Skip to main content Skip to search
21 Jun 2018
2 min 9 sec
Video Overview
Creators: 
Duptho, Sonam Chophel

84-year-old Kezang of Radhi Gewog, Tashigang, shares an account of good and bad dreams. He says that dreaming of crossing a river, empty containers, walking downward, taking off clothes, and washing hair are believed to be bad omens. Dreams such as climbing upward, filled containers, and carrying loads are believed to be good dreams. Bad dreams can bring no misfortunes if they are left unshared with others. People still believe in dreams and they conduct their daily activities in accordance to dreams they have. Each dream has its own significance and interpretation.

 

བཀྲིས་སྒང་རྫོང་ཁག  རདྷི་་རྒེད་འོག་ལས་འབད་མི་ སྐྱེས་ལོ་ ༨༤་ལངས་མི་ ཨ་རྒས་སྐལ་བཟང་གི་ གཉིད་ལམ་བཟང་ངན་གྱི་བརྟགས་པ་བཤདཔ་ ཨིན་མས། ཁོ་གིབཤད་མི་ནང་  གཙང་ཆུ་བརྒལ་བའི་གཉིད་ལམ་ ཧོད་སྟོང་པ་  ལམ་ཁ་མར་འགྱོ་ས་ བགོ་ལ་འཕུད་ས་དང་ མགུ་ཏོ་འཁྱུ་བའི་གཉིད་ལམ་ མཐོང་པ་ཅིན་ ངན་པ་འབད་བརྩིཝ་ཨིན་མས། གཉིད་ལམ་ དཔེར་ན་ ལམ་ཁ་ཡར་འགྱོ་ས་  ཧོད་གངམ་འབད་ཡོད་མི་ དེ་ལས་ཁུར་ཆ་ འབག་སའི་གཉིད་ལམ་མཐོང་པ་ཅིན་ བཟང་པོ་འབད་བརྩིཝ་ཨིན་མས། གཉིད་ལམ་ ངན་པ་འདི་གཞན་ལུ་མ་སླབ་པ་ཅིན་ བར་ཆད་མི་འབྱུང་ནི་ཨིན་མས། མི་འདི་ཚུ་གི་ གཉིད་ལམ་ལུ་ཡིད་ཆེས་ཡོདཔ་ལས་ ལ་དང་བྱ་བ་ག་ཅི་འབད་རུང་ གཉིད་ལམ་དང་འཁྲིལ་འབདཝ་ཨིན་མས། གཉིད་ལམ་རེ་རེ་ལུ་ འདི་གི་དོན་དག་དང་ དོན་འབྲེལ་ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • སྐལ་བཟང་ Kelzang
    ཁྱེད་གཉིས་ཀྱིས་གསུངས་མི་དེ་ཡང་ ཨིན་ནི་འདི་ཨིནམ་བ་ཏེ་ བཟང་པོ་ཕྱེ་ནི་དང་ ངན་པ་ཕྱེ་ནི་གི་ ཕྱེས་ཟེར་བའི་ འ་ནཱི་སྦེ་གསུངསམ་མས་བ་ཏེ་ ཨིན་ནི་འདི་ ག་ཅི་སྨོ་ཟེར་བ་ཅིན་ ཏེ་རྨི་ལམ་ནང་ ཏེ་མགུ་ཏོ་འཁྱུ་འཁྱུཝ་མཐོང་པ་ཅིན་ ཨ་ཙི་ཅིག་ལེགས་ཤོམ་མེནམ་བ་ཏེ་ལགས།
  • སྐལ་བཟང་ Kelzang
    ཕར་ གོ་ལ་འཕུད་འཕུདཝ་མཐོང་རུང་ ལེགས་ཤོམ་མེནམ་བ་ ཆུ་བརྒལ་འགྱོ་འགྱོཝ་མཐོང་རུང་ འ་ནཱི་ཡང་ལེགས་ཤོམ་མེན་ཁོ་ ཏེ་ག་ཅི་འབད་རུང་ ཡར་ལྟ་འགྱོ་འགྱོཝ་ སྟོངམ་འགྱོ་རུང་ ག་ཅི་ཡང་ ཡར་ལྟ་འགྱོ་འགྱོཝ་དང་ ཁུར་ཆ་འབག་འབགཔ་ ཤིང་སྐམ་འབག་འབགཔ་ ཏེ་ཧོད་སྟོངམ་མེད་མི་འབག་འབགཔ་ མཐོང་མི་འདི་ག་ར་ ལེགས་ཤོམ་ཨིནམ་བ་ལགས།
  • སྐལ་བཟང་ Kelzang
    ཏེ་ཅ་ལ་སྟོངམ་འབག་འབགཔ་ མར་ལྟ་འགྱོ་འགྱོཝ་ ཆུ་གིས་འཕྱག་འབག་འབགཔ་མཐོང་པ་ཅིན་ ལེགས་ཤོམ་མེན་ཟེརཝ་མས་བ་ལགས། ཏེ་འ་ནཱི་ངན་པའི་རྒྱུ་ཨིན་པས་ ག་ཅི་བཟུམ་མཐོང་རུང་ རང་གི་ ད་ལྟོ་ཞུ་དོ་བཟུམ་སྦེ་ རང་གིས་མ་བཤད་པར་བཞག་པ་ཅིན་ ཟོགཔ་ཡང་མེད་ ལེགས་ཤོམ་ཡང་མེདཔ་སྦེ་རྫོགསཔ་མས་བ་ཏེ།
  • སྐལ་བཟང་ Kelzang
    ཏེ་འ་ནཱི་ར་ཁུངས་འདི་ ཏེ་འ་ནཱིམ་ཅིག་རང་ཨིན་ལགས། ད་ལྟོ་ཞུ་མི་འདི་རང་ དོན་དག་འདི་རང་ ཤིང་སྐམ་འབག་འབགཔ་ མེ་འཕུ་འཕུཝ་ ཡར་ལྟ་འགྱོ་འགྱོཝ་ ཁུར་ཆ་འབག་སྟེ་ ཆུ་བརྒལ་བརྒལཝ་མཐོང་པ་ཅིན་ ལེགས་ཤོམ་མེན་པས་ ཏེ་ཡར་ལྟ་འགྱོ་འགྱོཝ་ ཆུ་ཧིང་སང་ས་མཐོང་ ཡར་ལྟ་འགྱོ་བ་ཅིན་ ག་ཅི་འབད་རུང་ ལེགས་ཤོམ་གྱི་རྒྱུ་ཨིན་པས་ ཏེ།
  • སྐལ་བཟང་ Kelzang
    སྲུང་ཟེར་ སྲུང་གཞན་ག་ཅི་འོང་ནི་ལགས་ ཨ་ནཱིམ་ཅིག་རང་ཨིན་ལགས། འ་ནཱི་འདི་ ར་ཁུངས་ བཟང་ངན་གཉིསཔོ་དེ་ འ་ནཱི་ཨིན་པས་ལགས།། །།