Skip to main content Skip to search
20 Jun 2018
6 min 16 sec
Video Overview
Creators: 
Karma Yezor

This video is an account of Gasa Tsachu (hotspring) given by Dargo from Yarbi village in Gasa Dzongkhag. According to him, the entire area of Gasa Tsachu was considered sacred by Guru Rinpoche, the precious master. The area contains of many sacred sites. On one side of mountain is a hotspring, and the opposite side of the mountain is believed to have an altar with many religious objects. 

གློག་བརྙན་འདི་ནང་ མགར་ས་རྫོང་ཁག་ ཡར་སྦིས་གཡུས་ཚན་ལས་ དར་མགོ་གིས་ མགར་ས་ཚ་ཆུའི་སྐོར་ལས་ ལོ་རྒྱུས་སླབ་ཨིནམ་ད་ ཁོ་དང་འཁྲིལ་བ་ཅིན་ མགར་ས་རྫོང་ཁག་གི་ས་གནས་ཆ་མཉམ་ གུ་རུ་རིན་པོ་ཆེའི་ བྱིན་གྱིས་བརླབས་པའི་གནས་ཨིན་ཟེར་མས། ས་གནས་འདི་ཚུ་ནང་ གནས་རྩ་ཆེ་ཏོག་ཏོ་ ལེ་ཤ་ཅིག་ཡོད་པའི་གྲལ་ལས་ ཚ་ཆུའི་ལོག་གཅིག་ཁར་ སྒང་ཅིག་ཡོད་ཅི་འདི་ མཆོད་གཤམ་དང་ མགར་ས་ཚ་ཆུ་འདི་ ཡོན་ཆབ་ཀྱི་ཚུལ་དུ་ཨིནམ་སྦེ་ ཡིད་ཆེས་བསྐྱེདཔ་མས། ཚ་ཆུ་འདི་དུས་ནམ་བྱུང་བྱུངམ་ཨིན་ན་ གཏན་གཏན་མེད་རུང་ ཨོ་རྒྱན་གུ་རུ་རིན་ཆེ་མཆོག་གིས་ བྱིན་གྱིས་བརླབས་་གནང་གནངམ་ཅིག་ཨིནམ་སྦེ་ ཆ་བཞགཔ་མས། ཚ་ཆུ་འདི་ཚར་ཅིག་ ཆུ་རུད་ཀྱི་འབག་སོང་ཡོད་རུང་ གཞུང་གིས་ལོག་ལེགས་ཤོམ་སྦེ་ བཟོ་གནང་ཡོདཔ་ཨིན། 

Transcript search
No results found for this search
0 of 0
  • དར་གོ
    མགར་ས་ཚ་ཆུ་འདི་ མ་པ་ར་སྦས་ཡུལ་གྱི་གྲངས་སུ་འབད་བརྩིཝ་ཨིན་གསེས་ཨིན་མས་ལགས། ཏེ་གུ་རུ་གིས་འབད་ སྦས་སྦསཝ་ཨིན་གསེས་ ཏེ་འདི་འབདཝ་ད་ དེ་ཡང་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ང་བཅས་ར་མར་ དྭངསམ་སྦྱིས་ལས་འོངམ་ཅིག་ གོན་ཐེ་སྒང་གསེས་ ཏེ་འ་ནཱི་ གོན་ཐེ་འབད་བརྩིཝ་མས་གསེས་ཞུ་ནི་ལགས། ཨ་མར་མཆོད་རྟེན་ཅིག་བཞེངས་ རྫོང་མཇལ་སའི་ས་སྒོ་འདི་ འ་ནཱ་ལུ་ལགས།
  • དར་གོ
    ཏེ་འ་ནཱ་ལས་ཡར་འཛུལཝ་ཅིག་ ཏེ་སྦས་པའི་ནང་ཨིན་གསེས་ཨིན་མས་ལགས། ཏེ་དེ་ལས་ མར་ལས་ཡར་འབད་བྱོན་པའི་ཤུལ་ལསན་ ཏེ་ཚ་ཆུ་འདི་ ག་ཏེ་ཆགས་ཏེ་ཡོད་ཟེར་བ་ཅིན་ ང་བཅས་ར་ མོ་ཆུ་གི་ ཏེ་ཕར་ལས་འབད་མཇལ་བ་ཅིན་ གཡོན་ཁ་ཐུག་ ཏེ་ང་བཅས་ར་ ཡར་ལས་མར་ ཆུའི་སྦུག་ལས་མར་ ཡར་ལས་མར་ མར་ལྟ་འབད་མཇལ་བ་ཅིན་ གཡས་ཁ་ཐུག་འབད་ འ་ནཱེ་སྦེ་ཨིན་གསེས་ཞུ་ནི་ལགས།
  • དར་གོ
    ཏེ་ ང་བཅས་ནཱ་ཚ་ཆུ་གི་ཁ་ཐུག་ལུ་ ད་ཚུར་ཁ་ཁ་ཐུག་ཚ་ཆུ་ ཕར་ཁ་ཁ་ཐུག་འདི་ ཏེ་རོགས་རྟེན་འབད་བརྩིཝ་མས་གསེས་ཞུ་ནི་ལགས། ཕར་ལས་མཆོད་བཤམ་ ཏེ་དེ་ལསན་ ཕར་ལས་ སྦས་ཡུལ་གྱི་མཆོད་བཤམ་ཨིན་མས་བ་ལགས། ཏེ་དེ་ལསན་ མར་ཁ་ཐུག་འདི་ ཏེ་སྦས་ཡུལ་འབད་ ཏེ་མི་འདི་ཚུ་ག་ར་ནཱ་འོང་ཟ་འཐུང་ ཚ་ཆུ་སྦང་སྦེ་འབད་ འབད་ས་གི་སྒོ་ཨིན་མས་གསེས་ཞུ་ནི་ལགས།
  • དར་གོ
    ཏེ་དེ་ལསན་ ང་བཅས་ར་ ག་དེ་འབད་བརྩིཝ་སྨོ་ཟེར་བ་ཅིན་ ཏེ་ཨོ་རྒྱན་གུ་རུ་གི་ ཏེ་དེ་ལསན་ ཕར་ཁ་ལུ་ ཏེ་ཧེ་མ་ར་ ཚ་ཆུ་གདོང་ཁ་གི་རི་འདི་ ཏེ་ཚེ་གཏོར་འབད་ ཏེ་དེ་ལས་ འདིའི་རྒྱབ་ཁར་ ཨ་ཙི་བྱག་དཀརཔོ་སྦེ་མཐོང་མི་གི་སྦོམ་འདི་ ཚེ་བུམ།
  • དར་གོ
    དེ་ལས་ འ་ནཱི་གི་བར་ན་སྐོར་གྱི་འདི་ གནསཔ་གི་ཕོ་བྲང་ དེ་ལསན་ ཚུར་ཁ་ཐུག་ལས་གསུམ་སྦེ་ཡོད་མི་འདི་ ཏེ་གཡོན་གྱི་ཁ་ཐུག་ལས་འབད་མཇལ་མི་འདི་ རིགས་གསུམ་མགོནམ་ ཏེ་ཡར་ རི་འདི་ཚུ་ག་ར་གཏོརམ་སྦེ་ ཏེ་འ་ནཱི་སྦེ་ཨིན་གསེས་ཨིན་མས་ལགས་ སྦས་ཡུལ་འདི། ཏེ་འ་ནཱི་སྦེ་འབདཝ་ད་ལུ་ ཏེ་ཚ་ཆུ་འདི་ཡང་ ཚ་ཆུ་བདུན་བཏོན་གནང་པའི་ཤུལན་ འདི་ནཱ་ལས་ཕར་ལྟ་ ཏེ་མཆོད་བཤམ་གྱི་ནང་ལུ་ ཡོན་ཆབ་ཕུལ་ཕུལཝ་ཨིན་གསེས་ཨིན་མས་ལགས།
  • དར་གོ
    མཆོདཔ་འབད་ཕུལ་སྦེ་འབདཝ་ད་ལུ་ ཏེ་འདི་ཁར་ མི་འདི་ཚུ་དྲག་ནི་གི་ ནད་གཞི་དྲག་ནི་དོན་ལུ་ སྨན་འདི་ཚུ་ ཏེ་མ་འདྲཝ་མ་འདྲཝ་འབད། གྲང་བ་དྲག་ནི་གི་ བད་ཀན་དྲག་ནི་གི་ དེ་ལསན་ རྐང་ཚིགས་ལག་ཚིགས་ནཝ་ད་དྲག་ནི་གི་ དེ་ལསན་ གྲིབ་དག་ནི་གི་ འ་ནཱི་སྦེ་ཨིན་གསེས་ཨིན་མས་ལགས། ཏེ་འ་ནཱི་སྦེ་རོགས་ ལྷམ་པ་མ་འདྲཝ་སྦེ་བདུན་དེ་ཅིག་ ཏེ་སྨན་བླུགས་སྦེ་འབད་ (ཏེ་ལུང་གནང་?) དེ་ལསན་ཏེ་ རབ་གནས་མཛད་སྦེ་འབད་ བཞག་བཞགཔ་ཨིན་གསེས་ཨིན་མས་ལགས།
  • དར་གོ
    ཏེ་དེ་ལསན་ སྨན་གྱི་རྐྱལ་ཅུང་འདི་ཚུ་སྤུ་ར་(ག་ར)ཁ་ཕྱ་སྦེ་འབད་ ཏེ་སྨོན་ལམ་བཏབ་ ཏེ་རོགས་ཚུར་ཁར་ ཚ་ཆུ་གི་ཁ་ཐུག་གི་ རི་གུ་ལས་གཏོར་གཏོརཝ་ཨིན་གསེས་ཨིན་མས་ལགས་ སྨོན་ལམ་བཏབ་སྦེ། ཏེ་འ་ནཱི་འབད་ནི་དེ་གིས་ ད་ལྟོ་ སྨན་ཆུ་འདི་ཚུ་ག་ར་ཐག་རིང་ས་སྦེ་ཡོད་གསེས་སླབ་མི་འདི་འ་ནཱི་ཨིན་མས་ལགས། ཕར་ཡ་ལུ་ཕར་ཆགས་ ཡ་ལུ་ཚུར་ཆགས་སྦེ་ཡོད་མི་འདི་ འ་ནཱི་ཨིན་མས་གསེས་ཞུ་ནི་ལགས།
  • དར་གོ
    ཏེ་ཚ་ཆུ་གི་ མིང་ལུ་ཡང་ ག་དེ་སྦེ་བརྩིཝ་སྨོ་ཟེར་བ་ཅིན་ ཚ་ཆུའི་མིང་འདི་ ཚ་ཆུ་གསེས་མེན་པས་བ་ལགས། ག་དེ་སྦེ་སྨོ་ཟེར་བ་ཅིན་རོགས་ གུ་རུ་གི་སྦས་ཡུལ་འབད་ནི་འདི་གིས་ སྦས་ཡུལ་གྱི་ཆུ་འབད་ནི་འདི་གིས་ སྦས་ཡུལ་ཆུ་ སྦས་ཡུལ་གྱི་ཆུ་གསེས་ཨིན་མས་བ་ལགས། སྦས་ཡུལ་ཆུ་གསེས་ ཏེ་འ་ནཱི་ ཚ་ཆུའི་རྐ་འདི་ད་ལྟོ་ འ་ནཱི་ཡར་ སྦས་ཆུ་ཟེར་མི་གཡུས་འདིའི་འོག་ལས་ཐོན་ནི་འདི་གིས་ མར་སྦས་ཆུ་གི་མིང་འདི་ མར་ཚ་ཆུ་ལུ་མེན་པར་ གཡུས་འདི་གུ་ཡར་སོངཔ་ཨིན་གསེས།
  • དར་གོ
    ད་ལྟོ་གཡུས་ཀྱི་མིང་འདི་ སྦས་ཆུ་ སྦས་ཆུ་གསེས་སླབ་ཨིན་གསེས་ཞུ་ནི་ལགས། དེ་ལསན་ འ་ནཱ་ལས་འབད་བའི་ཤུལ་ལསན་ ཏེ་ད་ ཧེ་མ་འབད་བ་ཅིན་ ཏེ་རོགས་ ཨོ་རྒྱན་གུ་རུ་གིས་ ཚ་ཆུ་འདི་བཏོན་གནང་སྦེ་ཞིན་ན་ ནཱ་ལ་ཕར་ ད་ཐང་སྦེ་ཨིན་གསེས་ཨིན་མས་ལགས་ ཕར་རི་གི་རྩ་བ་ལྷོད་ལྷོདཔ། ཐང་སྦེ་འབད་བའི་ཤུལན་ ཏེ་འ་ནཱི་ ཏེ་ཕར་ཀ་ལུ་བཏོན་བཏོན་མེན་པས་བ་ལགས་ཚ་ཚུ་འདི་ ཟུར་ཁ་ལས་འབད་བཏོན་སྦེ་འབད་ ཏེ་ཡར་ཡོན་ཆབ་འབད་ཕུལ་ ཏེ་ནཱ་ལས་ཕར་སྤང་སྦེ་ ཏེ་ཧེ་མ་དགའ་ཏོག་ཏོ་འབད་ འ་ནཱེ་སྦེ་ཡོད་དོ་ཡོདཔ་མས་ལགས།
  • དར་གོ
    ཏེ་རུད་སྦོམ་སྦེ་ཐོན་པའི་སྐབས་སུ་ལུ་ ཏེ་འཕྱག་བདའཝ་ད་ལུ་ ཏེ་དེ་ལས་ཚ་ཆུ་འདི་ ཡུདཔ་ཅིག་ལོ་བརྒྱད་ཅུ་དགུ་བཅུ་དེ་ཅིག་ ཏེ་སའི་འོག་ཚུད་དེ་བཞག་ནུག་ལགས། ཏེ་འ་ནཱེ་སྦེ་བཞག་སྦེ་འབད་ ག་ལོ་(ག་ཅི་ལོ) ཏེ་དེ་ལསན་ ལོག་ད་རུང་ཡང་ ལོ་བརྒྱད་ཅུ་དགུ་བཅུ་གི་ཤུལ་ལས་ ཏེ་མི་འདི་ཚུ་གིས་ ཧེ་མ་ཚ་ཆུ་ཡོད་གསེས་ རྣམ་ཅོ་གིས་གོ་སྦེ་ ཏེ་མིག་གིས་མ་མཐོང་པར་ ཧ་ལམ་ ལོ་ངོ་མང་རབས་ཅིག་ར་ ཡར་སོང་ནུག་གསེས་ཞུ་ནི་ལགས།
  • དར་གོ
    ཏེ་འ་ནཱི་གི་ཤུལ་ལས་ ད་རུང་ཡང་ ལོག་ཆུ་རུད་ཚར་ཅིག་ཐོནམ་ད་ལུ་ ཏེ་ཆུ་གིས་ར་བཏོན་སྦེ་འབད་ ཚ་ཆུ་འདི་འ་ནཱེ་སྦེ་བཏོན་བཞག་སྦེ་ ཏེ་ཞབས་དྲུང་བྱོན་སྦེ་ ཏེ་ཞབས་དྲུང་གིས་ ཏེ་ལུང་གནང་ དེ་ལསན་ ལོག་ཚ་ཆུ་འདི་ ཨ་རྟག་ཧ་ལུགས་འབད་བཏོན་སྦེ་ ཏེ་འ་ནཱི་བསྒང་ཡང་ རྐ་བདུན་དེ་ ཚངམ་སྦེ་ར་འདུག་གསེས་ཞུ་ནི་ལགས། འ་ནཱི་བསྒང་ཏེ་ཚངམ་སྦེ་ར་ཡོདཔ་སྦེ་ར་ འ་ནཱི་སྦེ་ལོ་རྒྱུས་བཤད་ནི་འདུག་ལགས།
  • དར་གོ
    ཏ་འ་ནཱ་ལས་ ད་རུང་ཡང་ལོག་སྟེ་ ཨེང་་་་་ འ་ནཱི་སྐབས་སུ་ལུ་ ཏེ་མི་འདི་ཚུ་གིས་ གནམ་མེད་ས་མེད་ དེ་བསྒང་ནཱ་ ཏི་རུ་གནམ་མེད་ས་མེད་མེད། ཏེ་ཁོང་ར་བཟའ་ནི་གི་ རྒྱགས་སྐལ་འདི་ཚུ་ཡང་ གནམ་མེད་ས་མེད་མེད་འབད་ནི་འདི་གིས་ ཏེ་ཚ་ཆུ་རྫིང་འདི་ ལེགས་ཤོམ་འབད་བཟོ་ ཏེ་གནམ་མེད་ས་མེད་ འ་ནཱི་སྦེ་འབད་མ་ཚུགས་པས་གསེས་ཞུ་ནི་ལགས་ འ་ནཱི་བསྒང་དེ།
  • དར་གོ
    ཏེ་ས་མཐའམ་བརྐོ་ཡི་བརྐོ་ཡི་འབད་ར་མར་ ཆུའི་མཐའ་མར་དོང་བརྐོ་ཡི་བརྐོ་ཡི་ར་ སྦང་ཡི་སྦང་ཡི་སྦེ་འབད་ ཏེ་འ་ནཱི་སྦེ་ ལོ་མང་རབས་ཅིག་འ་ནཱི་སྦེ་སྡོད་ནུག་གསེས་ཞུ་ནི་ལགས། ཏེ་འ་ནཱི་གི་ཤུལ་ལས་ ཏེ་དེ་ལསན་ ཞབས་དྲུང་བྱོན་ ཏེ་ཞབས་དྲུག་གིས་ ཏེ་ལུང་གནང་ རྐ་དེམ་འབད་སྦེ་ མཛད་སྦེ་འབད་བའི་ཤུལ་ལསན་ ཏེ་འ་ནཱ་ལས་ ཏེ་ད་རུང་འདི་གི་ཤུལ་ལས་ ད་རུང་ཡང་ ཆུ་རུད་ཐོན་སྦེ་འབད་ འབད་བའི་ཤུལན་ ཏེ་ལོ་མང་རབས་ཅིག་གི་ཤུལ་ལས་ ཆུ་རུད་ཐོན་སྦེ་ ཏེ་(རྐ་གཞི་?)གུ་ལྷོད་སོང་ནུག་གསེས་ཞུ་ནི་ལགས་ ཉམས་ཏེ།
  • དར་གོ
    ཏེ་རྐ་གཞི་གུ་ལྷོད་པའི་བསྒང་ལས་ ཏེ་དེ་ལསན་ ང་ཡང་ནཱ་ བདག་འཛིན་འབད་མི་སྦེ་ལྷོད་ཅི་ལགས་ ཤུལ་ལས་ཤུལ་ལས་འདི། ཏེ་ལྷོད་སྦེ་འབད་ཞིན་ན་ འ་ནཱི་བསྒང་ལས་ ཏེ་རོགས་ཚ་ཆུ་འདི་ཡང་ བད་ཀན་དྲག་ནི་ཅིག་དང་ དེ་ལསན་ ཨ་་་་་་ གྲང་བ་དྲག་ནི་ཅིག་ ཏེ་དེ་ལསན་ རྐང་ཚིགས་ལག་ཚིགས་ནཝ་ད་དྲག་ནི་ཅིག་ གྲིབ་བཤལ་ནི་ཅིག་ འ་ནཱི་བཞི་ལས་བརྒལ་མིན་འདུག་གསེས་ཞུ་ནི་ལགས།
  • དར་གོ
    འ་ནཱི་ཅིག་འདུག་ ཏེ་འ་ནཱི་འདི་རོགས་ དེ་བསྒང་ལས་ནཱ་ རྫོང་བདག་ དེ་ལས་དཔོན་འདི་ཚུ་ག་ར་ཡོད་ནི་འདི་གིས་ ཏེ་གཞུང་གི་ཁ་ཐུག་ལས་ ཞབས་ཏོག་ཞུ་སྦེ་འབད་ ཝ་བཙུགས་ དེ་ལས་སྦང་ས་ཡང་ ལེགས་ཤོམ་འབད་བཟོ་སྦེ་ར་འདུག་གསེས་ཞུ་ནི་ལགས།
  • དར་གོ
    ཏེ་འ་ནཱི་ཤུལ་ལས་ དེ་ལས་ད་རུང་ གནམ་ལོ་ ༢༠༠༩ ཆུ་གིས་འབག་སྦེ་འབད་ཞིནམ་ན་ལསན་ ཏེ་ད་ལསན་ ད་རེས་ཀྱི་ རྫོང་བདག་གིས་ ཏེ་རོགས་ མ་བཏུབ་བཏུབ་འབད་ར་མཛད་ ད་འདི་ རྫིང་སྦང་སུ་ཡང་དགའ་ཏོག་ཏོ་ རྫིང་ཡང་བདུན་འབད་ ཧེ་མ་གི་རོགས་ མཆོདཔ་ཕུལ་དོ་བཟུམ་སྦེ་ར་ ཏེ་བཟོ་སྟེ་ཡོད་གསེས་ཞུ་ནི་ལགས། ཏེ་མངའ་བདག་རིན་པོ་ཆེ་ སྦང་ས་དང་ག་ར་ ཧེ་མ་སྔར་བཞིན་དུ་སྦེ་ར་ཡོད་གསེས་ཞུ་ནི་ལགས།། །།