Video Overview
Mikthoe gives an account of Jabab Temple in Bueltikha. According to him, Lama Drakpa Jamtsho of Tshamdrak Monastery in Chukha District was invited by the chöje (dharma lord), or head of the Bueltikha community to visit the area. During his visit, in a formal ceremony where which he was visualized as a buddha, the community led by the chöje requested Lama Drakpa Jamtsho to build a temple there. Over the years, the old structure of Jabab Temple was damaged by earthquakes several times. Today, it is under the care of the central monastic body.
སྦུལ་ཏི་ཁ་ལུ་ཡོད་པའི་ རྒྱ་འབབ་དགོན་པ་འདི་ ཆུ་ཁ་རྫོང་ཁག་ མཚམས་བྲག་དགོན་པའི་ བླམ་གྲགས་པ་རྒྱ་མཚོ་གི་ བཅགས་གནང་ཡོདཔ་སྦེ་ སླབ་སྲོལ་ཡོདཔ་ཨིན་པས། ཏེ་རྒྱ་འབབ་དགོན་པ་ལས་ མིག་ཐོད་དང་འཁྲིལ་བ་ཅིན་ བླམ་གྲགས་པ་རྒྱ་མཚོ་འདི་ གཡུས་འདི་ཁའི་ཆོས་རྗེ་གིས་སྦེ་ གདན་འདྲེན་ཞུ་བའི་སྐབས་ བླམ་མཆོག་གིས་ སྟོན་པ་བཅོམ་ལྡན་འདས་ཡོདཔ་ཨིན་པས། འདི་འབདཝ་ལས་ ཆོས་རྗེ་གིས་འགོ་འདྲེན་ཐོག་ལས་ གཡུས་འདི་ཁའི་ མི་སེར་ཚུ་གིས་ བླམ་གྲགས་པ་རྒྱ་མཚོ་ལུ་ ས་ཁོངས་འདི་ནང་ ལྷ་ཁང་ཅིག་བཞེངས་གནང་དགོཔ་སྦེ་ཞུ་ཞུཝ་ཨིན་པས། འདི་འབདཝ་ལས་ ཧེ་མའི་ལྷ་ཁང་རྙིངམ་འདི་ ས་ཡོངས་ཀྱིས་ ཚར་ལེ་ཤ་ཅིག་མེདཔ་བཏང་ཞིནམ་ལས་ ལྷ་ཁང་འདི་ ལེགས་ཤོམ་སྦེ་འཛིན་སྐྱོང་གནང་ཐབས་ལུ་ གཞུང་དགེ་འདུན་གྲྭ་ཚང་ལུ་ཕུལ་ཡོདཔ་ཨིན་པས།
- མིག་ཐོད་ཏེ་དེ་ལས་ ང་གིས་ ནཱ་གི་རྒྱ་འབབ་དགོན་པའི་སྐོར་ལས་ཏེ་གནས་ཚུལ་མདོར་བསྡུས་ཨ་ནཱི་མདོར་བསྡུས་ཅིག་ཏེ་ཞུཝ་འདྲཝ་ཅིག་འབད་བ་ཅིན་ཏེ་ང་བཅས་ར་སྔོན་མ་ཏེ་ང་བཅས་ཀྱི་ནཱ་ལུ་ བླམ་གྲགསཔ་རྒྱ་མཚོ་ཟེར་འདི་ཕར་མཚམས་བྲག་དགོན་པ་བཞུགས་ནུག་ལགས།
- མིག་ཐོད་ཏེ་མཚམས་བྲག་དགོན་པ་བཞུགསཔ་ད་ལུ་ཏེ་དེ་ལས་ཕར་ལས་ཕར་བཞུགསཔ་ད་ལུ་ང་བཅས་རའི་མར་ཏེ་དྲུང་པ་ཆོས་རྗེས་ཟེར་མི་སྦུལ་ཏི་ཁ་ལས་མས་ཏེ་དྲུང་པ་ཆོས་རྗེས་ཟེར་མི་འདི་གི་ཏེ་རོགས་ཞུ་སྟེ་སྦེ་ཏེ་མར་སྦུལ་ཏི་ཁ་ལུ་ཏེ་མར་སྐྱེལ་སྐྱེལཝ་ལགས།
- མིག་ཐོད་མར་སྐྱེལ་ཏེ་སྦེ་ མར་བཞུགསཔ་ད་ལུ་ཏེ་འ་ནཱི་ལས་ཏེ་ཁོ་གི་གཉིད་ལམ་ནང་ལུ་ཏེ་གྲགསཔ་རྒྱ་མཚོ་གི་གཉིད་ལམ་ནང་ལུ་ཏེ་ཨ་ནཱ་ལས་ཕར་ལུ་ཏེ་གནམ་མེད་ས་མེད་ཀྱི་སྟོན་པ་སྦེ་ མཇལཝ་སྦེ་མཐོང་སྟེ་གིས་ཡར་ལས་ཡར་ལུ།
- ཡེ་ཤེས་དབང་ཕྱུག་ཅིག་མཇལ་ཏེ་གི་ལགས།
- མིག་ཐོད་བསྟན་པ་མཇལ་ཏེ་ལགས།
- ཡེ་ཤེས་དབང་ཕྱུ:Yeshey Wangchukལགས་སོ་
- མིག་ཐོད་ང་བཅས་ཀྱི་སྟོན་པ་འདི་ཚུ་ གནམ་མེད་ས་མེད་མཇལ་ཏེ་ཏེ་ཁོ་ཁོ་གི་གཉིད་ལམ་ནང་སྦེ་སྟོན་པ་མཇལ་ཏེ་ད་འ་ནཱི་ལས་འ་ནཱེ་སྦེ་མཇལཝ་ད་ལུ་དེ་ལས་མར་དྲུང་པ་ཆོས་རྗེས་ཟེར་མི་འདི་གིས་ཏེ་ནཱ་སྦུལ་ཏི་ཁ་ལས་ཏེ་ནཱ་ ང་བཅས་ནཱ་རྒྱ་འབབ་དགོན་པའི་གི་ཏེ་ནཱ་གི་ཆ་ཁྱབ་ཀྱིས་ ཏེ་ནཱ་ལུ་ད་གདན་ས་ཅིག་ཏེ་ལྷ་ཁང་ཅིག་བཞེངས་དགོ་པས།
- མིག་ཐོད་ང་བཅས་ནཱ་ལུ་ གཡུས་མཐའ་ཟུར་ལུ་ཏེ་འདི་ལས་གནམ་མེད་ས་མེད་ཏེ་ ང་བཅས་ར་གི་ཏེ་ཨེ་་་་རྒྱལ་ཁབ་ང་བཅས་ ནཱ་གི་མི་སེར་འདི་ཚུ་གི་ ཞི་ཐབས་ཀྱི་དོན་དག་ལས་ ཏེ་འ་ནཱེ་སྦེ་གསོལཝ་བཏབ་ད་ལུ་ཏེ་དེ་ལས་གྲགསཔ་རྒྱ་མཚོ་ཏེ་དེ་ལས་ནཱ་བྱོན་དེ་ལས་ཏེ་ནཱ་ལུ་ཏེ་ལྷ་ཁང་འདི་ ཏེ་ནཱ་ལུ་མེ་ཏོག་ ཨ་ནཱི་ས་སྒ་མེ་ཏོག་ཟེར་ མེ་ཏོག་དཀརཔོ་ཅིག་ཡོད་པ་ལགས།
- མིག་ཐོད་ཟླཝ་བཞི་པའི་ནང་ཤར་བའི་ལགས།
- ཡེ་ཤེས་དབང་ཕྱུ:Yeshey Wangchukལགས་སོ།
- མིག་ཐོད་ཏེ་འ་ནཱི་ ཕྱི་ལས་ཕར་པུ་ར་(ག་ར་)བསྐོར་ར་རྐྱབ་ཏེ་འ་ནཱ་ལུ་ ཏེ་ཨ་ནཱ་ལུ་ འཕགསཔ་སྤྱན་རས་གཟིགས་ཀྱི་ཏེ་བཞུགས་སྐལ་འདུག་ཟེར་སླབ་སྟེ་སྦེ་ཏེ་དེ་ལས་ཏེ་བླམ་གྲགསཔ་རྒྱ་མཚོ་གིས་ཏེ་ཁོ་ར་ནཱ་བཞུགས་ཏེ་འ་ནཱ་ལས་ཏེ་ཁོང་ཏེ་བསྡོམས་གཡུས་བཞི་རྒྱ་འབབ་མཚོ་དགུ་གི་མི་སེར་གྱི་ཏེ་བླམ་ལུ་ཏེ་གསོལཝ་བཏབ།
- མིག་ཐོད་ཏེ་ད་ ང་བཅས་ནཱ་ལུ་ཏེ་ལྷ་ཁང་གཅིག་བཞེངས་དགོ་པས་ཟེར་ཟེརཝ་ད་ཏེ་དེ་ལས་ཏེ་འ་ནཱི་མར་ལས་གསོལཝ་བཏབ་ད་ལུ་ཏེ་བླ་མ་གིས་ཏེ་ ཞལ་ཀྱིས་བཞེས་ཏེ་དེ་ལས་བླམ་ནཱ་བཞུགས་ཏེ་དེ་ལས་ས་འདི་ཚུ་བཅའ་ཏེ་ག་ར་ཏེ་ལེགས་ཤོམ་སྦེ་ཏེ་རབ་གནས་འདི་ཚུ་མ་བཏུབ་བཏུབ་སྦེ་ས་བཅགས་ནི་གི་ཏེ་ཨ་ནཱི་ཚུ་ཡང་ མ་བཏུབ་བཏུབ་སྦེ་གནང་ཞིནམ་ན་ཏེ་འ་ནཱ་ལས་ཏེ་ ནཱ་ལྷ་ཁང་འགོ་བཙུགས་བཞག་འབད་ཏེ་ཁོ་ཚར་གཅིག་ད་རེས་བྱོན་སོང་ནུག
- མིག་ཐོད་ད་རེས་ཡར་སྤ་རོ་ལུ་ཏེ་སྤ་རོ་ལུ་བྱོན་ཏེ་སྦེ་ སྤ་རོ་ལས་མར་སྦེ་ཏེ་ཡར་ལས་ཏེ་དེ་ལས་ དེམ་ཨོ་རྒྱན་གུ་རུ་ཚར་གཅིག་བྱོན་ནུག།ཏེ་འ་ནཱེམ་ཅིག་ནང་ལོ་གཅིག་ནང་སྐོར་ལུ་ཏེ་ནཱ་ལུ་ ལྷ་ཁང་འདི་བཞེངས་ཚར་ཡི་ཟེར་ཏེ་ཞུ་བའི་བསྒང་ལས་ཏེ་བླམ་ཁོ་ར་ནཱ་བྱོན།
- མིག་ཐོད་ཏེ་འ་ནཱི་ལས་ གཏེར་འདི་ཚུ་ཡང་ཏེ་ལྷ་ཁང་གི་ནང་ནང་རྟེན་འདི་ཚུ་གི་ཏེ་ག་ར་བསྒྲུབས་བཙུགས།ཏེ་འ་ནཱ་ལས་ཏེ་ནང་གི་མི་སེར་ཆ་ཁྱབ་ཀྱིས་ཏེ་ཁོ་ལུ་ཏེ་གནམ་མེད་ས་མེད་དད་པ་ ཡིད་ཆེ་སྦོམ་བསྐྱེད་དེ་ཏེ་འ་ནཱི་ཏེ་ གནམ་མེད་ས་མེད་གསོལཝ་བཏབ་འབད་བའི་བསྒང་ལས་ཏེ།
- མིག་ཐོད་དེ་ལས་ཨ་ཡར་ལྷ་ཁང་གི་ ཏེ་མགུ་ལས་ཕར་ལུ་ཏེ་བཀྲིས་རྟགས་བརྒྱད་ལྷ་ཁང་གི་རྒྱབ་ལས་ཕར་ལུ་པུ་ར་(ག་ར་)ཚང་ལགས་ བཀྲིས་རྟགས་བརྒྱད་ཀྱི་ ཨ་ནཱི་དུང་དཀར་དཔལ་ཡབ་འཁོར་ལོ་ཨ་ནཱི་ཚུ་ཆ་མཉམ་ར་ཆ་ཚང་སྦེ་ཏེ་ཨ་ཡར་ཕར་ཡོད།
- མིག་ཐོད་ཏེ་ཨ་ཕར་ཕར་ལུ་ གནས་ཨ་ནཱི་གི་ལྷ་ཁང་འདི་ སྦོ་ལོག་རྩ་བར་འགྱོ་བའི་བསྒང་ལས་གནས་ཏེ་འ་ནཱེ་ཅིག་ཁར་ དགུང་ལོ་༧༣ལུ་ ད་འ་ནཱེ་ཅིག་ལས་ཏེ་བླམ་ཁོ་ར་གིས་ ཏེ་རོགས་ཡར་སྤ་རོ་ལུ་ཏེ་ཡར་ རི་ཡར་རིན་མགུ་དགོན་པ་ཟེར་མི་ཅིག་ཡོད་པ་ལགས་ ད་རེས་ཡར་སྤ་རོ་བཙན་ཏོག་གི་ཡར་ལུ།
- མིག་ཐོད་ཏེ་ཨ་ཡར་འབྱོན་ནི་སྦེ་ དེམ་འབད་ཚརཝ་ད་ བ་ཛ་(ཆུ་ཚོད་)གཉིས་དེམ་ཅིག་ཁར་ལུ་ཏེ་བླམ་འབྱོན་ནི་ཟེར་ཏེ་དེ་ལས་གསོལཝ་བཏབ་སྦེ་སོང་པ་ཏེ་ང་མེད་པའི་ཤུལ་ལུ་ཏེ་ངེ་གི་ཆོས་གོ་འདི་དང་ཏེ་དེ་ལས་རྟེན་གྱི་འཆམ་འདི།
- མིག་ཐོད་ཏེ་འ་ནཱི་འདི་ ཨ་ཡར་ཏེ་ཨ་ཡི་ནང་ལུ་ཨ་ཡི་གི་ནང་ཡོད་པའི་ འ་ནཱི་མཇུག་མ་ཚུ་ གསེར་སྦེ་བཏང་སྦེ་འབད་མི་མི་ནང་ལུ་ཏེ་ངེ་གི་ཏེ་སྐུ་ཚབ་བཟུམ་ཅིག་ཏེ་མ་འོངས་པ་ལུ་ ཁྱོད་ཀྱི་ནཱ་གི་ཏེ་རྒྱ་འབབ་དགོན་པ་ལུ་གོང་ལས་གོང་འཕེལ་འགྱོཝ་ལས་བརྟེན་ཏེ་སྦེ་ཏེ་ང་བཅས་ཀྱི་ནཱ་ལུ་ གནམ་མེད་ས་མེད་ཀྱི་ཏེ་བྱིན་བརླབས་ངེ་གི་ཐུགས་སྨོན་འདི་ཏེ་ནཱ་ལུ་ཏེ་འ་ནཱེ་སྦེ་བཞག་ཡི་ཟེར་ཏེ།
- མིག་ཐོད་ཏེ་དུས་རབས་༡༧ པ་ཐོན་ ལོ་ཡུདཔ་ཅིག་ཧ་ལམ་ཁ་རྒྱུན་ལས་སྦེ་ཉན་ཨ་ནཱི་རྣམ་ཐར་གྱི་ཨ་ནཱེ་སྦེ་ཁོང་གི་དུམ་དྲ་རེ་ ང་བཅས་ལུ་སླབ་འབདཝ་ད་ལུ་ཏེ་འ་ནཱི་ཅིག་ཏེ་དེམ་སྦེ་ཡར་སོང་ནུག
- མིག་ཐོད་ཏེ་འ་ནཱི་ལས་བརྟེན་ཏེ་སྦེ་ཏེ་དེ་ལས་རོགས་ ང་བཅས་ཀྱི་རྒྱ་འབབ་དགོན་པ་གི་ཆོས་པ་གིས་ཏེ་ད་ལས་ཕར་ཏེ་སྔོན་མ་ལས་ཀྱི་ གོངམ་ལས་མའི་ཚུ་གིས་ཏེ་བདག་འཛིན་འཐབ་དེ་ལས་ཚེ་བཅུ་འདི་ཚུ་ཡང་ མ་བཏུབ་བཏུབ་སྦེ་ར་ཏེ་ང་བཅས་ར་ནཱ་ལུ་ཏེ་དྲོ་པ་ནཱ་ལུ་ དང་པ་ར་ཨ་ཙ་ར་གྱིས་ ཨ་ནཱི་ནཱ་ས་བཅགས་ཅིག
- ཡེ་ཤེས་དབང་ཕྱུ:Yeshey Wangchukདེ་གི་དེ་གི་ཧེ་མ་ལུ་ ད་རུང་ལྷ་ཁང་གི་སྐོར་ལས།
- མིག་ཐོད་ཏེ་འ་ནི་འབད་དེ་ལས།
- ཡེ་ཤེས་དབང་ཕྱུ:Yeshey Wangchukལྷ་ཁང་གི་ཉམས་ཆག་ ནམ་ལས་བྱུང་བའི་ག་ད་ཉམས་སྲུང་ཞུ་ནི་ནམ་ལས་འགོ་བཙུགས་ཡི་ག་འ་ནཱིའི་སྐོར་ལས་ཅིག
- མིག་ཐོད་ད་འ་ནཱི་ཅིག་ཁར་ལས་ང་བཅས་ཀྱི་ བར་ན་སྐོར་ཅིག་ཁར་ལུ་ཏེ་ས་ཡོམ་ཅིག་རྐྱབ་སྟེ་སྦེ་ཏེ་རྒྱ་འབབ་བླམ་མཁའ་འགྲོ་འབད་བའི་སྐབས་ལུ་ཏེ་ང་བཅས་ཀྱི་ཉམས་བཅོས་ཚར་གཅིག་རྐྱབ་ཅིག་ང་བཅས་ར་ཡར་རྫོང་ཁག་ལས་མ་དངུལ་ཆུང་ཀུ་ཅིག་གནང་ང་བཅས་ར་ནཱ་མི་སེར་གྱི་ཏེ་འ་ནཱ་ལས་ ཉམས་བཅོས་ཆུང་ཀུ་ཅིག་རྐྱབ་སྟེ་སྦེ་བཞག་ཅིག་ལགས།
- མིག་ཐོད་ད་འ་ནཱ་སྦེ་ ཏེ་དེ་ལས་ཏེ་དེ་ལས་ཕར་ལུ་ཨ་ནཱི་ང་བཅས་ཀྱི་ཏེ་ས་ཡོམ་སྦོམ་ཅིག་ཏེ་ཨེ་་་གནམ་ལོ་གན་ཨིན་ན་མ་ཤེས་ཚར་ཅིག་རྐྱབ་ཅིག་པ་སྨོ་ལགས་ད་འ་ནཱི་གནམ་ལོ་འདི་ ང་གི་སེམས་ཁར་བཞག་མ་ཚུགས་པས་ ད་རེས་འདི་འདི་ ད་འདི་ཨ་ནཱི་ ས་ཡོམ་རྐྱབ་ཚར་བའི་བསྒང་ལས་ཏེ་ང་བཅས་ཀྱི་ལྷ་ཁང་འདི་ཚུ་པུ་ར་ ཆ་མཉམ་ར་བརྡལ་གཏང་ཚར་ཡི་བ་ལགས།
- མིག་ཐོད་བརྡལ་གཏང་ཏེ་དེ་ལས་ དགེ་སློང་ཐམས་ཅད་ཅིག་གུ་ཡང་ ང་བཅས་ར་ནཱ་གུར་རྐྱབ་ཏེ་དེ་ལས་ཆ་མཉམ་ར་ཏེ་ནཱ་ཨ་ནཱེ་སྦེ་བཞུགས་དེམ་འབད་དེ་སྦེ་ཏེ་འ་ནཱ་བཞུགས་འདི་སྦེ་ཏེ་ འ་ནཱེ་སྦེ་སྡོད་པའི་བསྒང་ལས་ཏེ་དེ་གི་ཐད་ཁ་ལྷོདཔ་ད།
- མིག་ཐོད་ཏེ་འ་ནཱེ་ཅིག་ཁར་ལས་ཏེ་རྒྱ་འབབ་བླམ་ཏེ་དེ་ལས་ཏེ་རོགས་ ཏེ་དེམ་ཐོན་འོང་ཡི་ བླམ་ཀུན་བཟང་དབང་འདུས་བྱོན་ཞིནམ་ལས་ཏེ་འ་ནཱི་ལས་ཏེ་ད་རེས་ཀྱི་གཞུང་གསརཔ་ མངའ་བདག་རིན་པོ་ཆེ་གིས་ ཏེ་དེ་ལས་ ང་བཅས་ཀྱི་ནཱ་ལུ་ཏེ་ཏེ་དེ་ལས་མ་དངུལ་འདི་ཏེ་ཏི་རུ་འབུམ་བརྒྱ་དང་ཏེ་ལྔ་བཅུ་དེ་ཅིག་གནང་ཡི།
- མིག་ཐོད་ཏེ་འ་ནཱི་གནང་ཚར་བའི་ཤུལ་ལས་ཏེ་འ་ནཱི་ལས་ཕར་ལུ་ཏེ་དེ་ལས་ ང་བཅས་ར་ནཱ་ལུ་ཏེ་རོགས་ཨ་་་མགོནམ་མ་ཎི་གི་ ཏེ་མ་དངུལ་འདི་གཞུང་ལས་གནང་མ་བཏུབ་བཏུབ་སྦེ་ར་གནང་ཏེ་རོགས་རྐྱབ་སྟེ་སྦེ་ ད་ཏེ་ང་བཅས་ཀྱི་ལྷ་ཁང་འདི་ཏེ་འ་ནཱི་ཅིག་སྦེ་ཏེ་གྲུབ་འབྲས་ཐོན་མི་འདི་ཏེ་ད་རེས་ ང་བཅས་ར་མི་དབང་མངའ་བདག་རིན་པོ་ཆེ་གི་བཀའ་དྲིན།
- མིག་ཐོད་ཏེ་དེ་ལས་ཁྲི་ཐོག་ལུ་བཞུགས་པའི་གི་ རྗེ་བསྟན་འཛིན་དོན་ ཨཱ་་ཁྲི་ཟུར་བསྟན་འཛིན་དོན་གྲུབ་དང་ད་རེས་ཀྱི་སྐྱབས་རྗེ་ཏེ་འ་ནཱི་ཚུ་གིས་ཏེ་རོགས་རྒྱབ་སྐྱོར་འབད་ང་བཅས་ཀྱིས་ ལྷ་ཁང་འདི་ཚུ་ཏེ་དེ་ལས་ གཞུང་གྲྭ་ཚང་ལུ་ རྩིས་ཕུལ་དོཝ་ལས་བརྟེན་ཏེ་སྦེ་ང་བཅས་ར་ཚོས་པ་ཀྱི་ཏེ་རོགས་ཁོང་ལུ་རྩིས་སྤྲོད།
- མིག་ཐོད་ཏེ་འ་ནཱི་རྩིས་འདི་ སྔོན་མ་ལས་སྤྲོད་ཚར་ཡི་ཏེ་འ་ནཱི་འབདཝ་ད་ད་རེས་ཀྱི་ཐད་ཁར་རུང་ ཏེ་འ་ནཱི་ལས་ ང་བཅས་ར་གི་ ལྷ་ཁང་འདི་ཚུ་མ་བཏུབ་བཏུབ་སྦེ་བཞེངས་ད་འ་ནཱི་ལས་ད་ད་ལྟོའི་ལྷ་ཁང་འདི་ཧ་བ(ད་ལྟོ)ང་བཅས་ཀྱིས་ རྫོང་ཁ་ལས་རྩིས་མ་ལེན།
- མིག་ཐོད་ཏེ་རོགས་ད་ལྟོ་ ང་བཅས་ནཱ་ གནས་སྐབས་གུ་བཀལ་ འ་ནཱི་ཚུ་གིས་ང་བཅས་རའི་ ཏེ་ཆོསཔ་ཆ་ཁྱབ་ཀྱིས་ གནས་སྐབས་ཀྱིས་ འ་ནཱེ་ཅིག་རྐྱབ་འབདཝ་ད་ལུ་ཏེ་ཨ་ཡི་འདི་ལས་ཏེ་ རྟེན་ཆ་ཁྱབ་འདི་ བླམ་གྲགསཔ་རྒྱ་མཚོ་གི་ ཏེ་ཁོ་ར་གི་རྩ་བ་ར་ངོ་མ་ར་འདི་ར་ཏེ་ཆོས་གོ་འདི་ཨིན།
- མིག་ཐོད་རྟེན་འབྲེལ་ཞྭམ་འདི་ཏེ་འ་ནཱི་རྩ་ཆེ་དྲགས་ ཕོད་ཁ་འདི་ ཏེ་འདི་ལས་ ཨ་ནཱི་ཁོ་རའི་ ཏེ་ནཱ་གི་སྐུ་རྟེན་འདི་གྲགསཔ་རྒྱ་མཚོ་ཁོ་རའི་སྐུ་རྟེན་འདི་གཡོན་སྐོརམོ་ཨིན་ལགས།ཡར་ནང་ཟས་ནང་ལུ་་ལྷ་ཁང་ནང་ལུ་ཡོད་སྐུ་རྟེན་འདི་མར་ཞུ་མ་བཏུབ་ལས་བརྟེན་ཏེ་འབད་ཡར་བཞག་ཡི།
- མིག་ཐོད་ཇོ་བོ་འདི་ཏེ་གུ་རུ་གསུང་བྱོནམ་གཅིག་ཡོད།འ་ནཱི་ཡར་ནང་ཟས་ཡོད་ཏེ་དེ་ལས་ཏེ་དེ་ལས་རྩ་བ་ར་ཏེ་ང་བཅས་ནཱ་ལུ་ཏེ་དེ་ལས་ བླམ་གྲགསཔ་རྒྱ་མཚོ་གི་ཏེ་ཚེ་རིངམོ་འདི་ང་བཅས་ནཱ་ གནམ་མེད་ས་མེད་འདོད་ཡོན་ལོངས་སྤྱོད་ཏེ་ཕྱག་ལུ་ཏེ་འདོད་ཡོན་ལོངས་སྤྱོད་འདི་རྒྱུན་ཆད་མེད་པ་ཏེ་ང་བཅས་ནཱ་གི་མི་འདི་ གོང་ལས་གོང་འཕེལ་འགྱོ་དགོ་མི་འདི་ཏེ་འདོད་ཡོན་ལོངས་སྤྱོད་ཀྱི་ཏེ་ཚེ་རིངམོ་ལས་བརྟེན་ཏེ་ཚེ་རིངམོ་དང་སྦྲགས་ཏེ་སྦེ་ཏེ་ང་བཅས་ནཱ་གི་འདི་གླང་བཙན་འདི་ཨིན།
- མིག་ཐོད་ཏེ་ཕྱག་ལུ་ནིའུ་ལེ་བསྣམས་ཏེ་ད་ནིའུ་ལེ་བསྣམས་པའི་འཕྲོ་ལས་ ཏེ་འ་ནཱི་གོང་ལས་གོང་འཕེལ་ ཏེ་ནིའུ་ལེ་ ང་བཅས་ཀྱི་ནེའུ་ལེ་༼ལྟབ་༽སྦེ་ཏེ་འ་ནཱི་མི་སེར་ལུ་ རྒྱུ་ནོར་ལོ་ཕྱུགས་རྟག་ཏུ་ལེགས་གན་ར་འབད་རུང་ཏེ་ང་བཅས་ནཱ་རྒྱ་འབབ་ནང་གི་གཡུས་དེ་ཁ་ལུ་གོང་ལས་གོང་འཕེལ་འགྱོ་དགོ་མི་འདི་ཏེ་རྩ་བ་ར་ང་བཅས་ར་གྲགསཔ་རྒྱ་མཚོ་གི་ཏེ་ཐུགས་སྨོན་གནང་སྟེ་སྦེ་ཏེ་ནཱ་ཏེ་བཀའ་སྲུང་འདི་ཚུ་ ཆ་མཉམ་ར་བཙུགས་ཏེ་འ་ནཱ་མར་ལུ་ཏེ་གནསཔོ་འདི་ང་བཅས་ར་ནཱ་ཏེ་ང་བཅས་ར་གནསཔོ་འདི་ཏེ་རྐྱབ་དགོ་མི་འདི་ ང་བཅས་ར་གཡིབ་བདུད་ཟེར་སླབ་ཨིན།
- མིག་ཐོད་ཏེ་ཨ་ཙ་ར་གནསཔོ་འདི་གི་ཞལ་འབགཔ་འདི་རྒྱ་འབབ་བླམ་རིན་འཛིན་གྱིས་ ཏེ་ཕྱི་རུ་གཉིད་ལམ་ནང་ལུ་ཏེ་དེ་ལས་ ཨ་ནཱེ་སྦེ་གཟིགསཔ་ད་ལུ་ཏེ་གཉིད་ལམ་ནང་ལུ་མཇལ་ཏེ་སྦེ་ཏེ་དྲོ་པ་མར་རྡོ་བཀག་སྟེ་སྦེ་ཏེ་བཟོ་སྟེ་ཞལ་འབགཔ་འདི་ དྲོ་པ་ནཱ་དང་པ་ར་ ས་བཅགས་མི་འདི་ འ་ནཱི་ཨིན་ལགས།
- མིག་ཐོད་ད་འ་ནཱ་ན་ཕར་སྦེ་དེ་ལསན་ཏེ་ འདིའི་ཐད་ཁ་ལུ་ཏེ་ང་བཅས་ར་ད་ཨ་་་་ཨ་ནཱི་ཆོས་གོ་འདི་ གཞན་སྔོན་མ་ལུ་ང་བཅས་རའི་ ཞལ་ཕྱེ་ནི་ར་མེད་ལགས།ང་བཅས་ང་བཅས་ཆོསཔ་ནང་ལུ་སྡོད་པའི་བསྒང་ལུ་ཏེ་གཞུང་གྲྭ་ཚང་ལུ་ཕུལ་བའི་བསྒང་ལས་ཏེ་རོགས་རྩིས་སྤྲོད་ཀྱི་འབད་བའི་བསྒང་ལས་ ཏེ་ང་བཅས་ཀྱིས་ དེ་ཚེ་འདི་ཏེ་ཞལ་ཕྱེ་ཡང་ཕྱེ།
- མིག་ཐོད་གནམ་སྒང་གི་ཚེ་ཏེ་ཉིནམ་གཞའ་བསྒོར་ང་བཅས་ཀྱིས་ཨ་ནཱི་རྩིས་ཏེ་མར་གཞུང་གྲྭ་ཚང་ལུ་ཏེ་ཅ་ལ་ཆ་མཉམ་ར་ ང་བཅས་ཀྱིས་རྩིས་ཕུལ་ང་བཅས་ར་ཕུལ་དགོ་མི་འདི་ཏེ་ ང་བཅས་ར་ ལཱ་དང་གཡོག་གི་བར་ན་སྐོར་ལུ་དཀར་མེ་མཆོད་མེ་ལེགས་ཤོམ་སྦེ་ཕུལ་མ་ཚུགས།
- མིག་ཐོད་ཏེ་རང་གི་ལཱ་འབད་དགོཔ་བཅར་བས་དཀའཝ་དཔྱད་དགོཔ་ལས་བརྟེན་ཏེ་སྦེ་ད་འ་ནཱི་ལུ་ ཏེ་རོགས་གཞུང་ལུ་ང་བཅས་མར་སྐྱབས་རྗེ་ལུ་ཞུ་ཏེ་དེ་ལས་རོགས་སྐྱབས་རྗེ་ཀྱིས་ཏེ་དེ་ལས་ཏེ་ ནཱ་ལུ་ཏེ་རྒྱ་འབབ་བླམ་བཀལ་བཏང་།
- མིག་ཐོད་ཏེ་འ་ནཱི་ལུ་བརྟེན་ཏེ་སྦེ་ད་ང་བཅས་ཀྱིས་ཏེ་ནཱ་རྒྱ་འབབ་དགོནམ་འདི་ཁར་ལུ་ཏེ་གནམ་མེད་ས་མེད་ཏེ་རོགས་གྲྭ་ཚང་འདི་ཚུ་ཡང་ མ་བཏུབ་བཏུབ་སྦེ་བཙུགས་ཏེ་ད་རེས་ནཱ་གི་ ཏེ་དེམ་འབད་དགོ་མི་ཁུངས་འདི་ཏེ་ད་རེས་ལྷ་ཁང་འདི་ ང་བཅས་རའི་བཞེངས་མི་བསྒང་སྦེ།
- མིག་ཐོད་ཏེ་ད་འདི་ རྒྱས་ཤིང་རྒྱསཔ་སྦེ་ ཏེ་ཞུ་ནི་གི་ང་བཅས་ཀྱིས་ འདི་ལས་ཕར་ལུ་ཏེ་འཕྲོ་མཐུད་འདི་ར་ཡོད་ཏེ་ད་རེས་ཀྱི་ཐད་ཁར་ལྷོདཔ་ད་ལུ་ཏེ་མདོར་བསྡུས་ཅིག་སྦེ་ཏེ་ང་ཞུ་དགོ་མི་འདི་ཏེ་དེའི་ནང་དོན་ཉིད་ལས་ ད་ང་བཅས་ར་ད་ད་རེས་ནཱ་ལུ་ཏེ་རོགས་བླམ་མཚན་ཉིད་སློབ་དཔོན་སློབ་དཔོན་བཞིཔོ་ནཱ་བྱོན་ཏེ་སྦེ་མཇུག་ཏེ་ང་བཅས་ར་ ཉིནམོ་འདི་ཚུ་་ཡང་གཞའ་བསྒོར།
- མིག་ཐོད་ཏེ་རྟེན་འབྲེལ་གནམ་ས་མེད་རྟགས་མཚན་འདི་ཚུ་ གནམ་མེད་ས་མེད་གཅིག་དང་མ་འདྲཝ་སྟོན་ཡི། ང་བཅས་ཀྱི་ ནཱ་ལུ་ཚེ་བཅུ་བཙུགས་དགོ་མི་ཁུངས་འདི་ཏེ་དེ་བསྒང་ལུ་མར་རྒཔོ་བཞི་གི་མི་སེར་ཆ་ཁྱབ་འདི་ཏེ་ནཱ་ལུ་ སྤ་རོ་ཚེས་བཅུ་མཇལ་བར་མ་ལྷོདཔ་ལས་བརྟེན་ཏེ་སྦེ་ཏེ་ནཱ་ལུ་ཏེ་རྒྱ་འབབ་ལུ་ ཏེ་ནཱ་རྒྱ་འབབ་དགོན་པ་ལུ་ཏེ་ཚེས་བཅུ་མཇལ་བ་འོང་དགོ་པའི་ཁུངས་འདི་འ་ནཱི་ཨིན།
- མིག་ཐོད་དེ་བསྒང་ལུ་ཏེ་ ལཱ་དང་གཡོག་གི་བར་ན་སྐོར་ལུ་ གཱ་རི་ལམ་མེད་ཏེ་ང་བཅས་ནཱ་གི་འདི་ བླམ་གྲགསཔ་རྒྱ་མཚོ་གི་མ་བཏུབ་བཏུབ་སྦེ་ར་ཏེ་མཛད་བྱ་ཡིད་ངེས་ཐིང་ངེས་སྦེ་ར་གནང་གནངམ་ཨིན་མས།
- ཡེ་ཤེས་དབང་ཕྱུ:Yeshey Wangchukཚེས་བཅུ་གི་ད་སྦྱིན་བདག་དང་འདི་ཚུ་ ག་དེ་སྦེ་སྨོ་ལགས? འགོ་འདྲེན་འཐབ་དང་འ་ནཱི་སྐོར་ལས།
- མིག་ཐོད་ཚེས་བཅུ་གི་ སྦྱིན་བདག་གི་ཐད་ཁ་ལྷོདཔ་ད་ལུ་སྔོན་མ་འབད་བ་ཅིན་ ང་བཅས་ར་གི་ཆོསཔ་ཚུ་གིས་ར་འབད་དགོ་ལགས། ནཱ་རྒྱ་འབབ་དགོན་པའི་གུང་པ་༣༧ཡོད་ད་འ་ནཱ་ཕར་འབད་བའི་བསྒང་ལས་ ཕར་རོགས་གཞུང་གྲྭ་ཚང་ལུ་ ཕུལ་ཚར་བའི་བསྒང་ལས་ཏེ་འདི་ལས་ གཞུང་གྲྭ་ཚང་གི་ཁ་ཐུག་ལས་མཛད།
- མིག་ཐོད་ཏེ་འདི་ལས་ཆ་རོགས་ཡང་ ང་བཅས་ར་ནཱ་རྒྱ་འབབ་དགོན་པའི་ཆོསཔ་གིས་ཏེ་དེ་ལས་ཏེ་ ཁོང་གིས་རྒྱབ་སྐྱོར་སྦེ་ཏེ་འ་ནཱེ་མཛད་པའི་བསྒང་ལས་ཏེ་འདི་ལས་ད་འདི་ལས་ཕར་ལུ་ཏེ་ང་བཅས་ར་ག་ར་ཏེ་དུས་ཅི་ནཱ་ རྒྱ་འབབ་བླམ་ཀུན་ལེགས་བསྟན་འཛིན་ཏེ་ནཱ་གསརཔ་སྦེ་འབྱོན།
- མིག་ཐོད་ཏེ་འ་ནཱ་ལས་ཕར་ལུ་ཏེ་ང་བཅས་ར་འཕྲོ་མཐུད་དེ་ར་སྔོན་མ་ཡང་རོགས་ ནཱ་བླམ་རིམ་བརྒྱུད་ཀྱི་(སྦེ)ར་ནཱ་ལུ་བཏང་སྟེ་སྦེ་ཏེ་གོང་ལས་གོང་འཕེལ་སྦེ་ར་འགྱོ་ཡི་ཏ་ད་ལྟོ་ད་ང་བཅས་ནཱ་གི་ ད་ལྷ་ཁང་ཡར་བཞེངས་ ད་རྩིས་ལེན་དོ་བཟུམ་ཚོར་ཡི།
- མིག་ཐོད་ད་འ་ནཱི་ལས་བརྟེན་ཏེ་སྦེ་ ད་གནམ་མེད་ས་མེད་ཀྱི་ད་གོང་ལས་གོང་འཕེལ་འགྱོཝ་ད་ མདོར་བསྡུས་ཅིག་ཨིན།དེ་ལས་ཕར་ལུ་ཏེ་འཕྲོ་མཐུད་དེ་ལེ་ཤ་ར་ཡོད་ལགས།