Skip to main content Skip to search
17 Feb 2017
6 min 51 sec
Video Overview
Creators: 
Sonam Tobgye, Sangay Tshomo

In this video, Kinzang discusses the construction of traditional Bhutanese houses. He focuses in particular on changes observed in the last few decades due to the modernization of labor relations, which introduced for instance the hiring of workforce by contract. According to Kinzang, many cultural aspects of house construction are disappearing due to those changes. Once one works under contract, he or she tends to not observe certain traditional ritual procedures, such as the ground breaking ceremony that used to be performed before starting the construction of any house. Hence, he says, there is a risk that those traditional customs get lost. 

 

མོང་སྒར་རྫོང་ཁག་ སྔ་ཚང་རྒེད་འོག་ལས་ ཀུན་བཟང་གིས་ འབྲུག་གི་ སྔར་སྲོལ་གྱི་ ཁྱིམ་རྐྱབ་ཐངས་ཀྱི་ ལམ་སྲོལ་གྱི་སྐོར་ལས་ བཤད་པ་རྐྱབ་ཨིན་པས། ཏེ་ནཱ་ལུ་ཁོ་གིས་ དུས་ཡུན་ཐུང་ཀུ་ཅིག་གི་ནང་འཁོད་ ལམ་སྲོལ་འདི་ ག་དེ་སྦེ་ར་ འགྱུར་བཅོས་སོང་ཡོདཔ་ཨིན་ན་དང་ དམིགས་གསལ་དུ་ ས་སླངས་རྟེན་འབྲེལ་ལས་འགོ་བཙུགས་ཏེ་ འགྱམ་བཙུགསཔ་ད་ཚུན་ཚོད་ཀྱི་སྐོར་ལས་ བཤདཔ་ཨིན་པས། ཀུན་བཟང་དང་འཁྲིལ་བ་ཅིན་ ཁ་འབགཔ་གི་ ལམ་ལུགས་གིས་སྦེ་ དུས་ཡུན་ལོ་ངོ་དག་པ་ཅིག་གི་ནང་འཁོད་ལུ་ར་ ལམ་སྲོལ་འདི་ གནམ་མེད་ས་མེད་ འགྱུར་བཅོས་ཡར་སོང་ཡི་ཟེར་ཨིན་པས། ལཱ་འདི་ཚར་ཅིག་ ཁ་འབགཔ་ལུ་སྤྲོད་ཚར་ཞིནམ་ལས་ འདི་བཟུམ་གྱི་ ལམ་སྲོལ་ཚུ་ བསྟར་སྤྱོད་མི་འབད་དོ་ཡོདཔ་ལས་ འདི་བཟུམ་གྱི་ལམ་ལུགས་འདི་ འབྲུག་གི་ལམ་སྲོལ་གྱི་ དབྱེ་རིམ་ལས་ ཡལ་འགྱོ་ནིའི་ཉེན་ཁག་བཟོཝ་ཨིན་པས། 

 

Transcript search
No results found for this search
0 of 0
  • ཀུན་བཟང་/Kinzang
    སྟེ་ད་ལྟོ་འདི་ ཁྱིམ་ཟེར་ ཨ་ནི་རིགས་ཚུ་ ཀ་བ་རེ་ལྷོང་ ས་རེ་བཅད་ ཁྱིབ་སྒྲུབ་རེ་འབདཝ་ད་ལུ་ སྟེ་ཨ་ན་བཤད་པ་ཅིག་ཟེར། མ་གཞི་འདི་སྟེ་ ང་བཅས་ད་ལྟོ་ ད་རེས་ནངས་པའི་ མི་ཚུ་གིས་ ཁ་འབག་རེ་འབད་དོ་ལོ་ ག་ཅི་ལོ་ཟེར་ ཨ་ནི་ཚུ་ཡང་ གནམ་མེད་ས་མེད་ ཨ་ཙི་རེ་འདི་རྩིསཝ་མས་ལགས། དང་ཕུ་བཟུམ་སྦེ་རྩིས་ནི་མིན་འདུག་ལགས། དང་ཕུ་འབད་བ་ཅིན་ ང་གིས་ཧེ་མ་སྒོམ་ཆེན་ནང་ལས་འཐོན་ དམག་མི་ནང་ལུ་མ་འགྱོ་བའི་ཧེ་མ་ ཁྱིམ་གསུམ་དེ་ཅིག་བརྐྱབ་ཅིག་ལགས།
  • ཀུན་བཟང་/Kinzang
    ཨ་ནཱ་བརྐྱབ་པའི་སྐབས་སུ་ ཁོང་ ཨ་ནི་རྩིས་ནི་ཅིག་སྡོད་ནུག ཧེ་མ་ས་བཅད་ད་ལུ་ ས་བཅདཔ་ད་ལུ་ ཕགཔ་གཅིག་བསད་དགོ་ནི་འདུག་ལགས། ཕགཔ་བསད་དེ་ དེ་ལས་བཟོ་བོ་ལུ་ ཨ་ནི་༼ལ་ཝང་ཀ་ཝང་༽་ཟེར་མི་འདི་ ད་ལྟོ་འབད་བ་ཅིན་ སྟེ་༼གྱང་ཁུག་དང་ལྟག་ཀོ༽་ཨིན་མས་ ང་གིས་ལྟཝ་ད་ལུ་ ཨ་ནི་ ༼ལ་ཝང་ཀ་ཝང་༽་ བང་ཅུང་ནང་ བཙུགས་དགོ་ནི་འདུག་ལགས། བཙུགས་ཏེ ༼ལ་ཝང་ཀ་ཝང་༽་མེད་པ་ཅིན་ ང་གིས་འདི་འབག་ཤོག་ཟེར་སླབ་མ་སྨྱོང་།
  • ཀུན་བཟང་/Kinzang
    ཁོང་ཧེ་མ་ ང་ལས་ཧེ་མ་ མེ་མེ་བཟོ་བོ་ཚུ་གིས་ ཨ་ནི་འབད་ ༼ལ་ཝང་ཀ་ཝང་༽ འཁྱུ་འཁྱུ་སྟེ་ སོ་སོ་ཕྱེ་ནི་ཅིག་སྡོད་ཅི་ལགས། དེ་ལས་ བཟོ་བོ་དང་ དེ་ལས་ རྩིས་པ་དུ་ལས མི་ཡང་ གནམ་མེད་ས་མེད་མི་ལྷོད་འོང་ལགས་ ཨ་ནཱ། ལྟོ་ཁ་འབག་འོང་དོ་ལོ་ ག་ཅི་ལོ་ཟེར་ ད་ལྟོ་འདི་ ཨ་ནི་ལྟོ་ཁ་ཟེར་བ་གནམ་མེད་ས་མེད་ ཨ་ཙི་རེ་འདི་འབག་འོང་མས་ལགས། ཧེ་མ་བཟུམ་སྦེ་མིན་འདུག་ལགས། ནང་གི་ཨ་མ་གྱིས་ ནང་ན་མི་གིས་ ལྟོ་ར་བཟོ་མིན་དགོ་ ཧེ་མ་འབད་བ་ཅིན་ ལྟོ་ཁ་རང་རང་སོ་སོ་འབག་འོང་སྟེ་ སྟཻ་ཕག་ཤ་ཅིག་རྐྱངམ་ཅིག་བཏོན་དགོ སྟེ་ཕག་ཤ་བཙོ་སྟེ་ དེ་ལས་ ཨ་ནཱ་ ཨ་ནཱ་ལུ་འདི་ བཤད་པ་བརྐྱབ་འོང་ལགས།
  • ཀུན་བཟང་/Kinzang
    ཨ་ནཱ་ སྟེ་ཧེ་མ་ར་ སྟེ་ཆང་ཅིག་བསྐོལ་ཏེ་ ག་ར་ལུ་དྲངས་ཏེ་ དེ་ལས་ དར་བཤད་ཆང་ཟེར་ དར་བཤད་ཆང་ཟེར་དྲངས་ཏེ་ དེ་ལས་ ཨ་ནཱ་ཁོང་བཤད་པ་བརྐྱབ་ཤེས་མི་ ད་ལྟོ་འབད་བ་ཅིན་ ད་ལྟོ་ད་ལྟོ་ང་གིས་ཆ་རོགས་གཅིག་ཡོད་ལགས། ཕུན་ཚོགས་ ཕུན་ཚོགས་རྣམ་རྒྱལ་སླབ་འོང་ ཁོ་གི་མིང་། ཁོ་གིས་འབད་དོ་ ཧེ་མ་ང་གིས་འབད་སྡོད་ཅི་ ཨ་ཙི་རེ། ཧེ་མ་ང་བཅས་ལས་ཧེ་མ་འདི་ ང་བཅས་ནཱ་ ཨ་རྒས་ཚེ་བརྟན་ཟེར་སྡོད་ཅི་ མར་ལུ་ ཤི་སོང་ཡི་ལགས། ཁོ་གིས་རྐྱངམ་ཅིག་འབད་སྡོད་ཅིག གཞན་གྱྀ་འབད་ས་མ་མཐོང་ ང་བཅས་ཀྱིས། ཁོ་གིས་འདི་ གནམ་མེད་ས་མེད་ དར་ཞིང་རྒྱསཔ་འབད་ར་འབད་འོང་ལགས།
  • ཀུན་བཟང་/Kinzang
    ཨ་ནཱ་བརྐྱབ་པའི་སྐབས་ལུ་ ས་བཅདཔ་ད་ལུ་ཡང་ ཨ་ནཱ་སྟེ་ ཧེ་མ་ར་ ཁ་དར་ཧེ་མ་ར་ བཟོ་བོ་ལུ་ ཧེ་མ་ར་ རྩིས་པ་འཕགས་པ་འཇམ་དཔལ་དབྱངས་ཟེར་ འོ་ལགས་སོ་ལགས་ འོ་ལགས་སོ་ལགས་ དར་ལག་པར་བཤད་དེ་ འོ་ལ་སོ་འབད་དེ་བཤད་པ་བརྐྱབ་སྟེ་ ཤར་ལུ་འདི་ ༼ག་ཕུ་ཁ་ཏོཝ༽འདྲཝ། ལྷོ་ལུ་འདི་ ༼སེར་པོ་ཁ་ཏོཝ༽་འདྲཝ། ནུབ་ལུ་འདི་ དམར་པོ་༼ག་ཏོཝ་༽འདྲཝ། ། ྦྱང་ལུ་དི་ ༼ལྗང་གུ་ཁ་ཏཝ་འདྲཝ། ། དབུལ་ལུ་འདི་ ༼ཐང་ཁ་ཁ་ཏཝ༽འདྲཝ། ། ཟེར་སླབ་ཚར་ཞིནམ་ལས་ འོ་ལགས་སོ་ལགས་ འོ་ལགས་སོ་ལགས་ ཟེར།
  • ཀུན་བཟང་/Kinzang
    དེ་ལས་ སྦྱིན་བདག་ཨ་པ་དང་ཨའི་གིས་མིང་སླབ་སྟེ་ ཁྱོད་ཀྱི་ཀ་བཞི་གདུང་བརྒྱུད་ ཀ་བཞང་གདུང་བརྒྱད་ཟེར་མི་འདི་ ཀ་བ་བཞི་ གདུང་བརྒྱད་ཟེར་ཨིན་མས་ མ་གཞི་གི་འདི་ ཨ་ནི་བཟུམ་འདི་ རོགས་ལྷ་ཁང་རེ་ ད་ལྟོ་ ང་བཅས་མངའ་ཚང་ལུ་འབད་བ་ཅིན་ ཨ་ནཱ་ བྱ་རུང་ཁ་ཤོར་གྱིས་ལྷ་ཁང་བརྐྱབ་སྟེ་ཡོད་ ཀ་བཞི་གདུང་བརྒྱད་སྦེ་ ཨ་ནི་བཟུམ་འབད་བ་ཅིན་ ཀ་བཞི་གདུང་བརྒྱད་འབད། སྟེ་མ་གཞི་ བཤད་པ་ནང་ལུ་འབད་བ་ཅིན་ ཀ་བཞི་གདུང་བརྒྱད་སྦེ་འཐོནམ་མས་ལགས།
  • ཀུན་བཟང་/Kinzang
    ཀ་བཞི་གདུང་བརྒྱད་ ཨ་ནི་བཟུམ་བཞེངས་ནི་ཨིན་པ་ཅིན་ སྟེ་ང་བཅས་ ཨ་ནི་ལས་མ་དོ་བར་ རྩིས་པ་འཕགས་པ་འཇམ་དཔལ་དབྱངས་དངོས་སུ་འབད་བྱོན་ཏེ་ ས་ཤར་ལྷོ་ནུབ་བྱང་གིས་ ས་ཡི་ལྷ་མོ་རིགས་སུ་གིས་ས་བླངས་ཏེ་ ཨ་ནི་དར་ཞིང་རྒྱས་ནིའི་དོན་ལུ་ ཕུ་ལུ་རྦ་སྨྱུག་དར་དོ་བཟུམ་དར་ཏེ་ མདའ་ལུ་སྤག་ཤིང་དར་དོ་བཟུམ་སྦེ་དར་ནིའི་རྟེན་འབྲེལ་ལུ་ཟེར་ སྟེ་ཨ་ནཱ་གིས་ སྦྱིན་བདག་གི་མིང་བཏོན་ཏེ་ སྦྱིན་བདག་ཨ་པ་དང་ཨའི་ ཨ་ནི་གཉིས་ཀྱིས་འབད་ རྩིས་པ་འཕགས་པ་འཇམ་དཔལ་དབྱངས་ལུ་དར་ཅིག་ཕུལ་མས་ གནང་མས་མས་ཟེར་འབད་དེ།
  • ཀུན་བཟང་/Kinzang
    དེ་ལས་རྐྱངམ་ཅིག་ བཟོ་བོ་ལུ་བརྐྱབ་འོང་ལགས། བཟོ་བོ་བི་ཤུ་ཀརྨ་གྱིས་ ཨ་ནི་བཟུམ་མའི་ཀ་བཞི་གདུང་བཞི་བཞེངས་གནང་ནི་ཨིན་པ་ཅིན་ཟེར་ སྦྱིན་བདག་ཨ་པ་དང་ཨའི་ཨ་ནི་གིས་ མིང་བཏོན་ཏེ་ སྟེ་ད་ཅི་གིས་བཟུམ་བཤད་པ་ཨ་ནི་སྦེ་བརྐྱབ་སྟེ་་དེ་ལས་ བཟོ་བོ་ལུ་དར་བསྐྱལ་ཏེ་ དེ་ལས་རྐྱངམ་ཅིག་ དེ་ལས་ཨ་ནཱ་ལས་ མི་ནཱ་ལས་ཕར་ལས་ལྷོད་མི་ག་ར་གིས་ ཧེ་མ་ང་བཅས་སྐབས་ལུ་འདི་ ཏི་རུ་རེ་རེ་གཉིས་རྐྱངམ་ཅིག་སྡོད་ཅི་ལགས། ད་རེས་ནངས་པ་ ལ་ལུ་གིས་ བརྒྱ་རེ་ཡང་གཏངམ་ལས་ལགས། དར་ཤ་ ཨ་ནི་འདི།
  • ཀུན་བཟང་/Kinzang
    དར་ཟེར་བརྐྱབ་ནི་ཅིག་ཡོད་ལགས། དེ་ལས་ཏེ་ དར་ཟེར་བརྐྱབ་ད་ལུ་ མིང་གསལ་འབྲི་སྟེ་བཞག་ནི་འདུག་ལགས ཧེ་མ། མིང་གསལ་འབྲི་བཞག་སྟེ་ དེ་ལས་ ཨ་ནི་དར་ཤ་ཟེར་ ཤ་༼ཤག་རེ༽ ཕགཔ་སྦོམ་འཐོན་ཏེ་ཨིན་པ་ཅིན་ རིངམོ་ཨིན་པ་ཅིན་ རེ་རེ་བཟོ་སྟེ་འོང་ལགས། ཕགཔ་ཆུང་ཀུ་རེ་ཡོད་པ་ཅིན་ ༼ལྕང་༽སྟེ་ འཇལ་ཏེ་ དཀྲིགས་དཀྲིགས་དར་ཤ་ཟེར་བཟོ་སྟེ་འོང་ལགས།
  • ཀུན་བཟང་/Kinzang
    དེ་ལས་ ལྟོ་དང་ཅིག་ཁར་ཨ་ནི་བསྐྱལ་ཏེ་ སྟེ་ཨ་ལོ་ཡང་དར་བསྐྱལ་ཏེ་ཡོད་པ་ཅིན་ ཨ་ལོ་རྒྱབ་ཁར་འབག་སྟེ་ཡོད་མི་ ཨ་ལོ་ཆུང་ཀུ་ཡོད་རུང་ དར་ཕུལ་ཏེ་ཡོད་པ་ཅིན་ མིང་འབྲི་སྟེ་ཡོད་པ་ཅིན་ ཨ་ནི་ཡང་ ཤ་མི་སྦོམ་དང་འདྲན་འདྲ་ར་ཐོབ་ལགས། ཨ་ནི་མ་ཕུལ་བ་ཡོད་པ་ཅིན་ཏེ་ མི་༼བསྐྱེད༽ཟེར་ ༼སྐྱེས་སྐྲུམ༽ཨ་ཙི་རེ་རྐྱངམ་ཅིག་འོང་ལགས། བསྐྱལ་བྱིན་འོང་ལགས་ཨ་ནི་འབད་དེ དེ་ལས་ ཨ་ནི་ལུ་ཡང་ བཤད་པ་བརྐྱབ་དགོ་ལགས་ ག་ར་ལུ་བརྐྱབ་དགོ་ལགས།
  • ཀུན་བཟང་/Kinzang
    ཕུ་ལུ་རྦ་སྨྱུག་དར་དོ་བཟུམ་ མདའ་ལུ་སྤག་ཤིང་དར་དོ་བཟུམ་སྦེ་ དར་ནི་གིས་བཀྲ་ཤིས་སྨོན་ལམ་ཨིན་ཟེར། སྟེང་ཕྱོགས་འབྲུ་ཡི་གང་བའི་བཀྲ་ཤིས་སྨོན་ལམ། བར་ཐོག་མི་ཡི་གང་བའི་བཀྲ་ཤིས་སྨོན་ལམ། འོག་ཕྱོགས་ནོར་གྱིས་གང་བའི་བཀྲ་ཤིས་སྨོན་ལམ། བཀྲ་ཤིས་གཡང་ཆགས་པའི་ བཀྲ་ཤིས་སྨོན་ལམ་ཨིན་ཟེར་ཚར་ཞིནམ་ལས་ད་རེས་དེ་ལས་ ཨ་ནཱ་ལས་ མི་གིས་དར་ཕུལ་མི་གིས་མིང་སླབ་སྟེ་ ཨ་ནི་གིས་ དར་ཏི་རུ་ ༢ ཕུལ་མས། ཧེ་མ་དི་ ༢ རེ་རྐྱངམ་ཅིག་སྡོད་ཅིག ད་ལྟོ་འདི ཧ་ལམ་བརྒྱ་ ལྔ་བཅུ་ལས་ཡར་བཅད་དེ་ ཕུལཉ་མས་ལགས་ མི་ཚུ་གིས། ཏི་རུ་ ༥༠ ཕུལཝ་མས་ གནང་མས་མས། ཡ་ཡ་ ང་གིས་ཕུལ་ ང་གིས་ཕུལ་ཟེར་ གབ་ཐོག་བརྐྱབ་འཐོན་འོང་ལགས།
  • ཀུན་བཟང་/Kinzang
    དེ་ལས་ ཨ་ནཱ་ཧེ་མ་ སྦྱིན་བདག་གིས་རྫོགས་ཏེ་ དེ་ལས་བཟོ་བོ་གིས་བརྐྱབ་འོང་། དེ་ལས་ བཟོ་བོ་གིས་བརྐྱབ་ཚར་ཏེ་ དེ་ལས་རྐྱངམ་ཅིག་ བཀྲ་ཤིས་གཡང་ཆགས་འབད་དེ་ ཁོ་གིས་ དར་ལོག་འབད་དེ་ བཟོ་བོ་གིས་ ཏི་རུ་ ༡༠༠ དེ་ཅིག་ སྦྱིན་བདག་གིས་ ༡༠༠ དེ་ཅིག་ ལོག་དར་ཕུལ་འབད་ ལོག་སྟེ་ཡར་ཕུལ་ཏེ་ མཇུག་བསྡུ་སྟེ་་ལྟོ་བྱིན་ཏེ་ དེ་ལས ལྟོ་བྱིན་ ལྟོ་དྲངས་ཚར་ཞིནམ་ལས་ དེ་ལས་ བཟོ་བོ་ལུ་ ཨ་ནཱ་ ༼ཅཡ་ཆང་༽འབག་འོང་ནི་ཟེར། ༼ཅཡ་ཆང་༽མེན་ལགས།
  • ཀུན་བཟང་/Kinzang
    བཟོ་བོ་ཨ་ནཱ་འབད་ནི་ཟེར་ དེ་ལས་ ཁོང་ཚུ་གིས་ ཨ་ནཱ་འོང་མི་ཚུ་གིས་ གསུམ་གསུམ་བཞི་བཞི་བསྡོམས་ཏེ་ ཆང་པ་ལང་རེ་པ་ལང་རེ་ ཆང་པ་ལང་ཧ་ལམ་ སུམ་ཅུ་བཞི་ཅུ་རེ་འཛོམས་ཏེ་འོང་འཛོམས་ནི་ཡང་་ མི། དེ་ལས་ བཟོ་བོ་གིས་འཛོམས་མི་ཚུ་ལུ་ སྟེ་བཟོ་བོ་གིས་ད་རུང་ གསོལ་རས་ང་གིས་སྐབས་ལུ་འདི་ ཏི་རུ་ ༢ དེ་ཅིག་བྱིན་རུང་བཏུབ་ནི་འདུག ད་འབདན་ ཧ་ལམ་ཏི་རུ་ ༡༣༠ དེ་ཅིག་བྱིན་དགོ་པས། ཨ་ནི་ཏི་རུ་ བཟཟོ་བོ་ཚུ་ལུ་ ད་ཨ་ནི་བཟུམ་འདི་ སྟེ་ད་ལྟོ་ ང་ཅི་གོང་ལུ་ཞུ་དོ་བཟུམ་སྦེ་ཨིན།
  • ཀུན་བཟང་/Kinzang
    སྟེ་དུས་ཉམས་ནི་འདི་ ཉམས་འགྱོཝ་མས་ལགས། ཧེ་མ་ཨ་ནི་བཟུམ་ཅིག་སྡོད་ཅིག སྟེ་ད་འབདན་ ཨ་ནི་ཚུ་ ཁྱིམ་འདི་ཁ་འབགཔ་གིས་བརྐྱབ་དོ་ལོ་ ག་ཅི་ལོ་ཟེར་ ༼ཀ་ལམ་སྨོན་ལམ་༽ཡང་མི་ཤེས་པས། ས་ལམ་ཡང་འཚོལ་མི་ཤེས་པས། སྟེ་ཨ་ནི་ཅིག་ རང་རང་སོ་སོ་འབད་ ཁ་འབག་གིས་འབད་དོ་ཟེར་ སྟེ་ཁ་འབགཔ་གིས་འབད་རུང་ཡང་ ལ་ལུ་ཅིག་གིས་ ཀ་བ་རེ་ལྷོངམ་ད་ལུ་ སྟེ་ཤ་རེ་ཕགཔ་ཚུ་ཡང་གསོ་ནི་མིན་འདུག་ལགས་ད།
  • ཀུན་བཟང་/Kinzang
    དུས་ ཕགཔ་ཚུ་འདི་མ་གསོ་རུང་བཏུབ་ནི་ཨིན་མས། ཨིན་རུང་ སྟེ་རོགས་མར་ རོགས་བསམ་ལྗོངས་ལས་ཡར་ འབག་འོང་སྟེ་ སྨོང་སྒར་ཤ་ཁང་ ཡ་སྡེ་ཤ་ཁང་ལས་ ཨ་ནི་འབད་ འབག་འོང་སྟེ་ འབད་ནི་འདི་འབདཝ་མས་ལགས། ཧེ་མ་བཟུམ་འབད་ དར་འདི་ཕུལཝ་མས་ཟེརཝ་ད་ལུ་ ཤ་འདི་ཧེ་མ་བཟུམ་སྦེ་ར་ འོང་ས་མི་མཐོང་མས་ལགས། ཨ་ཙི་རེ་རྟེན་འབྲེལ་གྱི་ཚུལ་ཨིན་ན་ དེ་ལས་ རང་གིས་སྲོལ་ཉམས་ནི་ཉམས་ནི་ཟེར་མི་འདི་ ཨ་ནི་འབད་ཨིན་མས་ལགས།
  • ཀུན་བཟང་/Kinzang
    ཏི་རུ་འདི་ ཧེ་མ་ལས་མང་ཤོས་བཏང་དགོཔ་འཐོན། ཤ་འདི་ཉུངས་ཤོས་བྱིན་དགོཔ་འཐོན་ཡི་ ཨ་ནི་འབད་འགྱོཝ་ད་ལུ་ མི་གིས་ཁ་བཏང་དོ་ཟེར་མི་འདི་ ཁ་བཏང་བཏངམ་མེན་མས་ལགས། ད་དུས་ཚོག་སྙིགས་མ་འཐོནམ་ད་ལུ་ རང་རང་ མི་ཚུ་གིས་ ཧ་མ་གོ་བར་ སྟེ་ཤ་འདི་མེད་རུང་ཡང་ རོགས་ཁྱིམ་བརྐྱབ་མི་ མི་ཚུ་ལུ་འདི་ དར་དང་ཏི་རུ་རུ་ཆ་རོགས་འབད་བ་ཅིན་ ཤ་འདི་མེད་རུང་ཡང་ ཆང་ཕོརཔ་རེ་བྱིན་པ་ཅིན་ ཨ་ནི་སྦེ་འབད་རུང་ གནམ་མེད་ས་མེད་རྟེན་འབྲེལ་ལེགས་ཤོམ་ཨིན་མས་ཟེར་ ཞུ་ནི་ལགས། བཀྲ་དྲིན་ཆེ།