Skip to main content Skip to search
17 Dec 2014
2 min 19 sec
Video Overview
Creators: 
Sonam Chophel, Dawa Tshering

Laya is located among high mountain ranges believed to be sacred. In this video, Pasang shares the divine story of a famous peak in Laya known as "Gangchen Ta" (Tiger Mountain). According to her, the mountain looks like a cow and so tigers go there to pray to the cow. However upon closer inspection the mountain simply looks like another tiger. The tigers then regard the mountain as one of their own kind and visit it periodically. When tigers pass by the villages to visit Gangchen Ta, they do so in a peaceful manner as long as the people respond in kind. If the people become aggressive, or if they do not make offerings to the local deities, then the animals would be harmed on their way to Gangchen Ta.

༉  མགར་ས་རྫོང་ཁག་ ལ་གཡག་རྒེད་འོག་ གཡུས་ལུང་སྒོ་ལས་ སྐྱེས་ལོ་ ༧༣ ལངས་མི་ པ་སངས་ཀྱིས་བཤད་མི་ནང་ གཡུས་ཀྱི་ལྟག་ལས་ གངས་ཆེན་ལེ་ཤ་ཡོད་པའི་གྲས་ལས་གཅིགཔ་དེ་ གངས་ཆེན་སྟག་ཟེར་ སླབ་སྲོལ་ཡོད་མི་འདི་ སེམས་ཅན་སྟག་བཟུམ་གྱི་དབྱིབས་སྦེ་མཐོང་དོ་ཡོདཔ་མས། འདི་ལུ་ ལོ་བསྟར་བཞིན་དུ་ ཚོགས་ཀྱི་མཆོད་པ་ཕུལ་དོ་ཡོདཔ་ད་ ཚོགས་ཕུད་དང་ཆང་ཕུད་ལ་སོགས་པ་ཕུལ་བའི་སྐབས་ བཙོག་སྒྲིབ་རེ་འགྱོ་བ་ཅིན་ འདི་གིས་ ཉེན་འཚུབས་ཨ་ཙི་རེ་སྐྱེལ་དོ་ཡོད་པའི་ལོ་རྒྱུས་ཚུ་བཤད་ནི་ཡོད་མི་དེ་ཡང་ གཡག་གུ་ཁུར་ཆ་བཀལ་ལམ་ཁ་ལས་འགྱོཝ་ད་ ལྷོག་བཀོ་ སེམས་ཅན་ཚུ་ཐོན་ཏེ་ ནོར་སེམས་ཅན་ཚུ་བསད་ཟ་ འ་ནཱི་བཟུམ་གྱི་ཉེན་འཚུབས་ཚུ་བཀལ་དོ་ཡོད་པའི་ལོ་རྒྱུས་ཚུ་བཤད་ནི་འདུག

Transcript search
No results found for this search
0 of 0
  • པ་སངས། Pasang
    ང་གི་གཡུས་འདི་ལ་ཡག་ལས་ཨིན་ལགས། ང་རའི་གི་མིང་འདི་པ་སངས་ཨིན་ལགས། ང་ལོ་འདི་བདུན་བཅུ་བདུན་གསུམ་ཨིན་ལགས། ང་རྫོང་ཁག་འདི་མགར་ས་ཨིན། གཡུས་འདི་ལ་ཡག་ལུང་གུ་ལས་ཨིན་ལགས། རྒེད་འོག་འདི་ལ་ཡག་ལས་ཨིན་ལགས། ང་ཆུང་ཀུ་བསྒང་ལས་འ་ནི་འབད་ར་ ན་ཡོན་ཏན་དེ་ཚུ་ག་ནི་ཡང་མ་བལྟ་ལགས།
  • པ་སངས། Pasang
    ང་བཅས་ཕམ་མཉམ་ཆུང་འབད་ནི་འདི་གི་ ཡོན་ཏན་ག་ནི་ཡང་བལྟ་མ་ཚུགས་ ག་ནི་ཡང་མི་ཤེས་ལགས།
  • པ་སངས། Pasang
    ང་བཅས་གཡུས་འདི་གི་ལྟག་ལས་ གང་འདི་ལེ་ཤ་ཡོད་ བཙན་མདའ་གང་ མ་ས་གང་ གང་ཅན་སྟག་ཡོད་ལགས།
  • པ་སངས། Pasang
    གང་ཅན་སྟག་ཟེར་སླབ་མི་གི་ ཁུངས་དང་དགོས་པ་དེ་ཚུ་ ཞུ་བ་ཅིན་ གང་ཅན་སྟག་འདི་ ང་བཅས་ཧེ་མ་གང་ཅན་སྟག་འདི་ ནོར་བཟུམ་སྦེ་ཡོད་དོ་ཡོདཔ་ཨིན་མས་བ་ལགས་ གང་ཅན་སྟག་འདི་གཡས་ཐོན་ སི་ལི་འཇིགས་མེད་གཡོན་ཐོན་ཟེར་ ཁོ་གི་རྭཝ་འདི་འ་ནི་ཡོད་དོ་ཡོདཔ་ཨིན་མས།
  • པ་སངས། Pasang
    དེ་ལན་ཏེ་ འ་ནི་གང་ཅན་སྟག་འདི་ སྟག་ཨ་རྟག་ར་ལོ་གནམ་དང་བཞིན་དུ་ ང་བཅས་ཀྱི་ཧེ་མ་ལས་ར་ དང་ཕུ་ལས་ར་གང་ཅན་སྟག་འདི་ སྟག་འདི་གི་ནོར་ཨིན་མས་ཟེར་ཟ་བར་འགྱོཝ་ད་ ཡ་སེམས་ཅན་སྟག་བཟུམ་འབད་མཐོང་སྟེ་ དེ་ལན་ཏེ་ཁོ་གི་ཆ་རོགས་ཨིན་མས་མ་ཟ་བར་ ཨ་རྟག་ར་ཁོ་གང་ཅན་སྟག་འདི་ མཇལ་བར་འགྱོ་ནི་ཡོད་ལགས།
  • པ་སངས། Pasang
    སྟག་འདི་གི་ གང་ཅན་སྟག་མཇལ་བར་འགྱོཝ་ད་ ཁོ་ང་བཅས་ཀྱི་གཡུས་ཁ་གི་ གཡུས་ལྷ་དེ་ཚུ་ རྒྱས་ཤིང་རྒྱསཔ་གསོལཝ་བཏབ་ དེ་ལན་ཆང་ཕུད་དེ་ཚུ་གཙང་ཏོག་ཏོ་ ཚོགས་དེ་ཚུ་གཙང་ཏོག་ཏོ་ཡོད་པ་ཅིན་ ཁོ་གནོདཔ་ག་ནི་བ་མ་བཀལ་བར་ གང་ཅན་སྟག་མཇལ་འབད་ ལོག་བྱོནམ་ཨིན་ལགས།
  • པ་སངས། Pasang
    དེ་ལན་ཁོ་གི་ ང་བཅས་ཀྱི་གཡུས་ཁའི་མི་དེ་ཚུ་ བླམ་ཆོསཔ་དེ་ཚུ་གི་ ཡ་གཙང་ཏོག་ཏོ་འབད་མ་ཚུགས་ གང་ཅན་སྟག་གི་ཆོས་སྐྱོང་དེ་ཚུ་ལུ་ ཆང་ཕུད་ལེགས་ཤོམ་འབད་དྲངས་མ་ཚུགས་ ཙབཔ་ཙོབཔ་འབད་བ་ཅིན་ ཁོ་གི་ལམ་ཁར་ལས་ ང་བཅས་ཀྱི་གཡག་ ཡ་ མར་འགྱོ་ ཁུར་ཆ་བསྐྱལ་འབད་སྡོདཔ་ད་ ཁོ་གི་གཡག་འཐུ་བཀོ་ནི་ དེ་ལས་སེམས་ཅན་ཨིན་རུང་ ལམ་ཁའི་སེམས་ཅན་ཡོད་རུང་ བསད་ཟ་ འ་ནི་འབད་ཡི་ལགས།
  • པ་སངས། Pasang
    དེ་ལས་གཞན་འདི་ འ་ནི་ག་ནི་ཡང་འབད་ནི་མེད་ལགས། གཙང་ཏོག་ཏོ་ཡོད་པ་ཅིན་ ཁོ་གི་གནོདཔ་ག་ནི་ཡང་མ་བཀལ་བར་ གང་འདི་ར་མཇལ་འབད་ལོག་འགྱོ་ཡི་ལགས།