Video Overview
Tshering Phuntsho from Kangpara village in Trashigang district, narrates an account of Jashar Goenpa in Pemagatshel district. It is said that Anim Jitsunma Yodsel Choden was meditating and built this Jashar Goenpa. After her death, the house that Anim Yodsel Choden and her disciples lived in, was not taken care of and as such had gone to ruin. The community, lay monks and Anims appealed to H.E. Gyeltshen Trulku to renovate and manage the Goenpa. As requested, H.E. Gyeltshen Trulku took over management and started building a monastery.
༉ བཀྲ་ཤིས་སྒང་རྫོང་ཁག་ རྐང་པར་ བླ་མའི་དགོན་པ་ལས་ ཚེ་རིང་ཕུན་ཚོགས་ཀྱིས་ པདྨ་དགའ་ཚལ་ལུ་ཡོད་པའི་འཇའ་ཤར་དགོན་པའི་ལོ་རྒྱུས་ ཡིག་ཐོག་ལུ་བཀོད་ཡོད་མི་འདི་ལྷག་དོ་ཡོདཔ་ཨིན་མས། འཇའ་ཤར་དགོན་པ་འདི་ ཚེ་མཚམས་པ་ཅིག་ཨིན་མི་ ཨ་ཎེ་འོད་གསལ་ཆོས་སྒྲོན་གྱིས་སྒོམ་གནང་བཞུགས་པའི་སྐབས་ལུ་ འཇའ་ཤར་སར་གཟིགས་ཏེ་ ས་ཆ་དེ་ནང་རྟགས་མཚན་ལེགས་ཤོམ་ཅིག་ཨིནམ་གཟིགས་ཏེ་ སྤྱི་ལོ་ ༡༩༥༨ ལོར་ དགོན་པ་ཕྱག་བཏབ་མཛད་པའི་ལོ་རྒྱུས་ཡོདཔ་ད་ མོ་གཤགས་ཞིནམ་ལས་ མོ་དང་མོ་གི་སློབ་མ་ཚུ་སྡོད་སའི་ཁྱིམ་ཚུ་ བདག་འཛིན་ལེགས་ཤོམ་སྦེ་མ་འབད་བར་ཞིག་འགྱོ་ཞིནམ་ལས་ མི་སྡེ་དང་སྒོམ་ཆེན་ ཨ་ཎེ་ཚུ་གིས་ སྐྱབས་རྗེ་རྒྱལ་མཚན་སྤྲུལ་སྐུ་འབད་སར་བཅར་ཞིནམ་ལས་ དགོན་པ་འདི་ཉམས་བཅོས་དང་བདག་འཛིན་མཛད་གནང་དགོཔ་སྦེ་ཞུ་བ་ཕུལཝ་བཞིན་དུ་ སྐྱབས་རྗེ་རྒྱལ་མཚན་སྤྲུལ་སྐུ་མཆོག་གིས་འཛིན་སྐྱོང་འཐབ་གནང་སྟེ་ དགོན་པ་འདི་བཞེངས་བཞེངསམ་ཨིན་པས། དེ་ནང་ སྒོམ་གནང་ས་ཡང་ ཁྱབ་ཆེཝ་སྦེ་ཡོདཔ་སྦེ་བཤད་ནི་འདུག
- Kurtoe
- ཚེ་རིང་ཕུན་ཚོགས་ Tshering Phuntshoལ་སོགས། ད་ངོ་སྤྲོད་ཅིག་ཞུ་བ་ཅིན་ ང་ནཱ་ རྐང་པར་ཟོར་ཐུང་ བླ་མའི་དགོན་པ་ལས་ཨིན། མིང་མཁན་པོ་ཚེ་རིང་ཕུན་ཚོགས་ཟེར་སླབ་ཨིན།Alright, let me introduce I am Khenpo Tshering Phuntsho from Kangpar Zorthung.
- ཚེ་རིང་ཕུན་ཚོགས་ Tshering Phuntshoཏེ་ད་ནཱ་འཇའ་ཤར་དགོན་པའི་ལོ་རྒྱུས་ ཐུང་ཀུ་ཅིག་ཞུ་བ་ཅིན་ རྒྱལ་མཚན་སྤྲུལ་སྐུ་གིས་ ནཱ་གདན་ས་བཅགས་ཏེ་ རྒྱལ་མཚན་སྤྲུལ་སྐུ་གིས་ ནཱ་བཀའ་གནང་སྟེ་ ང་ནཱ་ལོ་བཅུ་གསུམ་དེ་ཅིག་སོང་ཡི།If I speak a little bit about Jashar Goenpa, Gyaltshen Tulku has settled here and with his order I have been here for 13 years.
- ཚེ་རིང་ཕུན་ཚོགས་ Tshering Phuntshoཏེ་འདི་ལུ་ ཧེ་མ་དང་ད་ལྟོའི་ གཞན་མ་འདྲཝ་ འགྱུར་བཅོས་ལེ་ཤ་སོང་ཡི། ཨིན་རུང་ ནཱ་རྒྱལ་མཚན་སྤྲུལ་སྐུ་གིས་བཀའ་གནང་སྟེ་ དང་པ་ཟེརཝ་ད་ ནཱ་ཨ་ཎེ་འོད་གསལ་ཆོས་སྒྲོན་གྱི་གདན་ས།There have been lots of changes compared to the past. Still then it has been the order from Gyeltshen Tulku. Firstly this place was resided by Anni Yoedsel Choeden.
- ཚེ་རིང་ཕུན་ཚོགས་ Tshering Phuntshoམོ་རའི་ཞལ་སློབ་ཀྱི་ ཨ་མོའི་གདན་ས་ འཇའ་ཤར་དགོན་པ་ ཨ་ཎེ་གདན་སའི་ལོ་རྒྱུས་ཟུར་ཙམ་ཅིག་ཞུ་བ་ཅིན།Her deciple's mother's residence was Jashar Goenpa. So, let me talk little bit about Jashar Goenpa.
- ཚེ་རིང་ཕུན་ཚོགས་ Tshering Phuntshoསྔོན་གྱི་དུས་སུ་ སྔོན་གྱི་དུས་ན་རྒྱ་གར་གྱི་གྲུབ་ཆེན་ས་ར་ཧཱའི་རྣམ་སྤྲུལ་གངས་ཅན་ལྗོངས་སོགས་ལ་ མང་དུ་བྱོན་པའི་གྲལ་ལས་ དུས་ཀྱི་མཐར་ཡང་། ཧེ་མའི་དུས་ལུ་ རྒྱ་གར་གྱི་གྲུབ་ཆེན་ས་ར་ཧཱའི་རྣམ་སྤྲུལ་ གངས་ཅང་ལྗོངས་ཚུ་ལུ་ ལེ་ཤ་བྱོན་པའི་གྲས་ལས་ དེའི་ཤུལ་ལས་ཡང་།Long ago, there was a great Archarya called Saraha whose several incarnates visited himalayas. Amongst them
- ཚེ་རིང་ཕུན་ཚོགས་ Tshering Phuntshoཧེ་རུ་ཀ་དཔལ་རྟོགས་ལྡན་ཤཱཀྱ་ཤྲཱི་ཞེས་བྱ་བ་འབྱོན་ཚུལ་རྣམ་ཐར་མེ་ཏོག་ཕྲེང་མཛོད་ལས་ཤེས་པར་བྱ། ཧེ་རུ་ཀ་དཔལ་རྟོགས་ལྡན་ཤཱཀྱ་ཤྲཱི་ཟེར་མི་འབྱོན་ཚུལ་རྣམ་ཐར་མེ་ཏོག་ཕྱེང་མཛོད་ལས་ཤེས་དགོ།Herukapal Tokden Shakya Shri's visit was mostly known from the biography called 'Store of rosary flower'
- ཚེ་རིང་ཕུན་ཚོགས་ Tshering Phuntshoདེ་ཡང་ སློབ་མ་འབྲུག་ཀུར་སྟོད་སྨིན་རྒྱས་པ་འཁྲུལ་ཞིག་ རྒྱལ་མཚན་དམར་པོའི་མཛད་རྣམ་མོས་གུས་འདྲེན་པའི་ཤིང་རྟ་ལས་འབྱུང་བ་བཞིན། དེ་ཡང་ སློབ་མ་འབྲུག་ཀུར་སྟོད་སྨིན་རྒྱས་པ་འཁྲུལ་ཞིག་རྒྱལ་མཚན་དམར་པོའི་མཛད་རྣམ་མོས་གུས་འདྲེན་པའི་ཤིང་རྟ་ལས་འབྱུང་དོ་བཟུམ།His deciple was Gyaltshen Marpo from Kurtoe Minjipa Thrulzhi, Bhutan whose biography is reflected in 'Moegi drenpey Shingta'
- ཚེ་རིང་ཕུན་ཚོགས་ Tshering Phuntshoདེའི་སློབ་མའི་མཆོག་འགྱུར་དགུའི་གྲལ་ལས། ཨ་ཎེ་འོད་གསལ་ཆོས་སྒྲོན་ཟེར་བ་ཚེ་མཚམས་པ་ཞིག་གིས། དེའི་སློབ་མ་མཆོག་ཏུ་འགྱུར་པ་དགུའི་གྲལ་ཁ་ལས། ཨ་ཎི་འོད་གསལ་ཆོས་སྒྲོན་ཟེར་མི་ མཚམས་པ་ཅིག་གིས།
- ཚེ་རིང་ཕུན་ཚོགས་ Tshering Phuntshoགནམ་ལོ༡༩༥༨ ལོར་ནགས་ཀྱི་ཁྲོད་དུ་ཆགས་བཏབ་མཛད་དེ་འཁོར་ཨ་ཎེ་ ཞལ་གྲངས༡༥ ནས་༢༥ བར་འཛིན་སྐྱོང་གནང་སྟེ་བཞུགས་པར་གྲགས། མོ་རང་༡༩༢༡ ལོར་སྐུ་འཁྲུངས་ནས་༡༩༨༢ ལོར་འདས་སོང་འདུག གནམ་ལོ་(སྤྱི་ལོ་) ༡༩༥༨ ལོར་ནགས་ཚལ་ནང་ལུ་ཆགས་བཏབ་མཛད་དེ་ འཁོར་ཨ་ཎི་ཞལ་གྲངས་ ༡༥ ལས་ ༢༥འི་བར་ འཛིན་སྐྱོང་གནང་སྟེ་བཞུགས་བཞུགསཔ་སྦེ་ ཁྱབ་བསྒྲགས་སོང་ནུག མོ་ར་(སྤྱི་ལོ་) ༡༩༢༡ ལོ་ལུ་སྐུ་འཁྲུངས་ཏེ་ (སྤྱི་ལོ་) ༡༩༨༢ བཤགས་སོ་ནུག
- ཚེ་རིང་ཕུན་ཚོགས་ Tshering Phuntshoདབེན་པའི་རི་ཁྲོད་འདིར་ སྔར་སྡོད་པའི་སྦ་སྒོར་ཤ་སྟག་དང་ འཐུང་ཆུ་དང་འཚོ་བའི་རིགས་ལམ་ཐག་རིང་བ་སོགས་གང་ཅིའི་ཐད་ནས་མཐུན་རྐྱེན་ཧ་ཅང་དཀོན་སྟབས་ཀྱིས་རིམ་གྱིས་ཉམས་རྒུད་སོང་སྟེ། དབེན་པའི་རི་ཁྲོད་འདི་ནང་ ཧེ་མ་སྡོད་སའི་སྦ་སྒོར་ཙང་ཙ་དང་ འཐུང་ཆུ་འཚོ་བའི་རིགས་ ལམ་ཐག་རིང་བ་སོགས་ ག་ཅིའི་ཐད་ལས་ཡང་ མཐུན་རྐྱེན་གནམ་མེད་ས་མེད་དཀོན་པའི་སྟབས་ཀྱིས་ མར་ཉམས་སོང་སྟེ།
- ཚེ་རིང་ཕུན་ཚོགས་ Tshering Phuntshoམཐར་རྗེས་ཤུལ་ཡོད་མེད་ཀྱི་མཚམས་ལ་ཐུག་ཙ་ན། སྤྱི་ལོ་༡༩༩༢ ལོར་སླར་ཡང་ཡུལ་དེའི་དགོན་སྡེ་དང་མི་དམངས་ཡོངས་ནས་ ཁོ་བོ་སྒྲུབ་བླ་ཀུན་བཟང་བསྟན་པའི་རྒྱལ་མཚན་བདག་གིས་འགོ་འདྲེན་འཛིན་སྐྱོང་བྱ་དགོས་པའི་རེ་བསྐུལ་ལྟར། ཤུལ་ལས་ ཤུལ་ཡོདཔ་མེདཔ་ཙམ་ལུ་ཐུག་པའི་སྐབས་ལུ་ སྤྱི་ལོ་ ༡༩༩༢ ལོ་ལུ་ ལོག་སྟེ་ར་ གཡུས་དེ་ནང་གི་དགོན་སྡེ་དང་མི་དམངས་ག་ར་གིས་ ང་ར་སྒྲུབ་བླ་ཀུན་བཟང་བསྟན་པའི་རྒྱལ་མཚན་ང་གིས་འགོ་འདྲེན་ཐོག་འཛིན་སྐྱོང་འཐབ་དགོ་པའི་རེ་བ་བསྐུལ་མ་འབད་དོ་བཟུམ་སྦེ།
- ཚེ་རིང་ཕུན་ཚོགས་ Tshering Phuntshoའཆར་གཞི་ལས་འགུལ་བརྩམས་གནང་ནས་ད་ལྟའི་སྐབས་ཨ་ཎི་གྲངས་༤༠ ལས་༥༠ བར་དང་། ལྷག་པར་༢༠༠༢ ལོར་ཨ་ཎིའི་སྒྲུབ་སྡེ་པ༡༥ ཙམ་གྱི་སྒྲུབ་ཁང་དང་ཚོགས་ཁང་ གྲྭ་ཤག་ མགྲོན་ཁང་ བླ་མའི་གཟིམ་ཁང་སོགས་དང་། འཆར་གཞི་ལས་འགུལ་ཚུ་བརྩམས་གནང་སྟེ་ ད་ལྟོའི་སྐབས་ ཨ་ཎི་ཞལ་གྲངས་ ༤༠ ལས་ ༥༠ འི་བར་དང་། ལྷག་པར་དུ་ ༢༠༠༢ ལོ་ལུ་ ཨ་ཎིའི་སྒྲུབ་སྡེ་པ་ ༡༥ ཙམ་གྱི་སྒྲུབ་ཁང་དང་ཚོགས་ཁང་ གྲྭ་ཤག་ མགྱོན་ཁྱིམ་ བླ་མ་གི་གཟིམ་ཅུང་ཚུ་དང་།
- ཚེ་རིང་ཕུན་ཚོགས་ Tshering Phuntshoགཱ་རི་ལམ་ འཐུང་ཆུ་ གློག་མེ་ བརྒྱུད་འཕྲིན་ འཚོ་བ་བཟའ་འཐུང་ ཆོས་དང་ཡོན་ཏན་ལ་སོགས་ མཐུན་རྐྱེན་གང་ཐུབ་ལོ༡༣ གྱི་རིང་འཁོར་ལོ་༣ གྱི་བསྟན་པ་ཡར་རྒྱས་གོང་འཕེལ་རྣམ་བཀོད་ ཕལ་ཆེར་སྒྲུབ་ལ་ཉེ་བའི་སྡེ་ཞེས་ལགས་སོ། ། སྣུམ་འཁོར་ལམ་ འཐུང་ཆུ་ གློག་མེ་ བརྒྱུད་འཕྲིན་ འཚོ་བ་བཟའ་འཐུང་ ཆོས་དང་ཡོན་ཏན་ལ་སོགས་པ་འི་མཐུན་རྐྱེན་ག་དེ་དྲག་དྲག་ ལོ་༡༣ གྱི་རིང་ འཁོར་ལོ་གསུམ་གྱི་བསྟན་པ་ཡར་རྒྱས་གོང་འཕེལ་[རྣམ་བཀོད?] ཧ་ལམ་ཅིག་སྒྲུབ་སག་ས་གི་དུང་ཁ་ལྷོད་དེ་ཡོདཔ་ཨིན།
- ཚེ་རིང་ཕུན་ཚོགས་ Tshering Phuntshoལགས་སོ། དེ་ཅིག་ཞུ་ནི་ཨིན།། །།