29 Aug 2018
11 min 22 sec
Video Overview
Creators:
Penchela
Nim Dorji lives in Damphu region, but came originally from Paro Dzongkhag. He gives an account of an iron bridge near Teru Bja (money cliff). The bridge was constructed by Thangthong Gyelpo, an iron bridge master and expert blacksmith who traveled through much of Bhutan. Today the bridge is submerged under the river bank as it suffered with the passage of time. According to Nim Dorji, it was said that the sacred irons are already owned by the mermaid of that place. His father, Dobji Penlop (governer of Dobji region in Paro), had tried to collect iron from the bed of river, but unsuccessfully. A few pieces of this irons are collected and can be seen at Silu Gönpa in Paro Dzongkhag.
- Paro
- ཉིམ་རྡོ་རྗེ་ Nim Dorjiའ་ནཱི་ རྗེ་ངག་དབང་གྲུབ་ཟེར་མི་འདི་ འ་ནཱི་ཁོ་གི་ ཏེ་ཁོ་གི་ འ་ནཱི་འ་ནཱི་ མེ་སྟེགས་ཞལ་དབང་ཟེར་ ཁོ་འཁྲུངས་སར་འདི་ མེ་སྟེགས་ཞལ་དབང་ལས་ཨིན་མས་ འདི་འབདཝ་ད་ དུས་ ཁོ་གི་སྔོན་མ་ལས་ རྗེ་ངག་་དབང་གྲུབ་པའི་སྔོན་མ་ལས་ཨིན་མས་ གྲུབ་ཆེན་ཐང་སྟོང་རྒྱལ་པོ་གི་ གདན་ས་ཨིན་མས་སྦ་ཏེ་ ཧེ་མ་ཨ་ཕར་ འ་ མཚམས་བྲག་དགོནམ་འདི།
- ཉིམ་རྡོ་རྗེ་ Nim Dorjiཏེ་ གྲུབ་ཆེན་ཐང་སྟོང་རྒྱལཔོ་ཁོ་ར་ ཞལ་བཞུགས་པའི་བསྒང་ལུ་ ཕར་སུ་ལི་དགོནམ་དང་ མཚམས་བྲག་དགོནམ་གྱི་བར་ན་སྐོར་ ཕར་དང་ཚུར་འགྱོ་སའི་ ལྕགས་ཟམ་ཅིག་བཏགས་ནུག་སྦ་ཏེ་ གྲུབ་ཆེན་ཐང་སྟོང་རྒྱལ་པོ་གིས་ ལྕགས་ཟམ་ཅིག་ འ་ནཱི་ ཚུར་ཁ་ཐུག་གི་ལུངམ་འདི་ ད་ལྟོ་བར་ཡང་ ཏི་རུ་བྱག་ཟེར་སླབ་ཨིན་ ཏི་རུ་བྱག་ བྱག་ཅིག་ཡོད་ འུམ་ འ་ནཱི་ ཏི་རུ་བྱག་ཟེར་སླབ་དགོ་མི་འདི།
- ཉིམ་རྡོ་རྗེ་ Nim Dorjiཁུངས་འདི་ འདི་ཡང་ག་དེ་སྦེ་སྨོ་ཟེར་བ་ཅིན་ སྔོན་མ་ང་བཅས་ར་ནཱ་གི་ཏེ་ གཞུང་གི་ཚོང་དཔོན་ཨིན་མས་ ཏེ་ད་ ཚོང་དཔོན་ ག་ཅི་ལོ་ ཚོང་དཔོན་ ཨེ་རི་གཙངམ་ཟེར་མི་འདི་བཞག་དགོ་སྦེ་སྦ་ཏེ་སྨོ་ ཚོང་དཔོན་རྙིངམ་འདི་ཨིན་མས་ ད་ འ་ནཱི་ཚོང་དཔོན་ཨེ་རི་གཙངམ་ཟེར་འདི་ཏེ་ཁོ་ རྟ་ཁལ་ལྷགཔ་ཅིག་བདའ་ནི་ཡོད་ཨིན་མས་ཡུདཔ་ཅིག་ ཏེ་ཁོ་ཏེ་ མར་རྒྱ་འགྱོ་ མར་ལས་ཚོང་བཏོན་ནཱ་འབྲུག་ལུ་བཙོང་ འ་ནཱེ་སྦེ་ཕར་དང་ཚུར་ཏེ།
- ཉིམ་རྡོ་རྗེ་ Nim Dorjiཏེ་ ཚར་ཅིག་ཏེ་ ནཱ་ལས་མར་ དང་ཕུ་ཏི་རུ་འདི་ བོད་ལས་མར་ཐོན་དགོ་པས་ཏི་རུ་འ་ནཱི་སྦེ་ ཁལ་གཅིག་དེ་ཅིག་འབག་ཆས་ཟེར་ འ་ནཱི་འབདཝ་ད་ཏེ་ ཁོ་མར་རྒྱ་ལུ་ ཚོང་ལུ་འགྱོཝ་ད་ ཚོང་དཔོན་ཨེ་རི་གཙངམ་གྱི་ཏེ་ ཏི་རུ་ ཏི་རུ་གི་དོས་རྟའི་གུ་བཀལ་འབག་དོ་ཡོདཔ་མས།
- ད་ ཕར་ལས་ཅིག་ ཨ་ཙི་ཅིག་སྦེ་ ཚུར་ལས་ཨ་ཙི་ཅིག་ ཏེ་ཏི་རུ་དོས་བཀལ་ ཏེ་ ཏི་རུ་དོས་བཀལ་ནི་འབདཝ་ད་ལུ་ འ་མར་བྱག་གི་ འ་ནཱི་མལ་ལས་འགྱོཝ་ད་ ཏེ་རྟ་ཁལ་ཐག་ཆད་དེ་ ཏེ་ཏི་རུ་དོས་ འ་ནཱི་ བ་ཡ་གཅིག་ཏེ་ ཐགཔ་ཆད་དེ་ མར་ཆུ་ནང་དགར་འཇུགཔ་མས།
- ཏེ་ཆུ་ནང་རྐྱབ་ དེ་ལས་ འཚོལ་བའི་བསྒང་ལས་ ཏེ་འཚོལ་མ་ཐོབ་ ད་རུང་མར་ལས་ མི་ནང་ལུ་ཏེ་ ད་ལྟོ་བར་ཡང་ མཚོ་ཡོད་སྦ་ཨ་ཕཱི་ནང་ ཨ་ཕར་ནག་ཏིང་ཏི་སྦེ་ ཏེ་འ་མི་ནང་ལས་ཏེ་ མཚོ་སྨནམ་འདི་གིས་ ཏེ་བང་ཆེ་འདི་ཏེ་ ཏི་རུ་ཡང་འཚོལ་མ་ཐོབ་པས་ འ་ནཱི་ ཏི་རུ་དོ་ འ་ནཱ་ཕར་ལས་ ཐགཔ་ཆད་དེ་ འ་ནཱ་ལས་མར་ འབུད་ནི་དེ་གི་ ཏི་རུ་བྱག་གསེས་ ཏི་རུ་རྦབ་རིལ་སར་འབད་ནི་འདི་གི་ ཏེ་ཏི་རུ་བྱག་ཟེར་ བྱག་གི་མིང་ འ་ནཱི་བཏགས་བཞག་བཞགཔ་མས་ ཏི་རུ་བྱག་གསེས།
- ཉིམ་རྡོ་རྗེ་ Nim Dorjiད་འ་ནཱི་ ཏི་རུ་བྱག་གི་འ་ནཱ་ལས་ཕར་ ལྕགས་ཟམ་གཅིག་ཡོད་པའི་ ཕར་སི་ལུང་དགོནམ་དང་ མཚམས་བྲག་དགོན་པ་ ཕར་དང་ཚུར་འགྱོ་སའི་ལམ་ཨིན་མས་འ་ནཱི་ ཏེ་ ཏེ་མི་འདི་ག་དེ་སྦེ་འགྱོ་ཡི་ག་མ་ཤེས་ ཏེ་འ་ནཱི་རོགས་ ལྷ་སྲུང་ཆོས་སྲུང་འདི་ཚུ་ ཕར་དང་ཚུར་འགྱོ་དོ་ཡོདཔ་མས་མ་པ།
- ཉིམ་རྡོ་རྗེ་ Nim Dorjiཏེ་འ་ནཱི་ མཚམས་བྲག་དགོན་པ་གི་ གནསཔོ་འདི་དང་ ཕར་སིང་ལུང་དགོནམ་ ཕར་ཀྱི་ལོག་ སི་ལུང་དགོནམ་འདི་ཡང་ ཏེ་ཆུ་ཕར་གུ་ཚུར་གུ་སྦེ་ཨིན་ སི་ལི་དགོནམ་འདི་ ཚུར་ མཚམས་བྲག་དགོན་པའི་མངའ་འོག་ལུ་ཨིན་མས།
- ཉིམ་རྡོ་རྗེ་ Nim Dorjiང་བཅས་ཀྱིས་ཤེས་འདི་ར་ ཕར་སི་ལི་དགོན་པ་ལུ་ ལྷ་ཁང་གི་རྩ་བར་ལས་ཕར་ ཨ་རིང་ འ་ནཱི་སྦེ་ཕར་ གྱང་ལེབ་འབད་བ་ཅིན་ གྱང་ལེབ་ཡུདཔ་ཅིག་ ཁལ་ཀ་སྐོར་ཅིག་ཡོད་ འ་ནཱི་ནང་གི་ཨ་རིང་ ལྕང་ལཱ་རྐྱབ་ཚརཝ་ད་ འ་ནཱ་གི་ འཚོ་འདི་ ཕྱེད་ཕར་མཚམས་བྲག་དགོན་པ་འཇལ་དགོ
- ཉིམ་རྡོ་རྗེ་ Nim Dorjiའ་ནཱི་ ཕྱེད་འདི་འ་ནཱི་ ཞི་བཟའ་འདི་གིས་ཐོབ་མས་སྨོ་ཤིག་ འ་ནཱི་ཕྱེདཔ་འདི་ཕར་ འཚོ་འདི་ཕར་ མཚམས་བྲག་དགོན་པ་འཇལ་དགོ་ཨ་རྟག་ར་ ཏེ་འ་ནཱི་ཚུར་སི་ལུང་དགོནམ་འདི་ཕར་ མཚམས་བྲག་དགོན་པའི་མངའ་འོག་ལུ་མས།
- ཉིམ་རྡོ་རྗེ་ Nim Dorjiཏེ་ གཞན་འ་ནཱི་སྦེ་ ཆུ་ཕར་གྱི་ཚུར་འབདཝ་ད་ ཆུ་གི་འོག་གི་འདི་ གཞན་སྤ་རོ་མངའ་འོག་ལུ་ ཚུད་དགོ་སྦེ་སྦ་ཏེ་སྨོ་ཤིག་ ཏེ་མེན་མེད་དང་ཕུ་ འ་ནཱི་ལྷ་ཁང་ སི་ལུང་དགོནམ་འདི་ཕར་ མཚམས་བྲག་དགོནམ་པའི་མངའ་འོག་འབད་ནི་འདི་གིས་ ཏེ་འཚོ་འདི་ཕར་འཇལ་དགོ་པས།
- ཉིམ་རྡོ་རྗེ་ Nim Dorjiཏེ་འ་ནཱེ་སྦེ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་གིས་ འ་མར་ལས་མར་ ལྕགས་ཟམ་ཅིག་བཏགས་ཏེ་ ཏེ་ཤུལ་ལས་སྦེ་ ལྕགས་ཟམ་ཡང་ཏེ་ ཡུདཔ་ཅིག་ལས་ཉམས་ ཏེ་ཟམ་གྱི་ལྕགས་འདི་ཚུ་ཏེ་ཆད་ པུ་ར་(ག་ར) འ་མི་ཆུ་ནང་ འ་མི་མཚོ་འདི་ནང་ཨིནཔས།
- ཉིམ་རྡོ་རྗེ་ Nim Dorjiའ་མི་ནང་ལུ་མཚོ་སྦེ་ ཏེ་དེ་ལས་ ལྕགས་ཐག་མར་ལ་ལུའི་ ཏེ་བྱཱར་ཆུ་བྲེསཔ་ད་ ཏེ་མི་ཐོབ་ལོ་ ཏེ་ཆུ་ དགུན་ཆུ་སྐམ་སྦེ་འབད་བའི་བསྒང་ལས་ མར་ བྱེ་མི་ནང་ལས་ ལྕགས་ཐག་རིངམ་ སྦུང་གྲོ་སྒྲིལ་གཉིས་གཉིས་དེ་རེ་ ཡར་ཐོན་སྦེ་སྡོད་དོ་ཡོདཔ་མས།
- ཉིམ་རྡོ་རྗེ་ Nim Dorjiཏེ་འ་ནཱི་བསྒང་ཏེ་ ངེའི་ཨཔ་འདི་མར་ དོམ་སྦྱིས་དཔོན་སློབ་མས་ ཁོ་ཨིན་མས་སྦ་ ཏེ་ དེ་ལན་ངེ་ཨ་པ་གིས་དབའེ་གསེས་ དེ་སྦེ་མི་བཏུབ་པས་གསེས་ ད་ འ་ནཱི་ནང་ལུ་ བྱེམ་མི་ནང་ལུ་ ལྕགས་འདི་ལྕགས་ཐག་འདི་གནམ་མེད་ས་མེད་ བྱིན་བརླབས་ཆེ་དྲག་ཟེར་ གྲུབ་ཆེན་ཐང་སྟོང་རྒྱལ་པོ་གི་ ཁོ་ར་གི་ ཏེ་ཕྱག་བཟོ་ཨིན་སྨ་རེ་ལགས།
- གྲུབ་ཆེན་ཐང་སྟོང་རྒྱལ་པོ་ ག་དེ་སྦེ་རྡུངམ་སྨོ་ཟེར་བ་ཅིན་ མར་ལྕགས་ ལྕགས་ཐག་རྡུང་སའི་སྟེགས་མ་འདི་ ཁོ་རའི་འ་ནཱི་ སྤྱི་མི་འདི་ཨིན་ལགས་ དེ་ལས་ མཐོཝ་འདི་ ཁོ་རའི་ཕྱག་འདི་ཨིན་མས་ ཕྱག་འདི་འ་ནཱི་མཛོག་སྒོང་སྦེ་ ལྕགས་ཐག་འདི་འ་ནཱི་སྦེ་རྡུང་རྡུངསམ་མས།
- ལྕགས་ཐག་འདི་གུ་ལས་མར་ ད་ལྟོའི་བར་ན་ ང་བཅས་ར་ ཆུའི་ནཱི་བཟུམ་སྦེ་སྤུ་ ཡོད་མེན་ན་སྦ་སྤུ་ སྦ་སྤུ་ཡོད་སྦ་ཏེ་ལྕགས་ཐག་གུ་ལུ་ ལྕགས་ཐག་འདི་ ས་ནང་བཙུགས་རུང་བཙུགས་ ཆུ་ནང་བཙུགས་རུང་བཙུགས་ ག་ཏེ་བཀལ་རུང་བཀལ་རུང་བཀལ་ འ་ནཱི་བཙའ་ཆགས་ནི་ཟེར་མི་འདི་ མ་པ་ལས་མེད།
- ནག་ཏིང་ཏི་སྦ་ར་ དབུ་ཙིག་ཙི་སྦེ་ར་སྡོད་པའི་ ཏེ་འ་ནཱ་ལས་ ངེ་ཨཔ་གིས་ ཁོ་ཚུར་རྡོབ་སྦྱིས་དཔོན་སློབ་སྡོདཔ་ད་ཏེ་ ཕར་དཔོན་སློབ་ཟེར་བའི་བསྒང་ལས་ ཁོང་དབང་ཚད་འདུག་སྦ་ཏེ་སྨོ་ཤིག་ ད་རེས་འབད་བ་ཅིན་ བློན་པོ་ལས་ཁོ་མཐོ་བས་ཏེ་དཔོན་སློབ་ཚུ།
- ཉིམ་རྡོ་རྗེ་ Nim Dorjiཏེ་ ཨ་པ་གིས་ཏེ་ ཕར་ལས་ཏེ་ ཕར་རྡོ་སྒརཔ་ ཚུན་ཕར་གྱི་ལོག་ཚུ་འབདཝ་ད་ཞེ་ ཕར་ གཡུས་ཚན་གཅིག་ཡོད་ གཡུས་ཚན་ཚུར་ གཡུས་ཚན་འདི་ཟླ་བ་ཁ་ཟེར་བརྩི་བའི་ ཕར་གྱི་འདི་ ཕར་མེ་དབང་ཟེར་བརྩི་བའི་ ཏེ་ ཁོང་ནང་དོག་གཉིས་ཏེ་ བརྡ་སླབ་མི་གཙོ་བོ་རེ་རེ་ལས་ ཕོ་རྒྱ་རེ་རེ་ཏེ་ ཏེ་མར་ཆུའི་མཐའ་མར་འཁྱིད་ ཏེ་ཨ་པ་གིས་ ངེ་ཨ་པ་གིས་ཏེ་ འ་ནཱི་ལྕགས་ཐག་འདི་ བྱེམ་བརྐོ་ཡར་བཏོན་ནི་ཟེར་ ཏེ་ མར་ཆུའི་མཐའ་མར་འཁྱིད་ ཏེ་བྱེམ་བརྐོ་བཏོན་བཏོནམ་མས།
- ཉིམ་རྡོ་རྗེ་Nim Dorji: བཏོན་ཏེ་གི་སྦེ་ འ་ནཱི་ཡར་ལྟག་ལས་ མགུ་མི་ཤིང་ཤིང་ཡོད་སྦ་ ཆུའི་མཐའ་མར་ མགུ་མི་ཤིང་གུ་ལས་ཕར་ ལྕགས་ཐག་ཨོ་ཏོག་ཏོ་ཅིག་དཔྱང་ད་ནུག་ ལྕགས་ཐག་རིང་ཐུང་འ་ནཱེ་གང་མས་ གྲོ་ ལྕགས་ཐག་སྒོ་སྒྲིག་གཅིག་ནང་ལུ་ རིང་ཐུང་འདི་འ་ནཱི་འཁྱུ་གང་ཨིན་མས།
- ཉིམ་རྡོ་རྗེ་Nim Dorji: ཨུ་་་་་འ་ནཱེ་འདུག་ལྕགས་ཐག་ དེ་ལས་ རྒྱ་འདི་འ་ནཱི་གང་འདུག་ འ་ནཱི་གང་མས་རྒྱ་ སྟུག་ཚད་འདི་འ་ནཱེམ་ཅིག་མས་ལྕགས་ཐག་ ལྕགས་ཐག་གཅིག་འ་ནཱེ་སྦེ་ གྱི་ཅུང་དབྱུག་པ་གིས་ གྱི་ཅུང་གིས་འ་ནཱི་སྦེ་རྡུངམ་ད་ ལྕགས་ཁ་མདོག་ཉག་རྐྱང་མས་ཏེ་ སིང་གསེས་སླབ་མས་སྐད་ར།
- ཉིམ་རྡོ་རྗེ་Nim Dorji: འ་ནཱི་ཚུ་ ཏེ་ཨོ་ཏོག་ཏོ་ཅིག་ མར་བྱེམ་མི་ནང་ལས་བཏོན་ཏེ་ ངེ་ཨ་པ་གིས་ཡར་ མགུ་མི་ཤིང་གུ་ལས་མར་དཔྱང་ནུག་ མར་བྱེམ་མི་ནང་ལས་ ཏེ་མར་ མཚོ་ནང་ཡོད་མི་འདི་ཏེ་ བཏོན་མ་ཚུགས་པས་ ད་ འ་ནཱེམ་ཅིག་སྦེ་ ལྕགས་ཐག་ཧ་ལམ་ཅིག་ཡར་ མགུ་མི་ཤིང་གུ་ལས་མར་དཔྱང་དེ་ལན་ དེ་ལས་ངེ་ཨཔ་བདའ་ཆེཝ་མས།
- ཉིམ་རྡོ་རྗེ་Nim Dorji: ཏེ་གདོན་བལྟ་བའི་བསྒང་ལས་འ་མར་ གདོན་འདི་འ་མར་ལས་ཐོན་མས་ལོ་ འ་མར་གྱི་འདི་ ལགཔ་དཀྲོག་མི་བཏུབ་པས་གསེས་ འ་ནཱི་ལྕགས་ཐག་གུ་གབ་ཆེ་ར་ ཕར་ཚུར་འབད་བ་ཅིན་ ཏ་མ་ཤི་ནིའི་ཉེན་ཁ་འདུག་ཟེར་ ཏེ་ནཱེ་ལས་ཏེ་ ཏེ་ཕར་ལས་ཚུར་ བླམ་མཚམས་བྲག་སྤྲུལ་སྐུ་གསེས་ཏེ་ དེ་བསྒང་ལས་ཏེ་ རྗེ་ངག་དབང་གྲུབ་ཏེ་ དེ་བསྒང་དང་ཕུག་ལས་གཤགས་སོངཔ་མས།
- ཉིམ་རྡོ་རྗེ་ Nim Dorjiཏེ་རྗེ་ངག་་དབང་གྲུབ་ཀྱི་སྐུ་ཚབ་སྟེ་ སྤྲུལ་སྐུ་ཅིག་ཡོད་སྦེ་ཏེ་ མཚམས་བྲག་སྤུལ་སྐུ་གསེས་ མཚམས་བྲག་སྤྲུལ་སྐུ་ཞུ་ ཏེ་དེ་ལསན་རིམ་གྲོ་འབད་ ཨོང་སྟེ་ མར་ སྤང་གི་རྨགཔ་འབད་མི་འདི་ཏེ ཏེ་རིམ་གྲོ་འབད་ མི་ནང་ལུ་ཏེ་ ག་ཅི་གུ་ཅི་འབད་བར་འགྱོ་ བླམ་ཞུ་མར་ཆུའི་མཐའ་མར་ར་ཏེ་ རིམ་གྲོ་འབད་བྱིན་ནུག་ ཏེ་འ་ནཱི་འབད་དེ་ ཏེ་འ་ནཱི་ལས་ ངེ་ཨ་པ་གིས་ཏེ་མ་དཀྲོག་པས།
- ཉིམ་རྡོ་རྗེ་Nim Dorji: ཏེ་ དེ་ལསན་ ངེ་ཨ་པ་གིས་ འ་ནཱི་མགུ་མི་ཤིང་གུ་ཡོད་མི་ལྕགས་ཐག་འདི་ ཏེ་དེ་ལས་ ཁོ་གིས་ཏེ་ད་ མགུ་མི་ཤིང་གུ་དཔྱངན་དཔྱང་ད་ཡི་ ད་འདི་མར་ཆུའི་ ཆུའི་མཐའ་མར་བཞག་མི་བཏུབ་པས་གསེས།
- ཉིམ་རྡོ་རྗེ་Nim Dorji: དེ་ལས་ཏེ་ མི་སེར་བཀུགཔ་ ཏེ་མར་ལས་བཅའ་ཤིང་གུ་བཀལ་ཏེ་ ལྕགས་ཐག་ཡུདཔ་ཅིག་ འདོམ་བཅོ་ལྔ་བཅུ་དྲུག་དེམ་ཅིག་འདུག་ འ་ནཱི་གུ་བཅའ་ཤིང་གུ་བཀལ་ མར་ལས་ཡར་ མི་སེར་བཀུགཔ་བཏོན་ ཡར་སི་ལུང་དགོན་མི་ལྷ་ཁང་གི་འོག་ཐོག་ འ་ནཱི་སྦེ་དཔྱང་སྟེ་ཡོད་སྦ་ཏེ་ལྕགས་ཐག་
- ཉིམ་རྡོ་རྗེ་ Nim Dorjiཨོ་ཏོག་ཏོ་ཅིག་ཡར་བཏོན་ད་ནུག་ སི་ལུང་དགོན་པའི་ལྷ་ཁང་འོག་ཐོག་ ཏེ་ ཡུདཔ་ཅིག་ཚུན་ཚོད་ར་ འ་ཡར་སྦེ་བཞག་ཅིག་ ཕྱེད་མར་མགུ་མི་ཤིང་གུ་རང་ཡོད་ ཏེ་ཕྱེད་ཡར་སི་ལུང་དགོན་པའི་ལྷ་ཁང་འོག་ཐོག་བཀལ་ད་ནུག་ ངེའི་ཨ་པ་གིས་ ཏེ་ འ་ནཱ་ལས་མ་བཏུབ་པར་ཏེ་ དེ་ལས་ཏེ་ ཨ་པ་གིས་ཏེ་ འ་ནཱེ་སྦེ་བཞག་ད་ནུག
- ཉིམ་རྡོ་རྗེ་Nim Dorji: འ་ནཱ་ལས་ཤུལ་ལས་ཚར་གཅིག་ ད་ད་ལྟོ་གངམ་མ་འགྱོ་སྟེ་ ང་བཅས་ཀྱི་རྒྱལ་ཚབ་ རྣམ་རྒྱལ་དབང་ཕྱུག་ཡོད་མེན་ན་ རྒྱལ་ཚབ་རྣམ་རྒྱལ་དབང་ཕྱུག་གིས་ འ་ནཱི་ཁོ་ ཨ་ཙི་ཅིག་ཁོ་གསན་ཞིནམ་ད་ ཏེ་ མར་ད་ལྕགས་ཐག་ལྷག་མཇུག་ མར་མཚོ་ནང་འདུག་ག་ཟེར་ ག་དེམ་ཅིག་ཡོད་པའི་ན་བལྟ་དགོ་པས་ཟེར།
- ཉིམ་རྡོ་རྗེ་Nim Dorji: མར་ག་ཏེ་ལས་ཨིན་ན་མ་ཤེས་ རྒྱ་ལས་ འ་ནཱི་ཨ་སམ་གྱི་ ག་ཅི་ཨིན་ན་ཅིག་མི་གཅིག་ འ་ནཱི་མར་འཛུལ་ཤེས་མི་ཅིག་འཁྱིད་དེ་ ཏེ་བལྟ་བཅུག་ནུག་སྦེ་ཏེ་ འ་ནཱི་འ་མར་མཚོ་ནང་ལུ་ ཆུ་ནང་ལུ་ ལྕགས་ཐག་ག་དེམ་ཅིག་ཡོད་ག་འཚོལ་བལྟ་ཤིག་ཟེར་ ཏེ་ཁོ་མར་འཛུལ་རམ་གཅིག་ཡང་བྱིནམ་སྦེ་ ཏེ་སྐེད་པ་ཐགཔ་བཏགས་སྦེ་མི་འདི་ ད་རུང་མར་ཆུ་ནང་ ཐིམ་ཡར་འགྱོ་ཉོ་བ་ཅིན་ཟེར།
- ཉིམ་རྡོ་རྗེ་Nim Dorji: སྐེད་པ་ནེ་ལིང་གི་ཐགཔ་གསུམ་བཏགས་སྦེ་ ཁོ་མར་ཆུ་ནང་བཙུགས་ ཁོ་མར་ལས་ཡུདཔ་ཅིག་ ཆུ་ཚོད་གཉིས་དེམ་ཅིག་ཐོན་ནི་མིན་འདུག་ལོ་ཏེ་མི་འདི་ མར་ལས་ཐོན་པའི་བསྒང་ལས་ཡུདཔ་ཅིག་ དྲན་མེད་ཡར་སོང་ནུག་ལོ་ཏེ།
- ཉིམ་རྡོ་རྗེ་Nim Dorji: ཤི་ནི་འདི་མ་ཤི་བས་ལོ་ དྲན་མེད་ཡར་སོང་ནུག་ལོ་ ཡར་ཆུའི་མཐའ་མར་བཏོན་ འ་ ད་རུང་ཏེ་ ཁ་ལས་མར་འ་ནཱི་ཨེབ་ ཆུ་འདི་ཚུ་ག་ར་བཏོན་བཀོ་ དེ་ལན་ཏེ་ ཆང་ཅིག་བྱིན་ ཐུབ་ཅིག་བྱིན་ ཏེ་ཁོ་དྲན་པ་ཟུནམ་ད་ ཏེ་ག་དེ་སྦེ་འདུག་དགོ་མར་ ལྕགས་ཐག་འདུག་ག་གསེས་གསུངས་གསུངསམ་མས།
- ཉིམ་རྡོ་རྗེ་Nim Dorji: ལྕགས་ཐག་འདི་འདུག་ཟེར་སླབ་ནུག་ཁོ་གིས་ དེ་འབདཝ་ད་ལྕགས་ཐག་ ཡར་བཏོན་མི་ཚུགས་ནི་མས་ཟེར་ ལྕགས་ཐག་མར་འོག་ལུ་བཙུགས་ འ་ནཱི་བྱ་ བྱའི་བྱི་ཅུང་ བྱམོ་སྤུབས་སྡོད་ནི་ཡོད་མེན་ན་ འ་ནཱི་བཟུམ་སྦེ་ལྕགས་ཐག་ག་ར་ མར་འོག་ལུ་བཙུགས་སྦེ་ ཡར་ལྟག་ལས་ སྦུལ་སྦོམ་ཤོས་འ་ནཱེ་སྦེ་ གནམ་མེད་ས་མེད་ འ་ནཱེ་སྦེ་ཏེ་ཅོག་བསྐོར་སྒྲིལ་ཏེ་འདུག་གསེས་མས་ ལྕགས་ཐག་འགུ་ ལྕགས་ཐག་འ་ནཱི་འབད་མི་ཚུགས་གསེས་མས།
- ཉིམ་རྡོ་རྗེ་Nim Dorji: ཏེ་འ་ནཱེ་སྦེ་ འ་ནཱེ་སྦེ་ར་བཞག་ད་ཡི་ཏེ་ མར་མཚོ་ནང་ར་ཡོད་ད་ལྟོ་ལྕགས་ཐག་འདི་ མར་ཆུ་ནང་འ་ནཱི་ནང་ ཆུ་ནག་ཏིང་ཏི་སྦེ་ཏེ་ཡོད་སྦ་ཏེ་མཚོ་སྦེ་འཁྱིད་དེ་ གཙང་ཆུའི་སྦུལ་ལུ་མས་ཏེ་ འ་ནཱི་ཏི་རུ་བྱག་གི་འོག་ལུ་ ད་ ཤུལ་ལསན་ཏེ་ད་ སྣུམ་འཁོར་ལམ་སེལ་ ཏི་རུ་བྱག་ལས་མར་རྡོ་རྫས་རྐྱབ་ད་ སྣུམ་འཁོར་ལམ་བཏོན་དའི་གོ་ཤིག
- ཉིམ་རྡོ་རྗེ་ Nim Dorjiཧེ་མ་ཏེ་ཨ་ཕར་ ཏི་རུ་བྱག་གི་ཨ་ཕཱི་ནང་ལུ་ ལྕགས་ཐག་ ལྕགས་ཐག་བཏགས་སའི་ལུང་ རྡོའི་ རྡོ་དོང་སྤེད་ རྡོའི་ལུང་སྦེ་ར་ཡོད་ཨ་ཕར་ ཤུལ་ལས་སྣུམ་འཁོར་ལམ་སེལཝ་ད་སྤོག་བཀོ་ད་ནུག་མེད་ད་ འ་ནཱི་སྦེ་ཏེ་ད་ འ་ནཱི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་གི་ཏེ་ གདན་ས་ཨ་ཕར་ མཚམས་བྲག་དགོན་པ་གི་དེ་ཡང་ མེ་སྟེགས་ཞལ་ངོ་ཟེར་ སླབ་དགོ་མི་འདི་ གྲུབ་ཐོབ་རྒྱལ་པོ་གི་གདན་ས་ཨིན་མས་ མཚམས་བྲག་དགོན་པ།
- ཉིམ་རྡོ་རྗེ་ Nim Dorjiཨ་མར་ སི་ལུང་དགོནམ་འདི་ཡང་ གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གདན་ས་ཨིན་ སྤ་རོ་གཏམ་ཆོས་འདི་གི་ཡང་ གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གདན་ས་ཨིན་ དེ་ལས་ དགོནམ་ཚ་ཟ་གསེས་དོ་རུང་ འ་ནཱ་གཏམ་ཆོས་ལྷ་ཁང་གི་ནཱ་ལས་ ཨ་ཙི་ཅིག་འགྱོ་ཞིནམ་ན་ ཡར་ལྟག་ལས་ཕར་ད་རུང་ འ་ནཱི་སྦེ་ལྕགས་ཟམ་ཅིག་སྤྲིང་སྦེ་ཡོད་ གྲུབ་ཆེན་ཐང་རྒྱལ་པོ་གིས་ འ་ནཱི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་གིས་ སྤྲིང་སྤྲིང་ཨིན་མས་ འ་ཡི་ནང་ལུ་ཡང་འ་ནཱེ་སྦེ་ཆུ་ནང་ལུ་ ལྕགས་ཐག་འདི་ འ་ནཱ་ཡོད་ཟེར་ཨིན་མས།
- ཉིམ་རྡོ་རྗེ་/Nim Dorji:Nim Dorji: ད་ འ་ནཱ་ཏེ་ལོ་རྒྱུས་ག་ཡང་མིན་འདུག་ ཏེ་འ་ནཱ་ལས་ཏེ་ ཕར་ཤར་ཕྱོགས་ཁ་ཐུག་ སྐུ་རི་ཆུ་ཟེར་མི་འདི་ཡང་ འ་ནཱི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་གིས་ ལྕགས་ཟམ་བཏགས་ནུག་ འ་ནཱི་ ག་ཏེ་ག་ཏེ་ ང་བཅས་ནཱ་ འབྲུག་ལུ་ཡང་ གྲུབ་ཆེན་ཐང་སྟོང་གིས་ག་ཏེ་བྱོནམ་ད་ འ་ནཱི་ཆོས་རྗེ་ཆོས་རྗེ་ ཞལ་ངོ་ཞལ་ངོ་ཨིན་མི་ཟེར་མི་ཚུ་ ག་ར་ གྲུབ་ཐོབ་རྒྱལ་པོ་གི་བརྒྱུད་པ་ཨིན་མས་ཆ་མཉམ།
- ཉིམ་རྡོ་རྗེ་ Nim Dorjiཁོ་གི་བརྒྱུད་པ་ལས་བརྒྱུད་པ་ བརྒྱུད་པ་ལས་བརྒྱུད་པ་སྦེ་ ཏེ་འ་ནཱི་ ཏེ་དཔེར་ན་འབད་བ་ཅིན་ཏེ་ ངེའི་ཨཔ་འདི་ཡང་ འ་ནཱི་བཟང་ཐིག་ཆོས་རྗེ་གི་བརྒྱུད་པ་ཨིན་མས་ ཁོ་ཡང་ཏེ་ ཕ་ཁྱིམ་འདི་ འ་ཡར་བཟང་ཐིག་ཆོས་རྗེ་གི་ཕར་ལས་ཨིན་པས།
- ཉིམ་རྡོ་རྗེ་Nim Dorji: འ་ནཱི་ ཁོ་ལས་ལྷུངན་ལྕགས་བརྒྱུད་ཡོད་སའི་འ་ནཱ་གི་མི་རང་ཨིན་ཨཔ་འདི་བཟའ་ཐིག་ཆོས་རྗེ་གི་བརྒྱུད་པ་ ཞལ་ངོ་གསེས་ ནཱ བླམ་གནས་བརྟན་གྱིས་འཕྲལ་འཕྲལ་ ཞལ་ངོ་གསེས་གསུངས་གནང་ འཕྲལ་འཕྲལ་ཆོས་རྗེ་གསེས་ཡང་སླབ་མས།
- ཉིམ་རྡོ་རྗེ་Nim Dorji: ཏེ་ཁོ་ར་ངོ་མ་འདི་འབད་བ་ཅིན་ ཞལ་ངོ་སྦེ་མེན་པར་ ཆོས་རྗེ་སྦེ་ཨིན་ ཆོས་རྗེའི་བརྒྱུད་པ་ འ་ནཱེམ་ཅིག་ཨིན་ལགས།