Skip to main content Skip to search
17 Aug 2018
7 min 25 sec
Video Overview
Creators: 
Norzin Lhamo

Geyla is a temple in Wangdi phodrang Dzongkhag (district). The exact date and year of its construction is still not known. It was first built by a person called Nangsay Kinga. Nangsay Kinga was believed to be a manifestation of Buddha. In the forest above the valley there is a cypress tree which was believed to be the walking stick of Nangsay Kinga and it was planted when he arrived on that hill, with his prophecy that if he has the power to protect the valley, the tree may grow, and otherwise it can dry. The tree grew and as prophecized the lama resided in this place called Geyla. After he died a person called Poen Nyim built Geyla temple. Later, the temple was enlarged by Gyelwa Tenzin Drakpa, a son of sheepherder Samten Zangmo. She was said to be the sheepherder of Poen Nyim. One day while she was sleeping in that forest a voice within her shouted "Wake up! a wolf is killing your sheep". In an astonishment when she woke up, her right hand landed on the ground and as she pulled her hand back, the spring water spouted from the ground and today we can still see that holy water. During that time the place was unsafe for the people to travel to another village because there was a demoness causing harm to humans and animals. A young Gyelwa Tenzin Drakpa came and the demoness was subdued and made the protective guardian of that place. Thereafter, the place had become safer to both people and animals. Today, the Geyla temple is maintained and have comfortable residences.

 

"གེ་ལ་ཟེར་མི་ལྷ་ཁང་འདི་ དབང་འདུས་ཕོ་འབྲང་རྫོང་ཁག་ནང་ལུ་ ཆགས་སྟེ་ཡོདཔ་ཨིན་མས།་ ལྷ་ཁང་འདི་འགོ་དང་པ་རང་ སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་པ་འབད་བྱོན་མི་ སྣང་སྲས་ཀུན་དགའ་གིས་བཞེངས་ནུག་ དེ་ཡང་སྔོན་མ་ སྣང་སྲས་ཀུན་དགའ་གི་སྒོང་ཏོག་འདི་ཁར་ལྷོདཔ་ད་ ཁོ་རའི་ཕྱག་ཁར་འབད་བཞེས་མི་ ཤིང་འདི་ས་ཁར་མགོ་མཇུག་འབད་འདབ་སྟེ་ ཡ་ ང་འ་ནི་གཡུས་ནང་ལུ་  ཆོས་ཀྱིས་ལུང་བསྟན་ ཡོད་པ་ཅིན་ ཤིང་ངོ་མ་སྦེ་འགྱུར་ཤིག་ དེ་མེན་པ་ཅིན་ཁྱོད་ར་སྐམ་སོང་ཟེརཝ་ད་ ཤིང་འདི་ཕོཝ་ཅུང་རྒྱགས་ཏེ་ དེ་ལས་ང་ཆོས་ཀྱི་ལུང་བསྟན་འདུག་ཟེར་ གདན་ས་བཅགས་གནང་ནུག། དེ་ལས་ཤུལ་མ་ ཁོ་རང་  སྐུ་མྱ་ངན་ལས་འདསཔ་ད་ དཔོན་རྙིངམོ་ཟེར་མི་ཅིག་བྱོན་ཏེ་ ད་ལྟོ་ཡོད་མི་ལྷ་ཁང་འདི་ར་ ཁོ་གིས་བཞེངས་ གནང་གནངམ་ཨིན་པས། ལྷ་ཁང་འདི་ ཤུལ་ལས་རྒྱལ་བ་བསྟན་འཛིག་གྲགསཔ་ཟེར་མི་འདི་གིས་ རྒྱ་བསྐྱེད་མཛད་གནང་ནུག། རྒྱལ་བ་བསྟན་འཛིག་གྲགས་འདི་དཔོན་རྙིངམོ་ཟེར་མི་གིས་ ལུག་འཚོ་མི་ ཡུམ་གྱི་མིང་བསམ་གཏན་བཟངམོ་ཟེར་མི་འདི་ལས་སྐུ་འཁྲུངས་འཁྲུངསམ་ ཨིན་མས། དེ་ཡང་བསམ་གཏན་བཟངམོ་ཟེར་མི་འདི་ ཕོཝ་ཅནམ་འབད་སྦེ་ ལུག་འཚོ་བ་བྱོན་ཚལ་མ་ནང་གཟིམ་འབད་སྦེ་བཞུགསཔ་ད་ སྟེ་ཕོ་བའི་ནང་ལས་ ཡུམ་བསམ་གཏན་བཟངམོ་ ལུག་འཕརཝ་གི་ཟ་དོ་ ལོང་ལོང་ཟེར།་ཟེར་སྐད་རྐྱབ་ད་ ཡར་བཞེངསམ་ཅིག་ སྟེ་ཕྱག་མར་ས་ནང་འཛུལཝ་ཅིག་ལོག་ཡར་ཐོནམ་ད་ ཆུ་འབུར་འབུར་བཏང་ཕྱག་གཡསཔ་འདི་གུ་ལས་འཐོན་འཐོནམ་ཨིན་ཟེར་འདི་ ད་ལྟོ་ཡང་ས་སྒོ་འདི་ནང་མཇལ་དོ་ཡོདཔ་ཨིན་མས། ས་འདི་ཁར་སྔོན་མ་བདུདམོ་གཅིག་གིས་ཚུབས་བསྐྱེད་དོ་ ཡོད་རུང་ རྒྱལ་བ་བསྟན་འཛིན་གྲགསཔོ་ཟེར་མི་གིས་ དམས་ལུ་བཏགས་གནང་སྟེ་འདི་ལས་ཚུར་ གཡུས་འདི་ནང་ལུ་གནོདཔ་བསྐྱེད་མི་ མ་ཐོནམ་ཨིན་མས། ལྷ་ཁང་འདི་ཡང་བཅོས་ཁ་བརྐྱབ་འབད་ ད་ལྟོ་འབད་བ་ཅིན་རྐྱེན་ག་ནི་ཡང་མེད་པར་་ཡོདཔ་ཨིན་མས།

"

 

Transcript search
No results found for this search
0 of 0
  • སྲི་རྒྱས་རྡོ་རྗེ
    ཨེ་ཧེ། སྟེ་ སྣང་སྲས་ཀུན་དགའ་ཟེར་མི་འདི་ བྱོན་ར་ཏེ་ ཁོ་མར་འོག་ཀླུ་ལས་བྱོན་བྱོནམ་མས་ལགས། ཆོས་ཀྱི་དབྱིངས་ལས་འབད་བའི་བཞིན་དུ་ ཆོས་ཀྱི་དབྱིངས་ཀྱི་ སངས་རྒྱས་འོད་དཔག་མེད་ སངས་རྒྱས་བཅོམ་ལྡན་འདས་ཟེར་རུང་ ཁོ་ཨིན་མས་ འོད་དཔག་མེད་ཟེར་རུང་ཁོ་ཨིན་མས་ སྣང་སྲས་ཀུན་དགའ་ཟེར་རུང་ ཁོ་ཨིན་མས། ཁོ་སྤྲུལ་པ་འབད་བྱོན་བྱོནམ། སྟེ་དེ་ལསནི་ ནཱ་ལས་བྱོནམ་ད་ ཨ་ནཱ་ང་བཅས་ནགས་ཚལ་གྱི་ལྟག་ལུ་ ཙན་དན་ཤིང་ མགུ་ཏོག་སྐམ་སྦེ་ མཇུག་༼ཧོ་ཏོ༽རྒྱགས་མི་ཅིག་ཡོད་ཨིན་ལགས།
  • ད་ཨ་ནི་སྦེ་ད་ སྟེ་ཨ་ནི་ཀུན་དགའི་སྣང་སྲས་ཟེར་མི་འདི་ ཕྱག་ཁར་བྱོན་བྱོནམ་ཨིན་ལགས། སྟེ་ ཨ་ཡི་༼སྒོང་ཏོག༽འདི་གུ་ ཤིང་འདི་འདབ་འབད་སྦེ་ ཡ་ད་ཁྱོད་ཨ་ནི་ན་ལུ་ ཆོས་ཀྱི་དབྱིངས་ན་ལུ་ ཚག་ཁར་ཚུད་ཟེར་བ་ཅིན་ ང་གིས་ཁྱོད་མགོ་མཇུག་འབད་བཙུགས་ད་ཡི་ ད་ཁྱོད་སྦོ་ལོག་ཁ་ལས་༼ཚུར་སྦྲལ་ཏེ༽འཐོན་འོང་ ཤིངི་ངོ་མ་སྦེ་འགྱུར་ཤིག་ཟེར་ ཙན་དན་ཤིང་འདི་ ཨ་ནི་འབད་བཙུགས། ང་གི་འདི་ནང་མི་བཙུགས་འབད་བ་ཅིན་ དེ་ལས་ཏེ་ཁྱོད་ར་སྐམ་སོང་ཟེར།
  • སྟེ་ ༼རྩེ་བསྡུ་༽འབདཝ་ད་ ཕོཝ་ཅུང་རྒྱགས་སྦེ་ཞིན་ན་ འ་ང་ཆོས་ཀྱི་ལུང་བསྟན་འདུག་ཟེར་ སྟེ་འབད་ཞིན་ལས་ དེ་ལས་ཨ་ཡ་ན་ དེ་ལས་བླམ་འདི་ བཞུགས་ཤིག་ན་ ན་མི་སེར་འབདཝ་ད་ ང་བཅས་ས་མ་འདི་ མ་པ་གི་སྟེ་ ང་བཅས་ར་ད་ གནས་ཁ་ལས་འབད་བ་ཅིན་ གེ་ལ་ཟེར་སྦམ་ཨིན་ལགས། སྟེ་དེ་ལས་ཏེ་ མར་ལས་ཁོ་བྱོནམ་ད་ ༼ཁྱོད་རྒུད༽ ཆིབས་དཔོན་སྦེ་ རྟ་འགྲོ་བའི་ཐོག་ཁར་ ཁྱོད་དྲག་ཟེར་ ངོ་མ་འབད་ར་ཏེ་ བྱོན་དོ་མས་བ། སྟེ་ང་བཅས་ནང་ ༼ནགས་ཚལ་ནང་ བཟའ་ཁ་ཟེར་ གྲངས་སུ་སྦེ་དོ་བ་ལགས།༽
  • ད་ཁོ་ར་ཆིབས་ཁ་ཆིབས། སྟེ་ཨ་ནི་སྟེ་ ཨ་ནི་ཆིབས་འབད་འོངམ་ད་ ད་ཁྱོད་ཨ་ན་སྡོད་ས་འདི་ ཁྱོད་ཀྱི་བདག་འཛིན་འབད་དགོ་ ཨ་ནི་བར་ཏོང་གི་ཆུ་ཞིང་ཨིན་ཟེར་ ཨ་ན་གླང་རྡོ་བརྒྱད་ཀྱི་ས་ཡོད་ཟེར་སླབ་ཨིན་ལགས། ཨ་ན་༼ཀར་ཞིང༽སྦེ། ༼རང་སོ་བླ་མའི་ས་འབད་ཞིན་ན༽ རྡོ་བརྒྱད་ཀྱི་ས་བཅགས་སྦེ་འབད་ཞིན་ལས་ དེ་ལས་ཏེ་ ད་ཨ་ནཱ་ལས་ ཁོ་མར་བཅགས་ཞིན་ལས་ དེ་ལས་ཤུལ་མ་ ད་ཨ་ནི་ཁོ་ནང་སེ་བསྐོར་ལས་ སྐུ་མྱ་ངན་ལས་འདསཔ་ད་ དེ་ལས་༼དཔོན་རྙིངམོ༽བྱོན་བྱོནམ་མས་བ་ལགས། དེ་༼དཔོན་རྙིངམོ༽བྱོན་ཞིནམ་ལས་ དེ་ལསནི་ནཱ་གི་འདི་ཡང་ བཅགས་ཏེ་ ཕར་གྱྀ་ལྷ་ཁང་འདི་ར་ ༼དཔོན་རྙིངམོ༽གིས་བཞེངས་བཞེངསམ་ཨིན་མས་ལགས།
  • དེ་སྟེ་༼དཔོན་རྙིངམོ༽བཞེས་ དེ་ལས་ཏེ་ ༼དཔོན་རྙིངམོ༽གིས་ ཆུང་སུ་ཅིག་བཞག་ བཞེངས་བཞག སྟེ་༼དཔོན་རྙིངམོ༽ཞིན་ད་ སྟེ་རྒྱལ་བ་བསྟན་འཛིག་གྲགསཔ་ཟེར་མི་འདི་ ཨ་ནཱ་ང་བཅས་ཨ་ཡ་གཡུས་མགོ་གི་ ཨ་ཡི་ནང་ལས་ ཏེ་ཨ་ནི་ཧེ་མ་༼དཔོན་རྙིངམོ༽གིས་ ལུག་འཚོ་མི་ཚུ་གིས་ཏེ་ བུམོ་ལུ་འཁྲུངས་འཁྲུངསམ་མས་ལགས། སྟེ་འཁྲུངསམ་ད་ ཨ་ནི་བསྟན་འཛུན་གྲགས་པའི་ཡུམ་གྱི་མིང་བསམ་གཏན་བཟངམོ་ཟེར་དོ་མས་ལགས། སྟེ་བསམ་གཏན་བཟངམོ་ཟེར་མི་འདི་ ཕོཝ་ཅནམ་འབད་སྦེ་ ལུག་འཚོ་བ་བྱོན་ ཏེ་ཨ་ཡ་ཚལ་མ་ནང་གཟིམ་འབད་སྦེ་བཞུགསཔ་ད་ སྟེ་ཕོ་བའི་ནང་ལས་ ཡུམ་བསམ་གཏན་བཟངམོ་ ལུག་༼སླ་ས་བ་ར་དོ་༽ ལོང་ལོང་ཟེར།
  • སྟེ་ཁོ་རྒྱང་ཏང་འདི་ནང་ལས་ལོང་འབདཝ་ཅིག་ སྟེ་ཨ་ན་ང་བཅས་ལུག་༼བཟའ༽་མི་འཕརཝ་ཟེར་མི་འདི་ ཡར་ལོག་ལྟག་ལས་མར་འཐོན་འོང་ཡི་ཟེརཝ་མས་ལོ། དེ་ལས་ ཨུའ་༼ངེའི་ལུག་ཟ་མ༽ཟེར་ མརལས་ཡར་ཨ་ནི་སྦེ་བཞེངསམ་ཅིག་ སྟེ་ཕྱག་མར་ས་ནང་འཛུལཝ་ཅིག་ ༼མར་ར་འབདཝ་ཅིན་༽ འབདཝ་ད་ ད་ལྟོ་ཨ་ནི་ཕྱག་གཡསཔ་འདི་གུ་ལས་འཐོན་འཐོནམ་ཨིན་ཟེར་འདི་ ཆུ་༼དཀརཔོ༽ལྔ་སྦེ་མི་ཅིག་ ཨ་ནི་སྦེ་འབུར་འབུར་འབུར་ ཨ་ནི་སྦེ་འོད་ལགས།
  • སྟེ་དེ་ལས་ཨ་ནི་ཙན་དན་ཤིང་འདི་ ཨ་ནི་སྦེ་ཟེར་ ཏེ་ཨ་ན་ལས་ རྒྱལ་དབང་བསྟན་འཛིན་གྲགས་པ་གིས་ཏེ་ ཨེ་་་ད་ཕར་ལྷ་ཁང་བརྐྱབ་ རང་ས་འབད་ཨ་ནི་ ད་རུང་ཨ་ནི་འབད་མི་ ཧ་ེམ་ཨ་ནི་༼དཔོན་གླིངམ༽༼དགེས་བཤེས་པད་བི་སློབ་དཔོན༽ མར་བསམ་གཏན་བསྒང་བཞུགས་བཞུགསཔ་མས་ལགས། མར་བསམ་གཏན་བསྒང་ཨ་ནི་པདམ་དགོཔ་ས་ཟེར་ ཨ་ནི་ཞྭམོ་ སྤུས་ཞྭམོ་བཙུགས་བཙུགསཔ་བཟུམ་ཅིག་ཡོད་བ་ལགས། ཨ་ནཱ་བཞུགསཔ་ད་ སྟེ་དེ་ལས་ཏེ་ ཁོ་ཨ་ནཱ་ལས་སྒོམ་པ་གནང་འབད་བཞུགསཔ་ད་ སྟེ་༼བཅགས་ས་བསྒང་༽ཡར་བཅད་དེ་ རྔ་ཡབ་གླིང་ཨིན། རྔ་ཡབ་གླིང་འདི་ སངས་རྒྱས་ང་ཡི་དབང་དུ་བྱ་ཟེར་ད་
  • སྟེ་མགའ་འགྲོམ་ཅིག་གིས་ཟུར་ཁ་ལས་ ག་དེ་སྦེ་འོང་ནི་ ག་དེ་སྦེ་འོང་ནི་ཟེར་གསུངམ་ད་ སྟེ་འེང་་ ད་ལྟོ་ང་གི་འོང་མི་ཚུགས་ ད་ལྟོ་རོགས་མི་གནམ་མེད་ས་མེད་ཨིན་མས། ད་ལྟ་མ་ང་ཞིང་ཁམས་ནང་ཚར་ཅིག་ལོག་འགྱོཝ་ད་ ཆོས་ཀྱི་དབྱིངས་ལས་ལོག་འོངམ་ད་འབདན་ ང་གིས་དབང་ནི་ཟེར། ད་ཨ་ནཱ་ལས་ ལོག་འགྲུངས་ཞིན་ན་ལས་ ཏེ་ཕར་༼སྒོང་སྟོད༽དགོན་པའི་གདན་ས་བཅགས་ ཏེ་ནཱ་གི་འདི་ཞབས་ཐོག་ཞིན་ལས་ ཨ་ཙི་ཙི་སྦོམ་བཟོ། དེ་ཨ་ནི་ཚུ་ དེ་སྦེ་བཟོ་བཟོ་ཨིན་མས་བ་ལགས།
  • སྟེ་དེ་ལས་ཨ་ནི་ཤུལ་ལས་འབད་ཞིན་ དེ་ལས་འདི་༼རྒྱལ་སྲས་མནི༽ ཙན་དན་ཤིང་འདི་ཡང་ ཁྱོད་ར་པར་བཏབ་བསྣམས་བྱོན་དགོ་པ་ཅིན་ ང་འཁྱིད་འཁིད་འོང་ལགས། ཨ་ཕར་སྤང་ཟམ་ནང་ཡོད་ལགས། ཤིང་ར་ཏོག་སྐམ་སྦེ་ མར་ལས་ཡར་༼མ་པ་ཅན་དེ་འབད་སྦེ༽ ། ད་ཨ་ནི་ཚུ་ ཆོས་ཀྱྀ་དབྱིངས་ཨ་ནི་འབད་སྦེ་ ཨ་ཡི་ནང་སྒྲུབ་ཆུ་ཡོད། སྟེ་ཨ་ནི་ཚུ་ ད་ནཱ་ལས་གསུང་དོ་བཟུམ་སྦེ་ ནང་པ་ནངས་ཚེ་ དེ་སྦེ་བ་ཅིན་ང་བཅས་སླབ་མི་ཚུགས་ལགས་ ཨ་ནི་ཚུ། ང་བཅས་ཀྱི་རྣམ་ཐར་ལས་འབད་རུང་ཡང་ གནམ་མེད་ས་མེད་ཚེས་གྲངས་ཚུ་༼གསལ་ཁང་༽ནང་ བཞག་མི་ཚུགས་པས། འདི་བཞག་དགོན་དཔེ་ཆ་ནང་ར་བཞག་དགོ་པས།
  • སྟེ་ཨ་ན་ལས་༼སྒང་སྟོད་༽དགོན་པ་གིས་བརྐྱབ། སྟེ་༼སྒང་སྟོད་༽དགོན་པ་གིས་བརྐྱབ་ཞིནམ་ད་ སྟེ་ད་ཨ་ན་ ༼སྦས་ཏོང༽ལུ་ ཨ་ནི་བདུདམོ་ཟེར་མི་འདི་ གནམ་མེན་ས་མེད་ཚུབས་བསྐྱལ་ཏེ་ ཨ་ནཱ་ཕར་ཚུར་ཏེ་ མི་ནང་༼རེ་ཚེ་སྲིན་དོ་རྔརམོ༽ བཟའ་འབད་སྦེ་ཞིནམ་ལས་ ཨ་ནཱ་རྒྱལ་བ་བསྟན་འཛིན་གྲགས་པའི་སྐབས་ ཏེ་དེ་ལས་ཏེ་ ༼ནོར་དང་༽ཨ་ཕར་ལས་མར་ ༼དག་དཀརཔོ༽བྱ་འབོཝ་ཅིག་ སྟེ་ཡུམ་གཉིད་ཚོརཝ་ད་ར་ སྲས་འགྱོ་སྟེ་ སྲས་ཨ་ནི་ཆུང་ཀུ་ཅིག་སྦེ། སྟེ་དྲོཔ་ཅིག་འབདཝ་ད་སྟེ་ ད་དེ་ལས་ཏེ་ ཡུདཔ་ཅིག་སྟེ་ ཞག་གསུམ་ལོག་འོང་མས། ད་རུང་ག་འཚོལ་རུང་འཚོལ་མ་འཐོབ་པར་ ཞག་གསུམ་འགྱོཝ་ད་ལོག་འོང་འབད་ཞིནམ་ལས་
  • ཏེ་ང་བཅས་ཨ་ནི་ ད་༼ཨ་ཡི་རྫོང་༽སླབ་དོ་བཟུམ་སྦེ་ ང་བཅས་ཁ་ནང་སྦམ་མི་འདི་མི་གོ་བས་བ་ལགས། ཨེ་ཧོང་་་་སྟེ་ ༼ལྟོ་ཡ་ར་ཟོ་ཕི་ལོ་ ང་ལྟོ་པོ་རོ་ཟོ་ཕི་ཀེ༽ཟེར་ ཨ་ནི་བུད་འདི་ལུ་ པོ་ཟེར་སླབ་མས་བ་ལགས་ ཡར་གྱི་ལུགས་སྲོལ་འདི། སྟེ་པོ་རོ་ཛུག་ཕོ་ཀེ་ཟེར་ ཏེ་དེ་ལས་འདིནི་ ཁོ་འུམ་༼ད་ཁོ་ནུབ་༽་དེ་ལས་འདི་ ༼ཕྱི་རུ་གནས་༽ ཐགཔ་བཏགས་ལྐུདཔ་བཏགས་འབད་སྦེ་ དྲོ་པ་ཨ་ན་བཙུགས་བཞག་འབད་སྦེ་ སྟེ་དྲོ་པ་ནམ་དང་སྦྲགས་ཏེ་ ཡར་ལས་མར་ འཕུར་བྱོནམ་ད་ ༼འདི་བཏོནམ་ད༽ སྟེ་དེ་ལས་ མོ་ར་རྟིང་བདའ་ ཙང་ཙ་བདའ་སྟེ་ ལྐུདཔ་འདི་བཟུང་ཡི་བཟུང་ཡི་བཟུང་་ཡི་འབག་བལྟ་བ་ཡའགྱོ་ད་ལུ་ ཨ་མི་ནང་བདུད་འདི་ སྟེ་བྱ་ཆུང་ལུ་སྤྲུལ་ཏེ་ མགུ་ཏོག་འདི་རྒྱབ་ཁར་བཏོན་བཞག་ སྟེ་མཇུག་ལས་ཡར་ ཁ་ཡར་ཏ་ཞལ་བཏོག་བཞེས། སྟེ་འགྱོ་གེ་ཟེརཝ་མས་ལོ། ཨ་ནི་བཞེས་ཞིན་ན་ལས་ ཏེ་དེ་ལས་ཡུམ་འདི་མཐོངམ་ཅིག་
  • སྟེ་ཡ་ ང་ཨ་མ་ནཱ་འཐོན་འོང་ནུག་ད་ ཁྱོད་ལུ་ད་ ཁྱོད་ལུ་འདི་ལུང་བསྟན་མ་རྫོགས་པས་ ཏེ་ ཁྱོད་ར་༼དབང་ཚད་༽ཅིག་བཞག་ར་བཞག་དགོ་ནི་མས་ཟེར། དེ་འབདཝ་ད་ ད་ལྟོ་ཕར་གི་ ཁ་ཡར་རི་བོ་ལུ་འབད་བ་ཅིན་ མགུ་ཏོག་གཡག་འབདན་ གཡག་གི་སླབ་ཨིན་ཟེར་ ཁ་མར་གཡོན་མཇུག་འབད་བ་ཅིན་ སྟབས་མི་བདེ་ རྟ་གིས་སྐད་བརྐྱབ་འབད་སྦེ་ སྟེ་ད་ཨ་ནི་གི་སྦེ་ཡོད་ཟེར་ ཨ་ནི་བཤད་ནི་འདུག་ལགས། སྟེ་ད་༼སྤུས་༽ལས་འདི་ སྟེ་ད་ ད་རེས་༼སྤུས་༽ལས ད་རེས་ང་བཅས་ནང་ ༼སྤུས་༽ཐེངས་དགུ་ཡར་སོང་ཡི་བ་ལགས། སྟེ་ཨ་ན་ལས་ ལོག་ཅིག་གིས་གཅིག་བཅོས་ཁ་བརྐྱབ་གཅིག་གིས་གཅིག་བཅོས་ཁ་བརྐྱབ་འབད་སྦེ་ སྟེ་སྡོད་ས་སྦེ་རུང་ཡང་ གཅིག་བ་གཅིག་སྦོམ་ གཅིག་བ་གཅིག་དྲགཔ་ གཅིག་བ་གཅིག་བྱཝ་སྦེ་ ཨ་ནི་སྦེ་འབདཝ་ད་ལུ་ ཨ་ནི་སྦེ་འདུག་ལགས། ད་ནཱ་གིས་ཆགས་ཐངས་ཀྱི་སྐོར་ལས་ ཨ་ནི་མཚམས་ཅིག་ར་ཨིན་ལགས། ད་ང་གནམ་མེན་ས་མེད་ལེ་ཤ་ཞུ་ནི་མེད།