Skip to main content Skip to search
19 Jan 2016
18 min 13 sec
Video Overview
Creators: 
Sherig Dhentshog

Kinzang Thinley from Kerung village in Chokhorling Gewog (county) in Pemagatshel Dzongkhag (district) narrates about the origin of the name Kerung. No one knows the detailed history of the village, though it is believed to have come up during the time of Khochi Ponpo. While he and his wife were traveling to the village, his wife was about to give birth. The family then started calling the place Kerung, which loosely translates to 'allowed to give birth'. The spelling changed over time from Kerong to Kerung.

 

༉  པདྨ་དགའ་ཚལ་ཆ་འོག་སྐྱེ་རུང་ལས་ ཀུན་བཟང་ཕྲིན་ལས་ཀྱིས་ ཁོ་རའི་གཡུས་སྐྱེ་རུང་གི་ལོ་རྒྱུས་བཤད་མི་ནང་ མ་གཞི་ཁོ་ར་གིས་ཡང་མི་ཤེས་ མ་ཤེས་པའི་རྒྱུ་མཚན་ཡང་ ཧེ་མའི་ཕམ་རྒན་ཤོས་ཚུ་ལུ་དྲིས་བལྟ་རུང་ ཁོང་ཕམ་རྒན་ཤོས་ཚུ་གིས་ཡང་ཧིང་སང་ས་སྦེ་ཤེས་མི་མིན་འདུག་ ཨིན་རུང་ ཁ་རྒྱུན་བཟུམ་ཅིག་འབད་བ་ཅིན་ ཧེ་མ་མངའ་བདག་རྒྱལཔོ་བཟུམ་ཅིག་མེད་པའི་གནས་སྐབས་ནང་ མཁོ་ཆེ་ཚུ་གིས་དབང་སྡོད་པའི་སྐབས་ལུ་ མཁོ་ཆེ་པན་ཆེན་ཟེར་མི་ཅིག་ བཟའ་ཚང་ག་ར་ས་གནས་དེ་ནང་ལས་མར་འབྱོན་པའི་སྐབས་སུ་ ཁོ་རའི་ཨམ་སྲུ་ཨ་ལོ་སྐྱེ་ནི་ཡོད་མི་འདི་ས་གནས་དེ་ནང་ལྷོདཔ་ད་ ཨ་ལོ་སྐྱེ་ནི་འབདཝ་ད་ མཁོ་ཆེ་གིས་ ཡ་ཨ་ལོ་ཡང་སྐྱེ་རུང་ (སྐྱེ་རུང་བཏུབ་) ཟེར་སླབ་པའི་ཚིག་ལས་རྟ་དྲངས་ཏེ་ ས་གནས་ཀྱི་མིང་ཡང་ སྐྱེ་རུང་ཟེར་ ཆགས་ཆགསཔ་ཨིནམ་སྦེ་བཤད་སྲོལ་ཡོདཔ་ཨིན་པས། ཀུན་བཟང་ཕྲིན་ལས་ཀྱིས་ཧེ་མ་འབད་བ་ཅིན་ ཡིག་སྡེབ་ཡང་ སྐྱེས་རུང་ཟེར་བྲི་ནི་ཡོདཔ་ཨིན་རུང་ ད་རེས་ནངས་པར་ གཞུང་གི་ཕྱག་ལཱ་གནང་མི་ཚུ་གིས་བྲིཝ་ད་ སྐྱེས་རོང་ཟེར་ བྲིས་ས་མཐོངམ་མས་ཟེར་ བཤདཔ་ཨིན་པས།

Transcript search
No results found for this search
0 of 0
  • ཀུན་བཟང་འཕྲིན་ལས་ kinzang Thinley
    ལགས་སོ། སྐུ་གཟུགས་བཟང་པོ་ལགས། ནཱ་ སློབ་དཔོན་གྱི་ ནཱ་ཤེས་རུང་མ་ཤེས་རུང་ ནཱ་གི་ འ་ནཱི་ ལོ་རྒྱུས་ཐུང་ཀུ་ཅིག་ ཞུ་ནིའི་གོ་སྐབས་ གནང་མི་ལུ་ གནམ་མེད་ས་མེད་ བཀའ་དྲིན་ཆེ་ཟེར་ ཞུ་ནི་ལགས།
  • ཀུན་བཟང་འཕྲིན་ལས་ kinzang Thinley
    ད་ལྟོ་ དང་པ་རང་ ནཱ་ སྐྱེས་རུང་གི་ ས་གནས་ ཆགས་མི་དང་ ག་ཅི་ལོ་ མིང་བཏགས་ཐང་གི་སྐོར་ལས་ ཨ་ཙི་ཅིག་ མདོར་བསྡུ་ཅིག་ཞུ་བ་ཅིན་ མ་པ་ ང་གིས་ཡང་ གནམ་མེད་ས་མེད་ཅིག་འདི་ མི་ཤེས་ལགས། ག་ཅི་སྦེ་ཟེར་བ་ཅིན་ མ་ཤེས་མི་ ང་རའི་ མ་ཤེསཔ་ཡང་མེན།
  • ཀུན་བཟང་འཕྲིན་ལས་
    ཧེ་མ་ ཨང་རྒས་ ཨ་རྒས་ཚུ་དང་གཅིག་ཁར་ དྲི་བ་ལེ་ཤ་དཔྱད་བལྟ་ཡི་ལགས། ང་རང་ཡང་ ལོ་རྒྱུས་ཐུང་ཀུ་ཅིག་ འ་ནཱི་ ཤུལ་ལས་ ཨ་ལོ་ཚུའི་དོན་དག་ལུ་ ཤེས་དགོ་པས་ཟེར་ ལོ་རྒྱུས་ཅིག་ འབྲི་བཞག་གེ་ཟེར་འབདཝ་ད།
  • ཀུན་བཟང་འཕྲིན་ལས་
    གནམ་མེད་ས་མེད་ འདི་བཟུམ་ ཁུངས་ཧིང་སངས་ས་ གསལ་ཏོག་ཏོ་སྦེ་ སླབ་མི་མིན་འདུག་ལགས། འདི་སྦེ་ནི་དེ་གིས་ དེམ་ཅི་སྦེ་ལུས་སོང་ཡི།
  • ཀུན་བཟང་འཕྲིན་ལས་
    ག་དེ་སྦེ་སྨོ་ཟེར་བ་ཅིན་ ཁོང་ཚུ་གིས་ ངག་རྒྱུན་ཆུང་ཀུ་ཅིག་འདི་ རྒས་ཤོས་ར་ ཨ་རྒས་ཅིག་ཡོད། ང་བཅས་ཀྱི་ ༩༣ དེམ་ཅིག་འགྱོ་མི་ དུས་ཅི་འབདཝ་ད་ ད་རེས་འབདཝ་ད་༩༣ དེམ་ཅི་འགྱོ་མི་ཅིག།
  • ཀུན་བཟང་འཕྲིན་ལས་
    འདི་ལུ་ འདྲི་བལྟ་རུང་ ཁོ་གིས་ཡང་ ཁུངས་གནམ་མེད་ས་མེད་ཅིག་མིན་འདུག། ག་དེ་སྦེ་བཀལ་དོ་ཟེར་བ་ཅིན་ ཁོ་གིས་ ཧེ་མ་ དང་ཕུ་འབད་བ་ཅིན་ ད་ལྟོ་ མངའ་བདག་རྒྱལ་པོ་ཟེར་ཡང་མེད་པའི་ དུས་ཚོད་བཟུམ་ཅིག་ཨིན་པས། ང་རའི་ མནོ་བསམ་བཏང་བལྟཝ་ད།
  • ཀུན་བཟང་འཕྲིན་ལས་
    དེ་ལས་ འདི་ལུ་ མཁོ་ཆེ་དཔོན་ཆེན་གྱི་ དབང་སྡོད་པའི་ དུས་ལུ་ཨིནམ་མེན་ན་ཟེར་ མནོ་མས་ལགས།
  • ཀུན་བཟང་འཕྲིན་ལས་
    དང་ཕུ་ མཁོ་ཆེ་ཅིག་ ཁོང་ ཕ་སྤད་མ་སྨད་ག་ར་ མར་བྱོན་ཡི་ཟེར་བའི་ ལོ་རྒྱུས་ཆུང་ཀུ་ཅིག་འདུག་ལགས།
  • ཀུན་བཟང་འཕྲིན་ལས་
    དེ་ལས་འདི་ ད་ལྟོ་བཟུམ་སྦེ་ ལམ་དང་ འདི་ཚུ་བཟུམ་མེདཔ་ཨིན་མས། ཨ་ཙི་ཅིག་ ཧ་ལམ་ ཕོ་ཚད་བཀལ་ཏེ་འགྱོཝ་ད་ ལྷོད་ལྷོདཔ་བཟུམ་ཅིག་འདུག་ལགས།
  • ཀུན་བཟང་འཕྲིན་ལས་
    ནཱ་ལྷོདཔ་ད་འདི་ ཨ་ལོ་ཡང་ སྐྱེ་རནམ་ཅིག་ སྡོད་སྡོདཔ་ཨིནམ་འདྲས་ལགས་ བལྟཝ་ད་ལུ། ཏེ་ནཱ་ལྷོདཔ་ད་འདི་ ཨམ་འདི་ ཨ་ལོ་སྐྱེ་ནིའི་ ན་ཚ་འབད་དེ་ འདི་བཟུམ་སྦེ་བའི་བསྒང་ལུ་ ཏེ་མཁོ་ཆེ་གིས་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཨའོ།
  • ཀུན་བཟང་འཕྲིན་ལས་
    སྐྱེས་འོང་ སྐྱེ་ནི་རུང་ཟེར་ དེ་སྦེ་སླབ་ཅི་ཟེར་བའི་ ལོ་རྒྱུས་ཅིག་འདུག་ལགས། དེ་སྦེ་ནི་འདི་གིས་ ཨ་ལོ་ཡང་ ནཱ་ལུ་ སྐྱེཝ་ཨིན་མས་ལགས། ཨ་ལོ་ ནཱ་སྐྱེས་ཞིནམ་ལས་འདི་ ནཱ་གི་ས་གནས་ ས་ཆགས་ཀྱི་མིང་ཡང་ སྐྱེས་རུང་ཟེར་ དེ་སྦེ་བཏགས་པའི་ ལོ་རྒྱུས་ཆུང་ཀུ་ཅིག་ དེ་སྦེ་ གསུངསམ་མས་ལགས།
  • ཀུན་བཟང་འཕྲིན་ལས་
    དེ་ལས་ འདི་ལུ་དེ་ ད་རེས་ནངས་པ་འབད་བ་ཅིན་ ཨ་ཙི་ཅིག་ མིང་ལུ་ འགྱུར་བཅོས་ ཆུང་ཀུ་ཅིག་སོང་ནུག་ཟེར་ ཞུ་ནི་ལགས། ག་དེ་སྦེ་སོང་ཡི་ཟེར་བ་ཅིན་ ད་རེས་ནངས་པ་ གཞུང་གི་ ག་ཅི་འབད་རུང་ མིང་ལུ་ ང་བཅས་ཀྱི་ གཡུས་ཀྱི་མིང་ སྐྱེས་རོང་སྐྱེས་རོང་ཟེར་ འོང་མས་ལགས།
  • ཀུན་བཟང་འཕྲིན་ལས་
    སྐྱེས་རོང་སྦེ་ འོང་མས་ལགས། དང་ཕུ་འབད་བ་ཅིན་ ཧེ་མ་འབདན་ ང་ ཨ་ལོའི་བསྒང་ རྣ་བར་གཏམ་བརྒྱུད་གོ་དོ་བཟུམ་འབད་བ་ཅིན་ ད་ལྟོ་ ནཱ་ ང་བཅས་ མི་ཚུ་གིས་ཡང་ སྐྱེས་རོང་ཟེར་ ཤུགས་སྦེ་ སླབ་ནི་མེད་ལགས། སྐྱེས་རུང་ཟེར་ ལེ་ཤ་ བརྗོད་སྒྲ་དེ་སྦེ་ར་ འབདཝ་ཨིན་ལགས།
  • ཀུན་བཟང་འཕྲིན་ལས་
    ང་གིས་འབད་བ་ཅིན་ ཧེ་མ་འདི་ སྐྱེས་རུང་ཟེར་ སྐྱེ་ནི་རུང་ཟེར་བའི་ འ་ནཱི་བཟུམ་ཅིག་གི་ ལོ་རྒྱུས་ཅིག་ དེ་སྦེ་གསུངས་ནི་འདུག་ལགས།
  • ཀུན་བཟང་འཕྲིན་ལས་
    འདི་ལས་ མངམ་ར་ ཕར་ཕར་ར་འགྱོ་བའི་ ལོ་རྒྱུས་འདུག་ལགས། ནཱ་ལས་ཕར་ ག་ཅི་གུ་ཅི་ ནཱ་ལས་ཕར་ ཁེ་རེ་འབའ་རེ་ཟེར་ ཐོན་ནི་ཅིག་ཡོད་ ནཱ་ལས་ཕར་ ཁེ་རེ་འབའ་རེ་ཟེར་ གཡུས་ཚན་ཆུང་ཀུ་ཅིག་ འ་ནཱི་ཁེ་རེ་འབའ་རེ་ལྷོད་མི་འདི་ དེ་ནང་།
  • ཀུན་བཟང་འཕྲིན་ལས་
    ང་གིས་བལྟཝ་ད་ འདི་ལུ་བལྟཝ་ད་ ནེ་རའི་བློ་ཅིག་མེད་ན་མནོཝ་མས། ནེ་ར་གྱི་ཁེར་ཟེར་མི་འདི་ གནམ་མེད་ས་མེད་ ང་བཅས་ཀྱི་ ག་ཅི་ཨིན་ན་ འདི་བཟུམ་ ཤིང་བུ་འདི་ ག་ཅི་ རག་རོག་སླབ་མི་ལུ་ ཁེར་ཟེར་ སླབ་མས་ལགས།
  • ཀུན་བཟང་འཕྲིན་ལས་
    འ་ནཱ་ ཁེར་ འ་ནཱ་ཁེར་འབའ་རེ་ལུ་ ལེ་ཤ་སྡོད་ནུག། འདི་སྦེ་ནི་དེ་གིས་ ཨའོ་ འ་ནཱ་འདི་ ཁེར་འབའ་ཨིན་མས། ཁེར་འབའ་རེ་ཟེར་ བཏགས་ཡི་ཟེར་བའི་ ལོ་རྒྱུས་འདི་བཟུམ་ཅི།
  • ཀུན་བཟང་འཕྲིན་ལས་
    དེ་ལས་ ཕར་འདི་ལས་ ཕར་སོང་སྟེ་ མོང་སྒར་ཟེར་ས་ལུ་ ག་ཏེ་ལུ་ཡང་ འགྱོ་མ་ཤེས་པར་ རྨོངས་སྡོདཔ་ལས་ དེ་ནང་གར་བཅར་ཏེ་སྡོདཔ་ལས་ མོང་སྒར་ཟེར་ སླབ་པའི་ དེའི་ཕར་ཕར་འདི་ ལོ་རྒྱུས་ལེ་ཤ་ར་འདུག། དེ་སྦེ་ནི་དེ་གིས་ དེམ་ཅི་ཞུ་དགོཔ་ཅིག་མིན་འདུག་ལགས།
  • ཀུན་བཟང་འཕྲིན་ལས་
    འདི་འབདཝ་ལས་བརྟེན་ ང་བཅས་རའི་ ནཱ་སྐྱེས་རུང་ལུ་ གནས་སྟངས་ ག་ཅི་ལོ་ མིང་འདི་ ཧེ་མ་ སྐྱེས་རོང་ཟེར་མེན། སྐྱེས་རུང་ཟེར་བཏགས་དེས་ ཨང་རྒས་ཨ་རྒས་ཀྱི་སྐབས་ ད་རེས་ནངས་པ་ འགྱུར་བཅོས་སོང་སྟེ་ སྐྱེས་རོང་ཟེར་ འགྱོ་ནུག་ཟེར་ ཞུ་ནི་ལགས།
  • ཀུན་བཟང་འཕྲིན་ལས་
    ད་ ད་ལྟོ་ ནཱ་ང་བཅས་རའི་ ནཱ་གི་ གནས་སྟངས་འདི་ ག་དེ་སྦེ་ཡོད་ག་ཟེར་བ་ཅིན་ སྐྱེས་རུང་ལུ་འདི་ ག་ཅི་ཡང་ གནམ་མེད་ས་མེད་ ཡར་རྒྱས་གོང་འཕེལ་ཚུ་མེད་ཟེརཝ་ད་ གཞན་དང་ཕྱདཔ་ད་ འགྱོ་དོ་བཟུམ་ཅིག་ཨིན་ལགས་ ཧེ་མ་དང་ཕྱདཔ་ད།
  • ཀུན་བཟང་འཕྲིན་ལས་
    ཧེ་མ་ ང་བཅས་ ཨ་ལོའི་སྐབས་ལུ་ ནཱ་ལུ་ གུང་པ་ཡང་ ལེ་ཤ་མིན་འདུག་ལགས། གུང་པ་གཉིས་གསུམ་དེམ་ཅི་མ་གཏོགས་ མིན་འདུག་ལགས། འདི་ཡང་ འཚོ་བ་འཚོ་ཐང་འདི་ རྒྱ་གར་དང་བསྟུན་ ཧེ་མ་ ཨ་ཤོམ་ཁ་རང་ ཨ་ཤོམ་ རང་གི་ས་ནམ་ལས་ རང་རྐྱང་འབད་དེ་ དེ་སྦེ་བཟའཝ་མ་གཏོགས་
  • ཀུན་བཟང་འཕྲིན་ལས་
    འབའ་ར་ལྟོ་(ཆུམ་ལྟོ)ཟེར་མི་འདི་ གནམ་མེད་ས་མེད་ མིག་གི་མཐོང་ནི་ཡང་ དཀའ་ངལ་ཡོད། དེ་འབདཝ་ད་ ཧེ་མ་ ཨང་རྒས་ ཨ་རྒས་ཚུའི་སྐབས་ ཕ་མའི་སྐབས་ སྤང་འབའ་ར་ཟེར་ ང་བཅས་ཀྱི་འབད་བ་ཅིན་ ནཱ་ལུ་ ང་བཅས་ཀྱི་ཁ་སྐད་ནང་ སམ་འབའ་ར་ཟེར་ སླབ་དོ་ལགས་སམ་འབའ་ར།
  • ཀུན་བཟང་འཕྲིན་ལས་
    དམརཔ་སྦེ་ཐོན་དོ་ལགས། འདི་དེ་ ལཱ་ཁར་ ཚལ་མ་བརྫམ་ཏེ་ ལཱ་འབད་དེ་ འདི་ཡང་ གནམ་མེད་ས་མེད་འོང་ལགས། ཨ་ལོའི་སྐབས་ གནམ་མེད་ས་མེད་ འབའ་ར་ཟེར་མི་ བཟའ་མ་ཚར་བར་འདུག་ལགས།
  • ཀུན་བཟང་འཕྲིན་ལས་
    འབའ་ར་དང་ ཁ་རང་འདི་ སམ་འབའ་ར་དང་ ཁ་རང་འདི་ དེ་སྦེ་ སླ་བསྲེ་སྦེ་ དེ་རང་བཟའ་དེས་ཟེར་ ཞུ་ནི་ལགས། ད་ རྒྱ་ཆུམ་ཟེར་ སླབ་མི་འདི་ ང་བཅས་རའི་ ནེ་རའི་ཐོན་མི་ ཆུམ་དཀརཔ་འདི་ མིག་གི་མཐོང་ནི་མིན་འདུག་ ང་བཅས་ཆུང་ཀུ་བསྒང་ཟེར་ ཞུ་དོ་ལགས།
  • ཀུན་བཟང་འཕྲིན་ལས་
    ད་ དེ་སྦེ་ ད་ལྟོའི་བར་ན་འདི་ གནམ་མེད་ས་མེད་ ཧེ་མ་དང་ ཕྱདཔ་ད་ གནམ་མེད་ས་མེད་ ཡར་རྒྱས་སོང་ཡི། ནཱ་ལས་མར་ རྒྱ་གར་ལས་ ཡར་བལྟ་ ཚྭ་འདི་ ག་ཅི་ར་འབད་རུང་ དང་ཕུའི་དུས་སྐབས་ལུ་ འ་ནཱི་ གནམ་སྟོང་ནང་ལུ་ གནམ་མེད་ས་མེད་ གནག་དུང་དུང་ནང་ལུ་ མེ་བཏེག་ནི་མེད་པར་ རམ་བོར་(སྤག་ཤིང་མེ)བཏེག་སྟེ་ སྡོད་དེས་ལགས།
  • ཀུན་བཟང་འཕྲིན་ལས་
    ཧེ་མ་ཡར་གྱི་བཟུམ་སྦེ་ མེ་ཕྱི་བཏེག་སྟེ་ འ་ནཱེ་སྦེ་འབད་ནི་འདི་ ག་ཅི་ལོ་ མེ་ཕྱི་ཚུ་བཏེག་སྟེ་འབད་ནི་དེ་ ནཱ་ལུ་ ཏོང་ཕུ་ཤིང་མེད་ལགས།
  • ཀུན་བཟང་འཕྲིན་ལས་
    འདི་སྦེ་ནི་དེ་གིས་ ཨིན་ཅི་མིན་ཅི་ར་ ས་མར་ཁུ་ ཌི་ཛིལ་ ང་བཅས་འབད་བ་ཅིན་ རི་སི་ཟེར་ སླབ་ཨིན། ཀེ་རོ་སིན་ ག་ཅི་ཨིན་ན་ སླབ་མས།
  • ཀུན་བཟང་འཕྲིན་ལས་
    འ་ནཱི་ས་མར་ཁུ་ ལག་ལེན་འཐབ་སྟེ་ མེ་བཏེག་ འ་ནཱི་བཟུམ་སྦེ་བཏེག་སྟེ་ དེ་སྦེ་འབད་དེ་ལགས། ད་ ད་ལྟོ་ འ་ནཱི་ གནམ་མེད་ས་མེད་ ད་རེས་ནངས་པ་ བཀའ་དྲིན་ཆེ་འདི་ གཞུང་གིས་ གློག་མེ་འདི་བཟུམ་ལྷོད་དེ།
  • ཀུན་བཟང་འཕྲིན་ལས་
    ག་ཅི་དེ་ཅི་ བཀའ་དྲིན་ཆེ་སྟེ་ གནམ་མེད་ས་མེད་ གནམ་ལང་སོང་བཟུམ་ ནག་དུང་ནང་ལས་ ཉིམ་ཤར་དོ་བཟུམ་ཅི་ ཡར་སོང་ཡི་ཟེར་ ཞུ་ནི་ལགས་ གཞུང་བཀའ་དྲིན་ཆེ་སྟེ།
  • ཀུན་བཟང་འཕྲིན་ལས་
    དེ་ལས་ ད་རུང་ ང་བཅས་ ནཱ་ལས་མར་ རྒྱ་གར་ལུ་ འབྲེལ་བ་འཐབ་དགོཔ་ ཚྭ་དང་མར་ཁུ་ ལེན་པར་འགྱོ་ནི་ཟེར་རུང་ ལམ་མེད་ལགས། ནཱ་ལས་མར་ སྤྱ་དང་སྤྱ་དཀར་འཛེག་སྟེ་ འགྱོ་དོ་བཟུམ་སྦེ་འགྱོ་དགོ་ལགས།
  • ཀུན་བཟང་འཕྲིན་ལས་
    རྟ་དང་སེམས་ཅན་འདི་ ག་ཏེ་ཐལ་ནི་ མི་ཡང་ ཤིང་གུ་ལས ཕར་ཚུང་བཟུང་སྟེ་ ལམ་མེད་ གནམ་མེ་ས་མེད་ ལམ་ར་མེདཔ་སྦེ་ ཆུའི་གཤོང་ནང་ ཆུ་བརྒལ་ ལ་བརྒལ་ལུང་བརྒལ་སྦེ་འགྱོ་ ག་ཅི་སླབ་ན་ འ་ནཱི་ ས་མར་ཁུ་ཟེར་མི་འདི་ མར་ཁུ་ཀྲིང་ སྒྲོམ་སྦེ་འབག། ཚྭ་འདི་ སྦོ་ར་སྦེ་འབག། དེ་སྦེ་ ལོ་གཅིག་གི་དོན་ལས་ ཕམ་ཚུ་གིས་ དེ་སྦེ་འབད་དེ་བཟའ་བཅུག་དེས་ཟེར་ ཞུ་ནི་ལགས།
  • ཀུན་བཟང་འཕྲིན་ལས་
    ད་རེས་ནངས་པ་འདི་ གཞུང་བཀའ་དྲིན་ཆེ་སྟེ་ གནམ་མེད་ས་མེད་ འ་ནཱི་ སྣུམ་འཁོར་གྱི་ ལམ་ཡང་ ཧེ་མ་ར་རྟ་ལམ་སེལ་ རྟ་ལམ་ རྟ་ཐལ་མི་ཐལ་བཟོ་སྟེ་ རྟ་བདའ་སྟེ་ དེ་སྦེ་འབད་ཡི་ལགས།
  • ཀུན་བཟང་འཕྲིན་ལས་
    ད་རེས་ནངས་པ་འདི་ ད་རུང་ གཞུང་གིས་ འཐེབ་སྐྱིད་སྡུག་མ་བཏུབ་བཏུབ་སྦེ་གནང་སྟེ་ ང་བཅས་ ནཱ་ལུ་ སོ་ནམ་ཞིང་ལམ་འདི་ཡང་ གཡུས་སྦུག་ལུ་ར་ ལྷོད་དེ་ཡོད། འདིའི་ གནམ་མེད་ས་མེད་ཕན་ཐོགས་ཅི།
  • ཀུན་བཟང་འཕྲིན་ལས་
    གནམ་མེད་ས་མེད་ གཞུང་ལུ་ བཀའ་དྲིན་སྦོམ་ཡོད། ནམ་ར་ཨིན་རུང་ བཀའ་དྲིན་འདི་ ཡལ་ནི་མེདཔ་སྦེ་ འཇལ་མ་ཚུགས་པའི་ བཀའ་དྲིན་སྦོམ་ཅིག་ལུ་ འགྱུར་ཏེ་ཡོད་ཟེར་ཞུ་ནི་ལགས།
  • ཀུན་བཟང་འཕྲིན་ལས་
    ད་ ད་ལྟོ་ ང་བཅས་ དང་ཕུ་འབད་བ་ཅིན་ ད་རུང་ ཨ་ལུ་ཚུ་ ཕར་ཚུར་འབད་འགྱོ་ གཡུས་སོ་སོར་ རང་གི་ཕ་མ་ བུ་ཚ་ ཉེ་བ་ཉེ་འཁོར་ག་ར་ རང་ར་སོ་སོར་ ལ་བརྒལ་ ལུང་བརྒལ་ཏེ་ སོ་སོར་སྦེ་སྡོད་པའི་སྐབས་ ལུང་པ་སོ་སོར་ལུ་སྡོད་པའི་སྐབས།
  • ཀུན་བཟང་འཕྲིན་ལས་
    ཤི་རུང་ན་རུང་ ལོ་རྒྱུས་གནམ་མེད་ས་མེད་ ཤེས་ནི་མེད་ལགས། ཧེ་མ་ ཡི་གུ་བཏང་ལེན་ཟེར་མི་ཅིག་ བཀལ་ནི་འདུག་ ཡིག་གེ་བཏང་ལེན་ཟེར་མི་འདི་ཡང་ ཟླཝ་རེ་དང་ཟླཝ་གཉིས་གཉིས་ཀྱི་བར་ན་ ཕར་ཚུར་ལྷོདཔ་མ་གཏོགས། མགྱོགས་པར་ལྷོད་མི་ཚུགས་པས།
  • ཀུན་བཟང་འཕྲིན་ལས་
    དེ་སྦེ་ གཞུང་བཀའ་དྲིན་ཆེ་སྟེ་ བརྒྱུད་འཕྲིན་མོ་བཱལ་ ཊི་བི་ཟེར ་སླབ་མི་ཡང་བཙུགས་སྟེ་ ད་ལྟོ་ཡང་ གནས་ཚུལ་ ཕར་ཚུར་ཧ་གོ་ཚུགས་མི་ གནམ་མེད་ས་མེད་ དགའ་སྐྱིད་ཕུན་སུམ་ཚོགསཔ་འགྱོ་དོ་བཟུམ་སྦེ་མཐོངམ་མས།
  • ཀུན་བཟང་འཕྲིན་ལས་
    དེ་ལས་ ཏེ་ད་་ གཞུང་གི་ དགའ་སྐྱིད་དཔལ་འཛོམས་ དགའ་སྐྱིད་དཔལ་འཛོམས་ཟེར་སླབ་མས། དགའ་སྐྱིད་དཔལ་འཛོམས་ཟེར་ སླབ་མི་ཡང་ དེམ་ཅིག་ལས་འདི་ མི་འོང་ དེམ་ཅི་ལུ་ སླབ་འོང་ཟེར་ མནོཝ་མས་ལགས།
  • ཀུན་བཟང་འཕྲིན་ལས་
    ངེ་གི་སེམས་ཀྱི་ ང་རའི་ བསམ་ཆར་ཨིན་ལགས། ད་ལྟོ་ ནཱ་གཡུས་ཁ་འདི་ ཐོབ་ནི་ཐོན་ཁུངས་ཟེར་མི་འདི་ འ་ནཱི་ ཨ་ཙི་ཅིག་ཆུང་ཀུ་ཨིན། ས་ནམ་གྱི་ལཱ་འདི་ འབྲུ་སྣ་ཚུ་ ག་ཅི་བཙུགས་རུང་ འོང་ཚུགས་ ཨིན་རུང་ཡང་།
  • ཀུན་བཟང་འཕྲིན་ལས་
    དངུལ་ཚོད་(དངུལ་ཐོག)ལྡུམ་རེ་ ཨ་ཙི་ཅིག་ལ་ཁག་ཡོད་ ནཱ་ལུ་ དངུལ་ཐོག་ལྡུམ་རེ་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ག་ཅི་ཡང་མེད། ཏེ་ད་་ ཚལ་ལུ་ཤིང་ ཧེ་མ་ཕམ་ཚུ་གིས་ ཨ་ཙི་ཅིག་བཙུགས་སྟེ་བཏུབ་རུང་ ཧེ་མ་འདི་ བཏུབ་ར་མི་བཏུབ་ ནཱ་ལུ་ གནམ་མེད་ས་མེད་བྱངམ་ཨིན། ད་རེས་གནམ་པ་ དྲོད་ཨ་ཙི་རེ།
  • ཀུན་བཟང་འཕྲིན་ལས་
    གནམ་གཤིས་གནས་སྟངས་འདི་ ག་ཅི་གི་ཁྱད་པར་ཨིན་ན? འདི་བཟུམ་གནམ་མེད་ས་མེད་ ཧིང་སངས་སངས་ཞུ་མི་ཤེས་པས།
  • ཀུན་བཟང་འཕྲིན་ལས་
    ད་དྲོད་ཨ་ཙི་རེ་ཡང་བཏགས་སྟེ་ ཚལ་ལུ་ཤིང་ཡང་ ཨ་ཙི་རེ་ བཏུབ་ཡར་སོང་ནུག། བཏུབ་འགྱོཝ་ད་ལུ་ ལམ་མེདཔ་ལས་ ཕམ་ཚུ་གིས་ ལེ་ཤ་བཙུགས་མ་ཚུགས་པར་ ཨ་ཙི་རེ་ ཨ་ཙི་རེ་ བཙུགས་སྟེ་སྡོད་ནུག། ད་ལྟོ་ འདི་བཟུམ་མ་གཏོགས་ ག་ཅི་ཡང་མེད། ཨ་ཙི་རེ་ཡོད་མི་ཡང་ ཨ་ཙི་ཅིག
  • ཀུན་བཟང་འཕྲིན་ལས་
    ཏེ་ད་་ ག་ཅི་ཨིན་ན་ དུས་ཚོད་དང་བསྟུན་ ཤི་ནི་འགོ་བཙུགས་ཏེ་ ཨ་ཙི་རེ་ཤི་ འདི་བཟུམ་སྦེ་ ཐོན་ཁུངས་ཡང་ ཨ་ཙི་རེ་ཆུང་ཀུ་ཆུང་ཀུ་འགྱོ་དེས་ཟེར་ ཞུ་ནི་ལགས།
  • ཀུན་བཟང་འཕྲིན་ལས་
    ད་ ས་ཆ་མེདཔ་འདི་མེན་ ས་ཆ་ཡང་ཡོད། ག་ཅི་བཏབ་རུང་བཏུབ་མི་ ས་ཆ་གཅིག་ཨིན་ལགས། དེ་འབདཝ་ད་ འབད་ནིའི་མི་ མི་རློབས་ཨ་ཙི་ཅིག་ ད་རེས་ནངས་པ་ དུས་ཚོད་དང་བསྟུན་ཏེ་ དེ་སྦེ་བྱོག་ཡར་སོངཔ་མས།
  • ཀུན་བཟང་འཕྲིན་ལས་
    ཨ་ལོ་ཚུ་འདི་ དཔེ་ཆ་ ཨ་ཙི་རེ་ལྷབ་སྟེ ཏེ་ད་ གཡོག་སྦོམ་མིན་རུང་ ཨ་ཙི་ཅིག་ གཡོག་ཆུང་ཀུ་ཆུང་ཀུ་རེ་ རང་གི་ ཕོཝ་ཅིག་བཀང་ནིའི་དོན་ལས་ གཞུང་ལུང་པ་ ཐིམ་ཕུ་ལུང་པ་ ཕུན་ཚོགས་གླིང་ཚུ་ནང་ ག་ཏེ་གུ་ཏེ་ལུ་ གཡོག་ཡོད་སར་སོང་སྟེ།
  • ཀུན་བཟང་འཕྲིན་ལས་
    དེ་སྦེ་སྡོད་དེ་ ནཱ་ལུ་ ཨ་པ་ཨ་མ་ ཉག་རྐྱང་ དེ་སྦེ་ གཉིས་གཉིས་འགྱོ་མི་ཡོད་ཟེར་ ཞུ་ནི་ལགས། ནཱ་ལུ་ གནམ་མེད་ས་མེད་ དེམ་ཅི་འདི་ ཡར་རྒྱས་བཏང་ནི་འདི་ འབད་མི་ཚུགས་པས་ཟེར་ ཞུ་ནི་ལགས།
  • ཀུན་བཟང་འཕྲིན་ལས་
    ག་ཅི་སྦེ་ཟེར་བ་ཅིན་ འདི་བཟུམ་སྦེ་ཡོད་ མ་པ་ ས་ཆ་ཀྱི་ར་འདི་ ག་ཅི་བཏབ་རུང་ མ་འཚོཔ་དང་ མ་བཞགཔ་མེད་ ས་ཆ་་འདི་ ག་ཅི་བཏབ་རུང་ འཚོ་འོང་ལགས།
  • ཀུན་བཟང་འཕྲིན་ལས་
    མ་པ་ ནཱ་ འ་ནཱེ་སྦེ་ ཞུ་ནིའི་ར་ གནམ་མེད་ས་མེད། འདི་བཟུམ་ འདིའི་སྐོར་ལས་ གནམ་མེད་ས་མེད་མིན་འདུག། ད་ལྟོ་གཡུས་ཚན་འདི་ཡང་ ཧེ་མ་ གནམ་མེད་ས་མེད་ གཡུས་ཚན་ཡང་མེད། གཡུས་ཡང་ ལེ་ཤ་སོང་ཡི། ལེ་ཤཱ་སོང་ཡི་ཟེར་རུང་ ད་རུང་ མི་རློབས་འདི་ཉུང་སུ་ཅིག་ཡོད་ལགས།
  • ཀུན་བཟང་འཕྲིན་ལས་
    ཕྲང་སྟེ་ར་ཞུ་ནི། མི་རློབས་འབད་བ་ཅིན་ ཨཔ་རེ་དང་ ཨམ་རེ་ ལ་ལུ་ཨང་རྒས་དང་ ཨ་རྒས་རེ་མ་གཏོགས་ ཨ་ལོ་ གཞོནམ་ཟེར་མི་ གནམ་མེད་ས་མེད་ འདི་བཟུམ་མཐོང་ནི་མེད་ ནཱ་ལུ། རེ་རེ་གཉིས་གཉིས་མ་གཏོགས་ཟེར་ ཞུ་ནི་ལགས། གནམ་མེད་ས་མེད་ མི་རློབས་ཉུང་སུ་ ཉུང་སུ་འགྱོ་དོ་ཡོད་ཟེར་ ཞུ་ནི་ལགས།
  • ཀུན་བཟང་འཕྲིན་ལས་
    མ་པ་ ས་ཆའི་སྐོར་ལས་ ཞུ་ནི་ཟེར་རུང་ ཞུ་ནི་འདི་ ལེ་ཤ་ཡོད། ད་རུང་ དུས་ཚོད་ གནམ་མེད་ས་མེད་མི་འོང་ཟེར་ ཞུ་དོ།
  • ཀུན་བཟང་འཕྲིན་ལས་
    དེ་ལས་ ད་རུང་ ང་བཅས་ཚུ་ ད་རེས་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ད་རེས་ དུས་ཚོད་བཟུམ་ཅི་ཞུ་བ་ཅིན་ ང་བཅས་ཚུ་འདི་ ནཱ་ལྷ་ཁང་ཅིག་བཞེངས་སྟེ་ དེ་སྦེ་སྡོད་དེ་ཡོད་ཟེར་ཞུ་ནི་ལགས།
  • ཀུན་བཟང་འཕྲིན་ལས་
    ལྷ་ཁང་འདི་ ག་ཅི་སྦེ་ཟེར་བ་ཅིན་ མ་པ་ལྷ་ཁང་འདི་ ང་བཅས་ར་གི་འདི་མེན། གཞུང་གིས་སྦེ་ གཞུང་གི་ སྐྱིད་སྡུག་གི་ཐོག་ལུ་ ཁ་འབགས་ཀྱིས་སྦེ་འབད་དེ་ ད་ལྟོ་ འདི་ནང་ན་གི་འདི ང་བཅས་ཀྱི་ བྲག་ལས་(རྩིགཔ)ཅིག་རྐྱབ་ས་གི་ འདི་བཟུམ་འབད་དེ་ སྡོད་དོ་ཡོད་ཟེར་ ཞུ་ནི་ལགས།
  • ཀུན་བཟང་འཕྲིན་ལས་
    དེ་ལས་ འ་ནཱི་ ལྷ་ཁང་གི་དོན་ལས་ ཨ་ཙི་ཅིག་ ལོ་རྒྱུས་ཐུང་ཀུ་ཅིག་ཞུ་བ་ཅིན་ ལྷ་ཁང་ཟེར་ སླབ་མི་འདི་ ཧེ་མ་ ནཱ་ལུ་མེན་ཟེར་ ཞུ་ནི་ལགས།
  • ཀུན་བཟང་འཕྲིན་ལས་
    ནཱ་ ལྷ་ཁང་འདི་ མར་བ་ལི་ གཡུས་འཇུག་ལུ་ བ་ལི་ཟེར་ས་ ཐང་ཡང་ གནམ་མེད་ས་མེད་ བདེ་ཏོག་ཏོ་ཡོད་ལགས། ཧེ་མ་ མཁོ་ཆེ་ཅིག་ འདི་ནང་སྡོད་ནུག། མཁོ་ཆེའི་ ཁྱིམ་རྫོང་ཡང་སྡོད་ནུག་ལགས།
  • ཀུན་བཟང་འཕྲིན་ལས་
    གནམ་མེད་ས་མེད་ ཤིང་ཡང་གནམ་མེད་མེད་ སྦོམ་སོང་། ཁྱིམ་རྫོང་ ཧ་ལམ་ ང་བཅས་འབད་བ་ཅིན་ མིའི་གཟུགས་དང་འདྲན་འདྲ་རྩིགས་པ་ཡང་ དེ་སྦེ་ས་ནང་ལུ་ སྤུབས་ཏེ་འདུག ཏེ་སེལ་ཏེ་ ཡར་ བུམ་ཐང་ལས་ བླམ་ བུམ་ཐང་ སྒོ་གླིང་ཁ་ཚ་ལས་ བླ་མ་བཅོག་ལ་ཟེར་ མི་ཅིག་སྡོད་ནུག་ལགས།
  • ཀུན་བཟང་འཕྲིན་ལས་
    ཁོ་ཞུ་ ཁོ་བྱོན་ཏེ་ འ་ནཱ་ལས་ ང་བཅས་ཀྱིས་ དེ་བསྒང་ལུ་ ང་བཅས་ གཡང་མ་ཤིང་པ་དང་ ཁེ་རེ་འབའ་རི་པ་ སྐྱེས་རུང་གཡུས་ཚན་གསུམ་རུབ་སྟེ་ མར་ བ་ལི་ཟེར་ས་ལུ་གཅིག་ ལྷ་ཁང་གི་ རྒྱ་ཚད་སྦོམ་འབད་བ་ཅིན་ དོམ་(འདོམ)གང་ བཅུ་གཅིག་ བཅུ་གཅིག་སྦེ་མི་ ཕར་གྲུབ་བཞི་ལགས།
  • ཀུན་བཟང་འཕྲིན་ལས་
    དེ་སྦེ་ བཅུ་གཅིག་པ་གྲུབ་བཞི་སྦེ་ འབད་དེ་བཞག་སྟེ་སྡོད་ཅི། ཀ་ཆེན་ཡང་ བཅུ་དྲུག་དེ་ཅིག་ཅི་་ཟེར་ ཞུ་ནི་ལགས། ཀ་ཆེན་བར་ན་བཞི་ ཕར་ཚུར་ ཆུང་ཀུ་ཆུང་ཀུ་འབདཝ་ད་ བཅུ་དྲུག་དེ་ཅི་ ཀ་ཆེན་ འདི་བཟུམ་ཅིག།
  • ཀུན་བཟང་འཕྲིན་ལས་
    ད་ འདིའི་ནང་རྟེན་འདི་ ག་ཅི་སྡོད་ཅི་ཟེར་ ཞུ་བ་ཅིན་ ནང་རྟེན་འདི་ ཡར་ བུམ་ཐང་ ཇོ་བོ་བྱམས་པ་དང་ དབྱེ་བ་མེདཔ་སྦེ་ ནཱ་ལུ་ བཞེངས་སྟེ་ནུག་ཟེར་ ཞུ་ནི་ལགས་གཙོ་བོ་དེ།
  • ཀུན་བཟང་འཕྲིན་ལས་
    བུམ་ཐང་ ཇོ་བོ་བྱམས་པ་འདི་ བཞེངས་མི་ཡང་ བླ་མ་ བཅོག་ལ་གིས་སྦེ་ ཡར་ག་ཅི་སླབ་ན་ གཞུང་ལས་ ཧེ་མ་འཇིམ་བཟོཔ་ དམ་ཆོས་ དམ་ཆོས་ཟེར་ ཞུཝ་དེས་ལགས།
  • ཀུན་བཟང་འཕྲིན་ལས་
    འ་ནཱི་ དམ་ཆོས་ར་ གནམ་མེད་ས་མེད་ ཁོ་སྦོམ་ཨིན་ཟེར་ ད་ལྟོ་ ང་བཅས་ཀྱི་འདི་ དེ་བསྒང་ཤེས་ཡང་ གནམ་མེད་ས་མེད་ཅིག་ མ་ཤེས་ལགས་ ཧ་མ་གོ།
  • ཀུན་བཟང་འཕྲིན་ལས་
    དམ་ཆོས་ཟེར་མི་དེ་གིས་ ཁོ་ར་ ཞུ་འབག་འོང་སྟེ་ ང་བཅས་རའི་ བླམ་བཅོག་ལ་གིས་ ཞུ་སྟེ་ ཁོ་གིས་སྦེ་ བཞེངས་སྟེ་ དེ་ལས་ ཏེ་ད་ གཙོ་བོ་འདི་ཡང་ ཇོ་བོ་བྱམས་པ་སྦེ་བཞེངས་ཏེ་ འདིའི་རྒྱབ་ལས་ ཨིན་ནི་འདི་ འ་ནཱི་ བླ་མ་འདི་ ཆོས་ལུགས་འདི་ ཀློང་ཆེན་རྙིང་ཐིག་ཨིན་པས་ཟེར་ ཞུ་ནི་ལགས། ཀློང་ཆེན་རྙིང་ཐིག་འབད་ནི་དེ་གིས།
  • ཀུན་བཟང་འཕྲིན་ལས་
    ཀློང་ཆེན་རྙིང་ཐིག་གི་ སྲུང་མ་ཚུ་བཞེངས། དེ་ལས་ ལོག་གཅིག་ལས་ ག་ཅི་སྨོ་ཟེར་བ་ཅིན་ ཆོས་ལོངས་སྤྲུལ་གསུམ་སྦེ་ བཞེངས་སྟེ་ དེ་སྦེ་སྡོད་ཅི་ཟེར་ ཞུ་ནི་ལགས།
  • ཀུན་བཟང་འཕྲིན་ལས་
    དེ་སྦེ་འབདཝ་ད་ ཨ་ཙི་རེ་ སྟབས་མ་བདེཝ་ ག་དེ་སྦེ་སོང་ཡི་ག་ བཟོཝ་ལུ་སྟབས་མ་བདེཝ་ཡོདཔ་ཨིན་ན་ ཡང་ན་ ང་བཅས་རའི་ བསོད་བདེ་བསོད་ནམས་ར་ ག་དེ་སྦེ་ཡོདཔ་ཨིན་ན་ འདི་དེ་ རལ་ཡར་སོང་ཡི་ཟེར་ ཞུ་ནི་ལགས།
  • ཀུན་བཟང་འཕྲིན་ལས་
    གྱངཁོག་ཐོན་སོང་ཡི་ གྱང་ཁོག་ཐོན་ཞིནམ་ལས་ ཐབས་མེད་པར་ ང་བཅས་ཚུ་ ད་ལྟོ་ ཡར་ལས་ རྫོང་བདག་ ང་བཅས་ དེ་བསྒང་ པདྨ་དགའ་ཚལ་མིན། བསམ་གྲུབ་ལྗོངས་མཁར་ རྫོང་ཁག་གི་དབང་སྡོད་ཅི། འ་ནཱི་རྫོང་བདག་དང་ འ་ནཱི་ སྤྱི་པི་ཟེར་སླབ་མས་མེན་ན་ ཁྲིམས་སྲུང་འགག་པའི་ གཙོ་འཛིན་ཚུ་བྱོན་ཏེ།
  • ཀུན་བཟང་འཕྲིན་ལས་
    ད་ མི་བཏུབ་པས། ཁྱོད་ཚུ་ ག་དེ་སྦེ་འབད་ནི་ཟེར་ དེ་ལས་འདི་ ཨིན་ཡང་གཡུས་ཀྱི་འཇུག་ལུ་ཨིན་མས། འདི་དེ་གྱང་ཁོག་ཡར་སོང་ནུག་ཟེར་ ག་ར་བསྟུན་གྲོས་སྦུག་ལུ་ བཙུགས་སྟེ་ བློ་སླབ་སྦེ་ དེ་ལས་ཏེ་ ཡར་བལྟ་འབག་ནི་སྦེ་ གཡང་མ་ཤིང་དང་།
  • ཀུན་བཟང་འཕྲིན་ལས་
    མར་གྱི་ ལྷ་ཁང་ ནམ་བཞེངས་ཅི་ག་ འདི་ཨ་ཙི་ཅིག་ བརྗེད་སྡོད་ནུག་ཟེར་ ཞུ་ནི་ཨིན་ལགས། མར་གྱི་ ལྷ་ཁང་འདི་ དུས་ནམ་བཞེངས་ཅི་ག་ཟེར་ གསུངས་པ་ཅིན་ གནམ་ལོ་༡༩༧༦ ལུ་ བཞེངས་ཡི་ལགས།
  • ཀུན་བཟང་འཕྲིན་ལས་
    ས་མོ་འབྲུག་ལོའི་ ལོ་ལུ་ འབྲུག་ལོ་ལུ་ དེ་ལས་འདི་ དེ་ལས་ ཨ་ཙི་ཅིག་ གོང་ལས་ཞུ་དོ་བཟུམ་སྦེ་ གྱངཁོག་ཐོན་སོངམ་ལས་ ང་བཅས་ཚུ་གིས་ བསྟུན་གྲོས་འབད་དེ་ ནཱ་ལས་ ཡར་ལུ་ གཡུས་སྦོག་ལོག་ཁར་ དྲག་ནི་ཨིན་པས་ཟེར་ མར་ ཨ་ཙི་ཅིག་ ས་འཇུག་ལུ་ཨིན་མས་ཟེར་ ནཱ་ལས་ ཆུ་གཅིག་ཡང་བརྒལ་འགྱོ་དགོ། སྐྱེས་རུང་ཆུ་ཟེར་མི།
  • ཀུན་བཟང་འཕྲིན་ལས་
    འདི་ནང་ སྟབས་མི་བདེ་ ལམ་རིངམ་འདུག་ ག་ཅི་འབད་རུང་ སྟབས་མི་བདེ་བའི་ཟེར་ མར་ར་བཞེངས་ནི་ཟེར་རུང་ ཨ་ཙི་ཅིག་ སྟབས་མ་བདེཝ་འདུག་ ས་ཆ་འདི་ སྐྱིད་ཏོང་ཏོ་ཡོད། ས་ཐང་སྦོམ་ཡོད། ཨིན་རུང་ ཨ་ཙི་ཅིག་ ལམ་རིང་བའི་ གནས་སྟངས་ཀྱི་ ཨ་ཙི་ཅིག་མ་སྒྲིགཔ་ལས།
  • ཀུན་བཟང་འཕྲིན་ལས་
    ཡར་ལུ་ བསྟུན་གྲོས་འབད་དེ་ ཡར་ལུ་བཀལ་ཏེ་ གནམ་ལོ་ ༡༩༨༡ ལུ་ ནཱ་ལུ་བཀལ་ཡི་ཟེར་ ཞུ་ནི་ལགས། གནམ་ལོ་ ༡༩༨༡ ལུ་ ནཱ་བཀལ་སྟེ་ བཞེངས་ཞིནམ་ལས་ དེ་ལས་ ལོ་དག་པ་ཅིག་སྡོད་དེ་ ན་ཧི་འདི་ ད་རུང་ར་ ང་བཅས་ཚུ་གིས་ ཨ་ཙི་ཅིག་ ལྷ་ཁང་འདི་ མཚན་ཉིན་དང་ལྡན་ཏོག་ཏོ་ཅིག་མིན་འདུག་ལགས།
  • ཀུན་བཟང་འཕྲིན་ལས་
    འ་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་ བཟོ་བཀོད་འདི་ ང་བཅས་རའི་ཁ བྱིམ་གྱི་ བཟོ་བཀོད་བཟུམ་ཅིག་ ལྷ་ཁང་གི་ བཟོ་བཀོད་བཟུམ་མེནམ་ཅིག་ཡོདཔ་ལས་ ཨ་ཙི་ཅིག་ སྟབས་མ་བདེཝ་ལས་ གཞུང་ལུ་གནང་བ་ཞུ་ གཞུང་གི་ཡང་ ཡ་བཏུབ་ ཏེ་ད་་ གསར་བཞེངས་སྦེ་ གནང་དེ་ཡར་ལས།
  • ཀུན་བཟང་འཕྲིན་ལས་
    འདི་ཡང་གཞུང་གིས་སྦེ་ མ་དངུལ་འདི་ གཞུང་གིས་གནང་སྟེ་ ཏེ་ད་ ཁ་འབགས་ཀྱི་ མི་གིས་ ལཱ་འབད་དེ་ འབད་བའི་བསྒང་ར་ཡོད། ནང་ན་གི་འདི་ ང་བཅས་ཚུ་གིས་ འབད་དོ་ཟེར་ཞུ་ནི་ལགས། འདི་འབད་དགོ་པའི་དོན་དག་འདི་ མ་གཞི་ ཨ་ནཱི་ ཁོང་གི་ མེདཔ་དང་དྲོ་ཡིང་(པར་དང་བཟོ་བཀོད) ཟེར་ཡང་ སླབ་མས་སྨོ་ལགས? འདིའི་ནང་ན་འདི་ ནང་ན་ ཨེན་ཊ་འཐིང་ནིའི་འདུག་ལགས།
  • ཀུན་བཟང་འཕྲིན་ལས་
    ཨེན་ཊ་འཐིང་ནི་ཡོདཔ་ལས་ ང་བཅས་ཚུ་གིས་ ཨ་ཙི་ཅིག་ ས་འདི་ ཐུང་སོང་ནུག་ཟེར་ འདི་ལས་ཡར་བལྟ་ ཚ་རྡིག་རྡིག་སྦེ་དྲོད་ལང་སྟེ་ ཨེན་ཊ་གི་ གནམ་མེད་ས་མེད་ ཤུལ་ལས་ ཡུན་རིངམ་སྦེ་ མི་སྡོདཔ་འོང་ རུལ་འོང་ཟེར་ ག་ཅི་སྦེ་ཟེར་བ་ཅིན།
  • ཀུན་བཟང་འཕྲིན་ལས་
    ལྟག་ལས་ བྲག་ལ་རྩིགཔ་ཅིག་རྐྱབ་བཞག་པ་ཅིན་ སྟབས་བདེ་ནི་མས་ཟེར་འབདཝ་ད་ ཁོ་ སྦྱིན་བདག་གིས་ཡང་ ལྷ་ཁང་བཞེངས་མི་ སྦྱིན་བདག་གིས་ཡང་ ཁྱེད་ཚུ་སྟབས་བདེཝ་བཟོ་ ཁྱེད་ཚུ་སྟབས་བདེ་བ་ཅིན་བཏུབ་ ཡར་མར་སྦེ་ རྒཔོ་དང་དྲུང་པ་ལ་སོགས་པ་ཚུ་ལུ་ ཞུ་སྟེ་ དེ་སྦེ་འབད་ཟེར་ ཁོ་གིས་ སླབ་ལས་ ང་བཅས་ཀྱིས་ རྒེད་འོག་ལུ་ཞུ།
  • ཀུན་བཟང་འཕྲིན་ལས་
    ཚོགས་པ་དང་ ང་བཅས་ ག་ར་རུབ་སྟེ་ དེ་སྦེ་ དེ་ལས་ རྒཔོ་ལུ་ཞུ་ རྒེད་འོག་གིས་ ཕར་ཚུར་འབད་དེ་ གནང་བ་གྲུབ་ཞིནམ་ལས་འདི་ ད་ལྟོ་འབད་བའི་བསྒང་ཡོད་ཟེར་ཨིན་ལགས།
  • ཀུན་བཟང་འཕྲིན་ལས་
    མ་པ་ འདི་འབད་དགོ་མི་དེ་ གཞན་ན་ཧིང་བཟུམ་ཅིག་ ད་ལྟོ་འདི་ དུས་ཚོད་ ཨ་ཙི་ཅིག་ ཕྱི་མི་འདི་ ག་ཅི་སྦེ་ཟེར་བ་ཅིན་ གནང་བ་ ཨ་ཙི་རེ་ མ་ལྷོད་པར་ ལུས་སྟེ་ དེ་སྦེ་ཕྱི་སོང་ཡི་ལགས།
  • ཀུན་བཟང་འཕྲིན་ལས་
    དེ་ལས་ ཏེ་ད་ འ་ནཱི་ མགྱོགས་པར་མགྱོགས་པར་ ད་རེས་ ཚབ་ཚབ་ཡོད་ལགས། ཚབ་ཚབ་འབད་དགོ་མི་ ཁུངས་ག་ཅི་སྨོ་ཟེར་ ཞུ་བ་ཅིན། ང་བཅས་རའི་ འཇམ་དབྱངས་རྫོང་གསར་མཁྱེན་རྩེ་རིན་པོ་ཆེ་ ངང་ལམ་ལུ་ ཞུ་དོ་ལགས།
  • ཀུན་བཟང་འཕྲིན་ལས་
    ངང་ལམ་ལུ་ ཞུ་བའི་གཞོར་ཁ་ ང་བཅས་རའི་ ནཱ་ལུ་ཡང་ ས་ཞིང་ བྱིན་གྱི་རླབས་ནིའི་ཅིག་ཡོད་པ་ཅིན་ཟེར་ དད་པ་མོས་གུས་བསྐྱེད་དེ་ག་ར་ ཏེ་ད་་ ཚོགས་པ་དང་ ང་བཅས་གཉིས་ཀྱིས་ འགོ་འདྲེན་ཐབས་སྟེ་ མི་སེར་དམངས་ལུ་ བསྟུན་གྲོས་འཚོལ་བལྟཝ་ད་ལུ་ ཨའུ་ ལེགས་ཤོམ་ཨིན་མས། འ་ནཱི་འདི་ཟེར་ ཁོང་ཚུ་གིས་ཡང་ ཁས་བླངས་ཏེ།
  • ཀུན་བཟང་འཕྲིན་ལས་
    དེ་ལས་ འདི་ལས་ དེ་འཇམ་དབྱངས་མཁྱེན་རྩེ་རིན་པོ་ཆེ་ཡང་ ནཱ་ལུ་ ཞུ་ནི་སྦེ འཇམ་དབྱངས་མཁྱེན་རྩེ་རིན་པོ་ཆེ་ ནཱ་ལུ་ཞུ་ནི་འབདཝ་ད་ ས་སྒོ་བཟུམ་ ཆུང་ཀུ་ཅིག་དགོ་སྦེ་ཟེར་ ལྷ་ཁང་ཆུང་ཀུ་ཅིག་ ཧེ་མའི་ཡོད་མི་འདི་ ཨ་ཙི་རེ་ སྟབས་མ་བདེཝ་བར་སོང་ཡི།
  • ཀུན་བཟང་འཕྲིན་ལས་
    དེ་སྦེ་ནི་འདི་གིས་ ད་ལྟོ་ ནཱ་ལུ་འདི་ བསྒྲུབ་མ་ཚུགས་ གནས་སྐབས་ཅིག་ ག་ཅི་ར་ཨིན་རུང་ འདི་ནང་ལུ་ རྩིགཔ་ཅིག་རྐྱབ་ཞིནམ་ལས་མ་ གནས་སྐབས་ཅིག་ འདིསྟབས་བདེ་ནི་མས་ཟེར་ བསྟུན་གྲོས་འབད་དེ་ ད་ལྟོ་ ལཱ་བརྩོན་ཤུགས་བསྐྱེད་པའི་བསྒང་ཡོད་ཟེར་ ཞུ་ནི་ལགས།
  • ཀུན་བཟང་འཕྲིན་ལས་
    ད་ལྟོ་ ལྷ་ཁང་གི་ཐད་ཁར་ལྷོདཔ་ད་ དེམ་ཅི་ཨིན། མ་པ་ ང་འདི་ ག་ཅི་སྨོ་ཟེར་བ་ཅིན་ ད་རུང་ མ་གཞི་ ངེ་གི་ ངོ་སྤྲོད་དེ་ ཨ་ཙི་ཅིག་ ཧེ་མ་ལས་ར་ དཔྱད་རི་མ་བཏང་པས་ཟེར་ཞུ་ནི་ཨིན། དགོངས་མ་ཁྲེལ་ལགས། ང་གི་མིང་ ཀུན་བཟང་འཕྲིན་ལས་ཟེར་ ཞུ་ནི་ལགས།
  • ཀུན་བཟང་འཕྲིན་ལས་
    ང་ ནཱ་གི་ ད་ལྟོ་ ག་ཅི་སྨོ་ཟེར་བ་ཅིན་ ནཱ་གི་ ཁོང་ཚུ་གི་ མི་སེར་དམངས་ཀྱི་ ཆོས་ཀྱི་གཙོ་འཛིན་ཅིག་སྦེ་ ཕྱག་ཕྱིད་ཞུ་དོ་ལགས། མ་པ་ ང་རའི་ སྐོར་ལས་ གནམ་མེད་ས་མེད་ གནས་ཚུལ་ གནམ་མེད་ས་མེད་ ཞུ་དགོཔ་མིན་འདུག་ ཐུང་ཀུ་ཅིག་ ཞུ་བ་ཅིན་ ང་ཡང་ ཆུང་ཀུ་བསྒང་ལས་ ང་ནཱ་ལས་མེན་ལགས། ང་ཤེམ་ཤེམ་ལས་ཨིན་ལགས།
  • ཀུན་བཟང་འཕྲིན་ལས་
    ང་ ནཱ་ལུ་ གནམ་ལོ་ སྤྱི་ལོ་འདི་ གནམ་མེ་ས་མེད་ དེམ་ཅི་ དཔྱད་རིག་མིན་འདུག་ གནམ་ལོ་འབད་བ་ཅིན་ ང་བཅས་རའི་ ལོ་ནང་ ང་ཆུང་ཀུའི་བསྒང་ རྟའི་ཟེར་བའི་ དཔྱད་རིག་འདུག་ལགས།
  • ཀུན་བཟང་འཕྲིན་ལས་
    རྟའི་ཟེརཝ་ད་ ཧེ་མའི་ ང་བཅས་རའི་ སྐྱིད་སྡུག་བློན་པོ་ གཏམ་ཞིང་རྒྱ་གར་ཟེར་ ཞུ་དེས་ལགས། འདི་དེ་ སྐྱིད་སྡུག་བློན་པོ་སྦེ་ བཞུགས་པའི་བསྒང་ ས་འདི་ཕར་ཚུར་ བཟོ་བའི་བསྒང་ ཕར་ཚུར་སྦེ་ ཚུད་སོང་ཡི་ལགས།
  • ཀུན་བཟང་འཕྲིན་ལས་
    ཕར་ཚུར་སྦེ་ཚུད་སོང་བའི་སྐབས་ ང་འདི་ ནཱ་ལུ་ དེ་བསྒང་ དུས་སྐབས་ ས་འདི་ ནཱ་ལས་ཚོད་དེ་ ནཱ་ལས་ཐོབ་སྟེ་ ནཱ་ལུ་ གཞི་དེ་སྦེ་ ཆགས་ཅི་ཟེར་ ཞུ་ནི་ལགས།
  • ཀུན་བཟང་འཕྲིན་ལས་
    ངེ་གི་ གནས་ཚུལ་འདི་ ད་རུང་ མདོར་བསྡུ་ཅིག་ཞུ་བ་ཅིན་ ང་འདི་ ཧེ་མ་ ཤེམ་ཤེམ་ལུ་ སྡོད་པའི་སྐབས་ ཤེམ་ཤེམ་ལུ་ ངེ་གི་ མེ་མེ་སློབ་དཔོན་ དགེ་སློང་ཅིག་སྡོད་ཡི་ལགས།
  • ཀུན་བཟང་འཕྲིན་ལས་
    དགེ་བཤེས་ཟེར་རུང་ དེ་སྦེ་ཞུ་དེས་ལགས། ག་ཅི་སྦེ་ཟེར་བ་ཅིན་ ཁོ་གི་ བླམ་འདི་ ད་ལྟོའི་ རྗེ་མཁན་པོའི་ སྐུ་ཚེ་གོངམ་ དགེ་བཤེས་ པདྨ་ཚེ་རིང་ཟེར་ ཞུ་དེས་སྨོ་ལགས།
  • ཀུན་བཟང་འཕྲིན་ལས་
    དགེ་བཤེས་པདྨ་ཚེ་རིང་གི་ སློབ་མ་ཨིན་ལགས། སློབ་མ་ ཨ་ནཱི་ སློབ་དཔོན་ ཚུལ་ཁྲིམས་རྒྱལ་མཚན་ཟེར་ ཞུ་དེས་ལགས། དགེ་སློང་ཨིན་ལགས།
  • ཀུན་བཟང་འཕྲིན་ལས་
    དེ་ལས་ དཔེ་ཆ་འདི་ འབྲི་ཀློག་ ཕར་ལས་སྦྱངས་ཏེ་ ག་ནི་ཡང་ ཨ་ཙི་རེ་ མཚམས་སྒྲུབ་པ་ཡང་ ཨ་ཙི་རེ་ ཕར་ལས་སྦེ་ ད་འདི་བཟུམ་སྦེ་ སྡོད་སྡོདཔ་ཨིན་ལགས།
  • ཀུན་བཟང་འཕྲིན་ལས་
    འདི་ལས་ མར་བལྟ་ ཕར་ཚུར་སྦེ་ ད་རུང་ ནཱ་ལྷོད་ཞིནམ་ལས་ ཁོང་ཚུ་གིས་ ཧེ་མ་ལས་ ཁོང་ཚུ་གིས་ སྒོམ་ཆེན་གྱི་གྲངས་སུ་སྦེ་ འདི་ལས་དེ་ དབུ་མཛད་གྲངས་སུ་སྦེ་ དེ་ལས་ འཚོ་བའི་སློབ་དཔོན་སྦེ་འབད་དེ་ ད་ལྟོ་འདི་ ནཱ་གི་ གཙོ་འཛིན་གྱི་ གོ་གནས་འབག་སྟེ་སྡོད་དེ་ཡོད། ཤེས་རུང་མ་ཤེས་རུང་ཟེར་ ཞུ་ནི་ལགས།
  • ཀུན་བཟང་འཕྲིན་ལས་
    ང་གིས་ གནམ་མེད་ས་མེད་འདི་ མི་ཤེས། ཨིན་རུང་ མི་སེར་གྱི་ ནཱ་ལུ་ དཔེ་འབད་བ་ཅིན་ ང་བཅས་ཀྱི་ འཇིག་རྟེན་པའི་ཁ་ སྐད་ཅིག་སླབ་ནི་འདུག་ ང་བཅས་ ནཱ་གི་ མི་སེར་གྱི་ གཞན་ལུ་ སླབ་ཨིན་ན་ མ་སླབ་ཨིན་ན་ མ་ཤེས་ལགས།
  • ཀུན་བཟང་འཕྲིན་ལས་
    ཏེ་ག་ཅི་སླབ་ན་ བྱི་ལི་མེད་ས་ལུ་ བྱི་ཙི་གིས་དཔོན་འབད་འོང་ཟེར་བའི་ བྱི་ཙི་གིས་ བྱི་ཙི་གིས་ དཔོན་འབད་འོང་ཟེར་བའི་ འ་ནཱི་ བཟུམ་ཅིག་ཨིན་ལགས། ཤེསཔ་མི་མེད་སར་ མ་ཤེས་མི་གིས་ ཤུགས་ཐོན་ཏེ་ འདི་བཟུམ་དབང་བཙོང་སྟེ་ སྡོད་འོང་ཟེར་བའི་ འདི་བཟུམ་ཅི་ ད་ལྟོ་ ང་གིས་ དེ་སྦེ་སྡོད་དེ་ཡོད་ཟེར་ ཞུ་ནི་ལགས།
  • ཀུན་བཟང་འཕྲིན་ལས་
    འདི་ཡང་ མ་འབད་བར་ ཐབས་མེད་ཅིག་ འགྱོ་དོ་བཟུམ་ཅི་ སོང་སྟེ་ཡོད་ལགས། མེད་ལགས་ ཧེ་མའི་སྐུ་བགྲེས་ཡོད་མི་ཚུ་འདི་ ག་ར་ གཤགས་ཚར་ཡི། མ་འབད་བ་ཐབས་མེད་པར་ རང་གུ་ ཕོག་ཐོན་འོང་མི་འདི་ འབད་དགོ་ཐོན་སོངཔ་ལས་ ད་ལྟོ་ དེམ་ཅི་འབད་དེ་སྡོད་དོ་ཟེར་ ཞུ་ནི་ལགས
  • ཀུན་བཟང་འཕྲིན་ལས་
    ལགས་སོ་ལགས་ བཀའ་དྲིན་ཆེ།