Skip to main content Skip to search
01 Sep 2018
2 min 2 sec
Video Overview
Creators: 
Sherig Dentshog

Jam Tshering from Jampani village in Samdrupjongkhar district shares an account of his migration. He is originally from Shingkhar Lauri village but came to Jampani around two decades ago. In the past the village was in the hands of Indian insurgents, but later after their removal, the land was handed over to Jam Tshering and the other villagers residing there today.

༉  ཇམ་པཱ་ནི་གཡུས་ཀྱི་ལོ་རྒྱུས་དེ་ཡང་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ ཇམ་པཱ་ཎི་ལས་ འཇམ་ཚེ་རིང་གིས་བཤད་དོ་ཡོདཔ་ད་ ཁོ་ར་ཤིང་མཁར་ལའུ་རི་མོམ་རིང་ལས་ཨིན་རུང་ དེ་བསྒང་ ལོ་ངོ་བཅུ་ཕྲག་གཉིས་དེ་ཅིག་གི་ཧེ་མ་ལས་ གཡུས་ཚན་འདི་ནང་ལྷོད་དེ་གཞིས་བཅགས་སྡོད་ནུག མ་གཞི་ས་ཆ་དེ་ནང་ ཨ་ཞེ་བསོད་ནམས་ཆོས་སྒྲོན་གྱི་ཇ་ཤིང་བཙུགས་ནི་སྦེ་ཨིན་རུང་ དེ་བསྒང་སྟབས་མ་བདེ་བའི་རྐྱེན་གྱིས་ལུས་ལུསཔ་འོང་ནི་མས། ཧེ་མ་ས་གནས་དེ་ཁར་ངོ་ལོགཔ་ཚུ་སྡོད་ཡོདཔ་ཨིན་རུང་ ཤུལ་ལས་ཁོང་ཆ་ཁྱབ་ཐོན་འགྱོ་ཞིནམ་ལས་ ས་གནས་དེ་ཁར་ ཨ་ཞེ་གྱི་གསོལ་རས་སྦེ་ཐོབ་ཐོབ་ཨིན་མས།

Transcript search
No results found for this search
0 of 0
  • འཇམ་ཚེ་རིང་ Jam Tshering
    ལགས་སོ། ང་ཧེ་མ་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཡར་ཤིང་མཁར་ལའུ་རི་ མོམ་རིང་ལས་ཨིན།
  • འཇམ་ཚེ་རིང་ Jam Tshering
    མོམ་རིང་ལས་ ངེའི་ཨ་རྒས་ཀྱི་མིང་ རྡོ་རྗེ་ཨིན། ཨ་པ་མིང་ བསམ་བརྟན་དབང་ཕྱུག་ཟེར་མི་ཨིན།
  • འཇམ་ཚེ་རིང་ Jam Tshering
    དེ་ལས་ ང་གི་མིང་ འཇམ་ཚེ་རིང་ཨིན། ནཱ་འོང་སྦེ་ ལྷོདཔ་ཅིག་ ལོ་སྐོར་གཉིས་བརྒལ་སོ་ཡི།
  • འཇམ་ཚེ་རིང་ Jam Tshering
    ཏེ་ཨིན་རུང་ ང་ནཱ་འོང་སྦེ་ ད་ལྟོ་དེམ་ཅིག་ཕྱག་ཞུ་སྟེ་ ཞབས་ཕྱིད་ཞུ་སྟེ་ ད་ལོ་རྒས་སོ་ཡི་ད་ དཔྱད་རིག་གནམ་མེད་ས་མེད་ཅིག་མི་འོང་ནི་མས།
  • འཇམ་ཚེ་རིང་ Jam Tshering
    ཨིན་རུང་ ང་བཅས་ནཱ་ ཇམ་པཱ་ཎི་ཟེར་མི་ ག་ཅི་གི་དོན་ལས་ཐོབ་ཅི་ཟེར་བ་ཅིན།
  • འཇམ་ཚེ་རིང་ Jam Tshering
    ཏེ་ང་བཅས་ར་ ཧེ་མ་ཨ་ཞེ་ བསོད་ནམས་ཆོས་སྒྲོན་གྱི་ ཇ་བྷ་གཱན་(ཇ་ཞིང་)བཙུགས་ནི་ཟེར་སྡོད་ནུག
  • འཇམ་ཚེ་རིང་ Jam Tshering
    ཏེ་དེ་བསྒང་ ངོ་ལོགཔ་སྡོད་ཡི་ ཏེ་ཁོང་ཆ་ཁྱབ་ ཧ་ལམ་ཅིག་ལས་ཐོན་ཡར་སོ་ཡི་ དེ་འབདཝ་ལས་ནཱ་ ཨ་ཞེ་བསོད་ནམས་ཆོས་སྒྲོན་གྱི་གསོལ་རས་འབད་ ནཱ་ཐོབ་ཐོབ་ཨིན་ཟེར་ཞུ་ནི་ཨིན།
  • འཇམ་ཚེ་རིང་ Jam Tshering
    དེ་ལས་ ང་ད་ལྟོ་ནཱ་ལྷོད་དེ་ཡང་ ལྷོདཔ་ཅིག་ རྒས་སོ་ཡི་ད་ ལོ་ལྷོདཔ་ཅིག་དྲུག་ཅུ་ཡར་སོ་ཡི་ ཏེ་ཨིན་རུང་ ད་ལྟོ་ནཱ་ ཨ་ལོ་ཚུ་གི་ཆ་རོགས་དང་
  • འཇམ་ཚེ་རིང་ Jam Tshering
    ང་བཅས་ར་རྒྱལ་ཁབ་ཀྱི་ཆ་རོགས་འབད་དེ་སྡོད་ནི་གི་ སྨོན་ལམ་རང་བཏབ་སྡོད་ཡོད་ཟེར་ ང་གིས་དེམ་ཅིག་ཞུ་གེ་ལགས།། །།