Skip to main content Skip to search
10 Feb 2017
11 min 4 sec
Video Overview
Creators: 
Yeshi Wangchuk, Penchela, Sonam Chophel

མཁའ་འགྲོའི་མཚན་རྟགས་དང་མཛད་བྱ་ཚུ་དང་བསྟུན་ མོ་གིས་ གཉེན་རྐྱབ་ནི་འདི་ ཁ་མ་བཟེད་བར་སྡོདཔ་ཅིག་གི་བར་ན་ ཕ་ཇོ་སྒྲུབ་སྒོམ་བཞི་པོ་མཆོག་ ཝང་དངས་ལོ་གཡུས་ཚན་གི་མདོང་ཕྱོགས་ ཆུའི་ཕར་ཁ་ཡོད་པའི་ ཝང་སྲིན་མོའི་ གཡུས་ཚན་ནང་ཕེབས་ཏེ་ བུམོ་ཅུང་གཞོན་ མཁའ་འགྲོ་བསོད་ནམས་དཔལ་སྒྲོལ་འདི་ ཐགས་འཐག་སྡོད་སར་གཟིགས་ནུག། མཁའ་འགྲོ་བསོད་ནམས་དཔལ་སྒྲོན་དང་ ཇ་ཕོ་གཉིས་ གཅིག་གིས་གཅིག་ལུ་ གླུ་དབྱངས་ཀྱི་ཐོག་ལས་ བློ་ཕར་དང་ཚུར་བརྗེ་སོར་མཛད་ཡོདཔ་ད་ དེ་བསྒང་ ཆུ་གུ་ལས་ཟམ་མེད་པར་ ཕ་ཇོ་འདི་ ཆུའི་གཡས་ཁ་ཐུག་ལས་དང་ མཁའ་འགྲོ་བསོད་ནམས་དཔལ་སྒྲོན་འདི་ ཆུའི་གཡོན་ཁ་ཐུག་ལས་ ལུང་བསྟན་ཟམ་པ་མ་ལྷོད་ཚུན་ཚོད་ ལམ་བྱོན་ཡོདཔ་ད་ ད་རུང་ འདི་ལས་ འཕྲོ་མཐུད་དེ་ རྡོ་སྡེ་ནང་ལྷོདཔ་བྱོན་ཡོདཔ་ཨིན་པས། དེ་ལས་ ཁོང་གཉིས་རྡོ་སྡེའི་ནང་གི་ལྟག་ལུ་ ད་ལྟོ་རྟ་མགོའི་ལྷ་ཁང་ཡོད་སར་བྱོན་ཏེ་ ཕ་ཇོ་རིན་པོ་ཆེ་འདི་ སྐུ་མཚམས་ནང་བྱོན་ཡོདཔ་ཨིན་པས། ཟླཝ་དགུའི་རྒྱབ་ལས་ མཁའ་འགྲོ་བསོད་ནམས་དཔལ་སྒྲོན་གྱིས་ རྡོ་སྡེ་ནང་སྦེ་ སྲསམོ་ཅིག་འཁྲུངས་ཡོདཔ་ད་  ད་རུང་ དེའི་ཤུལ་ལས་ར་ རྡོ་སྡེ་ནང་སྦེ་ ད་རུང་ ངོ་མཚར་བའི་རྟགས་དང་བཅསཔ་སྦེ་ སྲས་བདུན་འཁྲུངས་ནུག། ཏེ་ཕ་ཇོ་རིན་པོ་ཆེ་གིས་ སྲས་བདུནམ་ཆ་ར་བསྣམས་ཏེ་ ཟམ་ཅིག་གུ་བྱོན་ ཆོས་སྐྱོང་སྲུང་མ་ཚུ་ལུ་གསོལཝ་བཏབ་སྦེ་ ང་ར་དང་ ངེའི་བཟའ་ཚང་ནང་ རྒྱབ་སྐྱོར་མཛད་དགོ་ཟེར་ བུ་བདུན་འདི་ ཆུ་ནང་བཀོ་གནངམ་ད་ སྲས་བཞི་འདི་ བྱང་ཆུབ་སེམས་དཔའི་སྤྲུལ་པ་འབད་ནི་འདི་གིས་ འབྲུག་པ་བཀའ་བརྒྱུད་པའི་ ཆོས་སྤེལ་ཐབས་ལུ་ རྐྱེན་ངན་ག་ནི་ཡང་མེདཔ་སྦེ་ ལོག་བྱོན་ཡོདཔ་ད་ གཞས་མི་སྲས་གསུམ་འདི་ བདུད་ཀྱི་སྤུལ་པ་ཨིན་པས། ཏེ་ཕ་ཇོ་རིན་པོ་ཆེ་མཆོག་གིས་ སྲས་བཞིཔ་འདི་ ཕྱོགས་སོ་སོར་ལུ་ འབྲུག་པ་བཀའ་བརྒྱུད་ཀྱི་ བསྟན་པ་སྤེལ་ནིའི་དོན་ལུ་བཏང་བའི་སྐབས་ སྲས་སྒར་སྟོན་འདི་ ཤར་གྱི་ལུང་ཕྱོགས་ནང་བཏང་སྟེ་ ཤར་ཁོ་ཐང་ཁ་དང་ ཝ་ཅེས་རྫོང་བཞེངས་ཡོདཔ་ད་ ཁོ་གི་བརྒྱུད་པ་ལས་སྦེ་ ཝང་ཞལ་ངོའི་བརྒྱུད་འདི་ དར་ཡོདཔ་ཨིན་པས། འདི་ལས་ ཝང་དང་ལྕང་གི་ ལུང་ཕྱོགས་ནང་ སྲས་ཉི་མ་འདི་ བཀོ་བཞག་གནང་སྟེ་ ཁོ་གི་བརྒྱུད་པ་ལས་ ཐིམ་ཕུག་ ལྕང་སྒང་ཁའི་ཞལ་ངོ་དང་ སྲས་དབང་ཕྱུག་འདི་ ཐད་དང་དགོན་གྱི་ལུང་ཕྱོགས་ནང་ བཀོ་བཞག་མཛད་ཡོདཔ་ལས་ དགོན་སྲུང་མའི་བརྒྱུད་པ་ཚུ་བྱུང་ཡོདཔ་ཨིན་པས། ཏེ་བླམ་ཁོ་ར་ ཐིམ་ཕུག་གི་མགུ་ལུ་ རྡོ་སྡེ་ནང་གི་ལྷ་ཁང་ནང་ བཞུགས་གནང་གནངམ་ཨིན་པས། 

Transcript search
No results found for this search
0 of 0
  • མགོན་པོ་ཚེ་རིང་ Goembo Tshering
    ཏེ་ དང་ཕུ་མཁའ་འགྲོམ་དེ་ཏེ་ ཁོ་ག་ཅི་སྨོ་ཟེར་བ་ཅིན་ ཏེ་ནཱ་ གཡུས་རང་ནཱ་ལས་འབད་ ཏེ་ཝང་དངས་ལོ་ ཝང་གི་ནང་ལས་ཏེ་འཁྲུངས་ ཏེ་ད་མོ་གི་ཏེ་ ལོ་བརྒྱད་བརྒྱ་དེ་ཅིག་ འ་ནེ་ཅིག་ ཏེ་ ཞིང་ཁམས་ལུ་བྱོན་སོང་ནུག་ བྱོན་ཏེ་འབད་ ཏེ་མོ་གི་གཉེན་གྲོགས་འདི་ཡར་ ཏེ་བོད་ར་ལུང་ལས་ ཕ་ཇོ་འབྲུག་སྒོམ་གཞིཔོ་ འཕགས་པ་སྤྱན་རས་གཟིགས་ ཏེ་ཁོ་ཡར་ལས་མར་ རྫུན་མ་འབད་བྱོན་ཏེ་སྦེ་ ནཱ་འོང་ཡི།
  • མགོན་པོ་ཚེ་རིང་ Goembo Tshering
    ཏེ་ ཡུམ་མ་གཅིག་ལྷམོ་གིས་ ཏེ་ ནཱ་ཕར་ཚུར་སྔོན་མ་ མི་སེར་འ་ནཱི་ཚུ་ག་ར་ ཕོ་སྐྱེས་ང་བཅས་མི་གནགཔ་གཅིག་ལས་གཅིག་ལེགསཔ་འོང་རུང་ མོ་གིས་ཞལ་འཇལ་མ་བཏུབ་པས་ ཏེ་དེ་ལས་ ཁོ་གི་རྫུན་པ་ཅིག་སྦེ་བྱོན་འབད་བའི་བསྒང་ལས་ རང་རང་སོའི་ལུང་བསྟན་གྱིས་སྦེ་ ཏེ་ཁོ་གིས་ནེམ་འབད་སྦེ་ ཏེ་ ཕ་ཇོ་གིས་ཕར་ སིན་མོ་ལ་ ཝང་སིན་མོ་ལ་ ཏེ་ མོ་ནཱ་ལས་སྦེ་བྱོན་ཏེ་ ཏེ་ཡར་ ཏེ་ ལུང་བསྟན་ཟམ་པ་ཟེར་ ད་རེས་ནངས་པ་ད་ དང་ཕུ་ ཡར་ ལྕང་ ཝང་ ནཱ་ལྕང་ ལྕངས་ཟམ་ བ་ཟམ་ ནོར་རྫིབ་འགྱོ་ས་གི་ཟམ་ཨིན་པས།
  • མགོན་པོ་ཚེ་རིང་ Goembo Tshering
    ཏེ་ འ་ནཱ་ལུ་ ཏེ་ཕྱག་ཞུ་ ཏེ་ནེམ་འབད་སྦེ་ ཏེ་དེ་ལས་ ལུང་བསྟན་ཟམ་ཟེར་ ད་ར་ལུང་ ཏེ་དེ་ནཱ་ལས་འབད་ཡར་ མདོ་སྡེ་ན་བྱོན་ མདོ་སྡེ་ན་ ཏེ་ སྲས་འདི་ཚུ་འཁྲུངས་ འཁྲུངས་ཏེ་ ཡུམ་འདི་ ཨ་ནཱི་སྦེ་ མེ་ཏོག་གཅིག་བཅག་པར་བྱོན་སོངཔ་ད་ལུ་ ཏེ་ ཕ་ཇོ་གིས་ སྲས་འདི་ཚུ་ཏེ་ག་ར་ འ་ནཱི་ཆུ་གུ་བཤགས་ ཆུ་བཤགསཔ་ད་ལུ་ སྲས་ཉི་མ་ དགའ་རབ་ ཏེ་དེ་ལས་དོ་རུང་ ཏེ་ཁོང་ སོ་སོ་གཉིསཔོ་འདི་ ཏེ་ ཆུ་བཤགསཔ་ད་ལུ་ ཏེ་ཆུ་གིས་ཁ་མར་བལྟ་ མ་འབག་བས་ ཡར་བལྟ་འབག་སོང།
  • མགོན་པོ་ཚེ་རིང་ Goembo Tshering
    དེ་ལས་ ཡུམ་བྱོན་ཏེ་སྦེ་ ཏེ་ ཕ་ཇོ་ལུ་དགོངསམ་ཁྲེལ་ ཏེ་ འ་ནཱི་སྦེ་འབད་སྦེ་ ཏེ་ མོ་ར་འདི་ཡར་ལས་སྦེ་ཏེ་ འཇའ་ལུས་ལུ་གྲུབ་སྟེ་འབད་ ཏེ་བྱོན་སོང་འདུག་ ཏེ་ལོ་བརྒྱད་བརྒྱ་དེ་ཅིག་ ཡར་སོང་འདུག་ལགས་ ལགས་སོ་ ཏེ་ འ་ནེམ་ཅིག་ཨིན་པས་ལགས།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ཨ་ནཱི་ནཱ་ འགོ་དང་པ་ ཁོང་གཉིས་ནཱ་མཐོང་ནུག་བ་ལགས།
  • མགོན་པོ་ཚེ་རིང་ Goembo Tshering
    ལགས་སོ།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ཕ་ཇོ་འབྲུག་སྒོམ་གཞི་པོ་དང་ མཁའ་འགྲོ་བསོད་ནམས་དཔལ་སྒྲོན་དེ།
  • མགོན་པོ་ཚེ་རིང་ Goembo Tshering
    ལགས་སོ།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ཏེ་ ད་ལྟོ་འ་ནཱི་ནཱ་གི་ས་གོ་ནང་ལུ་ ཕ་ཇོ་འབྲུག་སྒོམ་གཞི་པོ་གིས་ ཧེ་མ་ཁོང་གཉིས་ནཱ་མཐོང་ མཐོང་སྦེ་ འཕྱད་ས་འདི་ཡར་ ལུང་བསྟན་ ལུང་བསྟན་ཟམ་པ་ན་ལུ་ཨིན་མས་བ་ལགས།
  • མགོན་པོ་ཚེ་རིང་ Goembo Tshering
    ལགས་སོ།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ནཱ་ལུ་ ཕ་ཇོ་འབྲུག་སྒོམ་གཞི་པོ་གི་གནས་འདྲཝ་ འ་ནཱི་བཟུམ་ ག་ཅི་ཡང་མེད་ག་ལགས་ ནཱ་ལས་ཕར?
  • མགོན་པོ་ཚེ་རིང་ Goembo Tshering
    འེང་ ནཱ་འདི་ ནཱ་འདི་མིན་འདུག་ལགས་ ནཱ་འདི་ ནཱ་འབྱུང་པའི་ལོ་རྒྱུས་མ་དགོ་ འཁྲུངས་ས་འདི་ཡར་ཨིན་མས་ ལུང་བསྟན་ཟམ་པ་འཁྲུངས་ ཏེ་ དེ་ལས་ཏེ་ཡར་ མ་པ་ང་བཅས་ མི་འབད་བ་ཅིན་ གཉེན་བསྡོམས་ས་ལུང་བསྟན་ཟམ་པ་ཨིན་མས་ ཏེ་ འཁྲུངས་ས་འདི་ཡར་ མདོ་སྡེ་ན་ཨིན་མས་ ཡར་ལས་འཁྲུངས་ཏེ་ ཆུ་བཤགས་ས་ཡང་ཡར་མས།
  • མགོན་པོ་ཚེ་རིང་ Goembo Tshering
    ཏེ་ ཡར་ལས་འབད་ནེམ་སྦེ་ ཏེ་ ཕ་ཇོ་དེ་ཏེ་ བོད་ར་ལུང་ལུ་བྱོན་ཏེ་ མོ་དེ་ཞིང་ཁམས་ལུ་ བྱོན་ཏེ་ད་ལྟོ་ ལོ་བརྒྱད་བརྒྱ་དེ་ཅིག་གི་ཧེ་མ་ཨིན་མས་ལགས་མོ་ འཇའ་ལུས་ལུ་གྲུབ་སྟེ་ ཏེ་བྱོན་སོང་འདུག་ལགས།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    མེན་མེན་ལགས་ ཨ་ནཱི་ནཱ་ཕར་ ནཱ་འགོ་དང་པ་ཁོང་གཉིས་ནཱ་མཐོང་ནུག་བ་ལགས།
  • མགོན་པོ་ཚེ་རིང་ Goembo Tshering
    ལགས་སོ།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ད་ མཐོངམ་ད་ལུ་ནཱ་གྲུབ་རྟགས་དང་ བླམ་ཕ་ཇོ་འབྲུག་སྒོམ་གཞི་པོ་གི་ ཁོ་གིས་ནཱ་གྲུབ་རྟགས་འདྲཝ་ ཨ་ནཱི་བཟུམ་ གྲུབ་ཆུ་འདྲཝ་ འ་ནི་བཟུམ།
  • མགོན་པོ་ཚེ་རིང་ Goembo Tshering
    འེང་་་།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ག་ནི་ཡང་ ག་ཅི་ཡང་མེད་ག་ ནཱ་དངས་ལོ་གཡུས་ཚན་ནང་ལུ་ལགས?
  • མགོན་པོ་ཚེ་རིང་ Goembo Tshering
    ནཱ་ ནཱ་འདི་ ཏེ་ གྲུབ་ཆུ་འ་ནཱི་ཚུ་འདི་ ཏེ་ ནཱ་རྒྱབ་ཁར་ལྕང་ཤིང་རྩ་བར་ཟེར་ འ་ནཱ་ལྕང་རྡོ་གཅིག་ཡོད་ལགས་ ལྕང་རྡོ་རྩ་བར་ལུ་ ཏེ་ མཁའ་འགྲོམ་བྲོ་འཆམ་ནེམ་འབད་སའི་ལྕང་རྡོ་རྩ་བར་ ཏེ་དེ་ལས་ཕ་ཇོ་གི་གྲུབ་ཆུ་གཅིག་ཝང་སྲིན་མུ་དངས་ལོ་ལུ་ཕར་ཡོད་ཟེར་སླབ་དེས་ལགས་ ཏེ་ མཁའ་འགྲོམ་གི་གྲུབ་ཆུ་གཅིག་ ཨ་ནཱ་ལས་ཕར་འགྱོཝ་ད་ལུ་ ཨ་ཕར་ལམ་གཡོན་ཁ་ཐུག་ གཡས་ཁ་ཐུག་ལུ་ ནཱ་གཅིག་འདུག་ལགས་ དེ་ཁར་འདི་ བྱག་ཕུ་ནང་ལུ་ འ་ནཱི་སྦེ་འདུག་ལགས།
  • མགོན་པོ་ཚེ་རིང་ Goembo Tshering
    མཁའ་འགྲོམ་གི་སོ་སོ་འདུག་གྲུབ་ཆུ་ གཉིས་ནེམ་སྦེ་རང་འདུག་ལགས་ ཏེ་ ཏེ་དེ་ལས་ འ་ནཱི་སྦེ་ ནེམ་འབད་སྦེ་ ཏེ་མོ་ནེམ་སྦེ་ ཏེ་དང་ཕུ་འ་ནཱ་ལས་ཕར་ ཟམ་ཡོད་ལགས་ མི་ལམ་ ཏེ་ག་ར་འདུག་ ཏེ་འ་ནཱ་ལས་སྦེ་ ཏེ་ དང་ཕུའི་ལམ་འབད་བ་ཅིན་ དང་ཕུ་ཏེ་ཡར་ན་རུ་ཐང་ཟེར་ ཡར་ལུ་འགྱོ་སའི་ནཱ་ལས་ཨིན་པས་ལགས་ ཏེ་ འ་ནཱི་སྦེ་ཨིན་པས་ལགས་ཏེ་ ཏེ་ད།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ཨ་པ་གིས་ འདི་གི་སྐོར་ལས་ལོ་རྒྱུས་ རྣ་རྒྱུན་འབད་བ་ཅིན་ མི་ག་ལས་འ་ནཱི་སྦེ་ ཨ་པ་གིས་གོ་ཡི་ལགས་ འ་ནཱི་བླམ་ཕ་ཇོ་འབྲུག་སྒོམ་གཞི་པོ་དང་ བླམ་བསོད་ནམས་དཔལ་སྒྲོན་གྱིས་ འ་ནཱི་སྦེ་ འགོ་དང་པ་ནཱ་མཐོང་མཐོངམ་ཨིན་ཟེར་ འདི་ལོ་རྒྱུས་ག་དེ་སྦེ་སྨོ?
  • མགོན་པོ་ཚེ་རིང་ Goembo Tshering
    འེང་ ཏེ་འདི་ ང་བཅས་ཡར་ དྲག་ཤོས་མཛོད་དཔོན་དབང་ཕྱུག་གིས་ ཏེ་ ཁོ་གིས་ འ་ནཱི་སྦེ་ཨིན་ཟེར་ ཁོ་གིས་ ཏེ་རྣམ་ཐར་འབད་རུང་འདྲ་བས་ གམ(ག་ཅི)་འབད་རུང་འདྲ་བས་ ཁོ་གིས་ ཏེ་ གསུངས་ཏེ་ ང་བཅས་ཀྱིས་ ཏེ་ འ་ནཱི་གོ་གོཝ་ཅིག་ཨིན་ལགས་ ནེམ་སྦེ།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ཨ་པ་གི་ནཱ་མཁའ་འགྲོ་བསོད་ནམས་དཔལ་འཛོམས་(སྒྲོན་)གྱི་ལྷ་ཁང་ནང་ གཟིམ་ཅུང་ནཱ་ཨིན་མས་སྨོ་ལགས?
  • མགོན་པོ་ཚེ་རིང་ Goembo Tshering
    ལགས་སོ།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    འ་ནཱི་གི་ནང་ན་ལུ་ ནང་རྟེན་དང་ འ་ནཱི་བཟུམ་པའི་གི་སྐོར་ལས་ཨ་ཙི་ཅིག་གསུང་གནང་པ་ཅིན།
  • མགོན་པོ་ཚེ་རིང་ Goembo Tshering
    ཏེ་ ནང་རྟེན་འདི་ དང་ཕུ་ང་བཅས་ནཱ་འོངམ་འབད་བའི་བསྒང་ལུ་ ཡར་ལས་ནེམ་སྦེ་ མར་ལས་ཨེན་ཏ་གཅིག་ད་ལྟོ་ཡང་ཡོད་ལགས་ ཨེན་ཏ་གསུམ་གྱི་ཡང་མི་དོ།
  • མགོན་པོ་ཚེ་རིང་ Goembo Tshering
    ཏེ་ཡར་ལས་ ཁྱིམ་པང་མིན་འདུག་ལགས་ ཁྱིམ་པང་མིན་འདུག་ ཁྱིམ་ཐོག་ཨ་ནཱི་རག་རོ་ཅིག་སྦེ་ ཡུདཔ་ཅིག་བར་ན་བཟུམ་ཅིག་ཨིན་པས་ལགས་ ཉམས་གསོ་ཡང་ཤོར་སོང་འདུག་ ཏེ་ འ་ནཱི་འབདཝ་ད་ལུ་ ཏེ་ ཆརཔ་མ་པ་ལས་མི་འཛག་པས་ ཨེན་ཏ་འདི་ སྐམ་ཀྲོག་ཀྲོ་སྦེ་ ད་ལྟོ་ཡང་ཡོད་ལགས།
  • མགོན་པོ་ཚེ་རིང་ Goembo Tshering
    རག་རོ་བཏང་སྟེ་ དང་ཕུ་ག་ཨིནམ་སྦེ་ སྔར་ག་ཨིནམ་སྦེ་རང་བཞུགས་ཡོད་ལགས་འ་ནཱི་ཚུ་ མ་འདྲཝ་འདྲཝ་སྦེ་ནེམ་སྦེ་རང་ཡོད་ལགས་ ཏེ་ ཆརཔ་མ་པ་ལས་རང་མི་འཛག་པས་ ཏེ་ འ་ནཱི་འདི་ འགྲིམ་དཔོན་གཡང་ཀ་ཟེར་མི་འདི་ ནཱ་འོང་བ་ལས།
  • མགོན་པོ་ཚེ་རིང་ Goembo Tshering
    ཁོ་གིས་ཁྱིམ་འདི་ ཁོ་གིས་ ཏེ་ཡར་མཁའ་འགྲོ་མའི་གཟིམ་ཅུང་འདི་ ནེམ་འབད་སྦེ་ དྲག་ཤོས་མཛོད་དཔོན་ལུ་ཕུལ་ ཏེ་ མཛོད་དཔོན་གྱིས་སྦེ་ ཏེ་རོགས་གཞུང་ལས་ནེམ་སྦེ་ ཨ་ཕི་མཛོད་དཔོན་དབང་ཕྱུག་གིས་ ཏེ་ ཉམས་བཅོས་འབད་ ཏེ་ འ་ནེམ་ཅིག་སྦེ་ ཏེ་ ད་རེས་ནངས་པ།
  • མགོན་པོ་ཚེ་རིང་ Goembo Tshering
    ཏེ་ སོ་སོ་སྦེ་ ཏེ་དེ་ལས་ད་ ཏེ་ ནེམ་སྦེ་ཚུད་དེ་ཡོད་ལགས།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ཉམས་བཅོས་འབད་བ་ཅིན་ ཐེངས་ག་དེམ་ཅིག་འབད་ཡི་ ཨ་པ་ནཱ་བཞུགས་སྦེ་ ལོ་གསུམ་བཅུ་སོ་ལྔ་དེམ་ཅིག་བཞུགས་ནུག་ནཱ?
  • མགོན་པོ་ཚེ་རིང་ Goembo Tshering
    ལགས་སོ།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ཏེ་འ་ནཱི་སྦེ་ ཨ་པ་གིས་ ནཱ་ལུ་བཞུགས་པའི་སྐབས་སུ་ལུ་ མཐོང་སྣང་འདྲཝ་འ་ནཱི་བཟུམ་གྱི་ ད་ མཁའ་འགྲོ་བསོད་ནམས་དཔལ་འཛོམས་(སྒྲོན་)གྱི་གཟིམ་ཅུང་ ཐེངས་འབད་བ་ཅིན་ ཉམས་བཅོས་ག་དེམ་ཅི་འབད་ཡི་ག་ དེའི་ནང་རྟེན་འདི་ཚུ་ ཨ་པ་གིས་ འ་ནཱི་སྦེ་ གསུངས་གནང་པ་ཅིན་ ཧེ་མ་ག་བཟུམ་ཡོད་ག་ ད་རེས་གནས་སྟངས་ག་དེམ་ལུ་ ལྷ་ཁང་འདི་འ་ནཱི་སྦེ?
  • མགོན་པོ་ཚེ་རིང་ Goembo Tshering
    ནང་རྟེན་འདི་ ཏེ་ད་ ནང་རྟེན་སྐོར་ལས་ཞུ་བ་ཅིན་ལགས་ གཞན་འདི་ཏེ་ད་ གཞན་ང་བཅས་ གནམ་མེད་ས་མེད་ཞུ་ཡང་མི་ཚུགས་པས་ ག་དེ་སྦེ་ཡོད་སླབ་ནི་མེད་ ཏེ་ ང་གིས་ ང་ལོ་འ་ནེམ་ཅིག་འགྱོཝ་ད་ལུ་ ཏེ་ ང་ར་དུམ་གྲ་ཅིག་ནེམ་སྦེ།
  • མགོན་པོ་ཚེ་རིང་ Goembo Tshering
    ཏེ་ ནོར་འཚོ་ནཱ་ ན་རུད་ཐང་ཟེར་མི་ན་ལས་ཕར་སོངམ་ད་ལུ་ ཏེ་ ང་རའི་ ཏེ་ ནོར་འཚོ་འ་ནཱི་སྦེ་སྡོདཔ་ད་ ང་རའི་ ཏེ་ དེ་བསྒང་འདི་ མ་པ་ནེམ་འབད་སྦེ་ ཏེ་ ཚར་གཅིག་སོངམ་ད་ལུ་ ཏེ ང་ནཱ་ཁྱིམ་ནང་ལུ་སྡོད་འབདཝ་ད་ལུ་ ཏེ་ ཕྱི་རུ།
  • མགོན་པོ་ཚེ་རིང་ Goembo Tshering
    ཏེ་ ངེད་ཀྱི་གཉིད་ལམ་ནང་ལུ་ ཏེ་ང་ ཏེ་ མ་འདྲཝ་ཅིག་ ནེམ་སྦེ་མཐོང་ ཏེ་ མཁའ་འགྲོམ་སྐུ་དངོས་སུ་སྦེ་འབྱོན་དོ་བཟུམ་ཅིག་ནེམ་འབད་སྦེ་ ཏེ་ ནེམ་འབད་སྦེ་ཞིནམ་ད་ ཏེ་ མཁའ་འགྲོ་མའི་ཕྱག་འདི་ ཨ་ནཱི་སྦེ་ནཱ་བཀལ་ ནེམ་འབདཝ་ད།
  • མགོན་པོ་ཚེ་རིང་ Goembo Tshering
    དབའི་ཏེ་ ནངས་པ་ཏེ་ ཟླཝ་ང་བཅས་འབྲུག་པའི་གི་འབད་བ་ཅིན་ ཟླཝ་གསུམ་པའི་ ཚེས་བཅོ་ལྔ་ལུ་ ནེམ་འབད་ཏེ་ད་ ཏེ་ ཁྱོད་ཀྱིས་ ཏེ་ ཨ་མར་ ནེམ་ལས་ ཏེ་ ནེམ་གཅིག་འདུག་ཡར་གནམ་མཁའི་འབྲུག་གི་ སྒོང་རྡོག་གཅིག་བཟུམ་སྦེ་འདུག་ འདི་ཁོ་རྡོ་རྩ་ལས་མེན་ མར་ཆུའི་མཐའམ་ཁར་མས།
  • མགོན་པོ་ཚེ་རིང་ Goembo Tshering
    ན་རུད་ཐང་ཟེར་མི་ནང་ཡོད་ ས་གནས་འདི་ཡར་ཡོད་ འ་ནེ་སྦེ་འཐུ་ལེན་སོང་ཟེར་ མོ་ང་ལུ་བཀའ་ཅིག་གནང་བྱིན་ཡི་ ཏེ་དེ་ལས་ ང་གཉིད་སད་ད་ཡི་ལགས་ གཉེད་སད་དེ་སྦེ་ སྒོ་ཅུང་ན་ལས་ཕར་ འ་ནཱི་སྦེ་ བལྟ་འབདཝ་ད་ལུ་ གནམ་ལང་སོང་ནུག་བ་ལགས་ ཏེ་འ་ནཱི་ སེམས་ཅན་རྣམས་ཀེ་ཀེ་རི་ཀེ་ཟེར་སྐད་རྐྱབ་དེས་ཡུདཔ་ཅིག་ སྐད་རྐྱབ་ནེམ་སྦེ་འབདཝ་ད་ ཏེ་དེ་ལས་ང་ ལོང་སྟེ་ཁ་ལག་འཁྱུ་ ཏེ་ གཉིད་ཚོར་ནེམ་སྦེ་འབད།
  • མགོན་པོ་ཚེ་རིང་ Goembo Tshering
    ཏེ་ ངེའི་བུམོ་འདི་དང་ང་བཅས་ར་ བ་བཞོ་ནི་ཅིག་ཡང་ཡོད་སྦེ་ ཏེ་ མགྱོགས་པར་མགྱོགས་པར་ ང་ཨོམ་ ཞལ་དཀར་གཅིག་ ང་རྟག་བུ་རང་ཕུལ་དོ་བ་ལགས་ང་ ཏེ་ད་ ཁ་ལག་འཁྱུ་ མགུ་ཏོག་འདི་ཚུ་འཁྱུ་ དེ་ལས་ཕར་མཆོད་བཤམ་ནང་ དཀར་མེ་གཅིག་ཕུལ་ སྤོས་ཅིག་འཐུ་འབག་ ནེམ་སྦེ་འབད་ ཏེ་ ངེའི་བུམོ་འདི་ལུ་སླབ་འབད་སྦེ་ བ་གཅིག་བཞོཝ་ད་ཟེར་སླབ་འབད་སྦེ་ བ་གཅིག་ཡང་བུམོ་འདི་གིས་ ཀྲིག་ཀྲི་འབད་བཞོ་འདུག
  • མགོན་པོ་ཚེ་རིང་ Goembo Tshering
    ཏེ་དེ་ལས་ ཞལ་དཀར་འདི་འབག་འབད་ འདི་ཕར་ཕུལ་ ཞལ་དཀར་འདི་ ཕར་བཀོ་བཞག་འབད་ ཏེ་ དེ་ལས་ང་ ཏེ་ བླམ་ལུ་ཚར་ཅིག་ཞུ་ཞུཝ་ཨིན་དེ་བསྒང་བླམ་ལུ་ཞུ་ ཏེ་ད་ག་དེ་སྦེ་ འ་ནཱི་སྦེ་ཟེརཝ་ད་ ཁོ་ཕར་གསུང་ཆོག་གནང་པའི་བསྒང་ཨིན་མས་ ཏེ་ བླམ་གསུང་ཆོག་གནང་པའི་བསྒང་ཨིན་པས་ཟེར་སླབ་འབད་སྡོད་སྡོད་བར་རང་ཏེ་ ད་ངའི་གཉིད་ལམ་ནང་བཟུམ་ཅིག་ ད་རུང་ཏེ་ ཉི་མ་ཨིན་ན་ནུབ་མོ་ཨིན་ན་མ་ཤེསཔ་ཡར་སོང་ཡི།
  • མགོན་པོ་ཚེ་རིང་ Goembo Tshering
    ཏེ་ང་ནཱ་ལས་ཕར་ཡར་སོང་ཡི་ལགས་ ཏེ་ ནཱ་ལས་ཕར་སོང་འབད་ ཏེ་ ང་ཨ་ནཱི་ གཟུགས་ལུ་ཨ་ཙི་ཅིག་སྨན་བཅོས་འབད་དེ་འབད་ལགས་ ཀེལ་ཀཱ་ཀྲ་ལུ་སྦེ་ སྨན་བཅོས་འབད་དེ་སྦེ་ ལམ་དེ་སྦེ་འགྱོ་མི་ཚུགས་ལགས་ སྐར་མ་གསུམ་བཅུ་ བཞི་བཅུ་གི་ལགས་ ནཱ་ལས་འབད་བ་ཅིན་ ཀི་ལོ་མི་ཀྲར་ ནཱ་ལས་སོང་ལྷོད་ལྷོད་ ཀི་ལོ་མི་ཀྲར་ ༢ དེ་ཅིག་ཡོད་ལགས་ ནཱ་ལས་སོང་ཚེ་ཡར་ལྷོད་ལྷོདཔ་ ཏེ་འདི་ཚེ་འདི་ང་ ག་དེམ་ཅིག་ ག་དེ་སྦེ་འབདཝ་ཨིནམ་མ་ཤེས་ ཏེ་ང་ རོགས་ཡུདཔ་ཅིག་ གསོན་པོ་འ་ནཱི་གཉིད་ནང་བཟུམ་ཅིག་ ཏེ་ ལོངམ་ལོང་སར་འགྱོ།
  • མགོན་པོ་ཚེ་རིང་ Goembo Tshering
    ཏེ་ ང་ནཱ་ལས་ཕར་སོང་འ་ནཱི་སྦེ་ ཏེ་ ནཱ་ལས་སོང་སྦེ་ ཉིནམ་གཅིག་ ཏེ་ འབྲུག་གི་སྒོང་རྡོག་ཨིན་ཟེར་ གཅིག་འདི་ཞུ་ནཱ་ནང་རྟེན་སྦེ་ ཕུལ་བཞག་སྟེ་ཡོད་ལགས་ འདི་ཚུ།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ཨ་པ་གིས་ཕུལ་ཕུལཝ་ཨིན་ན་ཨ་ནཱི?
  • མགོན་པོ་ཚེ་རིང་ Goembo Tshering
    ཨིན་ལགས།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ག་ཏེ་ ས་གནས་འདི་ག་ཏེ་ལས?
  • མགོན་པོ་ཚེ་རིང་ Goembo Tshering
    ན་རུད་ཐང་ ན་རུད་ཐང་ འོང་ ད་དེ་འོང་།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ག་ཏེ་ཁ་ཐུག་ལུ་སྨོ་ ན་རུད་ཐང་འདི?
  • མགོན་པོ་ཚེ་རིང་ Goembo Tshering
    ན་རུད་ཐང་ལམ་གྱི་སྦུག་ཨིན་མས་ མ་པ་ལམ་གྱི་སྦུག་བཟུམ་ཅིག་རང་ཨིན་ལགས་ ནཱ་ལས་ཡར་དང་མར་འགྱོ་སའི་ མ་པ་དང་ཕུ་འདི་ ཆུ་ཞིང་ཨིན་མས་ལགས་ཨ་རིང་ ཏེ་རོགས་ནཱ་ ཚོང་པ་འདི་ཚུ་ དང་ཕུ་དང་ཕུ་ ཏེ་ ཡར་དང་མར་འགྱོ་སའི་དང་ མི་ལམ་གཞུང་ལམ་མས་ལགས་ ཏེ་ ད་རེས་ནངས་པ་འདི་ ལམ་ཡང་མིན་འདུག་ལགས་ ཏེ་ ད་འདི་ ང་གིས་འདི་ ནཱ་ལྷོད་དེ་ལོ་ཧ་ལམ་ཅིག་ཡར་སོང་ཡི་ལགས།
  • མགོན་པོ་ཚེ་རིང་ Goembo Tshering
    ཏེ་ ད་རེས་ནངས་པ་འབད་བ་ཅིན་ ད་གནམ་ལོ་འདི་ཚུ་ རང་གིས་ཞུ་མི་ཤེས་པས་ ཏེ་ འ་ནེམ་ཅིག་མཇལ་ཏེ་འབད་ ཏེ་ ངེའི་གཉིད་ལམ་ནང་འ་ནཱི་སྦེ་མཇལ་ དངོས་སུ་སྦེ་མཇལ་ཏེ་འབད་ ཏེ་ང་ཟླཝ་གསུམ་ ང་བཅས་འབྲུག་པའི་གི་ཟླཝ་གསུམ་པའི་ཚེས་བཅོ་ལྔ་ལུ་ ཡུམ་གྱི་གཟིམ་ཅུང་ནང་ཕུལ་ཡི་ལགས་ ཏེ་ད་ལྟོ་ཡང་བཞུགས་ཡོད་ལགས་འ་ནཱི་ ཕར་ནེམ་འབད་ཡོད་ ཏེ་ ནཱ་སྐུ་པར་གཅིག་ཡོད་ལགས་ སྐུ་པར་གཅིག་ ཏེ་ ཕར་མཇལ་ཞིནམ་ལས་བཏུབ་པས་སྨོ་ལགས་ ཏེ་ ཕར་ཞུ་མི་དགོ་པས་མེན་ན།
  • མགོན་པོ་ཚེ་རིང་ Goembo Tshering
    སྐུ་པར་ མཇལ་རྙ་(སྨ་རེད)ལགས་ཕར་ ལྷ་ཁང་ནང་ངོ་མ་སྦེ་མཇལ་ཡི་སྨོ?
  • བསོད་ནམས་ཆོས་འཕེལ་ Sonam Chophel
    བཏུབ་ལགས་ལྟ་མ།
  • མགོན་པོ་ཚེ་རིང་ Goembo Tshering
    ཨིན་པས་ལྷ་ཁང་ནང་མཇལ་ མཇལ་ འ་ནེམ་ཅིག་ཨིན་ ཏེ་ང་ནཱ་ལུ་ཕུལ་ཡི་ལགས་ ཏེ་ད་འདི་ འ་ནཱི་སྦེ་ཡར་སོང་ཡི་ལགས་ ད་ འདི་གམ་(ག་ཅི་)སྨོ་ཟེར་བ་ཅིན་ ད་རང་གིས་ མ་པ་ང་བླམ་ཆོས་པ་ཡང་མེན་ ག་ནི་ཡང་མེན་ང་ དངོས་ཤེས་ཡང་མི་མཁྱེན་ ང་མི་གནགཔ་རང་རོང་གཅིག་ཨིན་ མི་ཉམ་ཆུང་ དྭཝ་བུཚ་གཅིག་ཨིན་ལགས་ ཏེ་ ང་ར་ལཱ་འབད་སྦེ་ འ་ནཱི་ཞིང་ལཱ་འབད་སྦེ་སྡོད་པའི་མི་གཅིག་ཨིན་ལགས་ ཏེ་ ང་གིས་ འ་ནཱི་ག་ནི་ཡང་མི་ཤེས་ལགས།
  • མགོན་པོ་ཚེ་རིང་ Goembo Tshering
    ང་ལུ་རྒྱུད་པ་ཡང་མེད་ རྒྱུད་པ་ཡང་ནེམ་སྦེ་མེད་ ཏེ་ རང་རང་སོའི་གནས་སྟངས་ཀྱིས་ ཏེ་ ང་བཅས་རའི་ ཏེ་ ད་རྫོང་ཁག་ཁལ་གཅིག་ཟེརཝ་ད་ འབྲུག་མི་སྤྱིར་བཏང་ཡོངས་ཟེར་རུང་འདྲ་བས་ སྤུ་ར་(ག་ར་) ང་བཅས་རའི་འབྲུག་ དཔལ་ལྡན་འབྲུག་པའི་གི་མི་ཡོད་རེ་ཡོད་རྣམས་ཀྱིས་ ཏེ་ ཆོས་སྐྱོང་སྲུངམ་བཟུམ་ཅིག་སྦེ་ ང་གིས་ ཏེ་ ཞུ་སྟེ་སྦེ་ཕུལ་ཡི་ ཏེ་ ནཱ་མཁའ་འགྲོ་མའི་གཟིམ་ཅུང་ནང་ཡོད་ལགས་ ད་འདི་ཏེ་ ནང་རྟེན་འབད་ ཏེ་གཞན་མི་འདི་ཏེ་ད་ རྒྱས་ཞིང་རྒྱསཔ་རོགས་ནཱ་ ཏེ་ བླམ་བསོད་ནམས་ཆོས་འཕེལ་ཟེར་མི་འདི་དང་ སྔོན་མའི་བླམ་འདི་དང་།
  • མགོན་པོ་ཚེ་རིང་ Goembo Tshering
    ཏེ་ དྲག་ཤོས་མཛོད་དཔོན་དབང་ཕྱུག་གིས་ ཉམས་བཅོས་འབད་ ཏེ་ འདི་ཚུ་རོགས་ རྒྱས་ཞིང་རྒྱསཔ་འབད་ཡོད་ལགས་ ཏེ་ ང་གི་ཁ་ཐུག་ལས་ ཏེ་ འ་ནེམ་ཅིག་བརྒལ་ ཏེ་ ང་གིས་ཕུལ་མི་ཚུགས་པས་ འདི་ད་ལྟོ་སྐུ་ངོ་མ་སྦེ་རང་བཞུགས་སྟེ་ཡོད་ལགས་ ཏེ་འ་ནཱི་འདི་རང་གིས་ ནེམ་སྦེ་ ད་ ད་འདི་ལོ་ཡང་ཧ་ལམ་ཅིག་ཡར་སོང་ཡི་ལགས་ ད་ ང་རང་གཟུགས་ཡང་ཨ་ཙི་ཅིག་ ནད་ཟེ་སྦེ་ ཏེ་ ལགས་སོ་ལགས་ བཀའ་དྲིན་ཆེ།
  • བསོད་ནམས་ཆོས་འཕེལ་ Sonam Chophel
    ཨ་པ་གིས།