Skip to main content Skip to search
27 Jan 2016
6 min 15 sec
Video Overview
Creators: 
Sonam Chophel, Khandu, Enchung Lhamo, Jamyang Lhamo

The Kabu Darcham House was used as a hermitage for the practice of solitary retreat. When someone is in solitary retreat, he or she should not meet with outsiders, nor speak to anyone. Dokami from Nobgang village in Punakha shares an incident of how while doing retreat a practitioner asked his attendant to bring a flower by writing it on a piece of paper. The attendant did not understand what he wrote, so he told the lama.

 

The Kabu Darcham House was used as a hermitage for the practice of solitary retreat. When someone is in solitary retreat, he or she should not meet with outsiders, nor speak to anyone. Dokami from Nobgang village in Punakha shares an incident of how while doing retreat a practitioner asked his attendant to bring a flower by writing it on a piece of paper. The attendant did not understand what he wrote, so he told the lama.

 

Transcript search
No results found for this search
0 of 0
  • `
  • རྡོ་བཀག་མི། Dokami
    དེ་བསྒང་ ནཱ་ལུ་ཏེ་ ཐུན་བཏང་ས་ཨིན་མས་པ་ལགས། ཏེ་ང་བཅས་ར་ ཕོ་དང་མོ་སྦེ་ ག་ཏེ་ཡང་སྡོད་ནི་མིན་འདུག
    during that time this is the place where we pray and we were not seperated as male and female apart.
  • རྡོ་བཀག་མི། Dokami
    སྤུ་ར་(ཆ་མཉམ་)ཐུན་བཏང་སྦེ་འབདཝ་ད་ ཏེ་ཁྱིམ་འདི་ ཀ་བུ་དརཔ་ཆམ་སྦེ་ བཟོ་སྦེ་འབད་མི་འདི་
    we all prayed and made house in khabu dharcham style
  • རྡོ་བཀག་མི། Dokami
    ཏེ་ནཱ་ལས་ཕར་གྱི་ ཀ་བུ་དརཔ་ཆམ་འདི་ཚུ་ ཡར་གྱི་མཆོད་བཤམ་ ཡར་ལས་ཕར་སྦེ་ ཏེ་ཡར་ལས་ཕར་ སྒོ་ཅིག་ཕར་སྤད་པའི་ཤུལ་ལསནི་ ཏེ་ཕཱི་ཁར་ བར་ཀ་ གཉེར་ཚང་བཞག་ས་ འདིའི་ཕར་ཀ་འདི་ཁ་ལུ་ ཐབ་ཚང་།
    from khabu dharcham we made one door to go for the altar, then a door leading to barkha. barkha is the place where we keep the ration and from that side, the kitchen
  • རྡོ་བཀག་མི། Dokami
    དེ་ལས་ འདིའི་རྒྱབ་ཁའི་འདི་ཁར་ལུ་ ཏེ་གསང་ཆབ་མཛད་ས་འབད་བའི་ཤུལནི་ འདི་ཁར་སྤུ་ར་(ཆ་མཉམ)མཚམས་སྦེ་ཨིན་པས་སྦ་ལགས།
    after that, in the back side its toilet. so it included all in one kabu darcham.
  • རྡོ་བཀག་མི། Dokami
    ཏེ་ལྷ་ཁང་གི་སྒོ་འདི་ ཨ་ནཱི་ ཁོང་རའི་འཛུལ་སྒོ་འདི་ སྤུ་ལས་ཕྱི་ནི་མིན་འདུག་སྤ་དེ་བསྒང་། ཏེ་མར་ལས་ སྒོ་ཅུང་སྦེ་ ཆུང་ཀུ་བཟོ་བའི་ཤུལནི། ཨ་ནཱི་ཁར་ལས་མར་རས་དཔྱང་།
    He never opened his entrance door instead he made one small window and closed with a clothpiece.
  • རྡོ་བཀག་མི། Dokami
    ཏེ་དེ་ལས་ མཚམས་མའི་མཚམས་གཡོག་ཟེར་ མཚམས་མའི་ལཱ་འབད་མི་ཚུ་གིས་ ཏེ་དེ་ཁར་ལུ་ གསོལ་ཚོགས་དྲང་དགོ་རུང་ ཏེ་གསོལ་ཚོགས་འདི་རོགས་ཁོང་རའི་འབད་བཞེས་དོ་ཡོདཔ་མས་ལགས།
    meditator's attendant serves the food or the Meditator themselves prepares the food.
  • རྡོ་བཀག་མི། Dokami
    ཁོ་གིས་གཉེར་ཚང་དང་ ཨ་ནཱེ་བཀལ་དགོ་ ཤིང། ཆུ། དང་ཕུགས་ག་ར་ ཨ་ནཱེ་བཀལ་དགོ་སྦ།
    meditator's attendant's duty is to collect the wood and water and the ration.
  • རྡོ་བཀག་མི། Dokami
    ཨ་ནཱི་བཀལ་ ཏེ་དེ་ལས་ ཁོ་གིས་ མཚམས་དེ་གི་སྦོ་ལོགས་ལུ་ སྒོ་ཅུང་གི་ ད་ལས་ཕར་རྟགས་འདི་རྐྱབ་འབད་སྦེ་ ཏེ་དེ་ལས་ ཅ་ལ་དགོ་མིའདི་ ཨ་ནཱ་ བཀལ་བཞག་སྦེ་ ཏེ་ཁོང་ར་ གསུང་གྲོས་ཡང་ མཛད་ཐག་མི་ཆོད་པས།
    he kept all his required things near the small window because they are not allowed to talk.
  • རྡོ་བཀག་མི། Dokami
    ཏེ་འ་ནཱ་ བཀལ་བཞག་པའི་ཤུལནི་ ཏེ་ཁོ་ཡར་ལས་མར་གཟིགས། ཏེ་དེ་ལས་ དགོ་མི་ཅ་ལ་ཚུ་ཡང་ ག་ར་ལེན་འབད་སྦེ་ ཏེ་འ་ནཱེ་སྦེ་མཛད།
    meditator's attendant kept all the required things near the meditation place and meditator looked down and got all his required things.
  • རྡོ་བཀག་མི། Dokami
    ཏེ་ཨ་ནཱི་ མཚམས་ཁང་འདི་ཚུ་གི་མིང་ ཀ་བུ་དརཔ་ཆམ་ཟེར་ སླབ་མས་པ་ལགས། ཡར་ལས་ཕར་ ཁྱིམ་ངོ་མ་ ཨ་ནཱི་ཞུན་ཅ་ ཨ་ནཱི་ མར་ལྟ་བཏང་མི་འདི་གི་མིང་ ཀ་བུ་དརཔ་ཆམ་ཟེར་ ཞུཝ་མས་པ་ ཨ་ནཱི་ཚུ།
    so this hermitage was known as khabu dhamcham.
  • རྡོ་བཀག་མི། Dokami
    ཏེ་ཨ་ནཱིའི་ འོག་ཐོག་ལུ་ ཁོང་ར་མཚམས་ཆ་རོགས་འོགམ་ད་ གསུང་གྲོས་མཛད་བཞུགས་ས། ཏེ་ཕཱི་ཧོངས་ཀྱི་ ཨ་ནཱི་ དར་བཤམ་འདི་ཁར་ལུ་ ཁོ་རའི་མནལ་གཟིམ་ས།
    in the ground floor, they made room where they can talk when their friends visited and on this darsham, is where the meditator will sleep
  • རྡོ་བཀག་མི། Dokami
    ཏེ་ཨ་ནཱི་ མཆོད་བཤམ་གྱི་ ནཱི་ཁའི་འདི་ འབུ་སྒོ་སྦེ་ བཟོ་ད་ཞིནམ་ལས་ ལྟོ་ཚང་ར་འོང་རུང་ ནང་ན་འཛུལ་མི་ཆོག་པས་སྦ་ལགས།
    Once they have made the shrine room as bu-go even their close friend were not allowed to enter it
  • རྡོ་བཀག་མི། Dokami
    འབུ་སྒོའི་སྒོ་ལས་སྦེ་ ལོ་རྒྱུས་སླབ་དགོ་མི་ཚུ་ ཆ་མཉམ་སླབ་སྦེ་ དེ་ལསནི་ཏེ་ ཅ་ལ་བཀལ་དགོཔ་ཚུ་ག་ར་ ང་བཅས་ར་ ཨ་ནཱི་ མཚམས་གཡོགཔ་སྦེ་ བཞག་མི་དེ་གིས་ འ་ནཱེ་སྦེ་བཀལ་དགོ།
    whatever they tell they have to tell outside from the bu-go, and the reason for keeping an attendent was to provide him with the required things
  • རྡོ་བཀག་མི། Dokami
    ཏེ་མཚམས་གཡོག་ཡ་ལུ་གིས་ ཨ་ནཱི་ཕར་ལས་ བླམ་ཡ་ལུ་གིས་ ཨ་ནཱི་ ཡི་གུ་ཕྱག་ཡིག་གནངམ་ད་ ཕྱག་ཡིག་འདྲ་ཤུལ་དོད་ཏོག་ཏོ་སྦེ་ ཏེ་ད་རེས་འབད་ཚེ་ གཅིག་བ་གཅིག་ མཁསཔ་སྦེ་ཡར་སོང་སྨོ་ལགས།
    when lama gives letter to the meditator's attendant they have to give clear instruction
  • རྡོ་བཀག་མི། Dokami
    དེ་བསྒང་ ཨ་ནཱེ་སྦེ་མས་པ་ ཏེ་མཚམས་མ་གིས་ ཁོང་ལུ་ ཡི་གུ་གནང་གནང་མས་ ས་ལས་བྱམས་པ་བཏོན་འབག་ཤོག་ཟེར་ ཏེ་དེ་ལས་ ས་ལས་བྱམས་པ་བཏོན་འབག་ཤོག་ཟེར།
    one meditator gave him letter telling him to bring Salay Jamba, Salay Jamba
  • རྡོ་བཀག་མི། Dokami
    ཏེ་དེ་ལས་ ཉི་གནས་དེ་གིས་ མ་ད་པུ་ལས་ ཏ་ང་ས་ལས་བྱམས་པ་ཟེར་མི་འདི་ ས་ལས་བྱམས་པ་འདི་ ང་འཚོལ་ར་ མི་འཐོབ་ནི་མས་ཟེར།
    Nyenay didn't know how to bring Salay Jamba because he could not find that
  • རྡོ་བཀག་མི། Dokami
    ད་རུང་ཡང་ ཡི་གུ་ཞུཝ་ད་ ད་རུང་་ཡང་ ས་ལས་བྱམས་པ་བཏོན་འབག་ཤོག་ཟེར་ ཏེ་འདི་ལས་ ཁོ་གིས་ ཏེ་ནཱ་ལས་ཕར་ལུ་སྦེ་ཏེ་ ད་རུང་ ཡིག་ལོག་ཕུལ།
    again he got letter telling him to bring salay jamba, he gave back the letter again saying that
  • རྡོ་བཀག་མི། Dokami
    ད་ཁོ་གིས་ ས་གི་ ས་ནང་ལས་འདི་ཏེ་ ནོར་ལས་འབདན་ ཇ་མར་ཟེརཝ་ཐོན་ མར་ཟེརཝ་ཐོན་ནི་འདུག་ ཏེ་ས་ལས་བྱམམ་པ་འདི་ པུ་ལས་ར་ འཚོལ་མི་ཐོབ་པས་ཟེར་འབདཝ་ད་
    from soil how can I find the Jamba, yes from cow we get jamar in the form of butter but not from soil
  • རྡོ་བཀག་མི། Dokami
    ཏེ་ལོག་འདི་མེན་མ་ ང་བཅས་ མེ་ཏོག་ས་ལས་བྱམས་ཟེར་མི་ཅིག་ཡོད་པ་ཏེ་ལགས། འ་ནཱི་ ས་ལས་བྱམས་པ་འདི་ འབག་ཤོག་ཟེར་ གསུངས་གསུངམས་མས་སྦ་ཏེ་ ཨ་ཕཱ།
    but he was talking about the flower which is called salay jam. he asked him to bring it.
  • རྡོ་བཀག་མི། Dokami
    ང་བཅས་ ཨ་ཕཱ་སྐྱེས་མི་མེ་ཏོག་ ཨ་ཕཱི་འགྲོས་བཟུམ་སྦེ། ཨ་ནཱི་ ས་ལས་བྱམས་ཟེར་ སླབ་འབད་བཏུབ་པ་ལགས།
    the flower there, that flower was known as salay Jam
  • རྡོ་བཀག་མི། Dokami
    ཏེ་ཁོ་ཡར་ མཆོད་བཤམ་ནང་ མེ་ཏོག་དམ་བྱི་ མེ་ཏོག་དམ་བྱི་ནང་ལུ་ འ་ནཱི་ མེ་ཏོག་འདི་སྐམ་སོང་སྟེ་གིས་ ས་ལས་བྱམས་པ་ བཏོན་འབག་ཤོག་ཟེར་ བཅག་འབག་ཤོག་ཟེར་མ་གསུངམ་པར་ ས་ལས་བྱམས་པ་ བཏོན་འབག་ཤོག་ཟེར་ བཙུགས་བཙུགསཔ་མས།
    in his shrine room, flower had dried and he was asked to pluck the flower, not uproot it, but it was written as uproot..
  • རྡོ་བཀག་མི། Dokami
    ཏེ་འ་ནཱེ་སྦེ་ ཁོང་ར་ བཤད་རྟོགས་བགོད་བྲ་སི་སི་སྦེ་ སླབ་ནི་ཡོད་ལགས། ཏེ་ས་ལས་བྱམས་པ་བཏོན་འབག་ཤོག་ཟེར་ དོན་དག་པུ་ལས་མ་གོ།
    such funny talks are said about it. he didn't understand the meaning of taking out of the salay jam
  • རྡོ་བཀག་མི། Dokami
    ལོག་ཤུལ་ལས་ ས་ལས་བྱམས་བཅག་འབག་ཤོག་ཟེར་ གསུངས་གསུངམས་མས་པ་མེ་ཏོག
    later the meditator told him to pluck the flower and bring.
  • རྡོ་བཀག་མི། Dokami
    ཡར་བུམ་པའི་ནང་ལུ་མེ་ཏོག་གཉིས་རྫོགས་སོང་སྟེ་ལགས། ཏེ་འ་ནཱེ་སྦེ་ཏེ་ དང་ཕུགས་ ལོ་རྒྱུས་ལེ་ཤ་འདུག་པ་ཏེ་སྨོ
    two flower had dried up in the vase. they had lots such stories during ancient time
  • རྡོ་བཀག་མི། Dokami
    དེ་བསྒང་ ནཱ་བྱ་ཡང་གསོ་མི་ཆོག། ཏེ་འདི་ལས་ ཨམ་སྲུ་ཐགས་འཐག་མི་ཚུ་ཡང་ ད་རེས་ཡར་ ཡུམ་གྱི་ གཟིམ་ཅུང་རྒྱབ་ཕར་ཕར་ལུ་ སྤང་ཅུང་ཅིག་ཡོད། ཨ་ནཱི་ རྒྱབ་འགྱོ་ཞིནམ་ན་སྦེ་ ཐགས་འཐག་མི་ ཨ་ཕར་སྦེ་འཐག་དགོ་པས་ལགས།
    during that time they were not allowed to raise hen. And wevers here, were not allowed to weave here, they had to go to the ground behind the queen's quarter.
  • རྡོ་བཀག་མི། Dokami
    ཏེ་ཨམ་སྲུ་ཚུ་གཞན་ གཞན་ཁའི་ཨམ་སྲུ་ཚུ་བཟུམ་སྦེ་ ནཱ་དེ་སྦེ་སྡོད་ར་མི་ཆོག་པས། ནཱ་རོགས་ མཚམས་འདི་དང་ མཚམས་གཡོག་འདི་ར་ཨིན་མས་པ་ལགས།
    women here like women from other places were not allowed to stay here. That place was only for the meditator and meditator's attendant to.
  • རྡོ་བཀག་མི། Dokami
    ཏེ་བྱཔ་ཡང་ ང་བཅས་ཨ་ནཱི་བྱ་ཕོད་ཡོད་པ་སྨོ་ལགས? འ་ནཱི་ར་ཨིན་པས། བྱམོ་ཡང་ཙ་ལས་ར་གསོ་མི་ཆོག་པས་ལགས།
    raising hens was prohibited , only this rooster is here.
  • རྡོ་བཀག་མི། Dokami
    བྱ་པོད་འདི་ ཨ་ནཱི་དྲོ་པ་ ཆུ་ཚོད་ཀྱི་ཁྱད་སྦེ་ འབོ་དགོ་པས་སྦ་ཏེ། འ་ནཱེ་འབོ་དགོ་པས་སྦ།
    they kept the rooster as an alarm in the morning
  • རྡོ་བཀག་མི། Dokami
    དེ་བསྒང་ ཆུ་ཚོད་གཱ་རི་ཡང་ མིན་འདུག་པས་སྦ་ཏེ་ལགས། དྲོ་པ་རོགས་ ཆུ་ཚོད་དང་པ་འདི་ལུ་ ཁོང་ར་ཡར་བཞེངས། འདི་ལསནི་ཏེ་ ཞལ་བསིལ། ཕྱག་བསིལ། མཆོདཔ་ཕུལ།
    during that there was no watch. they woke up, washed their face and they offer water in the altar during the first call.
  • རྡོ་བཀག་མི། Dokami
    ཏེ་ཇ་ཐེངས་གཉིས་པ་ལུ་ གསོལ་ཇ་བཞེས་ནི་ཡོདན་བཞེས།
    in the second call, they drank tea
  • རྡོ་བཀག་མི། Dokami
    ཏེ་གསུམ་པ་ལས་ཏེ་ ཐུན་འགོ་བཙུགས་དགོ་པས་པ་ཏེ་ཁོང་།
    they stared with their prayers during third call of the rooster.
  • རྡོ་བཀག་མི། Dokami
    བྱ་ཐེངས་དང་པ་ གཉིས་པ་ ཟེར་ཡོད་པ་ཏེ་སྨོ་ལགས་ གསུམ་པ་ཟེར། ཏེ་འ་ནཱི་ གསུམ་པ་ལས་ བརྒལ་བའི་བསྒང་ལསནི་ཏེ་ ཁོང་ར་རོགས་ ཁོང་རའི་ ཀྲའིམ་(ཆུ་ཚོད་)དང་འཁྲིལ་ ཁོང་ར་ནཱེ་ཅིག་ཟེརཝ་མེད་པ་ ག་ནཱེ་སྦེ་འབད།
    we have first call and second call right, after third call they worked accoding to their routine
  • རྡོ་བཀག་མི། Dokami
    ཏེ་བྱ་ཐེངས་དངམ་དང་ གཉིསཔ་འདི་ ང་བཅས་ཡར་ ལྷ་ཁང་ནང་ར་འབད་ས་ཅིག་རུང་ ད་འབདན་བྱ་ཐེངས་དངམ་འབོ་དའི་སྨ་རེ་ མཆོད་དྲིལ་དངམ་འགོ་བཙུགས་དགོ་ཟེར།
    the first and the second call, even in the lhakhangs, they ring the bell during those calls
  • རྡོ་བཀག་མི། Dokami
    དེ་བསྒང་ ལྷ་ཁང་ག་ར་མཆོད་དྲིལ་བསིལ་དགོ་པ་ལགས། ལྷ་ཁང་ལྔ་དང་དྲུག་ཡོད་རུང་ བྱདཔ་དངམ་འབོ་པའི་བསྒང་ལས་ མཆོད་དྲིལ་བསིལ་དགོ་ལགས།
    during that time all temple have to ring the bell, during the first call
  • རྡོ་བཀག་མི། Dokami
    ཏེ་དེ་ལས་གནམ་དགུན་འབད་བའི་བསྒང་ལས་ མཆོད་དྲིལ་ལྕེ་འདི་ཡང་ རོལཝ་ར་བཏགས་དགོ་ལགས་ ནོར་གྱི་རོལཝ་བཏགས་འོང་།
    during winter, we have to hang the cattle's horn as the bell's clapper
  • རྡོ་བཀག་མི། Dokami
    ལྕགས་བཞག་ར་མི་སྟེར་ མཆོད་དྲིལ་བཀག་ད་འོང་ཟེར། ཏེ་ད་ད་རེས་འབད་བའི་སྐབས་ཏེ་རོགས་ ཁོང་ར་ཨ་ནཱེ་ ག་ཅི་མེདཔ་ཨིན་ན་མ་ཤེས་ ཏེ་མཆོད་དྲིལ་མ་ད་པུ་ལས་ཏེ་ དགེ་སློང་ཆ་མཉམ་ དགུང་ལོ་གཞོན་ཅུ་གཞོན་ཅུ་བྱོན་
    they don't keep the steel here, that it might break the bell. Now a days, all the monks are young..
  • རྡོ་བཀག་མི། Dokami
    ཏེ་རྒས་ཤོས་ཚུ་གིས་ གསུང་གེ་ཟེར་བ་ རྒས་ཤོས་དགེ་སློང་ཡང་ སྤུ་ར་( ཆ་མཉས)བཤགས་སོང་སྦེ་འབད་བའི་ཤུལནི་ ཏེ་ད་ མཆོད་དྲིལ་རྐྱབ་དགོ་ཟེརཝ་ཡང་མ་ཞུ་ རྐྱབ་མི་དགོ་ཟེརཝ་ཡང་མ་ཞུ།
    and all old monks passed away, and doesn't know that the bell's clapper should be changed, since there is noone to tell
  • རྡོ་བཀག་མི། Dokami
    དང་ཕུགས་འདི་ཏེ་ མཆོད་དྲིལ་མ་རྐྱབ་པ་ཅིན་འདི་ ཏེ་མར་ལས་རོགས་ ཁོང་ར་གི་ གནམ་མེད་ས་མེད་ ཞིབ་དཔྱད་ཡོད་ནི་དེ་གིས་ ལྟག་ལས་བཞུགས་མི་གེ་ཚུ་གིས་ གནམ་མེད་ས་མེད་དྲང་དོ་ཡོདཔ་མས་ཏེ་ལགས།
    In olden days, there was routine check up and if they don't ring the bell, they got beaten mercilessly from the elders
  • རྡོ་བཀག་མི། Dokami
    ཁྱོད་ཀྲམ་(དུས་ཚོད་)གུ་ ག་ཅི་སྦེ་ མཆོད་དྲིལ་མ་གསིགཔ་སྨོ་ཟེར། ལྷ་ཁང་ནང་ལུ་ཆོས་སྐྱོང་འདི་ འ་ནཱི་ཁར་བཞེངས་དགོ་ཟེར། ཏེ་བྱདཔོ་འདི་ འ་ནཱེ་སྦ་འབོ་དགོ་པས་པ། དེ་བསྒང་ ཆུ་ཚོད་གཱ་རི་ཟེརཝ་ མིན་འདུག་ལགས།
    Why didn't they ring the bell on time? was what the senior monks said. we have to construct the choe chong on that time, that is why the rooster's call heeded
  • རྡོ་བཀག་མི། Dokami
    ཏེ་འ་ནཱི་བསྒང་བྱདཔོ་འབོ་འབད་སྦེ་ འ་ནཱེ་འབད་མཛད་དོ་ཡོདཔ་མས། ཏེ་ནཱ་གི་འདི་ ཨ་ནཱི་གི་ སྡེ་འབད་ནི་དེ་གིས་ མཚམས་དེ་དང་ མཚམས་གཡོག་དེ་ར་ མ་གཏོགས་གཅིག་པུ་
    only meditator and the attendent are allowed to stay here
  • རྡོ་བཀག་མི། Dokami
    ཏེ་ཨ་ནཱི་ ཁྱིམ་འདི་ཡང་ ཨ་ནཱ་ལས་ཕར་སྦེ་ ཨ་ནཱེ་སྦེ་ བཟོ་བཞག་དགོ་མི་དེ་ ཨ་ནཱི་ མཚམས་གཡོག་འདི་གིས་ ཤིང་དང་ ག་ར་ནང་ན་ བཀལ་བཞག་དགོ་པས་པ་ཏེ་ལགས་
    the house is being built this way, so that meditator's attendant gather all wood and keep it there.
  • རྡོ་བཀག་མི། Dokami
    ཆུ་ཡང་ དབོག་ནཱ་བཀལ་ ཁོ་ཡང་ ནཱ་སྡོད་མི་ཆོག་པས་ལགས། ཁོ་ར་ཡང་སོ་སོར་འགྱོ་སྡོད་
    and also fetch the water, even he is not allowed to stay after he finishes his work
  • རྡོ་བཀག་མི། Dokami
    དེ་ལས་ མཚམས་ཁོ་ར་ཡར་ལས་ དྲོ་པ་ཐོན་དེ་ གྲོལ་ཚརཝ་ཅིན ནཱ་བྱོན་ ཤིང་ཚུ་ཡང་ འཐུ་ཡར་ ཁོང་རའི་ཨ་ཡར་ རྒྱབ་ལུ་ལས་ཕར་ ཐབ་ཚང་ཡོད་པ་ལགས། ཕྱི་ར་མི་ཐོན་པ་ཏེ་ལགས་ཁོང་།
    after his meditation he has to come here to pick his wood, there is a kitchen at back side, as he is not allowed to come out
  • རྡོ་བཀག་མི། Dokami
    ཆབ་གསང་འདི་མར་ ཨ་ནཱི་ ཆབ་གསང་ཨ་ནཱ་ཡོད་པ་ཏེ་ལགས་ ད་རེས་ ཨ་ནཱི་ཁར་ལུ་གཅིག
    there is a toilet here
  • རྡོ་བཀག་མི། Dokami
    ཨ་ཕར་ལུ་ སྒོ་ནོར་སྨན་ཁང་འདི་ཁ་ལུ། ཨ་ནཱི་ ལྕོགས་ཐདཔ་སྦེ་ཡོད་ལགས་ ཨ་ནཱི་ཁར་ལུ།
    It's same as the one next to the animal husbandary,
  • རྡོ་བཀག་མི། Dokami
    ཏེ་ཆབ་གསང་སྤུ་ར་(ཆ་མཉམ)དལ་བཏང་མི་འདི་ དང་ཕུའི་ཆབ་གསང་ཏེ་ བློ་སྐྱོར་ཟེརཝ་མེད་པ་ ཡུདཔ་ཅི་ཆབ་གསང་གི་ཐོས་མེ་སྦེ་མཐོང་མས་ཏེ་ ང་བཅས་ ཨ་ནཱི་ ལུད་བླུག་བླུགཔ་འགྲོས་བཟུམ་སྦེ།
    and they demolished all the old toilets because ancient toilet didnt have wall around the toilet and ther stools were seenable and also it looked like a coiled snake
  • རྡོ་བཀག་མི། Dokami
    ཨ༌ཕཱི༌འདི༌ཡང༌ འ༌ནཱི༌བཟུམ༌སྦེ༌མཐོང༌མ༌ཏེ༌ལགས། ཡར་ལས་ཕར་ ཤིང་གི་སྒྲོམ་ ཨ་ནཱེམ་ཅིག་ ཨ་ནཱེ་སྦེ་བསྒྲིགས།
    that toilet is also seen like wooden box
  • རྡོ་བཀག་མི། Dokami
    ཨ་ནཱི་ཁ་ལས་སྦེ་ ཤར་རི་མཁནམ་ ཆབ་གསང་མར་སྦེ་ དེ་ལས་མར་ ས་དོང་སྤེད་སྤེདཔ་ ལུང་ཤོང་དེ་གིས་ ཆབ་གསང་མར་ལས་སྦེ་འོང་ ཡར་གི་ ཨ་ནཱི་ ཤིང་འདི་དང་འདྲན་འདྲ་སྦེ་ སྒྱུར་སྡོདཔ་མས་ཏེ་ ཨ་ནཱེ་སྦེ།
    toilet hole was very small and all the latrine came out of the hole and it became so dirty
  • རྡོ་བཀག་མི། Dokami
    འདི་ཏེ་ ཨ་ཙི་ང་བཅས་ར་རྒྱལ་ཁབ་ ཡར་རྒྱས་འགྱོ་འབད་བའི་བསྒང་ལས་ ང་བཅས་ར་ག་ར་ ངོ་ཚ་བས་ཟེར་ ཏེ་ཆབ་གསང་དེ་ཡང་ སྤོག་བཀོ།
    due to the development of our bhutan, now people felt shy to leave like ancient time
  • རྡོ་བཀག་མི། Dokami
    ཏེ་ཐུན་བཏང་མི་མཚམས་ཚུ་ ག་ར་གཤགསཔ་མས་སྨོ་ཤིག། ཏེ་འ་ནཱེ་འབད་བའི་བསྒང་ལས་ ཏེ་ཨ་ནཱི་ ང་བཅས་མཚམས་ཁང་ཚུ་ ཇོ་ངོ་མ་སྦེ་མེན་འབད་པ་ཏེ་ལགས།
    all mediator died and this hermitage was not for there own
  • རྡོ་བཀག་མི། Dokami
    རོགས་ནཱ་ བང་ཆེ་མི་ སློབ་དཔོན་ཤར་ཕྱོགསཔ་ལོ་ མར་ཨ་ནཱི་ཚུ་ཡོད་ཞིནམ་ནང་ ཏེ་ཁོང་གིས་ བདག་འཛིན་འབད་ མཚམས་ཁང་སྤུ་ར་ (ཆ་མཉམ)ཁོང་གིས་ ལེན་བཞག་བཞགཔ་མས།
    the cost of hermitage was Nu.100 from the lopen sharshob because they are the care taker of the hermitage
  • རྡོ་བཀག་མི། Dokami
    ཏ་ཨ་ནཱི་ཚུ་ རོགས་མཚམས་པ་སྤུ་ར་(ཆ་མཉམ)གཤགས་སོང་འབད་སྦེ་ ཏེ་ཁོང་ར་བདག་འཛིན་ཡོད་མི་ཚུ་གིས་ ལེན་འབད་སྦེ་ཏེ་ རེ་ཚེབསྒངཔ་ཏེ་ ཁོང་ར་གི་ ཐུན་བཏང་མི་རེ་བཙུགས་བཞག་ ཨ་ནཱེ་སྦེ་ བཞག་བཞགསཔ་མས་ལགས།
    all hermit were dead and this were take by all the care taker giving it for hermitage to use sometimes.