Skip to main content Skip to search
21 Jun 2018
1 min 50 sec
Rating
0
No votes yet
Video Overview
Creators: 
Sonam Chophel, Duptho

Tawa from Jamkhar Gewog in Trashiyangtse narrates an account of Jamkhar village. Khochi was in Dungro, Jamkhar Gewog. One day, Khochi’s superior traveled and ended up in Jamkhar village, where a group of people received him. When he was offered a piece of land with a request to stay there, he asked them to build a stone house for him. Observing the ease in which the people offered him a house, monks said that the place should be called “Jamkhar” (Jam means ‘easy’; Khar means ‘house’). 

 

Show More

  • ལྟ་བ་ Tawa
    ལྷ་ས་(སྲས་)གཙང་མ་ ཡར་བཙན་མཁར་ལས་མར་ ནཱ་འཇམ་མཁར་བྱོནམ་ད་ལུ་ ཏེ་ག་དེ་སྦེ་སྨོ་ཟེར་བ་ཅིན་ འཇམ་མཁར་ལུ་ཆོས་མེདཔ་ཨིན་མས་ལགས། དང་ཕུ་ཨ་རྒས་ཨང་རྒས་ཀྱི་སྐབས་ལུ་ ཨང་རྒས་ཨ་རྒས་སྐབས་ལས་རང་ཆོས་མེདཔ་ཨིན་མས་ལགས་ དུང་རོ་ཟེར་སར་ མཁོ་ཆེ་ཟེར་
  • ལྟ་བ་ Tawa
    ངང་ཁར་མཁོ་ཆེ་ཟེར་སྡོད་སྡོདཔ་མས། དུང་རོ་མཁོ་ཆེ་ མཁོ་ཆེ་གཉིས་སྡོད་སྡོདཔ་ཨིན་མས་ལགས། མཁོ་ཆེ་གཉིས་ཡོད་ས་ལས་ ཏེ་ནཱ་དུང་རོ་འཇམ་མཁར་དུང་རོ་ཟེར་ས་ལུ་ མཁོ་ཆེ་ཕར་ལྷོདཔ་ད་ལུ་ ད་ང་བཅས་ཆོས་མིན་འདུག ཆོས་ཅིག་ཞུ་དགོ་པས་ཟེར་ཞུ་ཞུཝ་མས་ མཁོ་ཆེ་ཚུ་གིས།
  • ལྟ་བ་ Tawa
    ཆོས་ཅིག་ཞུ་དགོ་པས་ཟེར་ ལྷ་ས་(སྲས་)གཙང་མ་ཡང་བྱོན་སྦེ་ ནཱ་དུང་རོ་མཁོ་ཆེའི་འཇམ་མཁར་གྱི་ས་མཚམས་ལུ་ལྷོདཔ་ད་ལུ་ ད་ཆོས་མིན་འདུག་ ཆོས་ཅིག་ཞུ་དགོ་པས་ཟེར་སླབ་ད་ལུ་ ད་ཆོས་ ད་ཆོས་གནང་གེ་ ཏེ་ལྷ་ཁང་ཅིག་བཞེངས་ཚུགས་ག་ཟེར་གསུངས་གསུངསམ་མས་ཏེ་ ལྷ་ས་(སྲས་)གཙང་མ་གིས་ བོད་ལས་མར་བྱོནམ་ད་ལུ།
  • ལྟ་བ་ Tawa
    ཏེ་འཇམ་ཟེར་ཞུ་ཞུཝ་མས་ ཏེ་མཁོ་ཆེ་གིས་འདི་ འཇམ་ཟེརཝ་ད་ལུ་ ཏེ་འཇམ་མཁར་ཟེར་བཏགས་དགོ་པའི་གནད་དོན་འདི་ འ་ནཱི་སྦེ་ཨིན་པས་ལགས། འཇམ་ཟེར་སླབ་ཞིནམ་ལས་ འཇམ་མཁར་ཨ་ནཱི་སྦེ་བཏགས་བཏགསཔ་ཨིན་ལགས། བཀའ་དྲིན་ཆེ་ལགས་ ཨ་ནཱིམ་ཅིག་རང་ཨིན་ལགས།། །།