Skip to main content Skip to search
20 Jun 2018
2 min 23 sec
Video Overview
Creators: 
Sonam Chophel, Dawa Tshering

Tenzin from Rimi village, Khatoed Gewog, Gasa District shares an account of Gasa Dzong and the relics in and around the Dzong. Gasa is located in the northern part of Bhutan, and it is situated at the highest elevation of any dzong in the country. According to Tenzin, the Dzong was initially planned to be constructed at a place called Wogbisa, but during the consecration ceremony, a bird flew and took the ritual cake to the dzong’s present location. Thus, they thought that the new site was the prophesied location and constructed the Dzong accordingly. The main relics in the Dzong are Gomo, the local deity and other sacred texts such as the Kanjur.

མགར་ས་རྫོང་ཁག་ ཁ་སྟོད་རྒེད་འོག་ རི་མི་གཡུས་ཚན་ལས་ བསྟན་འཛིན་གྱིས་ མགར་ས་རྫོང་དང་  རྫོང་གི་ནང་ན་དང་ མཐའ་འཁོར་གི་ནང་རྟེན་ཚུའི་སྐོར་ལས་ ལོ་རྒྱུས་བཤདཔ་ཨིན་པས། མགར་ས་རྫོང་འདི་ རྒྱལ་ཁབ་ཀྱི་ནུབ་ཕྱོགས་ཁ་ཐུག་ལུ་ ཆགས་ཡོདཔ་མ་ཚད་ རྫོང་གཞི་འདི་ རྫོང་གཞན་མི་དང་ཕྱདཔ་ད་ ས་ཁ་མཐོ་ས་ལུ་ཆགས་ཡོདཔ་ཨིན། བསྟན་འཛིན་དང་འཁྲིལ་བ་ཅིན་ ཧེ་མ་རྫོང་འདི་ འགོ་ཐོག་དང་པ་ འོག་སྦི་ས་ཟེར་བའི་ ས་ཁོངས་ནང་ཆགས་ནི་སྦེ་ འཆར་གཞི་བརྩམས་ཡོད་རུང་ ཤུལ་ལས་རབ་གནས་ཀྱི་སྐབས་སུ་ བྱ་ཅིག་འཕུར་འོང་སྟེ་ གཏོརམ་འདི་ ད་རེས་རྫོང་ཡོད་སའི་ ས་ཁོངས་ནང་བཀལ་ཡོདཔ་ཨིན་པས། འདི་འབདཝ་ལས་ ཁོང་གིས་ ས་གནས་འདི་ ལུང་བསྟན་གྱི་ས་གནས་ཨིནམ་སྦེ་ ངོས་འཛིན་འབད་དེ་ རྫོང་འདི་བཞེངས་ཡོདཔ་ཡོདཔ་ད་ རྫོང་ནང་གི་ནང་རྟེན་གཙོ་བོ་འདི་ གཞི་བདག་སྒོང་མོ་དང་ གཞན་ཡང་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཚུ་ བཞུགས་ཏེ་ཡོདཔ་ཨིན་པས།  

Transcript search
No results found for this search
0 of 0
  • བསྟན་འཛིན་
    ཏེ་རྫོང་འདི་ཧེ་མ་ མར་འོག་འབད་ས་ཟེར་ འོབ་བཟོ་ཟེར་མི་འདི་ཁར་ཆགས་ནི་འབད་ ཏེ་མས་ནང་ལུ་རྫོང་ཏེ་འ་ནཱི་སྦེ་ ཏེ་རྫོང་ ནཱི་ཁ་འབདཝ་ད་ ནཱ་ལྷ་བསང་བཏང་ རྫོང་འདི་སྦོམ་བཟོ་ནི་སྦེ་ རྫོང་འདི་ཆགས་ནི་འབདཝ་ད་ ཏེ་བྱ་ཨོ་ལ་ཅིག་གིས་ ཏེ་ཁོང་རང་ཡར་ཨིན་མར་ཨིན་ཟེར་བའི་བར་ནང་རང་ཨོ་ལ་འདི་གིས་གཏོརམ་འདི་འབག་སྟེ་སྦེ་ ལྷ་བསང་གཏོརམ་འདི་འབག་ དེ་ལས་ཏེ་ཕྲངམ་ཕྲང་སར་ ཏེ་འབག་ཡར་སོང་།
  • བསྟན་འཛིན་
    དབའེ་དབའེ་ (ཏེ་གཏོརམ་འབག་ཡར་སོ་ཡི་ཟེར་སྡོད་པའི་བར་ན་?) ཏེ་ཁོང་མར་ལས་ཡར་བལྟ་སྡོདཔ་ད་ ཕྲངམ་ཕྲང་སར་ནཱ་ འ་ནཱ་གི་རྫོང་བཞེངས་སའི་བྱག་གི་སྦུག་སྐྱེལ་དཔ་ཨིན་ ཟེར་ཨིན་མས། ཏེ་མར་ལས་ཡར་ནཱ་ ཕྲང་ཕྲང་ནཱ་ ཚ་ངེར་བཏོན་བལྟ་བར་འོང་ཚེ་ གཏོརམ་འདི་ག་ནི་ཡང་མ་འབད་བར་ ཨོ་ལ་གིས་ཟ་ཡང་མ་ཟ་བར་ སྤོགས་ཡང་མ་སྤོགས་ ག་ནི་ཡང་མ་འབད་བར་ ཨ་རྟག་ཧ་ལུགས་བཟུམ་སྦེ་ ཏེ་འ་ནཱི་ཁར་སྐྱེལ་ ཏེ་ལུང་བསྟན་འདི་འ་ནཱ་ཨིན་མས་ཟེར་ འ་ནཱི་སྦེ་ཨིན་མས་ཟེར་ ཏེ་འ་ནཱི་སྦེ་ཨིན་ཟེར་ཏེ་གིས་འབད་ ཏེ་ང་བཅས་གིས་ རྣ་བ་གིས་འདི་ འ་ནཱི་སྦེ་གོཝ་ཨིན་པས།
  • Sonam Chopel
    ནཱ་གི་ནང་རྟེན་འདི་ཚུ་ག་ཅི་རང་ཡོདཔ་ཨིན་ན་གི་སྐོར་ལས་གསུངས་གནང་ལགས་ ཨ་ཙི་ཅིག?
  • བསྟན་འཛིན་
    ད་རྫོང་གི་ནང་རྟེན་འདི་ ཏེ་ཨཱ་་་་ ཡར་རོགས་སྒོ་མོ་་་་ སྒོ་མོ་ཨིན་མས་ལགས། དེ་ལས་ རྒན་རྒས་ (དགེ་བསྙེན་) སྒོ་མོ་ ཏེ་འ་ནཱི་སྦེ་འདུག་ལགས། དེ་ལས་མར་ འདི་གི་འོག་ལུ་ལྷ་ཁང་ཅིག་ ཏེ་བླམ་ལྷ་ཁང་ཟེར་འདུག་བ། ཏེ་འ་ནཱ་ལུ་ཡང་ལྷ་ཁང་ཅིག་འདུག
  • བསྟན་འཛིན་
    འདི་མིང་ཡང་བླམ་ལྷ་ཁང་ཟེར་ཨིན། འདི་གི་འོག་ཐོག་ལུ་ ཏེ་ད་རུང་མར་འབད་མར་ (དཀརཔོ་དགོནམ་?)ཟེར་ གཅིག་འདུག འ་མས་ནང་ ཏེ་བཀའ་འགྱུར་ བསྟན་འགྱུར་ དེ་ལས་འབུམ་འདི་ཚུ་ག་ཡ་མར་ ཏེ་སྐུ་དང་དེམ།
  • བསྟན་འཛིན་
    ཏེ་འ་ནཱ་ལུ་ད་རུང་ ནེམ་འ་ནཱི་ཅིག་འདུག་ལགས་རྡོ་ཅིག་ ཏེ་རྡོ་འདི་ ད་ལྟོ་བར་ཡང་ཕར་ཡོད་ རྡོ་འདི་ཏེ་ཞབས་དྲུང་ཡར་ལས་མར་བྱོན་པའི་བསྒང་ ཏེ་ཞབས་དྲུང་གིས་རྡོ་འདི་བར་སྟོད་ཁ་ཟེར་མི་འདི་ཁར་ ཡ་ད་འབདན་ ང་གདུལ་སྐལ་འདི་ ནཱ་ལྷོ་ལུ་ཡོད་ཟེར་བ་ཅིན་ ཏེ་ད་ ཟེར་ཏེ་སྦེ་ རྡོ་འདི་གུ་ཕྱག་འཁར་བླུགསཔ་ད་ ད་འཁརཝ་ཐེངས་ཕོགས་རེ་ལུ་ མར་རྡོ་འདི་གུ་པར་ཐེངས་ཕོགས་རེ་འདུག་ལགས།
  • བསྟན་འཛིན་
    ཏེ་འ་ནཱི་ ད་པར་འདི་འ་ནཱི་སྦེ་ པར་འདི་ ལྷོདཔ་ཅིག་བཅུ་ཐམ་དེ་ཅིག་འོང་ག་ ཁལ་བསྐོར་ཆ་ཅིག་འོང་ག་མ་ཤེས་ ཏེ་ཕར་མཇལ་ནི་འདི་མཇལ་ཡི་འ་ནཱི་སྦེ་ ཏེ་རྡོ་གུ་ལུ་པར་འཐོན་འཐོནམ་འདི་ ཏེ་ང་ལུང་བསྟན་འདི་ནཱ་ཨིན་ཟེར་བ་ཅིན་ཟེར་ ཏེ་འ་ནཱི་སྦེ་ཞབས་དྲུང་གིས་གནང་སྟེ་ འ་ནཱི་སྦེ་ ནང་རྟེན་འ་ནཱི་སྦེ་འདུག་ལགས།། །།