྱུད་ འ་ནཱི་སྦེ་ཨིན་མས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ནག་ཚང་ཡོདཔ་ཨིན་ན?
  • ཀུན་བཟང་དབང་མོ་ Kuenzang Wangmo
    ནག་ཚང་མེད་ད་ ཁྱིམ་ཡང་བཤིག་ཅི་བཤིག་ཅི་བཟོ་སྟེ་ ནག་ཚང་མེད་ད་ཉམས་ཏེ་ ཧེ་མ་འདི་གྱང་བརྡུངས་ཏེ་ སྦོམ་འབད་བཟོ་སྟེ་རང་ཡོད་ཁྱིམ་ མ་འདྲཝ་ཅིག་རང་ཡོད་དང་ཕུ་འདི་ ད་ཁྱིམ་ཚུ་རང་རང་སོ་སོ་བགོ་བཤའ་རྐྱབ་ཡར་སོང་ཡི།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཏེ་ སོ་སོ་འབད་བཟོཝ་ད་ཁྱིམ་ཡང་ མ་འདྲཝ་སོ་སོ་བཟོཝ་མས་ཏེ་ ཁོང༌ཆ་ཁྱབ་ཀྱིས་ ཧེ་མ་འདི་ རྒྱབ་སྒོ༌དང༌བཅས་པ་འབད༌གྱང༌བརྡུངས༌ཏེ་རང་བཟོ་སྟེ་ ལེགས༌ཤོམ་ཡོད༌ལགས་ ང༌བཅས༌ཀྱིས༌ཚོརཝ༌ད༌ལུ་འདི།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ད་དེ་སྦེ་མེད་ག་ར་ཉམས་ཏེ་ མེད་སྨ་རེ་ཁང་རབས་དཔོན་པོ་ཡང་ ཧེ་མ་ང་བཅས་ནཱ་ལུ་སྡོད་ནུག་ཁོང་ དེ་ཁར་ཡང་སྡོད་མ་ཚུགས་པས་ ཤུལ་ལས་ཐང་ཆད་དེ་ སྒང་སྟེང་བླ་མའི་དཀོན་གཉེར་འབད་འཛུལ་ནུག་ ཨ་ཕི་ལྷ་ཁང་རོགས་སྒང་སྟེང་བླ་མ་གི་ཨིན་མས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ད་ཁོ་གིས་མི་མཛད་པས་ ད་ཁྱོད་ར་ཆ་ཁྱབ་ག་དེ་སྦེ་རུང་འབད་ཤིག་ཟེར་ བླམ་ཁོ་ར་ནཱ་ལུ་ གཟིགས་པར་མི་འབྱོན་པས་ ན་ཧིང་ཞེ་ཧིང་ཧེ་མ་འབད་བ་ཅིན་འདི་ ཅ་ལ་ཚུ་ཡང་གནང་མས་ བུམ་པ་འདྲཝ་ ཏིང་ མཆོད་པའི་ཏིང་ཚུ་གནང་མས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ད་ཁོ་ར་མར་ མར་བཞུགས་མས་མེན་ན་ མར་ལུ་ཡང་གྲྭ་ཚང་སྦོམ་ཅིག་ཡོད་མེན་ན་ཏེ་ གྲྭ་ཚང་ག་ཏེ་ཡང་འབད་ནི་འདི་གིས་བདའ་མི་ཟུན་དོ་མས་ མི་འབྱོན་པས་ད་ ཧེ་མ་འབད་བ་ཅིན་ འཕྲལ་འཕྲལ་བྱོནམ་ཨིན་ ད་མི་འབྱོན་པས་ ད་ང་བཅས་ར་གིས་ཕར་ལུ་ ང་བཅས་དམངས་འབད་དེ་ ལོ་རེ་ནང་ཞིང་སྒྲུབ་ཚར་རེ་བཙུགས་དོ་ནཱ་ལུ་ གཞན་འ་ནཱི་བ་ལྷག་སྟེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཁང་རབས་དཔོན་པོའི་ཁང་ཤུལ་འདྲཝ་ག་ཅི་ཡང་མིན་འདུག་སྨོ་ ནག་ཚང་ཚུ?
  • ཀུན་བཟང་དབང་མོ་ Kuenzang Wangmo
    ད་ཁང་ཤུལ་འདི་ཚུ་ཡང་མེད་ ཁང་ཤུལ་ཧེ་མ་ལྕགས་རི་འ་ནེ་སྦེ་ཡོདཔ་ཨིན་ཏེ་རོགས་ དགེ་སློང་གྲྭ་ཚང་རང་འདུག་ཨ་ཕར་རོགས་ གྲྭ་ཚང་གི་ཤག་རང་འདུག་ ད་འདི་ཚུ་ ཉམས་ཏེ་མེད་ བཤིག་བཏང་སྟེ་ ཁྱིམ་སྟོར་སོངམ་ལས་མེད་ད་ག་ར་དང་ཕུ་གི་འདི་ ཤུལ་རང་མེདཔ་བཟུམ་སྦེ་ ཡར་སོང་ཡི་ད།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དང་ཕུ་གི་འདི་ ཉམས་ཏེ་མེད་བ་ ཨ་ཕི་རྩིགཔ་ཁང་རལ་ཚུ་ཡོད་ དེ་ལས་ ཤུལ་ལས་ཨ་ནཱ་ཁྱིམ་རྐྱབ་པའི་སྐབས་ ཕར་ཁྱིམ་རྐྱབ་ད་ རྡོ་ཚུ་བཤིག་ཅི་བཤིག་ཅི་འབག་སྟེ་ རྩིགཔ་རྐྱབ་འབད་དེ་ ད་ཨ་ཕར་ཡོད་མི་ཁྱིམ་ཁོང་ར་གིས་རྐྱབ་རྐྱབ་ཨིན་ ཕར་གྱི་ལྕགས་རི་སྐོར་ཏེ་ གྱང་བརྡུངས་ཏེ་ལྕགས་རི་སྟོར་ཏེ་ཡོད་མི་འདི་ དགེ་སློང་གི་ གྲྭ་ཤག་ཡོད་མི་ཚུ་ དེ་ཚུ་ཉམས་སྟེ་མེད་ད།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ད་ཧེ་མ་གི་འདི་ ད་ནཱ་གིས་གསུངསམ་དང་འཁྲིལ་ཏེ་ བརྩི་བདག་མ་མཛད་པ་ཅིན་འདི་ འོང་རང་མི་འོང་ནི་མས་ ག་རང་ཉམས་འགྱོ་སྟེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    རྒན་ཤོས་གཞན་ག་ཡང་མིན་འདུག་སྨོ?
  • ཀུན་བཟང་དབང་མོ་ Kuenzang Wangmo
    འོང་སྟེ་ ཧེ་མ་གི་མཐོང་མི་དང་ ཤེས་མི་ཚུནི་ག་ར་ཤི་ཚར་དོ་ དེ་ལས་ ཁྱིམ་འདི་ཚུ་ཡང་ མ་འདྲཝ་མ་འདྲཝ་སོ་སོ་བཟོ་དོ་ ས་ཁོངས་ཚུནི་སོར་ཡི་སོར་ཡི་བཏང་མས་རོགས་ཀྱིས་ འ་ནཱི་འབདཝ་ད་ ཧེ་མ་གི་འདི་ ཉམས་ཏེ་མི་འོང་ནི་མས་ ལོགས་ཤོམ་ཨིན་མས་ གཞུང་གིས་དེ་སྦེ་མཛད་མི་འདི།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ང་གིས་འདི་ ཞུ་ནི་ཟེར་རུང་དེ་ཅིག་མ་གཏོགས་མི་ཤེས་པས་ཏེ་ སླ་བསྲེ་འགྱོ་སྟེ་མེད་ ཧེ་མ་ལས་མ་ཤེས་པའི་གུ་ ད་འདི་ག་ཅི་ཨིན་ན་ཡང་མིན་འདུག་ མགུ་རྨོངས་ཏེ་ དེ་ལས་ཐབ་ཐོབ་འགྱོ་སྟེ་ ཞུ་མི་ཤེས་པས་ད།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དཔོན་པོ་ཞུ་ནི་གི་ ད་ནམ་མཁའ་རབ་གནས་ནང་ ཞུ་ནི་གི་ད་ མ་ཉམས་པར་རང་འདུག་སྨོ?
  • ཀུན་བཟང་དབང་མོ་ Kuenzang Wangmo
    མི་ཉམས་ལགས་ འདི་དེ་ཉམས་རང་མི་ཉམས་ ཏེ་ གོང་ལུ་ཁོང་རང་ཞུ་དགོ་ ཡར་ཨྱོན་ཆོས་གླིང་གིས་ འཕྲལ་འཕྲལ་འབྱོན་འོང་ ཐུགས་བདེ་ཁོམས་ཡོདཔ་ད་ ད་རེས་ནངས་པ་འདི་ མགྱོནམ་ཡོདཔ་ནི་འདི་གིས་ མ་འབྱོན་པས་མེན་ན།
  • ཀུན་བཟང་དབང་མོ་ Kuenzang Wangmo
    གཞན་འདི་བྱོནམ་ཨིན་ རོགས་ཡར་ལས་ དྲགོས་ཀྱིས་ཡང་འབྱོན་འོང་ ཡར་ལས་དྲགོས་ཞུ་ དེ་ལས་ ནཱ་ལས་དཔོན་པོ་ཞུ་ དེ་ལས་ ང་བཅས་རའི་རྒེད་འོག་ནང་ལས་རྒཔོ་ཞུ་ ཏེ་ དུས་ཅི་རྒཔོ་ཡང་གསརཔ་འབད་སྦེ་ ཁོ་ཆུང་ཀུ་ཅིག་འབད་སྦེ་ རྒཔོ་ཡང་མིན་འདུག་ ག་ཏེ་ཅིག་འབྱོན་སོང་ཡི་ཟེར་ ག་ཏེ་ཅིག་ སློབ་སྦྱོང་ཅིག་ནང་འབྱོན་ཏེ་མིན་འདུག
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་ལས་ད་ སྐྱོ་འབྱམ་གྱི་རབ་གནས་ནང་ཡང་ ཞུ་འོང་ག་ལགས་དཔོན་པོ?
  • ཀུན་བཟང་དབང་མོ་ Kuenzang Wangmo
    མི་ཞུ་ སྐྱོ་འབྱམ་ལུ་འདི་ སྐྱོ་འབྱམ་ལུ་འདི་རོགས་ཧེ་མ་ སྒྲིག་ཏོག་ཏོག་ཅིག་མེད་དེ་བསྒང་ རོགས་མེ་མེ་བླམ་བཤགས་མི་གིས་ བཟོ་བཟོཝ་མ་གཏོགས་ ཧེ་མ་འདི་ སྟོན་པ་དཔལ་འཛོམས་གཅིག་ ཡིད་དམ་སྐུ་གཅིག་ཞུ་ནི་དང་ དེ་ལས་ དཔའ་མཛངས་པ་གཅིག་ འ་ནེམ་ཅིག་རང་ མར་གྱི་མདའ་ཟུར་རྒཔོ་ཞུཝ་མས་ཧེ་མ་ མདའ་ཟུར་རྒཔོ་ཞུ་ ཉ་རུད་རྒཔོ་ཞུ་ ད་ དེ་ཡང་ ཞུ་བས་ རོགས་ཀྱི་འཆམ་འདི་ ལེགས་ཤོམ་ཡོད།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ནཱ་གི་ འདི་དེ་ཉམས་ནི་མི་འོང་ཟེར་ དེ་ལས་ ཁོང་དཔའ་མཛངསཔ་ཚུ་འོངམ་ད་ ཇ་ཅིག་ཆང་བསྐོལ་ཏེ་ བཞུགས་གྲལ་འབད་དེ་རང་བཏང་དགོ
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་།
  • ཀུན་བཟང་དབང་མོ་ Kuenzang Wangmo
    བཞུགས་གྲལ་དང་ དེ་ལས་ ཇ་རྩམ་འབྲས་སེར་བཟོ་སྟེ་ དེ་ལས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དཔོན་པོ་གི་ཁ་ཐུག་ལས?
  • ཀུན་བཟང་དབང་མོ་ Kuenzang Wangmo
    འོང་ ཆང་བསྐོལ་ཏེ་ འ་ནཱི་འབད་དེ་རང་དྲང་དགོ་ དཔའ་མཛངསཔ་ཚུ་ལུ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་ལས་ ཞབས་ཁྲ་རྐྱབ་མི་ཚུ་གིས་བསུ་བ་ལུ་ ཟམ་གྱི་སྒོ་ཁར་ཚན་ཚོད་ཐོན་འོང་ཡར་ལས་མར་ ལེགས་པས་འཐེན་མི་ཚུ་གིས།