Skip to main content Skip to search
27 Aug 2018
12 min 7 sec
Video Overview
Creators: 
Sonam Chophel
Transcript search
No results found for this search
0 of 0
  • ཀརྨ་དངོས་གྲུབ
    ང་ཧེ་མ་དེམ་འབད་སྡོད་ཡི་ཧེ་མ་འབོད་ཚབ་སྦེ་ཨིན་ལགས་ འབོད་ཚབ་སྦེ་ཏེ་ནཱ་ང་བཅས་ཨ་པ་ཧེ་མ་འབོད་ཨིན་མས་པ་འབོད་ཚབ་སྦེ་ང་བཅས་འབོད་ཚབ་དེ་བསྒང་འབདན་ཏེ་ འབོད་ཚབ་འགྱོ་དགོ་པས་པ།
  • ཀརྨ་དངོས་གྲུབ
    འབོད་ཚབ་སྦེ་སྡོད་སྡོདཔ་པ་ར་ཏེ་ང་བཅས་ཕར་སྟང་ལས་མར་ཕྱད་མདའ་ཐོན་ཕྱད་མདའ་ཐོན་པའི་བསྒང་ལས་ང་བཅས་འབོད་སྒར་གཏོགས་སྒར་གཏོགས་ཆ་ཁྱབ་ཨིན་རུང་མེན་རུང་མར་དམག་མི་གྲངས་སུ་འགྱོ་དགོ་ཟེར་བའི་ཤུལན།
  • ཀརྨ་དངོས་གྲུབ
    ཕོ་ཡོད་དོ་རྣམས་དང་ང་བཅས་སྒར་གཏོགས་དམག་མི་ཝ་ཀྲུ་དེ་བསྒང་ཏེ་ དེ་བསྒང་གི་དམག་མི་ཚུ་ཝ་ཀྲུ་ཟེར་སླབ་འབད་དོ་པ་ལགས་ ང་བཅས་ཀྱིས་ འ་ནཱི་ཚུ་ཏེ་ག་ར་ཕར་ལྟ་ཝང་འགྱོ་དགོཔ་སྦེ་ང་བཅས་དཔལ་ལ་ཕར་བཅད་དེ་ཡར་བུམ་ཐང་བྱ་དཀར་སྤུངས།
  • ཀརྨ་དངོས་གྲུབ
    ཏེ་ད་ཁོང་ནཱ་དཔལ་ལ་ཚུར་བཅད་དེ་དགྲ་འདུལ་དམག་ཁང་སྤུངས་ཏེ་འ་ནཱི་ནམ་དུས་ནང་གནམ་ལོ་འདི་ད་གནམ་ལོ་འདི་སྦུག་ལུ་འཚམས་ཅིག་ཨིན་མས་ཏེ་ད་ང་གིས་གཏན་གཏན་ཅིག་ཞུ་ནི་མིན་འདུག
  • ཀརྨ་དངོས་གྲུབ
    ཏེ་འ་ནཱི་བསྒང་ཏེ་ ང་བཅས་ཕར་དེམ་སྦེ་ང་བཅས་ནཱ་ལས་ཕར་སྦེ་ཏེ་བུམ་ཐང་ལས་སྦེ་ཏེ་དེམ་འབད་སོང་ཏེ་ཕར་ཞག་གཅིག་གླིང་མི་ཐང་སོང་གླིང་མི་ཐང་ལས་ཕར་ང་བཅས་ཕར་ལྟ་ཝང་སོང་དེ་བསྒང་འདི་ད་ནཱ་དྲགོས་གོང་བློན་བུ་བདེ་དག་གོངམ་སྦེ་སྡོད་ནུག་བ།
  • ཀརྨ་དངོས་གྲུབ
    ཝང་དང་ཤར་གྱི་གོང་བློན་སྡེ་བདག་གོངམ་དེ་ལསན་ཏེ་བུམ་ཐང་ལྷོདཔ་ད་ སྤྱི་དཔོན་ཐོབ་ནུག་ཁོ་གོ་ས་དེ་ལསན་ནཱ་ལས་ཕར་འགྱོ་བའི་འགྱོ་བའི་ཏེ་དེ་ལསན་ཏེ་ཁོ་ལོག་འབད་བའི་བསྒང་ལསན་ཁོ་ང་བཅས་འ་ནཱེ་སྡོད་སྡོད་པ་ར་ཏེ་དེམ་ལོ་ཡང་ཁོ་ང་བཅས་བ་ ཁོ་རྒས་པས་པ་ཏེ་རོགས།
  • ཀརྨ་དངོས་གྲུབ
    ཏེ་འ་ནཱེ་འབད་ཞིནམ་ན་དེ་ལསན་ཏེ་ཕར་ལས་ང་བཅས་ཀྱི་དམག་དཔོན་འདི་ག་སྨོ་ཟེར་བ་ཅིན་དྲགོས་ལམ་དཔོན་མས་ལགས་འ་ནཱི་བསྒང་དྲགོས་ལམ་དཔོན་དྲགོས་ལམ་བཤགས་སོང་ཡི་པ་སྨོ་ལགས་ད་མེད་པ་ཏེ་ཁོ་མས་ཏེ་ཁོ་མགུ་བདག་འདི་ཁོ་ཨིན།
  • ཀརྨ་དངོས་གྲུབ
    ཏེ་ཕར་གླིང་མི་ཐང་ལྷོད་ ཕྱི་གསལ་རྐྱབ་འབདཝ་ད་ལུ་ང་བཅས་ཡུདཔ་ཅིག་མི་བཅོ་ལྔ་དེ་ཅིག་ཏེ་ཡར་ལྟ་ཝང་འགྱོ་མིའི་གྲངས་སུ་ཚུད་སོང་ཡི་ལྟ་ཝང་་་་་ཏེ་ད་ལྕང་གླིང་མི་ཐང་གླིང་ཕར་ཤར་ཕྱོགས་གླིང་མི་ཐང་ལྷོདཔ་ད་ལུ་དམག་མི་ཡུདཔ་ཅིག་གཅིག་སྟོང་ཕྲག་ཡུདཔ་ཅིག་སུམ་བཅུ་ཡང་ཡོད་ནི་མས་ལགས།
  • ཀརྨ་དངོས་གྲུབ
    སྒར་གཏོགས་དང་དམག་མི་ག་ར་ཆརཔ་ད་ག་ར་འབདཝ་ད་གནམ་མེད་ས་མེད་ཡོད་འ་ཕི་ནང་དེ་ ང་བཅས་ཏེ་ལོག་ང་བཅས་བཙག་འཐུ་རྐྱབ་ཕར་ལྟ་ཝང་འགྱོ་མི་ང་བཅས་གཞོན་སྐྱེས་ཙང་ཙ་ག་ར་བཙག་འཐུ་རྐྱབ་ད་ལུ་ཏེ་གྱངས་ཁ་འདི་སྟོང་ཕྲག་ག་དེམ་ཅིག་ཡོད་པ་མ་ཤེས་ནཱ་ལས་འགྱོ་ཡར་མོང་སྒར་ལྷོད།
  • ཀརྨ་དངོས་གྲུབ
    མོང་སྒར་ལུ་ཤ་བདའ་ཏེ་ཡེ་ན་མཛར་ཅུང་བཏང་དེ་ལསན་ཏེ་ད་རུང་ཉིནམ་གཅིག་ངལ་འཚོ་སྡོད་སྦེ་ད་རུང་ཡར་ལས་མར་ཏེ་ད་རོགས་རྒྱ་མི་ལོག་ཡར་སོང་ཡི་ཟེར་ད་ཏེ་དམག་འདི་འཇོམས་སོ་ཡི་ཟེར་ཏེ་འ་ནཱེ་སྦེ་གོ་བཞིནམ་ན་ཏེ་ང་བཅས་ལ་ལུ་ལོག་བཏངམ་མས་ལགས།
  • ཀརྨ་དངོས་གྲུབ
    དེ་ལས་ད་རུང་ ནཱ་ལས་བཙག་འཐུ་རྐྱབ་ད་ ད་རུང་ང་བཅས་ཡར་འགྱོ་མི་གྲངས་སུ་ཚུད་ང་བཅས་མི་དམག་མི་ང་བཅས་བུཚ་གཞོན་སྐྱེས་ཡུདཔ་ཅིག་ཁལ་གཅིག་དེམ་ཅིག་ཚུད་ཅིག
  • ཀརྨ་དངོས་གྲུབ
    ཏེ་ཁལ་གཅིག་ཟེར་ར་ང་བཅས་མི་བཅོ་ལྔ་ར་མས་ལགས་འགྱོ་རནམ་ད་ཏེ་འ་ནཱི་དྲགོས་ལམ་དཔོན་ཕྱག་ཞུ་འགྱོ་ཡར་ལྟ་ཝང་འགྱོ་ལྟ་ཝང་ལས་སྦེ་ལོག་འབདཝ་ད་ཏེ་འ་ནཱེ་སྦེ་ཏེ་ཕར་ལས་ལོག་ལྷོདཔ་ཅིན་ལོག་ལྷོདཔ་ཅིན་དེ་ལསན་ཏེ་ལོག་ དམག་རྩེ་ཡེ་ཤེས་དང་ ལུམ་ཟམ་ལས་མེད་ དེ་ལསན་ཏེ་ང་ལོག་མར་ དེད་གཡོགཔ་ནང་ཡར་སོང་ཡི་ལགས།
  • ཀརྨ་དངོས་གྲུབ
    ནཱ་གླིང་མི་ནང་ལྷོད་སྤ་གླིང་མི་ཐང་དཀའ་བོ་སྤྱད་པའི་ ལོ་རྒྱུས་སླབ་ག་ཅིག་འབད་བ་ཏེ་ལྟོགསཔ་ཞག་བདུན་བདུན་རེ་སྡོད་ཡི་ལགས་ དེ་བསྒང་འ་ཕི་ནང་དམག་མི་མང་ཧིང་རྫོགསཔ་ཅིག་དེ་བསྒང་ད་རེས་ཨེང་་ཕར་ག་ཅི་ལོ་ལགས་ཨ་ནཱི་ཐང་གཅིག་འདུག་མེན་ན་ང་བཅས་ར་ཕར།
  • ཀརྨ་དངོས་གྲུབ
    ག་ཅི་སླབ་སྨོ་ ད་རེས་འཛིང་ཐོན་ཏེ་ར་སྡོད་མི་ཐང་འདི་ག་ཅི་ཟེར་བའི་ན་རྒྱལ་པོ་ཞིང་དེ་བསྒང་འ་ཕི་ན་གནམ་གྲུ་མར་ལས་ཡར་ལྟོ་རྒྱགས་བཀོ་ས་འདི་འ་ཕི་ནང་ཨིན་ལགས་རྒྱལ་པོ་ཞིང་ལ་ལུ་ཕར་སྤང་ན་བཀོ་ལ་ལུ་ཆུ་ནང་བཀོ་ ལ་ལུ་ཤིང་ཐོག་ཁར་བཀོ་འབད་སྦེ་གནམ་གྲུ་སྦོམ་འདི་གིས་ འ་ཕི་ནཱ་ལྟོ་རྒྱགས་འདི་ཨ་ཕར་བཀལ་ཡི།
  • ཀརྨ་དངོས་གྲུབ
    དེ་བསྒང་ལྟོ་རྒྱགས་འབག་ནི་མེད་པ་པ་ཧབ་ཐེངས་(བདུན་ཕྲག་)ཧབ་ཐེངས་རེ་ལྟོགསཔ་ལྟོགསཔ་ལུས་ཡར་མི་གནག་པོའི་གཡུས་ཁ་ལས་ཕར་སོང་གེ་ཟ་ཕྱེདཔ་རེ་ཏི་རུ་ལྔ་ལྔ་རེ་སྤྲོད་དགོ་པས།
  • ཀརྨ་དངོས་གྲུབ
    དེ་བསྒང་ལྟོ་ལོབ་(དངུལ་ཕོགས་)ཟེར་རུང་ ག་ཅི་ཟེར་རུང་ ཏི་རུ་བཅུ་ཐམ་ར་མས་ལགས་ ང་བཅས་ལུ་ཏེ་ལྟོ་འདི་ཨེཧ་་་་ལྟོགསཔ་ལུས་དེ་ལསན་ཏེ་བཞེས་སྒོ་རྡིག་ དེ་བསྒང་ང་བཅས་དམག་དམག་ཁང་ནང་ལུ་ག་ཅི་ཡང་མིན་འདུག་ལགས།
  • ཀརྨ་དངོས་གྲུབ
    ག་ནཱི་ཡང་མིན་ནུག་ཟོམ་མས་ལགས་ཟོམ་ ཕར་ས་སྣུམ་གྱི་ཟོམ་འདུག་སྦོ་ལགས་འ་ཕར་འ་ཕི་ནང་ས་སྣུམ་གྱི་ཟོམ་ནང་ཏེ་ ཏེ་ད་ནགས་སྐྱེས་དེ་ལསན་རི་ཁ་ལས་ཨ་ནཱི་འདམ་རུ་སྤ་ཚར་འ་ནཱི་ཚུ་རྫམ་ཕག་ལྟོ་བཟུམ་སྦེ་རྫམ་པའི་ཤུལ་ལུ་བཙོ་འབད་བའི་ཤུལ་ལུ་དེ་ཏེ་འ་ནཱི་སྦེ་བཙོ།
  • ཀརྨ་དངོས་གྲུབ
    འབད་བའི་ཤུལན་ འདི་ཏེ་ཏེ་འ་ནཱེ་སྦེ་བཙོ་ འདི་ནང་ཏེ་ད་ཚོ་ཏོ་འདི་ མར་ཀྲིན་ཅིག་བླུགས་འབད་བའི་བསྒང་ལསན་ཧོ་ཏོང་ཏོ་མས་དེ་ལས་བཀྱག་ཅིག་ཡང་ཐོན།
  • ཀརྨ་དངོས་གྲུབ
    འདི་གི་ཡ་་དམག་མི་ཚུ་ ཆབ་གསང་བཤའ་འ་ནཱེ་སྦེ་ གནམ་མེད་ས་མེད་ཨིན་མས་ལགས་འ་ནཱེ་བསྒང་དཀའ་ངལ་ འདུག་ང་བཅས་རྒྱལ་ཁབ་ནང་དེ་བསྒང་དེ་བསྒང་གནམ་མེད་ས་མེད་དཀའ་ངལ་འདུག
  • ཀརྨ་དངོས་གྲུབ
    དེ་ལསན་ ནཱ་ལས་འབད་ཞིནམ་ན་ལས་ཏེ་ ང་མར་ཕུན་ཚོགས་གླིང་སོང་ཕུན་ཚོགས་གླིང་ལས་སྦེ་ལོག་ཡར་དེམ་འབད་སྦེ་ཏེ་ཨེང་་་ལོག་ཕར་ལྕང་མཇུག་ཚུད་སོང་ཡི་ལགས་ང་ཧེ་མ་དེད་གཡོགཔ་སྦེ་སྡོད་ཡི།
  • ཀརྨ་དངོས་གྲུབ
    དེད་གཡོགཔ་ནང་ལས་ ད་རུང་ཏེ་ དྲགོས་བློན་ཆེན་དཀྲོངམ་ད་ ང་མར་སྡོད་ཡི་བ་ལགས་ཕུན་ཚོགས་གླིང་ཕུན་ཚོགས་གླིང་ལས་ སྐུ་ཕུང་འབག་ཡར་ཐིམ་ཕུག་བཀལ་དེ་བསྒང་ཐིམ་ཕུག་གཱ་རི་ཡང་ཏེ་ རོ་ཡར་བཀལ།
  • ཀརྨ་དངོས་གྲུབ
    དེ་ལས་ཏེ་འ་ནཱི་བསྒང་ང་བཅས་དེ་ལསན་ལོག་དམག་མི་ཚུ་ཏེ་དམག་མི་ཚུ་ད་རུང་མར་ལས་འབད་སྦེ་ཏེ་ཕར་ལྕང་མཇུག་ལྷོད་ ལྕང་མཇུག་ལས་སྦེ་དེ་བསྒང་ཨ་པ་རྡོ་རྡོ་ཟེར་མི་གཅིག་འདུག་ལགས་ རྒྱ་གར་ ཏེ་འ་ནཱི་བསྒང་ཏེ་ང་བཅས་དཔོན་འདི་ང་བཅས་དཔོན་འདི་ ད་ལོག་འ་ནཱི་བསྒང་མཇལཝ་མས་ལགས།
  • ཀརྨ་དངོས་གྲུབ
    མར་ད་རེས་རྒྱལ་ཚབ་འདི་དེ་ལས་ཨ་ཕར་སྡོད་སྡོད་པར་ ཁོང་ཕར་བྱོན་འབདཝ་ད་ཏེ་ཤོག་ཟེར་གསུངས་འདི་གིས་ཏེ་མར་ལས་ཕར་སྦེ་ཕར་གཞལམ་སྒང་བྱོན་ཏེ་མས་དཔོན་བྱོན་ནུག་ཏེ་ང་ཕར་ཆུ་ཀྲི་(ངལ་འཚོ་)འབད་གཞལམ་སྒང་སྡོད་སྡོདཔ་ཨིན་ལགས།
  • ཀརྨ་དངོས་གྲུབ
    གཞལམ་སྒང་སྡོད་ཏེ་ ཆ་རོགས་ཚུ་འོང་འབད་སྦེ་ཏེ་ད་ད་ཕྱག་ཞུ་སྡོད་ཟེར་བཀའ་གནང་ཏེ་ཕྱག་ཞུ་སྡོད་ཡི་ཏེ་ཕྱག་ཞུ་སྡོད་དེ་ལསན་འབདན་ཏེ་ ཕར་སྤ་རོ་ལོག་ཕར་མ་སྡོད་ལགས་ཕར་ལུ་དེ་ལསན་ཏེ་ནཱ་ལུང་བསྟན་ཕུག་རྒྱལ་ཚབ་ད་རེས་སྤ་རོ་དཔོན་སློབ་དང་དེ་ལས་དམག་མི་འགུཔ་ད་སྦེ་བཞུགསཔ་ད་ལུ་ཏེ་འ་ནཱ་ཕྱག་ཞུ་སྡོད་ཡི།
  • ཀརྨ་དངོས་གྲུབ
    ཏེ་རྒྱལ་ཚབ་འདི་ ཏེ་ད་རོགས་ཏེ་གནམ་མེད་ས་མེད་ཏེ་གནམ་གནམ་མེད་ས་མེད་ག་ཅི་གནམ་མེད་ས་མེད་ལགས་ག་ནི་ཡང་རོགས་གནམ་མེད་ས་མེད་ཉམ་ཆུང་ཏོག་ཏོ་ ད་དཔོན་གྱི་ཉམས་ག་ནི་ཡང་མེད་ཏེ་མི་སེར་ལུ་སྐྱིད་སྡུག་ག་ནི་བ་དེམ་སྦེ་དེ་ལསན་ཏེ་རོགས་ཁོ་ར་གནམ་མེད་ས་མེད་དམག་མི་ལུ་སྐྱིད་སྡུག་གན་ག་ཅི་དེ་ལེགས་ཤོམ་ཡོད།
  • ཀརྨ་དངོས་གྲུབ
    ད་ལསན་ཏེ་ད་དེ་ལས་ང་བཅས་འ་ནཱ་སྡོད་སྡོད་པ་ར་རྒྱལཔོ་ཞིང་བཤགས་བཤགས་སོང་ཡི་ག་མ་བཤགས་མ་བཤགས་པས་ང་བལྟན་འ་ནཱི་བསྒང་ང་བཅས་ཏེ་འཛམ་གླིང་སྤྱི་ཚོགས་དང་པ་ གནམ་ལོ་གཅིག་སྟོང་དྲུག་བརྒྱ་
  • ཀརྨ་དངོས་གྲུབ
  • ཀརྨ་དངོས་གྲུབ
    འ་ནཱེམ་ཅིག་ཁར་ཨིན་པས་ལགས།འ་ནཱི་བསྒང་ང་མར་ཕྱག་ཞུ་སྡོད་ཡི་ལགས་འ་ནཱི་བསྒང་ཏེ་དང་པ་ར་ཁོ་འབྱོན་མས་མར་ང་བཅས་འཛམ་གླིང་སྤྱི་ཚོགས་འཛུལ་མི་དང་པ་ར་ཁོ་ཨིན།
  • ཀརྨ་དངོས་གྲུབ
    ཏེ་ཁོ་ཁོ་གི་ཕྱག་ཞུ་སྟེ་ཁོང་ཏོག་ཀ་རིན་པོ་ཆེ་བཤགས་སོང་ཡི་ཁོ་མས་ཤུལ་ར་ ཏེ་གཅིག་ད་རེས་ང་བཅས་བློན་པོ་བཙན་དཀརཔོ་ཡོད་པ་སྨོ་ལགས་བློན་པོ་བགྲེསཔ་ འ་ནཱི་ཚུ་བྱོན་ས་མཐོང་ཡི།
  • ཀརྨ་དངོས་གྲུབ
    ང་གིས་ ང་དེ་སྒང་ཕྱག་ཞུ་ཏེ་དེ་ལསན་ཏེ་ང་བཅས་འཇའ་རོགས་ཀྱི་གྲལ་ལས་ཏེ་ཁེངས་དཔྱལ་ཐེ་ད་འ་ནཱི་ཚུ་ མར་འཛམ་གླིང་སྤྱི་ཚོགས་ནང་བྱོནམ་ད་ཏེ་འ་ནཱེ་སྦེ་ཏེ་དང་པ་ར་ང་བཅས་དཔོན་གྱིས་རྐྱབ་རྐྱབཨིན།
  • ཀརྨ་དངོས་གྲུབ
    ཏེ་ད་འ་ནཱི་ཏེ་འ་ནཱ་ལས་འགོ་བཙུགས་ཏེ་སྦེ་ཏེ་ང་བཅས་རྒྱལ་ཁབ་འདི་ གནམ་མེད་ས་མེད་ཀྱི་ཏེ་ ཡར་རྒྱས་འདི་ཏེ་འ་ནཱ་ལས་ཕར་འགྱོ་འགྱོཝ་མེན་ན་མནོ་ཏེ་ཁོ་གི་ཁོ་གི་བཀའ་དྲིན་ཡང་མེན་ན་མནོཝ་ཡང་ཏེ་ད་བཏངམ་མས་ཟེར་ཞུ་ནི་སྦེ་ཨིན།
  • ཀརྨ་དངོས་གྲུབ
    ཏེ་ག་ཅིམ་ཨིནམ་ཟེར་བ་ཅིན་དེ་ལསན་ཏེ་ད་ འ་ནཱི་ལས་ཚུར་འབད་ཞིནམ་ན་ལས་དེ་ལསན་ག་ཅི་འབད་ཡི་ཟེར་བ་ཅིན་ད་ཁོ་ཕར་ཀྲོང་གསར་དཔོན་སློབ་བཀལ་ནི་སྦེ་འཆར་གཞི་བཟོ་ཡི་ལགས།
  • ཀརྨ་དངོས་གྲུབ
    ནཱ་ཏེ་ནཱ་སྤ་རོ་དཔོན་སློབ་རྒྱལ་ཚབ་ཏེ་ད་ཁོ་ཕར་ ཀྲོང་གསར་ནང་ལས་བཀལ་ནི་སྦེ་ཏེ་ད་ ཀྲིག་ཀྲི་བཟོ་སྟེ་གི་སྦེ་(སྐུ་མཆོད་རདོས་ཡང་ཕར་ད་རེས་ཕར་ལས་ཡར་གཞལམ་སྒང་ལས་ཡར་སྦེ་དེ་བསྒང་མར་ལས་ཕར་ལམ་མེད་གཞལམ་སྒང་ལས་ཡར་ཡར་ཡར་ཀྲོང་གསར་མ་ལྷོད་ལགས།
  • ཀརྨ་དངོས་གྲུབ
    ཕར་རི་དཔལ་གླིང་ཟེར་མི་འདི་ནང་ཨིན་པས་སྐུ་མཆོད་དོས་ཡང་བསྡམས་ག་ར་པུ་ར་ཕར་འབད་ལྷོད་ཅི་ལགས་ད་ཕར་ཀྲོང་གསར་དཔོན་སློབ་མཛད་ནི་སྦེ་ཏེ་ཀྲོང་གསར་དཔོན་སློབ་མཛད་ནི་སྦེ་ཏེ་ཕར་སྐུ་མཆོད་དོས་ཡང་ ཕར་སྦས་གླིང་ལྷོད།
  • ཀརྨ་དངོས་གྲུབ
    ག་ར་ཕར་ལྷོད་འབད་སྦེ་ཏེ་ང་བཅས་ཆ་ཁྱབ་ཡང་དེ་བསྒང་ལས་ང་བཅས་ཡང་གོ་ལ་སོར་གོ་ལ་ཡང་སོར་དེ་ལས་ཏེ་གོ་ལ་ཡང་ཏེ་ཨཔ་ཤར་གྱི་གོ་ལ་མས་ལགས་ ད་རེས་སྤྱི་དཔོན་ཚུ་གིས་གྱོན་མི་གོ་ལ་ཚུ་ ང་བཅས་ཀྱི་གོ་ལ་མས།
  • ཀརྨ་དངོས་གྲུབ
    ཏེ་འ་ནཱི་ཚུ་བཙེམ་ཡང་མར་ ཀོལ་ཀ་ཏ་ལས་ར་འོང་ཡི་ཏེ་འ་ནཱི་ཚུ་བཙེམ་སྦེ་ཏེ་ཕར་འགྱོ་ཆོག་ཆོ་སྦེ་བཟོ་ཚརཝ་ད་ལུ་དེ་ལསན་ཏེ་ད་ཚོགས་འཛོམས་རྐྱབ་འ་ནཱི་བསྒང་བློན་པོ་མེད་ལགས་ནཱ་ལུ་ ནཱ་ལུ་ནཱ་ལུ་བློན་པོ་མིན་འདུག་འ་ནཱི་བསྒང་ལུ་ཏེ་དཔོན་གཉིས་སྐལམ་ཆ་ཁྱབ་ར་མས།
  • ཀརྨ་དངོས་གྲུབ
    ད་བློན་དེ་ལསན་ད་འ་ནཱི་གི་ལོ་ད་ཕར་འགྱོ་ནི་གི་ལོ་འདི་ཁར་ལུ་དེ་ལསན་ད་གནམ་ལོ་འདི་ད་ ང་བཅས་ཀྱི་སྦྲགས་མི་ཚུགས་པས་པ་སྨ྄ོ་ཏེ་ག་ཅིམ་ཨིནམ་ཟེརན་འ་ནཱི་ལོ་འདི་ལུ་དེ་ལས་ཏེ་བློན་པོ་འདི་ འ་ནཱ་ལས་འགོ་བཙུགས་བཙུགསཔ་ཨིན་ལགས།
  • ཀརྨ་དངོས་གྲུབ
    བློན་པོ་འ་ནཱེམ་ཅིག་ ག་དང་ག་ར་འགོ་བཙུགས་ཡི་ཟེར་བ་ཅིན་བློན་པོ་གཏམ་ཞིང་རྒྱ་གར་ཏེ་ད་སྲིད་བློན་བརཔ་ཆོས་རྒྱལ་དེ་ལསན་ནཱ་གོང་འཕེལ་བློན་པོ་ནཱ་ག་ཅི་ལོ་ཨ་ནཱི་གཤགས་སོང་ཡི་པ་ཏེ་གཤགས་ནུག་པ་ཁོ་འ་ནཱི།
  • ཀརྨ་དངོས་གྲུབ
    དེ་ལསན་འ་ནཱི་ཁོང་བློན་པོ་བཞི་ར་ད་ག་དེ་དགོ་རུང་སྐྱིད་སྡུག་བློན་པོ་རྒྱ་གར་འདི་དང་གཏམ་ཞིང་རྒྱ་གར་འདི་དང་བར་བུ་ཆོས་རྒྱལ་དེ་ལས་བློན་པོ་ཟླ་བ་འོང་བློན་པོ་ཟླ་བ་འོང་འོང་ཟླ་གོ་ཚེ་རིང་འོང་དེ་ལསན་བསྟན་རྒྱས་བློན་པོ་ད་རེས་རྒྱལ་ཚབ་ ཏེ་འ་ནཱེ་སྦེ་བཀལ་བཀལཝ་མས་ལགས།
  • ཀརྨ་དངོས་གྲུབ
    འ་ནཱི་འ་ནཱི་བཀལ་ཞིནམ་ན་ལས་འདི་ལས་ཏེ་ཀྲོང་གསར་དཔོན་སློབ་འདི་བཞག་མམ་ཏེ་ཀྲོང་གསར་དཔོན་སློབ་བཞག་དགོ་མི་ཁུངས་འདི་ག་ཅི་ན་ཟེར་བ་ཅིན་ང་བཅས་ཀྱིས་ཞུ་མི་ཤེས་པས་པ་ཏེ་སྨོ་ཀྲོང་གསར་དཔོན་སློབ་མཛད་དགོ་པ་ཅིན་ཀྲོང་གསར་དཔོན་སློབ་མཛད་ཚར་ཞིན་ན་ལས་ཨིན་རུང་མེད་རུང་ར ྒྱལ་པོའི་གསེར་ཁྲིད་གུ་འཛེག་ར་འཛེག་དགོ་པས་བ།
  • ཀརྨ་དངོས་གྲུབ
    མ་པ་འདི་རོགས་ རྒྱལ་རབས་ནང་དེ་སྦེ་ཐོན་ཡི་ལོ་མེན་ན་ལགས་ང་བཅས་ཀྱིས་ འདི་གཏན་གཏན་སྦེ་ཞུ་མི་ཤེས་པས་པ་ཏེ་རོགས་ག་དེ་སྦེ་མཛད་དགོཔ་ཨིན་ན་ ཏེ་འ་ནཱི་ཁོང་ར་ཐུགས་བཞེས་ཅིག་གནང་ཞིན་ན་སྦེ་ བཞག་བཞགཔ་འོང་ཏེ་སྨོ་ལགས?
  • ཀརྨ་དངོས་གྲུབ
    ཏེ་ག་ཅིམ་ཨིནམ་ཟེར་བ་ཅིན་ཁོ་གིས་ ད་ད་རེས་རྒྱལ་ཚབ་རྣམ་རྒྱལ་དབང་ཕྱུག་གིས་ཀྲོང་གསར་དཔོན་སློབ་མཛད་པ་ཅིན་ད་རེས་རྒྱལཔོ་འདི་ ཁོ་འབད་དགོ་པས་པ་དེ་སྨོ?
  • ཀརྨ་དངོས་གྲུབ
    ཏེ་ད་འ་ནཱི་ཐུགས་བསམ་བཞེད་ཞིནམ་ན་ད་རེས་རོགས་ཏེ་ད་ཏེ་ནཱ་འབྲུག་རྒྱལ་བཞི་པ་འདི་ཏེ་སྲས་སྦེ་བཞུགས་ཡི་བ་ཏེ་ནཱི་བསྒང་སྨོ་ཤིགཏེ་འ་ནཱི་འབདཝ་ད་ ཏེ་ད་ཁོ་མཛད་དགོཔ་སྦེ་ཏེ་རྒྱལ་ཚབ་ཀྱིས་ འ་ནཱེ་སྦེ་ཐུགས་བསམ་བཞེས་ཞིནམ་ན་ལས་སྦེ་དེ་བཞགཔ་མེད་ན་མནོ་ཏེ་ང་བཅས་ར་ སེམས་ཁར་འ་ནཱེ་སྦེ་མནོཝ་མས་བ།
  • ཀརྨ་དངོས་གྲུབ
    ད་ཨིན་རྒྱུ་འདི་ ག་ཅི་ཨིན་ན་འདི་མི་ཤེས་ཏེ་མཛད་རྣམ་འདི་ཏེ་ད་གནམ་མེད་ས་མེད་ཏེ་ད་ཁོ་གིས་འདི་ཏེ་གནམ་མེད་ས་མེད་ལེགས་ཤོམ་ད་ཏེ་ཤ་ཡང་གནམ་མེད་ས་མེད་མི་བདའ་ཉ་འདི་གནམ་མེད་ས་མེད་མི་བཟུང་།
  • ཀརྨ་དངོས་གྲུབ
    ཏེ་ཆོས་འདི་ཏེ་ད་ག་ཅིམ་ཨིནམ་ཟེར་བ་ཅིན་ཁོ་གི་ཏེ་དང་ཕུག་འབད་བ་ཅིན་ ཡར་ང་བཅས་ར་བླམ་ཤངས་ཟེར་གཅིག་ཡོད་པའི་ཡར་ཕ་ཇོ་ལྡིང་ཁོ་གི་རྩ་བའི་བླམ་ར་འདི་ཨིན།
  • ཀརྨ་དངོས་གྲུབ
    ཏེ་འ་ནཱ་ལས་ཆོས་ཞུ་རྒྱལ་སྲས་ལག་ལེན་འ་ནཱི་ཚུ་པུ་ར་གཟིགས་ཅིག་ཏེ་འ་ནཱེ་སྦེ་ཏེ་ད་ཏེ་ད་ང་བཅས་ར་ད་ འཇིགས་བཀྲ་ནང་བཞུགས་དགོ་རུ་བཞུགས་སྤང་ནང་བྱོན་དགོ་རུ་བྱོན་ཁོ་གོངམ་ཨིན་ང་བཅས་བྱ་རོགས་ཨིན་ཟེར་སླབ་ནི་ཅིག་ར་ཨིན།
  • ཀརྨ་དངོས་གྲུབ
    ཏེ་འདྲ་མཉམ་ཅོག་འཐདཔ་སྦེ་ར་བཞུགསཔ་ཨིན་ད་དཔོན་འདི་རོགས་བཙུནམོ་འདི་མི་བཞེས་འ་ནཱེ་སྦེ་ད་བཙུནམོ་འདིན་མ་བཞེས་དེ་ལས་ཀྲོང་གསར་དཔོན་སློབ་འདི་ ཁོ་གིས་མ་མཛད་ཞིནམ་ན་ལས་གཞན་མཛད་ནི་སྦེ་འབད་ཚར་ནུག་པ་ལགས།
  • ཀརྨ་དངོས་གྲུབ
    སྐུ་མཆོད་དོས་ཡང་ ཕར་བཀལ་ཚར་ཡི་བ་ཏེ་རོགས་མཛད་ནི་སྦེ་ལོག་ག་དེམ་ཅིག་སྦེ་ཐུགས་བཞེད་གནང་གནངམ་ཨིན་ན་ རང་གིས་ཞུ་མི་ཤེས་པས་པ་སྨོ་ཏེ་རོགས་ཕ་དང་བུ་ཨིན་མས།
  • ཀརྨ་དངོས་གྲུབ
    ཏེ་ང་འབད་བ་འདི་ བུ་འབདཝ་དྲག་ཟེར་བའི་གི་ཐུགས་བཞེད་མ་པ་ཨིན་ཡང་ཏེ་རོགས་ ད་ཁོ་ར་གི་ད་འདི་འབྲུག་རྒྱལ་བཞི་པ་ཁོ་ར་ཡང་ཁོ་ར་གི་ར་ གནམ་མེད་ས་མེད་འཚེར་གནམ་མེད་ས་མེད་འདྲོག་པའི་པའི་ལགས།
  • ཀརྨ་དངོས་གྲུབ
    ནཱ་མར་ཕར་སྐུ་མདུན་ར་འགྱོ་མི་ནུམ་ཆུང་ཀུ་བསྒང་ཏེ་ཨིན་ཡང་སྒྲིག་ཚ་དྲག་འབད་དོ་བ་ཁོ་དང་ཕྱདཔ་ད་གནམ་མེད་ས་མེད་ཨིན་ཏེ་ང་བཅས་ར་གདོང་ཁ་འབད་ཚེ་ཏེ་ ད་གནམ་མེད་ས་མེད་ཏེ་དེམ་འབད་བའི་ཏེ་ཁོང་ར་དང ་ཁོང་ར་འབདཝ་ད་འབྲུག་རྒྱལ་བཞི་པ་ཡང་རྒྱལ་ཚབ་ལུ་འཚེར་བ་ལགས།
  • ཀརྨ་དངོས་གྲུབ
    འ་ནཱེ་སྦེ་ཨིན་མས་དེ་བསྒང་ཆུང་སུ་སྦེ་ཏེ་འ་ནཱེ་སྦེ་ཏེ་ཁོ་ཡར་ཁྱིམ་ཡར་གཟིམ་ཅུང་ནང་ཁོ་འཕྲལ་འཕྲལ་འཕྲལ་འཕྲལ་ཡར་བྱོན་ད་ཡང་སྤ་རོ་དཔོན་སློབ་ཡར་ཡོད་ག་ཟེར་འདྲི་འོང་ འཕྲལ་འཕྲལ་ར་ད་རེས་འབྲུག་རྒྱལ་བཞི་པ་གིས་ ཡོད་ཟེར་བ་ཅིན་ཡར་སྙོ་ཏེ་ལོགས་ཏེ།
  • ཀརྨ་དངོས་གྲུབ
    མེད་ཟེར་བ་ཅིན་ ཡར་གཟིམ་ཅུང་བཤལ་སྦེ་བྱོན་ནི་ཡོད་བ་དེ་བསྒང་སྲས་སྦེ་བཞུགསཔ་ད་ད་ག་ཅིམ་ཨིནམ་ཟེར་བ་ཅིན་ད་ཀྲོང་གསར་དཔོན་སློབ་ཨིན་ཟེར་ཏེ་གི་སྦེ་ད་ཀྲོང་གསར་དཔོན་སློབ་འདི་ བཀལ་ནི་ཨིན་ཟེར་སྦེ་ཞིནམ་ན་ལས་ཏེ་ ང་བཅས་ཀྲོང་གསར་དཔོན་སློབ་ཀྱི་སྐུ་སྲུང་དང་དེ་ལསན་ག་ར་གྲ་སྒྲིག་རྐྱབ་ཚར་ཡི་པ་ཏེ།
  • ཀརྨ་དངོས་གྲུབ
    ཕར་སྐུ་མཆོད་དོས་ཡང་ཕར་བཀལ་པུ་ར་འབད་ཚར་སྦེ་ཏེ་འ་ནཱི་ང་གིས་ཞུ་དོ་བཟུམ་སྦེ་འ་ནཱི་ཁོང་ར་ཚོགས་འཛོམས་རྐྱབ་ད་ལུ་དེ་ལས་འ་ནཱ་ལས་ཕར་སྦེ་བློན་པོ་བཀལ་དུམ་ཁ་འ་ནཱ་ལས་ཕར་སྦེ་ཏེ་ལུས་སོང་ཨིན།
  • ཀརྨ་དངོས་གྲུབ
    ཀྲོང་གསར་དཔོན་སློབ་མ་བཀལ་བ་དེ་ལས་དེ་ལས་ཀྲོང་གསར་ཁོ་མ་བཀལ་བ་སྦེ་ཞིནམ་ན་ལས་ཏེ་ལོག་ཏེ་ནཱ་རྒྱལ་ཚབ་ད་རེས་འབྲུག་རྒྱལ་བཞི་པ་འདི་ཀྲོང་གསར་ལུ་བཀལ།
  • ཀརྨ་དངོས་གྲུབ
    དེམ་འབདཝ་ཅིག་ཏེ་ ཡབ་འདི་ཏེ་འ་ནཱེ་སྦེ་དགོངསམ་རྫོགས་རྫོགསཔ་མས་ལོག་དགོངསམ་རྫོགས་པའི་བསྒང་ལས་འ་ནཱི་བསྒང་ང་དགོངམ་ཞུ་ཆེ་ཡི་ལགས་འ་ནཱི་བསྒང་ལས་དགོངམ་ཞུ་ཆེ་ཡི།