Skip to main content Skip to search
28 Jun 2018
11 min 27 sec
Video Overview
Creators: 
Rinchen Dorji, Yeshi Wangchuk

Ani Kheychok shares about the Kuengarabten Karma Drubdey Nunnery. The nunnery was established in 1968 by the Jé Khenpo Tsultrim Jamtsho. During that time, Gyalyum Phuntsho Chöden resided there at the Kuengarabten palace and sometime resides at Buli Lhakhang. People requested Rinpoche to build a gönpa, and this is how the nunnery came to be built. At that time, there were only 13 nuns with Rinpoché. Today at the nunnery, there are many facilities, including three mediation houses; there are now around 140 nuns residing there.

ཨ་ནི་མཁས་མཆོག་གིས་ ཀུན་དགའ་རབ་བརྟེན་ རྐརྨ་སྒྲབ་བདེ་ཨ་ནིམ་གྲཱ་ཚང་གིས་ སྐོར་ལས་ བཤད་འདི་ཡོདཔ་ཨིན་མས། རྐརྨ་སྒྲུབ་བདེ་ལྷ་ཁང་འདི་  བཞེངས་གནང་ནུག། དེ་ཡང་སྐྱབས་རྗེ་ རྗེ་མཁྱེན་རིན་པོ་ཆེ་ཚུལ་ཁྲིམས་རྒྱ་མཚོ་གིས་ བཞེངས་གནང་ཡོདཔ་ཨིན་མས། དེ་གིས་སྐབས་ལུ་ རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་ཡང་ ཀུན་དགའ་རབ་བརྟེན་ལུ་ བཞུགས་ཏེ་ཡོདཔཨིན་མས། དེ་ལས་རེས་ཚེས་སྐབས་ བུ་ལི་ལྷ་ཁང་ནང་ཡང་ བཞུགས་དོ་ཡོདཔ་ཨིན་མས། མི་སེར་ཚུ་གིས་ རིན་པོ་ཆེ་ལུ་ གསོལ་འདེབས་བཞུཝ་ཞིན་འདུ་ རྐརྨ་སྒྲུབ་བདེ་ལྷ་ཁང་འདི་ བཞེངས་གནང་ནུག། དེ་སྐབས་ ཨ་ནིམ་༡༣་ ཡོདཔ་ཨིན་མས། རྐརྨ་སྒྲུབ་བདེ་ ཨ་ནིམ་གྲཱ་ཚང་ ནང་ལུ་  མཚམས་ཁང་གསུམ་དང་ དེ་ལས་གྲཱ་ཚང་གཅིག་འབད་ ཡོདཔ་ཨིན་མས། ད་ལྟོ་འབད་བ་ཅིན་ ཨ་ནིམ་༡༤༠་ཡོདཔ་ཨིན་མས། 

Transcript search
No results found for this search
0 of 0
  • ཨ་ཎི་མཁས་མཆོག་
    ཨ་་་་ ངེའི་མིང་འདི་ མཁས་མཆོག་ཟེར་ཞུཝ་ཨིན་ལགས་ ཏེ་ ད་ལྟོ་ང་ནཱ་བཤད་གྲྭ་བལྟ་དོ་ལགས་ དེ་ལས་ ད་རེས་ཨ་ཎི་དབུ་འཛིན་དང་ ཨ་ཎི་དྲུང་ཆེན་འདི་ཚུ་ ནཱ་ག་ཡང་ནཱ་མ་བཞུགསཔ་ལས་བརྟེན་ཏེ་ དེ་ལས་ སློབ་དཔོན་འདི་ཚུ་གིས་ ཨ་ ང་བཅས་དགོན་པ་ཆགས་ཐངས་ཀྱི་སྐོར་ལས་ ཨ་ཙི་ཅིག་ གསུང་ ཞུ་གནང་ཟེར་ ཨ་ཎི་གིས་ ང་ལུ་བཀའ་གནང་ཡི་ལགས། ཏེ་ ང་བཅས་ཀྱི་དགོན་པ་གི་ཆགས་ཐངས་ཀྱི་སྐོར་ ལས་ ཨ་ཙི་ཞུ་བ་ཅིན།
  • ཨ་ཎི་མཁས་མཆོག་
    འེ་ ང་བཅས་ཀརྨ་སྒྲུབ་སྡེ་ པར་མོ་ཆོས་ཀྱི་སྡིང་ཁང་འདི་ སྐྱབས་རྗེ་མཁན་རིན་པོ་ཆེ་ ཚུལ་ཁྲིམས་རྒྱ་མཚོ་གིས་ གནམ་ལོ་སྤྱི་ལོ་གཅིག་སྟོང་དྲུག་བརྒྱ་ དགུ་བརྒྱ་དྲུག་ཅུ་རེ་བརྒྱད་ཀྱི་ལོ་ལུ་བཞེངས་གནང་ནུག་ལགས། ཏེ་ ཁོ་ ཧེ་མ་བོད་ཤོར་ཞིནམ་ལས་ ཏེ་ནཱ་བྱོན་སྦེ་ ཏེ་ རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་གྱིས་ ནཱ་བཞུགས་ནི་གི་ འ་ནཱི་ གནང་བ་གནང་སྦེ་ དེ་ལས་ ང་བཅས་ནཱ་ མར་ ཀུན་དགའ་རབ་བརྟན་གྱི་རྫོང་ནང་བཞུགས་ནུག་ལགས། ཀུན་དགའ་རབ་བརྟན་རྫོང་དང་ དེ་ལས་ བུ་ལི་ལྷ་ཁང་ནང་བཞུགས་སྦེ།
  • ཨ་ཎི་མཁས་མཆོག་
    འདི་བསྒང་ དེ་ལས་མི་སེར་ཚུ་གིས་ འ་ནཱི་རིན་པོ་ཆེ་ལུ་ ད་དགོན་པ་གཅིག་བཞེངས་གནང་དགོཔ་སྦེ་ཞུ་སྦེ་ ཏེ་ རིན་པོ་ཆེ་གིས་ ནཱ་ཀརྨ་སྒྲུབ་སྡེ་པར་མོ་གི་ ཨ་ནཱི་དགོན་པ་འདི་ བཞེངས་གནང་ནུག ཟེར་ཞུ་ནི་ལགས། ཏེ་ དེ་བསྒང་རིན་པོ་ཆེ་གཅིག་ཁར་ ཨ་ཎི་བཅུ་གསུམ་ བོད་ཀྱི་ཨ་ཎི་བཅུ་གསུམ་འདུག་འདུག་ལགས། ཏེ་ རིན་པོ་ཆེ་གིས་ནཱ་ཨ་ཎི་དགོན་པ་བཞེངས་གནང་དགོ་མི་གི་དམིགས་ཡུལ་ དམིགས་ཡུལ་གཙོ་བོ་འདི་རང་།
  • ཨ་ཎི་མཁས་མཆོག་
    ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་འབྲུག་གི་ ཨ་ནཱི་ཨམ་སྲུ་ཉམ་ཆུང་འདི་ཚུ་ལུ་ རོགས་རམ་མཛད་ནི་གི་དོན་ལས་དང་ དེ་ལས་ང་བཅས་ ཨམ་སྲུ་འདི་ཚུ་གིས་ ཨ་ནཱི་ཆོས་ཆོས་འབད་ནི་གི་མནོ་བསམ་ཡོད་རུང་རང་ ཆོས་འབད་ནི་གི་གོ་སྐབས་མ་ཐོབ་མི་ ཨ་ནཱི་འདི་ཚུ་གི་དོན་ལས་ ཐུགས་བཞེད་གནང་སྦེ་ དེ་ལས་ང་བཅས་ ཨ་ནཱི་ཀརྨ་སྒྲུབ་སྡེ་དགོན་པ་འདི་ ཏེ་ ཕྱག་བཏབ་གནང་ནུགཟེར་ཞུ་ནི་ལགས།
  • ཨ་ཎི་མཁས་མཆོག་
    དེ་ལས་ རིན་པོ་ཆེ་ དེ་ དེ་བསྒང་རིན་པོ་ཆེ་གཅིག་ཁར་ ཨ་ཎི་བཅུ་གསུམ་ བོད་ཀྱི་ཨ་ཎི་བཅུ་གསུམ་ཡོད་ཟེར་ཞུ་ནི་ དེ་ལས་ དེ་ལས་ རིན་པོ་ཆེ་ འབྲུག་གི་ཨམ་སྲུ་འདི་ཚུ་ ད་ ཨ་ ནཱ་ དགོན་པ་ནང་བྱོན་ དེ་ལས་ཨ་ནཱི་ཆོས་འབད་ འ་ནཱི་ང་བཅས་མ་ཤོང་པར་ལགས། ཏེ་མ་ཤོང་པར་ དེ་ལས་ ཤུལ་མརིན་པོ་ཆེ་གིས་ ད་རུང་ འ་ སྤྱི་ལོ་གཅིག་སྟོང་དགུ་བརྒྱ་དྲུག་ཅུ་ དགུ་ཅུ་རེ་བརྒྱད་ཀྱི་ལོ་ལུ་ ད་རུང་ཡར་སྒྲུབ་ཁང་ཅིག་བཞེངས་ འགོ་བཙུགས་གནང་ཡི་ཟེར་ཞུ་ནི་ལགས།
  • ཨ་ཎི་མཁས་མཆོག་
    དེ་ལས་ འ་ནཱ་ ད་ལྟོ་ ང་བཅས་ནཱ་ འ་ སྒྲུབ་སྡེ་དགོན་པ་ལུ་ གྲྭ་ཚང་ དེ་ལས་ སྒྲུབ་ཁང་གསུམ་ ཁག་ སྒྲུབ་ཁང་གསུམ་ དེ་ལས་ བཤད་གྲྭ་སྦེ་ འ་ ཁག་གསུམ་ཡོད་ཟེར་ཞུ་ནི། འ་ དེ་ལས་ ད་ ང་བཅས་ ཨ་ཎེམ་ ཨ་ཎི་འདི་ཚུ་འབད་བ་ཅིན་ ད་ལྡོ་ང་བཅས་ གཅིག་བརྒྱ་བཞི་ཅུ་ལྷག་ཙམ་ཅིག་ཡོད་ཟེར་ཞུ་ནི། ད་ སྒྲུབ་ཁང་ནང་སྦེ་བ་ཅིན་ བཅོ་བརྒྱད་དེམ་ཅིག་ དེ་ལས་ ང་བཅས་བཤད་གྲྭ་ནང་ བཞི་ཅུ་ཞེ་བདུན་ དེ་ལས་ འ་ གྲྭ་ཚང་ནང་འདི་ བདུན་ཅུ་དོན་ལྔ་ལྷག་ཙམ་ཅིག་ཡོད་ཟེར་ཞུ་ནི་ལགས་ད་ལྟོ།
  • ཨ་ཎི་མཁས་མཆོག་
    ཏེ་ ཏེ་ ང་བཅས་དགོན་པ་ནང་འདི་ གཙོ་རང་ག་ཅི་འབདཝ་སྨོ་ཟེར་བ་ཅིན་ ད་ དང་པོ་རང་ཨ་ཎི་འདི་ཚུ་ནང་ཆོས་ཀྱི་སྐོར་ལས་སློབ་སྦྱོང་འདི་ཚུ་འབད་ དེ་ལས་ ཏེ་འ་ནཱི་ ཚར་ཞིནམ་ལས་ དེ་ལས་ ང་བཅས་ཀྱི་ལོ་གཅིག་འདི་ སྒྲུབ་ཁང་ནང་འཛུལ་དགོ་ཟེར་ཞུ་ནི་ སྒྲུབ་ཁང་ནང་ སྔོན་འགྲོ་ལོ་གཅིག་སྒྲུབ་ཁང་ནང་ དེ་ལས་ འ་ནཱི་ཚར་ཞིནམ་ལས་རྐྱངམ་ཅིག་ དེ་ལས་ ང་བཅས་ བཤད་གྲྭ་འདི་ཚུ་ བལྟ་ནི་གི་འགོ་སྐབས་ཐོབ་ཟེར་ཞུ་ནི་ཨིན་ལགས།
  • ཨ་ཎི་མཁས་མཆོག་
    དེ་ལས་ བཤད་གྲྭ་ནང་འབད་བ་ཅིན་ ད་ལྟོ་ང་བཅས་ཨ་ཎི་བཞི་ཅུ་བཞི་བདུན་དང་ དེ་ལས་ སློབ་དཔོན་ལྔ་ དེ་ལས་ འ་ནཱི་ནང་འདི་ རིག་གནས་དང་ དེ་ལས་གཞུང་ དེ་ལས་ རིག་ལམ་འདི་ཚུ་ལྷབ་ནི་ཡོད་ཟེར་ཞུ་ནི་ཨིན་ དེ་ལས་ཨིང་ལིཤ་འདི་ཚུ་ལྷབ་ནི་ཡོད་ཟེར་ གྲྭ་ཚང་ནང་འབད་བ་ཅིན་ ད་ ང་བཅས་ཆོ་ག་ཕྱག་ལེན་ དེ་ལསན་ སྒྲུབ་ཁང་གི་མཉམ་ལེན་འདི་ཚུ་གི་སྐོར་ལས་སློབ་སྦྱོང་འབད་ནི་ཡོད་ ཟེར་ཞུ་ནི་ལགས།
  • ཨ་ཎི་མཁས་མཆོག་
    དེ་ལས་ ད་ ང་བཅས་ རིན་པོ་ཆེ་གིས་ ཨ་ མཛད་རྣམ་བཟུམ་ཅིག་འབད་བ་ཅིན་ ད་ལྟོ་ ང་བཅས་ཀྱི་ མི་སྡེ་ནང་ག་བཟུམ་ཆ་རོགས་མཛདཔ་སྨོ་ཟེར་བ་ཅིན་ རིན་པོ་ཆེ་ སྐྱབས་རྗེ་རིན་པོ་ཆེ་ཁོ་རང་གིས་ འ་ ཀུན་རབ་ འ་ མི་སེར་ལུ་ ལྷ་ཁང་གཅིག་བཞེངས་སྦེ་གནང་ཡི་ཟེར་ཞུ་ནི་ དེ་ལས་ ང་བཅས་ཀྱི་ ཏེ་ འ་ ནི་ གྲོང་ཁྱེར་ནང་ གཡུས་ གཡུས་ཁ་ལུ་ མི་འདི་ཚུ་ཤི་བ་ཅིན་ ང་བཅས་འདི་ཚུ་ འ་ནཱ་ ཨ་ཎི་འདི་ཚུ་གིས་ ཆ་རོགས་འབད་སྦེ།
  • ཨ་ཎི་མཁས་མཆོག་
    མར་འབྱོན་ དེ་ལས་ ཨ་ཙི་ཅིག་ སེམས་གསོ་བཟུམ་འབད་སྦེ་ དེ་ལས་ སྨོན་ལམ་འདི་ཚུ་བཏང་ འ་ནཱི་སྦེ་ འབད་ནི་ཡོད་ཟེར་ཞུ་ནི་ དེ་ལས་ ལོ་གཅིག་ནང་ཟླ་བ་གཅིག་དེམ་ཅིག་ ང་བཅས་མར་འགྱོ་ དེ་ལས་ཞབས་བརྟན་འདི་ཚུ་འབད་ དེ་ལསན་ ནཱ་འབད་བ་ཅིན་ ད་ ང་བཅས་ཀྱིས་ སྐུ་རིམ་འདི་ཚུ་ ལཱ་ སྐུ་རིམ་འ་ནཱི་འདི་ཚུ་གི་ ཞབས་ཏོག་ཞུ་ ཞུ་ནི་ཡོད་ཟེར་ཞུ་ནི།
  • ཨ་ཎི་མཁས་མཆོག་
    ཏེ་ ང་བཅས་ ཀརྨ་སྒྲུབ་སྡེ་དགོན་པ་ལུ་ ད་ལྟོ་ཚོགས་པ་འབད་བ་ཅིན་ ཁག་གསུམ་ཡོད་ཟེར་ཞུ་ནི་ ཁག་གསུམ་འདི་ ད་ གཙོ་འདི་གྲྭ་ཚང་ དེ་ལས་ སྒྲུབ་ཁང་ དེ་ལས་ བཤད་གྲྭ་སྦེ་ ཏེ་ གྲྭ་ཚང་ནང་འབད་བ་ཅིན་ ད་ལྟོ་ང་བཅས་ ཆོ་ག་ཕྱག་ལེན་གྱི་རིགས་ དེ་ལས་ཡི་གུ་འབྲི་ལྷག་འདི་ཚུ་སྦྱང་ཞིནམ་ལས་ དེ་ལས་ ལོ་གཅིག་འདི་ཡར་ སྒྲུབ་ཁང་ནང་སྔོན་འགྲོ་མཚམས་ནང་འཛུལ་དགོ་ཟེར་ཞུ་ནི།
  • ཨ་ཎི་མཁས་མཆོག་
    སྔོན་འགྲོ་མཚམས་ནང་ལོ་གཅིག་འཛུལ་ཞིནམ་ལས་ ཏེ་ ཡར་ཚར་ཞིནམ་ལས་ དོ་རུང་ལོག་སྟེ་ མར་གྲྭ་ཚང་ནང་ཕྱག་ཞུ་ནི་འབད་རུང་རང་འདྲ་ དེ་ལས་ གྲྭ་ཚང་ནང་ཕྱག་ཞུ་བ་ཅིན་ གྲྭ་ཚང་ནང་བཞུགས་ དེ་ལས་ འ་ནཱ་ལས་སློབ་སྦྱོང་འབད་ གྲྭ་ཚང་ནང་ཡང་ མ་པ་འདི་ འ་ རིག་གནས་ དེ་ལས་ གཞུང་འདི་ཚུ་ཡང་ལྷབ་ནི་ གྲྭ་ཚང་ནང་ཡང་ཡོད་ཡོད་ནི་འདི་ དེ་ལས་ ཁག་ ཁག་བསང་(ཆ་ཚང་)འབད་དེ་ ང་བཅས་ནཱ་བཤད་གྲྭ་ནང་ཡོད་ཟེར་ཞུ་ནི།
  • ཨ་ཎི་མཁས་མཆོག་
    ཏེ་ འ་ནཱ་ལས་ ཁོ་གིས་འབད་ཚུགས་པ་ཅིན་ ཁོ་རང་གི་དང་འདོད་ཡོད་པ་ཅིན་ ཏེ་ ཁོ་ར་ ནཱ་བཤད་གྲྭ་ནང་འབྱོན་སྦེ་ ཏེ་ བཤད་གྲྭ་ནང་སློབ་སྦྱོང་འབད་ནི་ཡོད་ཟེར་ཞུ་ནི། ད་ བཤད་གྲྭ་ནང་འབད་བ་ཅིན་ ད་ དེ་ལས་ ཕར་ལུ་ ལོ་གཅིག་འདི་ མཚམས་ཚར་སྦེ་ ཏེ་ གྲྭ་ཚང་ནང་བཞུགས་ ཏེ་ གྲྭ་ཚང་གི་ཕྱག་ཞུ་ ང་བཅས་རིན་པོ་ཆེའི་དགོངས་བཞེད་ངོ་མ་འ་ནཱི་བཟུམ་ཨིན་ལགས།
  • ཨ་ཎི་མཁས་མཆོག་
    འ་ གྲྭ་ གྲྭ་ཚང་ནང་བཞུགས་ དེ་ལས་ སྒོམ་མཉམ་ལེན་འབད་ ལོ་གཅིག་ཡར་བཞུགས་ དོ་རུང་མར་འབྱོན་ དེ་ལས་ དོ་རུང་ ལོ་གཅིག་འདི་ སློབ་སྦྱོང་འབད་ གྲྭ་ཚང་ཕྱག་ཞུ་ དོ་རུང་ཡར་འཛུལ་ འ་ནཱི་བཟུམ་སྦེ་ཨིན་ ཏེ་ འ་ནཱ་ལས་ཁོ་ར་གི་ ད་ ཁོ་ར་གི་ དང་འདོད་ཡོད་པ་ཅིན་ འ་ནཱི་ ཨ་ཎི་འདི་ཚུ་ཁོ་ར་གིས་ དེ་ལས་ ནཱ་འབྱོན་སྦེ་ བཤད་གྲྭ་ནང་འབྱོན་སྦེ་ དེ་ལས་ ཁོ་ར་གིས་ འ་ སློབ་སྦྱོང་འབད་ནི་ཨིན་ལགས།
  • ཨ་ཎི་མཁས་མཆོག་
    ནཱ་ བཤད་གྲྭ་ནང་འདི་ ད་ ང་བཅས་ཀྱི་ ག་ཅི་ཡོད་དགོ་ཟེར་བ་ཅིན་ རིག་གནས་ དེ་ལས་ རིག་ལམ་ དེ་ལས་ གཞུང་འདི་ཚུ་ལྷབ་ནི་ཡོད་ཟེར་ཞུ་ནི་ ད་གཙོ་བོ་འདི་ང་བཅས་ ད་ བཀའ་བརྒྱུད་ཀྱི་ རྒྱལ་དབང་ཀརྨ་པ་གི་ འགྲེལ་བ་ འགྲེལ་བཤད་འདི་ཚུ་ལ་སོགས་པ་ འ་ནཱི་ཚུ་ བལྟ་ནི་ཡོད་ཟེར་ཞུ་ནི།
  • ཨ་ཎི་མཁས་མཆོག་
    ད་ ཏེ་ ད་རེས་ནངས་པ་འདི་ དོ་རུང་ ད་ ང་བཅས་ལུ་ གོ་སྐབས་གསརཔ་ཅིག་ ག་ཅི་ཡོད་ ང་བཅས་ཨམ་སྲུ་འདི་ཚུ་ཧེ་མ་འབད་བ་ཅིན་ གནམ་མེད་ས་མེད་ ཤེས་ཡོན་གྱི་གོ་སྐབས་ འ་ནེམ་ཅིག་རང་མིན་འདུག་ཟེར་ཞུ་ནི་ ག་ཅི་སྨོ་ཟེར་བ་ཅིན་ ད་ ཨམ་སྲུ་འདི་ཚུ་ སྔོན་མ་ ཧེ་མ་སེམས་ཤུགས་ཡང་མིན་འདུག་ དེ་ལས་ འེ་ ཨ་ཙི་ཅིག་ ལཱ་ཁག་བཟུམ་ཅིག་འདུག་ ད་ ད་རེས་ནངས་པ་འདི་ གཙོ་བོ་ང་བཅས་ར་ རྩ་བའི་བླམ་ རྩ་བའི་བླམ་གྱིས་འབད།
  • ཨ་ཎི་མཁས་མཆོག་
    དེ་ལས་ ཨ་ཎི་དབུ་འཛིན་འདི་ཚུ་འབད་ དེ་ལས་ སློབ་དཔོན་འདི་ཚུ་གིས་ ད་ གནམ་མེད་ས་མེད་ཤུགས་རྐྱབ་ དེ་ལས་ རྒྱལ་དབང་ ཀརྨ་པ་གིས་ ད་ལྟོ་སྐུ་འཕྲེང་བཅུ་བདུན་པ་གིས་ ཨམ་སྲུ་འདི་ཚུ་ལུ་ ད་ལྟོ་ཨ་ཙི་ཅིག་ ཤེས་ཡོན་ལུ་བཞག་ འ་ནཱི་ཤེས་ཡོན་གོ་སྐབས་ལེགས་ཤོམ་སྦེ་བྱིན་དགོ་པས་ཟེར་ གསུངས་གནང་སྟེ་ འ་ བཀའ་གནང་སྟེ་ ད་ ང་བཅས་འདི་ཚུ་ཡང་ ད་ལྟོ་ འ་ [ཨ་རེ་ཡ་མཁན་མ་?]ཟེར་ ད་ འ་ དགུན་ཆོས་ཟེར་གཅིག་བཙུགས་སྟེ་ཡོད་ལགས། ད་ འ་ནཱི་ང་བཅས་ དགུན་ དགུན་ལུ་མར་གནམ་དགུན་ལུ་ ག་ར་ང་བཅས་བཀའ་བརྒྱུད་ཀྱི་ ཨ་ཎི་གྲྭ་ཚང་འདི་ཚུ་ག་ར་མར་ གཅིག་ཁར་འཛོམས་སྦེ་ ཏེ་ ང་བཅས་ཀྱི་ བགྲོ་གླེང་ རྩོད་པ་འདི་ཚུ་རྩེད་ནི་ཡོད།
  • ཨ་ཎི་མཁས་མཆོག་
    འ་ནཱི་འབད་ནི་འདི་གིས་ འ་ནཱི་བཟུམ་འབད་བ་ཅིན་ ཁོང་གི་དགོངས་བཞེད་ ཨ་ཎི་འདི་ཚུ་ལུ་ ད་ གོ་སྐབས་གསརཔ་ཅིག་ ཏེ་ ཤེས་ཡོན་འདི་ཚུ་ ཨ་ཙི་ཅིག་ ཡར་རྒྱས་འགྱོ་ནི་མས་ ཟེར་མནོ་སྟེ་ ཏེ་ འ་ནཱི་བཟུམ་སྦེ་ ཁོ་གིས་ཐུགས་བཞེད་གནང་སྟེ་ འ་ཨ་རེ་ཡ་མཁན་མ་ དགུན་ དགུན་གྱི་ལྷན་འཛོམས་ཟེར་ གཅིག་འ་ནཱི་ཁོ་གིས་ཐུགས་བཞེད་ འ་ནཱི་བཟུམ་བཙུགས་ཏེ་ ཏེ་ འ་ནཱི་ནང་ ང་བཅས་འབྲུག་ནང་ལས་འབད་བ་ཅིན་ ད་ ང་བཅས་ཨ་ཎི་དགོནམ་པ་གཅིག་ བཅའ་མར་གཏོགས་མི་ང་བཅས་ཨིན་ ཟེར་ཞུ་ནི།
  • ཨ་ཎི་མཁས་མཆོག་
    མར་ ད་ རྡོ་རྗེ་གདན་ལུ་ དགུན་ལུ་ ཨ་ཎི་དགོན་པ་ ད་ བཅུ་ཐམ་དེམ་ཅིག་གིས་ འ་ནཱི་བཅའ་མར་གཏོགསཔ་ད་ ང་བཅས་འབྲུག་ནང་ལས་འབད་བ་ཅིན་ ད་ ང་བཅས་ ང་བཅས་ཀྱི་དགོན་པ་ཨིན་ཟེར་ཞུ་ནི། ཏེ་ འ་ནཱི་འབད་ནི་སྦེ་ འ་ ང་བཅས་ད་ འབྲུགཔ་གི་མིང་གཏམ་ཅིག་ཡང་འབག་དགོ་པས་ དེ་ལས་ ང་བཅས་ཨ་ཎི་འདི་ཚུ་གི་ འ་ནཱི་ཅིག་ཡང་འབག་ འ་ནཱི་འབད་ནི་འབད་ཞིན་ན་ ང་བཅས་ཀྱི་ ད་ སློབ་དཔོན་འདི་ཚུ་ཡང་།
  • ཨ་ཎི་མཁས་མཆོག་
    ད་ འབྲུག་ནང་ལས་ཅིག་ རྐྱངམ་ཅིག་མེད་པར་ ད་ མཁས་མཆོག་འདི་ཚུ་ གདན་འདྲེན་ཞུ་སྟེ་ལགས་ དཔེ་འབད་བ་ཅིན་ རྒྱ་གར་ལས་ ད་ འ་ནཱི་ནང་ལས་ ད་ ང་བཅས་སློབ་དཔོན་མཁས་མཆོག་འདི་ཚུ་གདན་འདྲེན་ཞུ་ ཏེ་ འ་ནཱི་སྦེ་ ཁོང་འདི་ཚུ་ནཱ་ལས་ད་ ད་ལྟོ་ང་བཅས་ཀྱི་ ཤེས་ཡོན་འདི་ཚུ་སྦྱང་དོ་ཟེར་ཞུ་ནི། ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་མར་ གནམ་དགུན་ལུ་སྟེ་ མར་འ་ནཱི་བཟུམ་ནང་བཅའ་མར་གཏོགསཔ་ད་ལུ་ ད་ ཨ་ཙི་ཅིག
  • ཨ་ཎི་མཁས་མཆོག་
    མ་ཤེས་པ་ཅིན་ མི་བཏུབ་པས་ཟེར་མནོ་སྟེ་ ཏེ་ འ་ནཱི་བཟུམ་གྱི་ ང་བཅས་ ད་ལྟོ་འདི་ ད་རེས་ནངས་པ་འདི་ ང་བཅས་ ཨ་ཎི་འདི་ཚུ་ལུ་ཡང་ ད་ གོ་སྐབས་གནམ་མེད་ས་མེད་ཡོད་ཟེར་ཞུ་ནི་ལགས། ཏེ་ འ་ ཏེ་ བཤད་གྲྭ་ནང་ ད་ སློབ་སྦྱོང་གཞན་ ག་ཅི་ཡོད་གོ་ཟེར་བ་ཅིན་ ད་ གཞུང་ཆེན་པོ་ཏི་ལྔ་གིས་གཙོ་རྒྱས་པའི་ ཏེ་ འ་ བྱམས་ཆོས་སྡེ་ལྔ་ལ་སོགས་པ་ ཏེ་ མ་འོངས་པ་ལུ་ འ་ནཱི་བཟུམ་གྱི་ སློབ་སྦྱོང་འབད་ནི་གི་གོ་སྐབས་ཡང་ཡོད་ཟེར་ཞུ་ནི་ལགས།
  • ཨ་ཎི་མཁས་མཆོག་
    དེ་ལས་ ད་ གྲྭ་ཚང་ འ་ འགོ་ དེ་ལས་ འ་ནཱི་ཚར་ཞིནམ་ལས་ ཏེ་ ང་བཅས་ འ་ནཱི་སློབ་སྦྱོང་ཚར་ཞིནམ་ལས་ ཏེ་ ང་བཅས་ སྒྲུབ་ཁང་ནང་འདི་ ལོ་གསུམ་གྱི་ འ་ནཱི་གི་འཛུལ་ནི་གི་གོ་སྐབས་ཡོད་ཟེར་ཞུ་ནི་ ད་ ལ་ལུ་གཅིག་གིས་ དགོན་པ་ཕྱག་ཞུ་ ཏེ་ ང་བཅས་ཀྱི་ ལ་ལུ་གཅིག་གིས་ བཤད་གྲྭ་འདི་ཚུ་ཕྱག་ཞུ་ དེ་ལས་ ལ་ལུ་གཅིག་འདི་ད་ སྒྲུབ་ཁང་ནང་ལོ་གསུམ་ འ་ནཱི་བཟུམ་གྱི་གོ་སྐབས་ཡོད་ཟེར་ཞུ་ནི།
  • ཨ་ཎི་མཁས་མཆོག་
    ད་ ལོ་ སྒྲུབ་ཁང་གི་ལོ་རྒྱུས་ཞུ་བ་ཅིན་ དང་པོ་འདི་ འ་ སྒྲུབ་ཁང་ ཚར་གསུམ་ནང་ དང་པོ་འདི་སྔོན་འགྲོ་ འ་ནཱི་ནང་འདི་སྔོན་འགྲོ་ལོ་གཅིག་གི་ དེ་ལས་ འ་ནཱི་སྔོན་འགྲོ་ནང་ལས་ དེ་ལས་ འོག་པ་གི་ དེ་ལས་ལོ་འབྱུང་ རྒྱལ་སྲས་ལག་ལེན་ འ་ནཱི་བཟུམ་སྦེ་ རིམ་པའི་རིམ་པའི་འབད་ཁོ་ར་ ལོ་དང་ ལོ་ངོ་དང་པ་འདི་ འ་ནཱི་བཟུམ་བརྒལ་དགོ་ཟེར་ཞུ་ནི་ ལོ་ འ་ སྔོན་ འ་ སྒྲུབ་ཁང་དང་པ་ནང་།
  • ཨ་ཎི་མཁས་མཆོག་
    དེ་ལས་ སྒྲུབ་ཁང་གཉིས་པ་འདྲ་ འ་ནཱི་ནང་འདི་ ང་བཅས་ཀྱི་སྤྱོད་ཚོགས་བརྒྱ་ཚར་ ཟེར་བཏང་ནི་ཡོད་ལགས་ སྤྱོད་ཚོགས་བརྒྱ་ཚར་བཏང་ དེ་ལས་ འ་ནཱ་ལས་ དེ་ལས་ གུ་རུ་རིན་པོ་ཆེ་གི་ མཉམ་ལེན་འབད་ཟེར་ འ་ནཱི་ལོ་གཉིས་པ་ནང་ ཏེ་ གསུམ་པ་ནང་འདི་ ད་ བཤད་ འ་ནཱི་ འ་ ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གི་མཉམ་ལེན་མཛད་ དེ་ལས་ འ་ནཱ་ལུ་ལོ་གསུམ་ཕྱོགས་གསུམ་གྱི་མཉམ་ལེན་འདི་ འ་ནཱི་ འ་ནཱ་ནང་ འ་ནཱ་ནང་ སྒྲུབ་ཁང་གསུམ་པ་ནང་ཨིན་ཟེར་ཞུ་ནི། ཏེ་ འ་ནཱི་ནང་འདི་ ཏེ་ ནཱ་རོ་ཆོས་དྲུག་ གཙོ་བོ་ ད་ འ་ནཱི་ ང་བཅས་རའི་ཀམ་ཚང་གི་མཉམ་ལེན་འདི་ཚུ་ འ་ འ་ནཱ་ནང་ ན་རོ་ཆོས་དྲུག་གིས་འགོ་བཟུང་སྟེ་ ཏེ་ འ་ནཱི་རྒྱུད་སྡེ་ མར་ལུ་རྒྱུད་སྡེ་བཅུ་གསུམ་ འ་ནཱི་མཉམ་ལེན་འབད་ནི་ཡོད་ ཟེར་ཞུ་ནི་ལགས་ སྒྲུབ་ཁང་ནང་འབད་བ་ཅིན།
  • ཨ་ཎི་མཁས་མཆོག་
    དེ་ལས་ ང་བཅས་རྩ་བའི་བླ་མ་གི་དགོངས་བཞེད་ཡང་ ད་ ང་བཅས་འདི་ཚུ་ ཨ་ཎི་འདི་ཚུ་གིས་སློབ་སྦྱོང་ལེགས་ཤོམ་སྦེ་འབད་ དེ་ལས་ དགོན་པ་གི་ལཱ་ ཞབས་ཏོག་ལེགས་ཤོམ་སྦེ་ཞུ་ དེ་ལས་ འ་ནཱ་ལས་ ང་བཅས་ད་ གཙོ་བོ་འདི་ ད་ བསྟན་པ་སྤྱི་ལུ་ཕན་ནི་གི་དོན་ལས་ ང་བཅས་ མཉམ་ལེན་འབད་དགོཔ་ཨིན་ ད་ ང་བཅས་ དེ་ལས་ ང་བཅས་ཀྱི་ ང་ ང་བཅས་ ད་ ང་རང་གི་བསམ་འཆར་ ང་རང་གི་བསམ་འཆར་བཟུམ་སྦེ་རུང་རང་ མནོ་བསམ་འབད་རུང་རང་ ད་ སློབ་སྦྱོང་འདི་ལེགས་ཤོམ་སྦེ་མཐར་འཁྱོལ་ཞིནམ་ལས་ དེ་ལས་ དང་པ་ ཧེ་མ་རང་མཉམ་ལེན་འབད་ དེ་ལས་ ད་ རིན་པོ་ཆེ་གི་དགོངས་བཞེད་བསྒྲུབ་ནི་དང་ དེ་ལས་ རྒྱལ་དབང་ཀརྨ་པ་གི་དགོངས་བཞེད་སྒྲུབ་སྟེ་ བསྟན་པ་སྤྱིར་ལུ་ཕན་ཐོགས་ནི་གི་མནོ་བསམ་ཡོད་ཟེར་ཞུ་ནི།
  • ཨ་ཎི་མཁས་མཆོག་
    ད་ དེ་ལས་ ཏེ་ ང་བཅས་ད་ལྟོ་ ང་བཅས་ཨམ་སྲུ་བུ་ཚུ་འབད་རུང་རང་ ད་ ང་བཅས་ལུ་ གནམ་མེད་ས་མེད་གོ་སྐབས་ཡོད་ ཟེར་ཞི་ནི་སྦེ་ཨིན། ཧེ་མ་འབད་བ་ཅིན་ ད་ ཨ་ཙི་ཅིག་ འེ་ ད་ དེམ་ དེམ་ཅིག་རང་མིན་འདུག་ཟེར་ཞུ་ནི་ལགས། ད་ ཕྲང་སྟེ་རང་ཞུ་བ་ཅིན་ ད་ ད་ལྟོ་འབད་བ་ཅིན་ ད་ འ་ རྩ་བའི་ ང་བཅས་ར་རྩ་བའི་བླ་མ་གིས་གཙོ་རྒྱས་པའི་ཏེ་བླ་མ་འདི་ཚུ་ག་ར་འབད་རུང་རང་ ད་ ཨམ་སྲུ་འདི་ཚུ་ལུ་ ཐུགས་རྗེ་གནམ་མེད་ས་མེད་ རྒྱ་ཆེན་པོ་གནང་ཞིནམ་ལས་ ད་ ང་བཅས་ལུ་ཡང་ གནམ་མེད་ས་མེད་གོ་སྐབས་གནངམ་མས་ ཟེར་ཞུ་ནི།
  • ཨ་ཎི་མཁས་མཆོག་
    འ་ནཱི་འབདཝ་ད་ལུ་ ད་ ང་བཅས་ཀྱི་ ད་ ང་བཅས་འདི་ཚུ་གིས་ཡང་ ཨམ་སྲུ་བུ་ཚུ་ག་འབད་རུང་རང་ ད་ རྒྱབ་ཁར་མ་བཞུགས་ མ་བཞུགས་པར་ ད་ དོན་གོ་ གདོང་ཁར་འཐོན་དགོ་ཟེར་ཞུ་ནི་ལགས། ང་བཅས་འབད་རུང་རང་ ད་ང་བཅས་ཀྱི་འབད་རུང་རང་ མ་ཚུགས་རུང་རང་ ང་བཅས་ཀྱིས་ཡང་ མནོ་བསམ་ཐེབས་ཅིག་རང་བཏང་སྦེ་ ད་ ང་བཅས་ཡང་རྩ་འགེངས་དོ་ཟེར་ ཏེ་ ཤུལ་མ་ ད་ བསྟན་པ་ བླ་མ་འདི་ཚུ་གིས་ཐུགས་དགོངས་སྒྲུབ་ནི་དང་ བསྟན་པ་སྤྱི་ལུ་ཕན་ཐོགས་ནི་གི་དོན་ལས་ ཏེ་ ང་བཅས་ཀྱིས་ཡང་ཤུགས་བཏོན་དགོ་ཟེར་ ཏེ་ ད་ལྟོ་འབད་རུང་རང་ ང་བཅས་རྩ་འགེངས་དོ་ལགས།
  • ཨ་ཎི་མཁས་མཆོག་
    ཏེ་ མ་འོངས་པ་ནང་འབད་རུང་རང་ ནེ་སྦེ་རང་འབད་ཞིནམ་ལས་ ཏེ་ རྩ་བའི་བླ་མའི་ཐུགས་དགོངས་སྒྲུབ་ནི་དང་ བསྟན་པ་སྤྱི་ལུ་ཕན་ཐོགས་ནི་གི་ ཏེ་ ཕྱག་ཞུ་ནི་སྦེ་ཟེར་ བུམོ་ དེ་ལས་ ད་ ང་བཅས་རྒྱལ་ཁབ་ཀྱི་ འབྲུག་རྒྱལ་ཁབ་ཀྱི་ཨམ་སྲུ་འདི་ཚུ་ག་ར་འབད་རུང་ ཏེ་ འ་ ད་ ཆོས་འབད་ འབད་ནི་གི་ཐུགས་བཞེད་ཡོད་ཡོདཔ་འདྲཝ་ཅིག་འབད་བ་ཅིན་ ད་ ད་རེས་ནངས་པར་ གནམ་མེད་ས་མེད་གོ་སྐབས་ཡོད་ཟེར་ཞུ་ནི་ ད་ ང་བཅས་དགོན་པ་ལུ་འབྱོན་རུང་རང་འབད་རུང་རང་ ཧེ་མ་བཟུམ་འབད་བ་ཅིན་ འ་ནེམ་ཅིག་མཐུན་རྐྱེན་ཚང་ཏོག་ཏོ་མེད་ལགས།
  • ཨ་ཎི་མཁས་མཆོག་
    ད་ལྟོ་འབད་བ་ཅིན་ ང་བཅས་ནཱ་ ད་ གྲྭ་ཚང་ནང་བཞུགས་དགོ་རུང་རང་འདྲ་ དེ་ལས་ བཤད་གྲྭ་ནང་བཞུགས་དགོ་རུང་རང་འདྲ་ སྒྲུབ་ཁང་ནང་བཞུགས་རུང་རང་ གནམ་མེད་ས་མེད་གོ་སྐབས་གནམ་མེད་ས་མེད་ཡོད་ཟེར་ ཏེ་ ཤེས་ཡོན་གྱི་ཁ་ཐུག་ལས་འབད་རུང་རང་འདྲ་ ད་ འ་ ནང་ཆོས་ཀྱི་རྐྱངམ་ཅིག་མེད་པར་ ད་རེས་ནངས་པ་འདི་ ང་བཅས་ ཨིན་ ཨིང་ལིཤ་ འ་ནཱི་འབད་རུང་ འ་ནཱི་གི་ཡང་གོ་སྐབས་ཡང་ཡོད།
  • ཨ་ཎི་མཁས་མཆོག་
    ཨ་ནཱི་འབད་ནི་འདི་གིས་ ཏེ་ ཨམ་སྲུ་འདི་ཚུ་ ད་ ཆོས་འབད་ནི་གི་གོ་སྐབས་མ་ཐོབ་མི་འདི་ཚུ་ ད་ འ་ནཱི་བཟུམ་ཡོད་པ་ཅིན་ ཏེ་ ང་བཅས་ནཱ་འབད་བ་ཅིན་ ང་བཅས་སྒྲུབ་སྡེ་པར་མོ་ ད་ནཱ་འབྱོན་པ་ཅིན་ ང་བཅས་ནཱ་ཡང་ གོ་སྐབས་ཡོད་ཟེར་ཞུ་ནི་ལགས། དེ་ལས་ ཏེ་ འ་ འབྲུག་རྒྱལ་ཁབ་ཀྱི་ཨམ་སྲུ་འདི་ཚུ་ག་ར་ལུ་ ཏེ་ ང་བཅས་ཨམ་སྲུ་བུཚུ་ཚུ་གིས་ཡང་ ཆོས་འབད་བ་ཅིན་ ནང་ཆོས་འབད་བ་ཅིན་ གནམ་མེད་ས་མེད་གོ་སྐབས་ལེགས་ཤོམ་འདུག་ ང་བཅས་ཀྱིས་འབད་བ་ཅིན་ འབད་ཚུགས་པས་ ཟེར་ཞུ་ནི་ལགས། བཀའ་དྲིན་ཆེ།། །།