Video Overview
The Head Monk Pelden Wangchuck of Jakar Dzong — located in Jakar Village of Chamkhar Thromde (municipality), Bumthang district — provides insight into the history of Jakar Dzong. The dzong is said to be first built in the 14th century by a Tibetan lama, Yongzin Ngagi Wangchuk. It was later renovated in 1646 by Chogyal Minjur Tempa, the first Penlop (governor) of Trongsa. The renovations continued under the 4th Druk Desi Tenzin Rabgay (1680-1694). He constructed a Chhu Dzong, a "Fortress of Water" in this context meaning a water tower is included in the dzong complex, which is a unique feature not found in any of the other dzongs of Bhutan. The purpose of the Chhu Dzong was to make water available within the dzong during times of war so that the local people did not have to leave the safety of the fortified settlement in order to obtain water. The dzong's water is also considered as sacred. In 1997, with approval from the government, the dzongkhag dratshang (monastic body) began preparing the annual festival Jakar Tshechu which eventually came into being starting from the year 2000.
༉ བུམ་ཐང་རྫོང་ཁག་ བྱ་དཀར་བླམ་གནས་བརྟན་དཔལ་ལྡན་དབང་ཕྱུག་གིས་ བྱ་དཀར་རྫོང་གི་བྱུང་རབས་ཚུ་བཤད་མི་དེ་ཡང་ ལོ་རྒྱུས་དང་འཁྲིལ་བའི་སྐབས་ རྫོང་གཞི་འདི་་དུས་རབས་ ༡༤ པའི་ནང་ ཡོངས་འཛིན་ངག་གི་དབང་ཕྱུག་གིས་བཞེངས་ཡོདཔ་སྦེ་བཤད་ཡོདཔ་ད་ ཤུལ་ལས་ སྤྱི་ལོ་ ༡༦༤༦ ལུ་ ཀྲོང་གསར་དཔོན་སློབ་དང་པ་ ཆོས་རྒྱལ་མི་འགྱུར་བསྟན་པ་གིས་ཉམས་གསོ་ཞུ་གནང་ནུག ཏེ་ད་རུང་ སྤྱི་ལོ་ ༡༦༨༠_༡༦༩༤ ལུ་འབྲུག་གི་སྡེ་སྲིད་བཞི་པ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་གིས་ ཡང་བསྐྱར་ཉམས་གསོ་ཞུ་གནང་བའི་སྐབས་ ཆུ་རྫོང་ཅིག་ཡང་ལོགས་སུ་འབད་བཞེངས་གནང་མི་འདི་གཙོ་བོ་ར་ དེ་བསྒང་ བོད་ལས་མར་དམག་འོང་བའི་སྐབས་ རྫོང་ནང་བཞུགས་མི་ཚུ་ ཆུ་ཕྱི་ཁ་ལས་དབོག་པར་འགྱོ་མ་དགོ་པར་ རྫོང་གི་ནང་ན་ལས་ར་ཐོབ་ཚུགས་ནི་གི་དོན་ལུ་ཨིན་མས།
- Jakar
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགད་ད་རེས་ [ ] ང་བཅས་ བུམ་ཐང་རྫོང་གི་ ལོ་རྒྱུས་ མདོར་བསྡུས་ཙམ་ཅིག་ཞུ་བ་ཅིན་ ང་བཅས་ བུམ་ཐང་སྡེ་བཞིའི་གཙུག་ནོར་ བྱ་དཀར་ཡུལ་ལས་རྣམ་པར་རྒྱལ་བའི་ རྫོང་འདི་ དུས་རབས་ ༡༤ པའི་ནང་ ཡོངས་འཛིན་ངག་གི་དབང་ཕྱུག་གིས་སྦེ་ ཕྱག་བཏབ་གནང་ནུག་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ འདི་གི་ཤུལ་ལས་ སྤྱི་ལོ་ ༡༦༤༦ ལོར་ ཀྲོང་གསར་དཔོན་སློབ་དམ་པ་ ཆོས་འགྱུར་(རྗེ)མི་འགྱུར་བསྟན་པ་གིས་སྦེ་ རྒྱ་བསྐྱེད་མཛད་གནང་ནུག་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་འདི་གི་ཤུལ་ལུ་ སྤྱི་ལོ་ ༡༦༨༠ ལས་ སྤྱི་ལོ་ ༡༦༩༤ ཚུན་ཚོད་ཀྱི་ནང་འཁོད་ལུ་ སྡེ་སྲིད་བཞི་པ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱིས་སྦེ་ ཏེ་ཕྱག་བཏབ་ ཏེ་རྒྱ་བསྐྱེད་སྦོམ་སྦེ་ར་ མཛད་གནང་ནུག་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་འདི་དང་ཆ་ཏེ་གིས་སྦེ་ ཆུ་རྫོང་ཟེར་མི་ཅིག་ཡང་ ད་རེས་ནངས་པ་ ང་བཅས་ར་ འབྲུག་རྒྱལ་ཁབ་ནང་ རྫོང་གཞི་ གཞན་ནང་མེད་པའི་གི་ཁྱད་ཆོས་ ཏེ་ཆུ་རྫོང་འདི་ཡང་ འ་ནཱེ་བསྒང་ རྒྱལ་སྲིད་བསྟན་འཛིན་རབ་རྒྱས་ཀྱིས་སྦེ་ ཏེ་བཞེངས་གནང་ནུག་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ཆུ་རྫོང་ཟེར་མི་འདི་ཡང་ རང་རང་ས་གི་ ལུང་བསྟན་དང་འཁྲིལ་ཏེ་གིས་སྦེ་ ཕྱིའི་ལྟར་དུ་ ཏེ་ ཆུ་རྫོང་ཟེརཝ་མམ་ ནང་ལྟར་དུ་ལུ་ ང་བཅས་ར་ འབྲུག་རྒྱལ་ཁབ་ཀྱི་ ལུང་བསྟན་དང་འཁྲིལ་ཏེ་གིས་སྦེ་ གྲུབ་ཆུ་སྦེ་ ཏེ་ བྱིན་གྱིས་རླབས་གནང་གནངམ་ཨིན་པས་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ དེ་བསྒང་ ཆུ་རྫོང་བཞེངས་དགོ་པའི་ རྒྱུ་མཚན་དང་དགོས་པ་འདི་ཡང་ ང་བཅས་རའི་ འབྲུག་རྒྱལ་ཁབ་འདི་ནང་ལུ་ བོད་སྡེ་སྲིད་གཙངཔ་གིས་ ཏེ་ དམག་དྲངས་ཏེ་གིས་སྦེ་ ཏེ་ ང་བཅས་ བུམ་ཐང་ཕྱོགས་ལུ་ ཏེ་ ད་ལྟོ་ ཕར་བཱད་པ་ལ་ཐང་ཟེར་ བུམ་ཐང་པའི་ སྐད་ནང་ལུ་ བཱད་པ་ལ་ཐང་ཟེར་ ཏེ་ མ་པ་མ་ ང་བཅས་ ཁོ་རའི་ མིང་ངོ་མ་འབད་བ་ཅིན་ བོད་པ་བརླག་བཏང་ཟེར་ འ་ནཱེ་སྦེ་ འབོཔ་ཨིན་པས་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ འ་ནཱི་ཁར་ལུ་ བོད་ཀྱི་དམག་ ཁག་སྦོམ་སྦེ་ར་ཆགས་ཏེ་ དེ་ལས་ དམག་དཔོན་འདི་ སྡོད་ས་ ད་ལྟོ་ ང་བཅས་ བྱ་དཀར་རྫོང་གི་ འ་ནཱ་ གདོང་ཕྱོགས་ཁ་ཐུག་ལུ་ འདི་ནང་ལས་འབད་བ་ཅིན་ ཀི་ལོ་མི་ཀྲར་ ༢ དེ་ཅིག་གི་ས་ཁར་ལུ་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགབོད་ཀྱི་དམག་དཔོན་འདི་ འ་ནཱི་གངས་ཏོག་ཁར་ ཏེ་ སྒར་བཅགས་སྦེ་(ཏེ་)འབད་ ཏེ་ ཁོ་འ་ནཱ་ སྡོད་སྦེ་འབད་ ཏེ་ དེ་བསྒང་ཆུ་རྫོང་འདི་ ང་བཅས་རའི་ འབྲུག་གི་ དམག་འདི་ཚུ་ ཕྱི་ཁར་མ་ཐོན་པར་ ཆུ་ནང་ན་ལས་དབོག་སྦེ་ འབད་ནི་གི་དོན་དག་ལུ་ རང་དབང་བཙན་ཐབས་ཀྱི་དོན་དག་ལུ་ ཏེ་ ཆུ་རྫོང་འདི་ འ་ནཱེ་སྦེ་བཞེངས་གནང་གནངམ་ཨིན་པས་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ ཆུ་རྫོང་འདི་ཚུ་ཡང་ ཡ་མཚན་ཆེ་ཏོག་ཏོ་སྦེ་ (clears throat) ང་བཅས་ཀྱིས་ དེ་སྦེ་ མཇལ་ནི་ཡོད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགརྫོང་གི་ན་ལས་སྦེ་ རྩིགཔ་གི་ ལྕགས་རི་གི་ནང་ན་སྒོར་ཏེ་སྦེ་ རྩིགཔ་འདི་ཚུ་གི་ རིང་ཚད་བལྟ་བ་ཅིན་ ང་བཅས་རའི་ མི་གཟུགས་དོ་དོ་སྦེ་ འ་ནཱེ་སྦེ་ཡོད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ དེ་ཡང་ གྲུབ་ཆུ་ཨིན་དགོ་མི་གི་ ཏེ་ གཅིག་འདི་ ག་ཅི་ལུ་ ཡ་མཚན་ཆེ་ཏོག་ཏོ་འདུག་གོ་ཟེར་བ་ཅིན་ ཏེ་ ཆུ་འདི་ རྐ་ཟེརཝ་མིག་གིས་ མི་མཐོང་པས་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདེ་ལས་ མཇུག་འདི་ཡང་ ཐོན་འགྱོཝ་འདི་ ང་བཅས་ར་གིས་ ཁོ་ར་གིས་ ཆུ་རྫོང་ན་ལས་ཐོན་འགྱོཝ་འདི་ ང་བཅས་ར་གིས་ མི་མཐོང་པས་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ མཇུག་ལས་འདི་ ཏེ་ ཆུ་གི་མཇུག་ཅིག་འདི་ ཡོད་ཟེར་དེ་སྦེ་སླབ་ཨིན་པས། ཏེ་ དེ་འབད་ནི་དེ་གིས་ ཆུ་འདི་ཡང་ ང་བཅས་ར་ ཆུ་ཕལ་པ་ལྟ་བུ་མ་ཡིན་པ་ ང་བཅས་ར་ དབྱར་མཚོ་བཟུམ་སྦེ་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ ཧིང་སངས་ས་སྦེ་ དྲིམ་ཟེར་མི་འདི་ མ་པ་ལས་མེདཔ་སྦེ་ ཏེ་ འ་ནཱེ་སྦེ་ཏེ་ ད་རེས་ནངས་པ་ ཡ་མཚན་ཆེ་ཏོག་ཏོ་སྦེ་ ང་བཅས་རང་ བུམ་ཐང་ལུ་ ཆུ་རྫོང་ཟེར་ ཏེ་ ང་བཅས་ར་གིས་ འ་ནཱེ་སྦེ་ ཡ་མཚན་ཆེ་ཏོག་ཏོ་སྦེ་ མཇལ་ནི་ཡོད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདེ་ལས་ འ་ནཱ་ལས་ཚུར་འབད་ཞིནམ་ལས་ དེ་ལས་ ཏེ་ རྫོང་འདི་ཡང་ ཏེ་ འབྲུག་རྒྱལ་དང་པོ་ ང་བཅས་ར་ གོང་ས་ཨོ་རྒྱན་དབང་ཕྱུག་གི་སྐབས་ལུ་ སྤྱི་ལོ་ ༡༨༩༧ ལུ་ ས་ཡོམ་སྦོམ་སྦེ་ར་ རྐྱབ་པ་ལས་བརྟེན་ཏེ་སྦེ་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགརྫོང་གི་ ཉམས་ཆགས་འདི་ སྦོམ་སྦེ་ར་ ཤོར་བ་ལས་བརྟེན་ཏེ་ ཏེ་ འ་ནཱེ་གི་སྐབས་ལུ་ ཏེ་ སླར་ལོག་སྟེ་གི་ བྱ་དཀར་རྫོང་དཔོན་འཆི་མེད་རྡོ་རྗེ་གི་སྐབས་ལུ་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ ལོག་སྟེ་ ཉམས་གསོ་ མ་བཏུབ་བཏུབ་སྦེ་ ལེགས་ཤོམ་སྦེ་ ཞུ་ཞིནམ་ལས་ཚུར་ ད་རེས་ ཚུན་ཚོད་ཀྱི་ནང་འཁོད་ལུ་ ང་བཅས་ཀྱིས་ གོ་དོ་བཟུམ་འབད་བ་ཅིན་ ཏེ་ རྫོང་འདི་ལུ་ ཉམས་བཅོས་རྩ་ལས་རང་ མ་ཞུ་བས་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ ཏེ་ སྔོན་མ་ རྫོང་འདི་གི་ནང་ལུ་ གྲྭ་ཚང་ཡང་མིན་འདུག་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ ༡༩༩༧ ལུ་ ད་རེས་ ཁོང་རང་ བུམ་ཐང་གི་ མི་སེར་ཚུ་གིས་ ཏེ་ དེ་བསྒང་ འཚོར་བ་གསརཔ་ཅིག་ བསྐྱེད་པ་ལས་བརྟེན་ཏེ་ རྫོང་ཁག་གཞན་ནང་ལུ་ གྲྭ་ཚང་འདུག་ ཏེ་ བུམ་ཐང་རྫོང་འདི་ གྲྭ་ཚང་ཡང་མིན་འདུག
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགད་དུས་དང་བསྟུནམ་ད་ ང་བཅས་ བུམ་ཐང་རྫོང་ཁག་ནང་ཡང་ གྲྭ་ཚང་ཅིག་ ཏེ་ དགོ་པས་ཟེར་ཏེ་གིས་སྦེ་ ཏེ་དེ་ལས་ གཞུང་ལུ་ འདི་དང་བསྟུན་པའི་ ཏེ་ སྙན་འབུལ་ཞུ་སྦེ་འབད་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ གཞུང་གིས་ཡང་ འོས་འབབ་ལྡན་ཏོག་ཏོ་ཅིག་ཨིན་པས་ཟེར་ཏེ་གིས་སྦེ་ ཏེ་ ༩༧ ལས་ ཏེ་ གྲྭ་ཚང་འདི་ གཞི་བཙུགས་གནང་ནུག་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདེ་ལས་ ༢༠༠༠ ཚུན་ཚོད་ལུ་ གཞི་བཙུགས་གནང་སྟེ་རང་ འབད་ས་ཅིག་རུང་རང་ ཏེ་ ཚེས་བཅུ་འདི་ཚུ་ ག་ཅི་ཡང་ འགོ་བཙུགས་མ་གནང་པས།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགགནམ་ལོ་ ༢༠༠༠ ལུ་ ཏེ་ བྱ་དཀར་ཚེས་བཅུ་ཡང་ རྫོང་ཁག་གཞན་དང་ མཚུངསམ་སྦེ་རང་ ཏེ་ ཚེས་བཅུ་འདི་ཚུ་ཡང་ ཏེ་ ལེགས་ཤོམ་སྦེ་ བཙུགས་གནང་ནུག་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདེ་ལས་ ད་འདི་གི་ནང་ལུ་ ད་རེས་ནངས་པ་ དགེ་སློང་ཞལ་གྲངས་ ག་དེམ་ཅིག་ཡོདཔ་སྨོ་ཟེར་བ་ཅིན་ མ་པ་གི་ གཞུང་གི་འཆར་གཞི་ནང་ ཧེ་མ་ ༡༠༠ ཨིན་པས་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགའདི་གི་ནང་ལས་ ད་རེས་ནངས་པ་ ཕྱེད་ཏེ་ལོ་རིམ་བཞིན་དུ་ ཏེ་ རང་རང་སའི་གི་ནང་ ཏེ་ རྫོང་ནང་གི་ ཀུན་རྫོབ་ཀྱི་སྐོར་ལས་ རང་རང་སོའི་ལག་འཁྱེར་ཅིག་ འཛིན་གྲྭ་བརྒྱད་པའི་ ལག་འཁྱེར་ཅིག་ཐོབ་སྦེ་འགྱོཝ་ད་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ ཕྱེད་བཤད་གྲྭ་ནང་ ཏེ་ ཕྱེད་སོ་སོར་ལས་ཕར་ ཏེ་ རང་རང་ས་ ཏེ་ ཨ་ནཱི་ དུས་སྐབས་རྫོགས་འབདཝ་ད་ ཕྱི་ཁ་ཐོན་འགྱོ་མི་རེ་འབད་འབདཝ་ད་ ད་རེས་ནངས་པ་ ཞལ་གྲངས་ ༦༠ དེ་ཅིག་ཡོད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགམ་པ་བསྡོམས་ཀྱིས་འདི་ གཞུང་གི་རྩིས་ནང་འབད་བ་ཅིན་ ༡༠༠ ཨིན་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདེ་ཡང་ ང་བཅས་ སྔར་ག་ཨིནམ་སྦེ་ ད་ ༡༠༠ བཙུགས་ནི་སྦེ་ ཏེ་ འཆར་གཞི་དེ་སྦེ་ར་ཡོད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདེ་ལས་ ལོ་བསྟར་གྱི་ ང་བཅས་ར་ཏེ་ གྲྭ་ཚང་ནང་ སྔོན་མ་ལས་ སླབ་སྲོལ་ཅིག་འདུག
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགའབུམ་སྡེ་ཟེར་ ད་ང་བཅས་ཀྱི་ ད་ང་བཅས་རའི་ གྲྭ་ཚང་ནང་གི་འདི་ མ་ཤེསཔ་ཅིག་ ག་ནི་ཡང་མེད་ དེ་ཡང་ གཞུང་གི་སྐུ་རིམ་ཨིན་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཟླཝ་རེ་རེ་ལུ་ ཏེ་སྐུ་རིམ་རེ་རེ་ཡོད་ཟེར་ ཞུ་ནི་ཨིན། དྲགས་ཆེ་བ་ཏེ་ ཞག་བདུན་བདུན་ དེ་ཡང་ སྐུ་རིམ་འདི་ཚུ་ ག་དེ་སྦེ་ར་ཡོད་གོ་ཟེར་བ་ཅིན་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཟླཝ་དང་པའི་ནང་ལུ་ ཏེ་ བཀའ་འགྱུར་ཉིནམ་ལྔ། དེ་ལས་ ཟླཝ་གཉིས་པའི་ལུ་ ཏེ་ མགོནཔོ་རྟེན་མདོས་ཉིནམ་བདུན། ཟླཝ་གསུམ་པའི་ནང་ལུ་ མི་འཁྲུག་འབུམ་སྡེ་ ཉིནམ་བདུན། ཟླཝ་བཞི་པའི་ནང་ལུ་ ལྷམོ་འབུམ་སྡེ་ ཉིནམ་བཞི་(ཉིནམ་བདུན)
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདེ་ལས་ ཟླཝ་ལྔ་པའི་ནང་ལུ་ མགོན་པོ་མདོས་ཆོག་ཟེར། ཏེ་ཟླཝ་དྲུག་པའི་ནང་ལུ་ གསོལ་འདེབས་འབུམ་སྡེ་ཟེར། དེ་ལས་ ཟླཝ་བརྒྱད་པའི་ནང་ལུ་ འདི་དང་བསྟུན་པའི་ ཚེས་བཅུ་དང་ འ་ནཱེམ།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདེ་ལས་ ཟླཝ་དགུ་པའི་ནང་ལུ་ ཏེ་ བྱ་དཀར་ཚེས་བཅུ་འདི་ཡང་ ཏེ་ ཟླཝ་དགུ་པའི་ ང་བཅས་རའི་ ཚེས་གྲངས་འབད་བ་ཅིན་ ཚེས་དྲུག་ལུ་ འཆམ་འཇུག་ཕུལ་ཏེ་གིས་སྦེ་ ཚེས་བཅུ་གཅིག་ལུ་ མཐོང་གྲོལ་འབད་སྦེ་ འ་ནཱེ་སྦེ་ མཇུག་བསྡུཝ་ཨིན་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདེ་ལས་ ཟླཝ་བཅུ་གཅིག་པའི་ནང་ལུ་ ཏེ་ བྱ་དཀར་ཚེས་བཅུ་འདི་ཡང་ ཟླཝ་དགུ་པའི་ནང་ལུ་སྦེ་ མགོནཔོ་བརྒྱ་ཚར་ འདི་ཡང་ འབུམ་སྡེ་ གཞུང་གི་སྐུ་རིམ་འདི་ཡང་ ཟླཝ་དགུ་པའི་ནང་འབདཝ་ད་ ཟླཝ་དགུ་པའི་ནང་ གཉིས་འབད་སྦེ་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ ཟླཝ་བཅུ་གཅིག་པའི་ནང་ལུ་འབདན་ཏེ་ དགུན་གྱི་དུས་སུ་འབད་སྦེ་ ཏེ་ ཟླཝ་གཅིགཔོ་འདི་ ཏེ་ གཞུང་གི་ སྐུ་རིམ་འདི་ཚུ་ཡང་ ག་ཅི་ཡང་མེད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་བཅུ་གཉིས་པའི་ནང་ལུ་ ང་བཅས་ར་ དགུན་ཟླ་འབྲིང་པོ་ ཏེ་ མདོས་ཆོག་ཞག་བཅུ་གཉིས་འབད་མི་ཅིག་ཡོད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགལོ་འཁོར་གཅིག་གི་ གཞུང་གི་སྐུ་རིམ་འདི་ འ་ནཱེ་ཨིན་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ འདི་གུ་ཁ་སྐོང་ཏེ་ ང་བཅས་ར་གི་ མི་སེར་ཚུ་གི་ ཞབས་ཏོག་རེ་འཐོནམ་ད་ ཏེ་ ང་བཅས་ར་གིས་ ཞབས་ཏོག་རེ་བསྒྲུབས་འབད་སྦེ་ ད་ལྟོ་ ཚུན་ཚོད་ཀྱི་བར་ན་ འ་ནཱེ་སྦེ་ཡོད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདེ་ལས་ ཏེ་ ང་བཅས་ བུམ་ཐང་ཟེར་མི་འདི་ཡང་ ཏེ་ སྨན་ལྗོངས་ཙནྡན་བཀོད་པའི་གི་ཞིང་ཁམས་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་ཀྱི་དབུས་འགྱུར་གྱི་ སའི་ལྟེ་བ་ཅིག་ ཏེ་ ཨིནམ་མ་ཚད་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགབུམ་ཐང་གི་ ལུང་ཕྱོགས་འདི་ནང་ལུ་ དུས་རབས་དང་པ་ཙམ་ལས་རང་ ཏེ་ སྔོན་གྱི་ རྒྱལ་བ་གོངམ་ དགེ་སློང་མ་དཔལ་མོ་ལ་སོགས་པའི་ གྲུབ་ཐོབ་ཚུ་གིས་ ཞབས་ཀྱིས་ བཅགས་གནང་བ་མ་ཚད་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདུས་རབས་ ༧ པའི་ནང་ལུ་ ཆོས་རྗེ་སྲོང་བཙན་སྒམ་པོ་གི་ སྤྲུལ་པའི་རྫུ་འཕྲུལ་གྱིས་ ཏེ་ ཉིནམ་གཅིག་ལུ་ ལྷ་ཁང་བརྒྱ་དང་རྩ་བརྒྱད་ བཞེངས་པའི་ནང་ལས་ འདི་གི་དག་ཅིག་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ཡང་ཡོད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདེ་ཡང་ ག་ཏེ་རང་ཡོད་གོ་ཟེར་བ་ཅིན་ ང་བཅས་ བྱ་དཀར་རྫོང་གི་ ཐག་ཉེས་ཤོས་ནང་ལས་ ཀི་ལོ་མི་ཀྲར་བདུན་དེ་ཅིག་གི་ས་ཁར་ལུ་ ཏེ་ མཐའ་འདུལ་ཡང་འདུལ་གྱི་ གཙུག་ལག་ཁང་ བྱམས་པ་ལྷ་ཁང་དང་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདེ་ལས་ཏེ་ དུས་རབས་ ༨ པའི་ནང་ལུ་ སངས་རྒྱས་གཉིས་པ་ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ པདྨ་འབྱུང་གནས་ཀྱིས་ བོད་དུ་མ་འབྱོན་པའི་ ལོ་ ༡༢ ཀྱི་སྔ་གོང་ལས་ ང་བཅས་ བུམ་ཐང་ལུ་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགརྒྱལ་པོ་སིན་དུ་ར་ཛ་གིས་ ཏེ་ གདན་འདྲེན་ཞུ་སྟེ་གིས་སྦེ་ གྲུབ་པ་གནང་བཞུགས་པའི་ ཏེ་ སྐུ་རྗེས་ཟེར་མི་འདི་ ཁོ་ར་གིས་ ཡར་བྲག་ཕུག་གུ་ ཁོ་རའི་ སྐུ་རྗེས་བཞག་སྟེ་གིས་སྦེ་ གྲུབ་པ་གནང་བཞུགས་མི་འདི་ཚུ་ཡང་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགང་བཅས་ བྱ་དཀར་རྫོང་གི་ ཐག་ཉེ་ཏོག་ཏོ་སྦེ་ འ་ནཱེ་སྦེ་ གནས་ཁྱད་པར་ཅན་ཚུ་ཡང་ཡོད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདེ་ལས་ ནཱ་ལས་ ཏེ་ ཕར་རྒྱབ་ཁ་ཐུག་ལུ་འབད་བ་ཅིན་ ཏེ་ ཆུ་མིག་ལུ་ དགེ་བསྙེན་ལྷ་ཁང་ཟེར་ དེ་ལས་ སྤ་རོ་སྐྱེར་ཆུ་ལྷ་ཁང་ཟེར་ འ་ནཱི་ཚུ་ཡང་ ཏེ་ ཉིནམ་གཅིག་ལུ་ ལྷ་ཁང་བརྒྱ་དང་རྩ་བརྒྱད་བཞེངས་པའི་གི་ ནང་ཚན་ཅིག་ཨིན་པས་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགའདི་དང་འབྲེལ་ཏེ་གིས་སྦེ་ དེ་ལས་ད་ ང་བཅས་ དེ་བསྒང་ བོད་ཀྱི་དམག་དེ་ ཏེ་ བུམ་ཐང་ལུ་སྡོད་པའི་སྐབས་འདི་ལུ་ ཏེ་ ང་བཅས་ ད་ལྟོ་ གནང་སྲོལ་ཡོད། ཟླཝ་ ༥ པའི་ནང་ལུ་ མགོན་པོ་མདོས་ཆོག་ཟེར་ ཉིནམ་བདུན་གནང་ནི་ཡོད་པའི་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགའ་ནཱི་ ཉིན་ལུགས་དང་འཁྲིལ་ཏེ་ ཏེ་ ཚེ་གྲངས་འདི་ ཧཝ་འདྲཝ་ཅིག་འབད་བ་ཅིན་ ཏེ་ འགོ་བཙུགས་པའི་ཚེ་འབད་ ཕྱིཝ་འདྲཝ་ཅིག་འབད་བ་ཅིན་ མཇུག་བསྡུ་བའི་ཚེ་འབད་ ང་བཅས་ འ་ནཱི་གུ་སྦེ་བཀལ་ཏེ་ ད་ལྟོ་ཆོ་ག་ ཡོངས་གྲགས་ཅན་སྦེ་ གནང་སྲོལ་ཡོད་མི་ཅིག་ ང་བཅས་ཟླཝ་ ༥ པའི་ནང་གི་འདི་ཨིན་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ དེ་ཡང་ ང་བཅས་ར་ བཀའ་བརྒྱུད་ གསང་མ་(གསར་མ་) རྙིང་མ་ དེ་ལས་ཏེ་ དགེ་ལུགསཔ་ ཏེ་ཆོས་ལུགས་ཁག་བཞི་གི་ནང་ལས་ ཏེ་ ག་ར་ཆོ་ག་གི་༼འཆིང་༽ འདི་ཚུ་ ཏེ་ འགོ་བཙུགས་པའི་ཚེ་ནང་ལུ་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཞག་བདུན་འབད་དེ་འབད་རུང་ ཞག་གསུམ་འབད་དེ་འབད་རུང་ འགོ་བཙུགས་པའི་ཚེ་ནང་ལུ་ ཏེ་སྤྱན་འདྲེན་འདི་ རྒྱས་དགོཔ་འབད་ཨིན། ཏེ་ ང་བཅས་ བྱ་དཀར་རྫོང་ནང་གི་འདི་ ༼འ་ནཱའི་བཙུགས་འདེབས་ བར་འདེབས་ གྲོལ་འདེབས་འབདཝ་ད་ལུ་༽
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཉིནམ་བདུན་འབད་བ་ཅིན་ ཉིནམ་བཞི་པའམ་གི་ཚེ་ནང་ལུ་ ང་བཅས་ ཨ་ནཱི་ ལས་མགོན་གྱི་ སྤྱན་འདྲེན་འདི་ འ་ནཱི་༼བར་སྡོད་༽ཀྱི་ཚེ་ནང་ལུ་ རྒྱསཔ་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་འདི་རྒྱས་དགོ་མི་འདི་ ག་ཅི་སྨོ་ཟེར་བ་ཅིན་ སྔོན་མ་ བོད་ཀྱི་དམག་འདི་ ང་བཅས་རའི་ འབྲུག་ལུ་ ཤུགས་སྦེ་ཡོད་པའི་སྐབས་འདི་ནང་ལུ་ ཏེ་ ད་ལྟོ་ ང་བཅས་ བྱ་དཀར་རྫོང་གི་ ཏེ་ གཡོན་ཕྱོགས་ཁ་ཐུག་ལུ་སྦེ་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཀི་ལོ་མི་ཀྲར་ ༢ ཀྱི་ས་ཁར་ལུ་ ཏེ་ ད་ཅི་གོང་ལུ་ ཞུ་དོ་བཟུམ་སྦེ་ འ་མི་ཁར་ལུ་ བོད་ཀྱི་ དམག་དཔོན་འདི་ སྒར་བཅག་སྦེ་བཞུགས་སྦེ་ ཏེ་ ང་བཅས་ཀྱི་ཏེ་ འབྲུག་པའི་གི་ དམག་འདི་ཚུ་ག་ར་ བྱ་དཀར་རྫོང་ནང་འབད་སྦེ་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ འ་ནཱི་ དམག་དཔོན་འདི་ ཏེ་ག་ཅི་བློ་ བརླག་ནི་གི་དོན་དག་ལུ་ ཏེ་ ང་བཅས་ འབྲུག་པའི་ དམག་མི་ཚུ་གིས་ གྲ་སྒྲིག་འབད་རང་སྡོད་སྦེ་ ཏ་ དྲོ་པ་ཡུདཔ་ཅིག་ ཆུ་ཚོད་ ༢ དེ་ཅིག་ཁར་ལུ་ ལིངྒ་སྤྱན་འདྲེན་གུ་ ཏེ་ ལྷོདཔ་ད་ལུ་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ ང་བཅའ་རའི་ དེ་བསྒང་ལུ་ ད་རེས་བཟུམ་སྦེ་ མཚོན་ཆ་ཡང་མིན་འདུག་ ཏེ་ སྟོབས་ཟེར་ ང་བཅས་རའི་ སླབ་སྲོལ་ཅིག་འདུག འ་ནཱི་སྟོབས་འདི་ ཡར་སྒོ་སྒྲིག་ནང་ དཔག་བཞག་སྦེ་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགའ་ནཱི་ལིངྒའི་ སྤྱན་འདྲེན་གུ་ལྷོདཔ་ཅིག་ ཏེ་སྟོབས་འདི་ ང་བཅས་མི་གིས་ རྐྱབ་མ་དགོ་པར་ ཁོ་ར་གི་ ཐོན་འགྱོ་སྟེ་གིས་སྦེ་ ཏེ་ ཨ་ཕི་གངས་ཏོ་གུ་ལུ་ བོད་ཀྱི་དམག་དཔོན་འདི་ འ་ནཱི་ཁར་ལུ་ ཏེ་ བསྒྲལ་འབད་སྦེ་ ཏེ་ ད་རེས་ནངས་པ་ཡང་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགའ་ནཱི་གི་ཏེ་ བརྩི་སྲུང་ཞུ་སྟེ་གིས་སྦེ་ ལོ་རེ་བཞིན་དུ་ ང་བཅས་ཀྱིས་ འ་ནཱི་གི་འབུམ་སྡེ་གནང་པའི་ བར་སྡོད་ཀྱི་ཚེ་འདི་ནང་ལུ་ ཏེ་ རྫོང་ཁག་ལས་ གཞུང་གི་ ཁ་ཐུག་ལས་འབད་སྦེ་ ཏེ་ ང་བཅས་ ཨ་ནཱ་ལུ་ ཏེ་ དར་ཤིང་ཡང་ དམརཔོ་ཅིག་འཕྱར་འབད་སྦེ་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ བོད་པའི་དམག་དཔོན་འདི་ དེ་བསྒང་ལས་རང་བསྒྲལ་སྦེ་ ས་གདོང་བརྐོ་བཏང་བཏངམ་ནང་ བཙུགས་བཙུགསཔ་ཨིན་ཟེར་ ཏེ་ ད་རེས་ནངས་པ་ ལོ་བསྟར་བཞིན་དུ་ ང་བཅས་ འ་ནཱ་ལུ་ཏེ་ འ་ནཱི་ཆོ་ག་འདི་འཁྲིལ་ཏེ་གིས་སྦེ་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ འ་ནཱི་ནཱ་ལུ་ དར་དམརཔོ་ཅིག་ འཕྱར་འབད་དེ་གིས་སྦེ་ ང་བཅས་ ད་ལྟོ་ཡང་ སྲོལ་མ་ཉམས་པར་ ཏེ་ འ་ནཱི་སྦེ་རང་ འབད་སྲོལ་ཡོད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདེ་འབད་ནི་དེ་གིས་ ང་བཅས་ཀྱི་ བྱ་དཀར་རྫོང་འདི་ནང་ལུ་ ཏེ་ སྔོན་མ་འབད་བ་ཅིན་ བྱ་དཀར་ཡུལ་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ཟེར་ ཏེ་ དེ་ལས་ ཐོབ་རྒྱལ་རྫོང་ཟེར་ ཏེ་ད་རེས་ནངས་པ་འབདཝ་འདྲཝ་ཅིག་འབད་བ་ཅིན་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ བྱ་དཀར་རྫོང་ཟེར་ བྱ་དཀར་རྫོང་ ཁོ་ར་ལུ་ མིང་གི་མཚན་ཉིད་ལས་ འབད་དེ་འབད་ས་ཅིག་རུང་ གསུམ་སྦེ་ ཞུ་སྲོལ་ཡོད་པའི་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཡུལ་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ཟེར་མི་འདི་ཡང་ ཏེ་ བོད་ཀྱི་དམག་ལས་ ཏེ་ ཡུལ་ལས་རྒྱལ་བ་ལས་བརྟེན་ཏེ་གིས་སྦེ་ ཡུལ་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ཟེར་ ཞུ་དགོ་མི་འདི་ འདི་ཨིན་པས་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ ཐོབ་རྒྱལ་རྫོང་ཟེར་མི་འདི་ཡང་ ཏེ་ བོད་ཀྱི་དམག་ལས་ རྒྱལ་ཁ་ཐོབ་པ་ལས་བརྟེན་ཏེ་གིས་སྦེ་ མ་པ་མིང་གི་རྣམ་གྲངས་འབདཝ་མམ་ དོན་དག་གཅིག་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཐོབ་རྒྱལ་རྫོང་ཟེར་ཡང་ ཞུཝ་ཨིན། ཏེ་ བྱ་དཀར་རྫོང་ཟེར་ ཞུ་དགོ་མི་འདི་ཡང་ ང་བཅས་ཀྱི་ ད་ལྟོ་གི་ རྫོང་འདི་ཁར་ལུ་ ཏེ་ སྔོན་མ་རྫོང་འདི་ ནཱ་མེན་པས་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགམར་ད་ལྟོ་ ང་བཅས་ར་གི་ སྒར་སྤང་ཟེར་མི་འདི་ ཀྲོང་གསར་འགྱོ་ས་གི་ལམ་ཁར་ལུ་ ཏེ་ ནཱ་ལས་འབད་བ་ཅིན་ ཀི་ལོ་མི་ཀྲར་ ༤ དེ་ཅིག་ས་ཁར་ལུ་ ཏེ་ སྒར་སྤང་ཟེར་མི་འདི་ རྫོང་གི་ རྩིག་པའི་ཤུལ་དེ་སྦེ་ཡོད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགའ་མར་ཁར་ལུ་ དང་ཕུ་སྔོན་མ་འབད་བ་ཅིན་ སྒར་སྤང་ལུ་ཏེ་ རྫོང་མ་བཅགས་བཅགསཔ་ཨིན་པས་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ ནེ་ཁར་ལུ་བཅགས་ཚར་ རྩིག་པའི་འགྱམ་ཚུ་བཙུགས་ཚརཝ་ད་ རང་རང་སའི་ ལུང་བསྟན་མེད་པ་ལས་བརྟེན་ཏེ་གིས་སྦེ་ འ་མར་ལས་ཏེ་ བྱ་དཀརཔོ་ཅིག་ འཕུར་ཏེ་འོང་སྦེ་ ད་རེས་ ད་ལྟོ་ རྫོང་ཆགས་ས་གི་ འ་ནཱི་ཁར་ལུ་ཏེ་ ཏེ་བྱ་དཀརཔོ་འདི་ འ་ནཱ་ཕར་ཆགས་ཆགསཔ་ཨིན་ཟེར་ ཏེ་ འ་ནཱི་སྦེ་ ཏེ་ཨིན་པས་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ འདི་ལས་བརྟེན་ཏེ་གིས་སྦེ་ ད་ལུང་བསྟན་འདི་ འ་ནཱི་ བྱ་དཀརཔོ་འདི་ཆགས་ས་ ཨིནམ་འདྲེས་ཟེར་ ཏེ་ ད་རེས་ཀྱི་ རྫོང་འདི་ ཏེ་ ལུང་བསྟན་ནཱ་འབབ་པ་ལས་བརྟེན་ཏེ་གིས་སྦེ་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགད་ལྟོ་བྱ་དཀར་རྫོང་འདི་ ཏེ་ མཚན་ཡང་ བྱ་དཀར་རྫོང་ཟེར་མི་ དམིགས་ཡུལ་འདི་ ཏེ་ འ་ནཱེ་སྦེ་ཨིན་པས་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ ད་རེས་ང་བཅས་ (Speaker clears throat) བྱ་དཀར་རྫོང་གི་ནང་ལུ་ ལྷ་ཁང་བསྡོམས་ཀྱིས་ ག་དེ་ཅིག་ཡོད་གོ་ཟེར་བ་ཅིན་ ཏེ་ ད་རེས་ནངས་པ་འབད་བ་ཅིན་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ ལྷ་ཁང་ ༦ ཡོད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུག༢༠༠༥ གི་ཚུན་ཚད་ནང་འཁོད་ལུ་ ལྷ་ཁང་ ༥ ར་ཨིན་ཟེར་ ཞུ་ནི་ཨིན། ཏེ་ དེ་ཡང་ ལྷ་ཁང་ ༦ པོ་འདི་ཡང་ ད་ལྟོ་ ཏེ་དང་པ་རང་མར་ ཀུན་རྭ་ནང་ཟེར་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགང་བཅས་རའི་ གྲྭ་ཚང་འཕགས་པའི་དགེ་འདུནམ་འདི་ཚུ་ ཏེ་ དང་ཕུ་གི་ ལུགས་སྲོལ་འབད་བ་ཅིན་ ཏེ་ ཕྱི་རུ་གཟིམ་ས་ཡང་ འ་ནཱི་ནང་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདེ་ལས་ གསུང་ཆོག་གནང་ས་ཡང་འདི་ཁར་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདེ་ལས་ གསོལཝ་ཚོགས་བཞེས་ས་ཡང་འདི་ཁར་ཨིན། ཏེ་ གཞུང་སྒེར་གྱི་ སྐུ་རིམ་གྲུབ་ས་ཡང་ འ་ནཱི་ཀུན་རྭ་ནང་ཟེར་ ག་ཅི་རང་འབད་རུང་ ལག་ལེན་འ་ནཱེ་གཅིག་གི་ནང་རང་ འཐབ་སྡོད་པའི་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགད་འ་ནཱི་ནང་ལུ་ རྟེན་གྱི་གཙོ་བོ་འདི་ ཏེ་ ཕུརཔ་སྦེ་ཨིན་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདེ་ལས་ ནཱ་ལས་ཏེ་ དབུ་རྩེ་ཐོག་གསུམ་འབད་ཡོད་པའི་སྐབས་འདི་ལུ་ དབུ་རྩེ་ ཐོག་མར་ལས་འཛེག་པའི་བསྒང་ལས་ ཨེ་ཁུག་གཅིག་འཛེག་སྦེ་ འདི་ནང་ལུ་ ཏེ་ མ་འོངས་པའི་རྒྱལ་ཚབ་བྱམས་པ་ འ་ནཱ་བཞུགས་ཏེ་གིས་སྦེ་ཡོད་ཟེར་ ཞུ་ནི་ཨིན་ཏེ་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགལྷ་ཁང་གི་མཚན་ཡང་ ད་ལྟོ་ རང་རང་སའི་སྐུ་རྟེན་ག་ཨིནམ་ཅིག་ ཏེ་ བྱམས་པ་ལྷ་ཁང་ཟེར་ དེ་ལས་ འ་ནཱི་གི་སྟོད་ལུ་ ཐོག་གཉིས་པམ་འདི་གི་ན་ལུ་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ ང་བཅས་རའི་ ཞབས་དྲུང་གི་ ཡབ་བསྟན་པའི་ཉིམ་ ཏེ་ ཡིད་དམ་གྱི་ ལྷ་འབད་ནི་དེ་གིས་ ཏེ་ ཡིད་དམ་ལྷ་ཁང་ཟེར་ འ་ནཱེ་སྦེ་ ཞུ་སྲོལ་འདུག་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ འ་ནཱི་ཐོག་ འ་ནཱ་ཕར་ར་བསྒྲིགས་ཏེ་གིས་སྦེ་ ༢༠༠༨ ལུ་ གཞི་བཙུགས་འབད་འབདཝ་ ང་བཅས་ར་ ད་ལྟོ་ མི་དབང་མངའ་བདག་རིན་པོ་ཆེ་ འབྲུག་རྒྱལ་ལྔ་པ་གི་ བཀའ་དགོངས་བཞིན་དུ་སྦེ་ ཏེ་ ལྷ་མོའི་མགོན་ཁང་ཅིག་ ང་བཅས་ཀྱིས་ གསར་བཙུགས་འབད་ཡི་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ དེ་ཡང་ གྲྭ་ཚང་ཡོད་ས་ལུ་ ཏེ་ ལྷ་མོའི་མགོན་ཁང་འདི་ ཨིན་གཅིག་མིན་གཅིག་དགོཔ་སྦེ་ ང་བཅས་རའི་ ཆོས་ཀྱི་ནང་ལས་ དེ་སྦེ་རང་ཡོད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ གྲྭ་ཚང་ མ་བཙུགས་ཚུན་ཚོད་ཀྱི་བར་ན་ལུ་འདི་ ལྷ་མོའི་མགོན་ཁང་འདི་མིན་འདུག
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ ༢༠༠༨ ལས་ ང་བཅས་ཀྱི་ གྲྭ་ཚང་ཅིག་ཡང་ ཏེ་ སྔོན་མ་ལས་ར་ བཙུགས་བཙུགསཔ་འབད་ནི་དེ་གིས་ ཏེ་ ༢༠༠༨ ཚུན་ཚོད་ཀྱི་ནང་འཁོད་ལུ་ གྲྭ་ཚང་ སྔོན་མ་ལས་རང་ བཙུགས་ཏེ་རང་འབད་ས་ཅིག་རུང་ར་ ཏེ་ ལྷ་མོའི་མགོན་ཁང་འདི་ དེ་བསྒང་ གཞི་བཙུགས་མ་འབད་བས་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ ༢༠༠༨ ལས་ ང་བཅས་ཀྱིས་ ལྷ་མོའི་དགོན་ཁང་ཅིག་ གཞི་བཙུགས་འབད་སྦེ་ ཏེ་ དེ་ལས་ འདི་གི་སྟོད་ལུ་ ཐོག་ ༣ པམ་འདི་གི་ན་ལུ་ ད་ལྟོ་ མགོན་པོ་ མགོན་པོ་གི་དགོན་ཁང་ཟེར་ མགོན་པོ་ཕྱག་བཞིཔ་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ འ་ནཱ་ལུ་ འདི་གི་ལྷ་ཚོགས་འདི་ཚུ་ཏེ་ སྡེ་བཞི་(ལྡེབས་རིས)འདི་ཚུ་ཡོད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདེ་ལས་ རྫོང་གི་ ཕྱི་ཁར་འབདཝ་འདྲཝ་ཅིག་འབད་བ་ཅིན་ ཏེ་ བྱ་དཀར་རྫོང་གི་ གནས་བདག་ ད་ལྟོ་ སྐྱེས་བུ་རླུང་བཙན་ཟེར་ ང་བཅས་ རྫོང་ཁག་རེ་རེ་བཞིན་དུ་ལུ་ གནས་བདག་རེ་རེ་ཡོད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགནཱ་ བྱ་དཀར་རྫོང་གི་འདི་ སྐྱེས་བུ་རླུང་བཙན་གྱི་ ཏེ་ ཏེ་ གནས་བདག་ བྱ་དཀར་རྫོང་གི་བདག་པོ་འདི་ གནས་བདག་སྐྱེས་བུ་རླུང་བཙན་ཟེར་ ཞུ་བའི།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཁོ་རང་གི་ བཞུགས་གནས་འདི་སྦེ་བ་ཅིན་ ང་བཅས་ ད་ལྟོ་ ནཱ་ལས་མཇལ་ཚུགས་ ཡར་ ཆུ་བྲག་དགོན་པ་གི་ ཏེ་ རྒྱབ་ཁར་ལུ་ ནཱ་ལས་མཇལཝ་ད་ལུ་ བྲག་དཀརཔོ་ཅིག་སྦེ་ཡོད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་འ་ནཱེ་སྦེ་ཡོད། དེ་ལས་ གཅིག་འདི་ ང་བཅས་ བྱ་དཀར་རྫོང་ནང་ལུ་ ནང་རྟེན་གཙོ་བོ་ཆེ་ཤོས་ཅིག་ ཡོངས་གྲགས་ཅན་ག་ཅི་ཡོད་གོ་ཟེར་བ་ཅིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདེ་བསྒང་ ༡༥༠༡ དེ་ཅིག་ཁར་ལུ་ ཏེ་ གཏེར་བཏོན་པདྨ་གླིང་པ་གིས་ སྟང་མེ་འབར་མཚོ་ལས་ ཏེ་ གཏེར་བཞེས་བཞེས་པའི་གི་ བསྟན་པའི་སྐུ་ཅིག་ ཏེ་ ང་བཅས་བྱ་ དཀར་རྫོང་ནང་ ཡ་མཚན་ཆེ་ཏོག་ཏོ་ཅིག་ཡོད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགའདི་རྒྱལ་ཁབ་ག་ཏེ་ལས་ཡང་ ཡོངས་གྲགས་ཅན་འབད་ནི་དེ་གིས་ ཕྱི་རྒྱལ་ཁབ་ཀྱི་ མི་འདི་ཚུ་གིས་ཡང་ ཏེ་ ང་བཅས་ ནང་རྟེན་འདི་ཡོད་པའི་ ལོ་རྒྱུས་གོ་སྟེ་འདུག
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ ཁོང་གིས་ མཇལ་གེ་ཟེར་ འ་ནཱེ་སྦེ་ ཏེ་ འོངམ་་་ད་ལུ་ དེ་ཡང་ ང་བཅས་ཀྱིས་ གང་འབྱུང་མང་འབྱུང་དེ་སྦེ་ ཏེ་ མཇལ་ཁ་མེད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགགཞུང་ཞབས་ཀྱིས་ བཀའ་འོངམ་ད་ རྐྱངམ་ཅིག་ལས་བརྒལ་ཏེ་སྦེ་ ཏེ་ ཨ་ནཱི་ ནང་རྟེན་འདི་ཚུ་ མཇལ་ཁ་ཕུལ་སྲོལ་མེད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགའདི་ཚུ་ ང་བཅས་ སྔོན་མ་འབད་བ་ཅིན་ ད་ལྟོ་ ཡིད་དམ་ལྷ་ཁང་ནང་ བཞུགས་ཏེ་ཨིན་པས། ཏེ་ སྐབས་ཅིག་ལས་ ང་བཅས་ཀྱིས་ ད་དེང་སང་གི་དུས་ལུ་ མི་མནོ་ཅན་བ་མནོ་མེད་མང་པས་ཟེར་ མནོ་སྟེ་གིས་སྦེ་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ འདི་ཚུ་ཡང་ ཏེ་ ལེགས་ཤོམ་སྦེ་ བདག་འཛིན་འབད་ནི་གི་དོན་དག་ལུ་ ང་བཅས་ཀྱིས་ གཞུང་ཞབས་ལུ་ ཏེ་ སྐྱིད་སྡུག་ཞུ་འབད་སྦེ་ ཏེ་ གཞུང་ཞབས་ཀྱིས་ཡང་ ང་བཅས་ར་གིས་ ཞུ་བ་ག་ཕུལཝ་བཞིན་དུ་
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ མི་ཐུབ་གསེརཔོ་ཅིག་ ཏེ་ ཞུ་འབད་སྦེ་ ཏེ་ འ་ནཱེ་ན་ལུ་ བཞུགས་སུ་གསོལ་ཏེ་འབད་ ད་ལྟོ་ ཀུན་རྭ་ནང་བཞུགས་ཏེ་གི་སྦེ་ཡོད།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགའདི་ཚུ་ཡང་ རང་རང་སའི་ དད་པ་དང་འཁྲིལ་ཏེ་ སྐབས་སྐབས་ཏེ་ རང་རང་ས་གིས་ ཏེ་ མཇལ་གེ་ཟེར་བ་ཅིན་ འདི་ཚུ་ཡང་ མི་ཚུ་ བལྟ་འབད་སྦེ་ དེ་སྦེ་མཇལ་ཁ་ཕུལ་དོ།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགདེ་ལས་ གཞུང་ཞབས་ཀྱིས་ བཀའ་རེ་འོངམ་ད་ ཏེ་ སྐུ་འཁོར་ཚུ་གིས་ བཀའ་རེ་འོངམ་ད་ ཏེ་ མཇལ་ཁ་ ཕུལཝ་མགཏོགས་ཅིག་ གང་གཞན་གང་བྱུང་མང་བྱུང་ ཏེ་ དེ་སྦེ་མཇལ་སྲོལ་ཡང་ ཕུལ་ནི་མེད་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགད་རེས་ ཨ་ནཱེམ་ཅིག་ཨིན་པས་ཟེར་ ཞུ་ནི་ཨིན། དེ་ལས་ ང་བཅས་ར་གི་ ཏེ་ གྲྭ་ཚང་ནང་ལུ་ ཏེ་ ད་གྲྭ་ཚང་འདི་ ༡༩༩༧ ལུ་ གཞི་བཙུགས་བཙུགས་ཞིནམ་ལས་ཚུར་ ཏེ་ ད་ལྟོ་ ༢༠༡༤ གི་ ཚུན་ཚོད་ཀྱི་ནང་འཁོད་ན་ལུ་ ཏེ་ བླམ་འབད་བ་ཅིན་ ག་དེམ་ཅིག་འགྱོ་ཡི་ག་ཟེར་བ་ཅིན་ ད་ལྟོ་ བླམ་ ༢ འབད་འགྱོ་ནུག་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགསྤྱི་ལོ་ ༡༩༩༧ ལས་ ཏེ་ བླམ་དང་པམ་དེ་གིས་ ཏེ་ མཛད་དེ་གི་སྦེ་ ༢༠༠༥ ཚུན་ཚོད་ཀྱི་ནང་འཁོད་ལུ་ ཏེ་ ང་བཅས་ར་ བླམ་ཨོ་རྒྱན་རྡོ་རྗེ་ཟེར་མི་ཅིག་ ཁོ་གིས་སྦེ་ ཕྱག་ཞུ་སྟེ་ ཏེ་ བཞུགས་ནུག་ཟེར་ ཞུ་ནི་ཨིན།
- བླམ་གནས་བརྟན་དཔལ་ལྡན་དབང་ཕྱུགཏེ་ ༢༠༠༥ གི་ དབྱིན་ཟླ་ ༩ པ་ལས་སྦེ་ ད་རེས་ ཚུན་ཚོད་ཀྱི་ནང་ལུ་ ཏེ་ ང་ར་གི་ མིང་འདི་ དཔལ་ལྡན་དབང་ཕྱུག་ཟེར་ཞུ་བའི་ ཏེ་ ད་རེས་ ༢༠༡༤ ཚུན་ཚོད་ཀྱི་ནང་ལུ་ ཏེ་ ང་གིས་ ཕྱག་ཞུ་སྟེ་འབད་ཡོད་ཟེར་ ཞུ་ནི་ཨིན།