Video Overview
Gamung Lhakhang was built in the 1960s (1968?) as a Mani Dungkhor and in 2003 was upgraded to a full temple and named Gamung Lhakhang. Its main images are statues of Buddha, Guru and Chenrezig sponsored by former ChiefJustice of Bhutan Lyonpo Sonam Tobgay. People of Gamung village conducts an annual tshechu on 13-15th days of 10th lunar month of the Bhutanese calendar. The mask dances originated from Gönpoong Lhakhang. People of Gamung conduct a tshechu on every auspicious day including Threama Tshokhor headed by Lopen Sangay.
དགའ་མུང་ལྷ་ཁང་འདི་ པད་མ་དགའ་ཚལ་རྗོང་ཁག་ ཤུ་མར་རྒད་འོག་ནང་ཆགས་སྟེ་ཡོདཔ་ཨིན། དགའ་མུང་ལྷ་ཁང་འདི་ སྤྱ་ལོ་ ༡༩༦༠ ལོ་ལུ་མ་ཎི་དུང་འཁོར་འབད་ བཞེངས་གནང་ནུག དེ་ལས་ཤུལ་ལས་སྤྱ་ལོ ༢༠༠༣་ལུ་ མ་ཎི་དུང་འཁོར་འདི་ དགའ་མུང་ལྷ་ཁང་ངོ་མ་འབད་བཞེངས་གནང་ནུག། ལྷ་ཁང་འདི་གི་ནང་བརྟེན་ཡང་ ཁྲིམས་སྤྱི་བླན་པོ་སྒྲེབས་ བསོད་ནམས་སྟོབས་རྒྱས་གི་ སྦྱིན་བདག་མཛད་གནང་མི་ སངས་རྒྱས་ གུ་རུ་དང་སྤྱན་རེས་གཟིགས་ཀྱིས་སྐུ་ཚུ་ཨིན་མས། དགའ་མུང་གཡུས་འདི་ནང་གི་མི་ཚུ་གི་ ཟླཝ་བཅུ་པའི་ཚེས་༡༣་ལས་ ༡༥་ཚུན་དགའ་མུང་ལྷ་ཁང་ནང་ལུ་འབད་ འཆམ་དང་སྦྲགས་སྟེ་ཚོས་བཅུ་འདི་ འགོ་འདྲེན་འཐབ་ཨིན་མས། འཆམ་འདི་ཡང་ དགོན་པོངལྷ་ཁང་ལས་འབྱུང་ནུག དེ་མཚད་ སློབ་དཔོན་སངས་རྒྱས་ཀྱི་འགོ་འདྲེན་ཐོག་ལས་ ཁྲོས་མ་ཚོགས་འཁོར་ཡང་ འགོ་འདྲེན་འཐབ་གནང་ཨིན་མས། འདི་བཟུམ་མའི་ལས་རིམ་ འགོ་འདྲེན་འཐབ་དགོ་པའི་ དོན་དག་གཙོ་བོ་རང་ གཡུས་འདི་ནང་ དམ་པའི་ཆོས་དར་ནིའི་དོན་ལུ་ཨིན་མས།
- Pemagatshel
- Shumar
- སངས་རྒྱས་/Sangay:ལགས་སོ་ བཀྲིན་ཆེ། ཏེ་ང་བཅས་ནཱ་ དགའ་མུང་ལྷ་ཁང་གི་བསྐོར་ལས་ མདོར་བསྡུས་ཅིག་ཞུ་བ་ཅིན་ ང་བཅས་ར་ནཱ་ དགའ་མུང་ལུ་འདི་ གནམ་མེད་ས་མེད་ རྒྱས་ཞིང་རྒྱསཔ་དང་ གནམ་མེད་ས་མེད་ཡ་མཚན་ཆེ་ཏོག་ཏོ་ཅིག་ག་ཅི་ཡང་མེད།
- སངས་རྒྱས་/Sangay:ཨིན་ཏེ་ར་འབད་རུང་ ང་བཅས་ནཱ་ དགའ་མུང་ལུ་ ལྷ་ཁང་ཟེར་ཡང་མེན་ ཧེ་མ་དུང་འཁོར་ཟེར་ ཆུང་ཀུ་ཅིག་ཆགས་ཏེ་འདུག ཆགས་ཚུལ་གྱི་སྐོར་ལས་ མདོར་བསྡུས་ཅིག་ཞུ་བ་ཅིན།
- སངས་རྒྱས་/Sangay:གནམ་ལོ་འབད་བ་ཅིན་ དྲུག་ཅུ་རེ་གྲངས་ལུ་ དོམ་མཁར་གྱི་མེས་མེས་སློབ་དཔོན་ཟེར་མི་ མིང་གཏམ་ཅན་ཅིག་ཨིན་ ཡ་མཚན་ཆེ་ཏོག་ཏོ་ཅིག་ཡོདཔ་ཨིནམ་པས། ཨིན་ཏེ་རང་འབད་རུང་ སློབ་མ་ནཱ་ལས་དག་པ་ཅིག་ཡོདཔ་ལས་ ང་རའི་ཨ་ཞང་ དབང་རྒྱལ་ཚན་སླབ་ཨིན།
- སངས་རྒྱས་/Sangay:དེ་ལས་གཅིག་ ང་བཅས་ར་ནཱ་མི་ཤི་བླ་མ་ སློབ་དཔོན་ཙན་སྒྲ་ དེ་ལས་འདི་གི་འོག་ལས་ ནོར་བུ་དབང་འདུས་ དེ་ལས་འདི་གི་འོག་ལས་ དོ་རུང་ཀུན་བཟང་ཡེ་ཤེས་ཟེར་ ནཱ་གཡུས་ཁ་སློབ་དཔོན་ཟེར་ ཁོང་གཉིས་ཨིན།
- སངས་རྒྱས་/Sangay:ཨིན་རུང་འོག་ལས་ ཡོད་ན་མེད་ན་ ལཱ་འབད་མི་ ནཱ་ལུ་བསྟུན་གྲོས་འགྲིགས་ཏེ་ ཁོང་བཞི་གི་འགོ་འདྲེན་ཐོག་ལས་ ནཱ་ལུ་དུང་འཁོར་གཅིག་ ཆོས་སྦྱིན་གནང་ཞིནམ་ལས་ ནཱ་ལུ་དུང་འཁོར་ཆུང་ཀུ་ཅིག་རྐྱབ་སྦེ་ འདི་གི་ཐོག་ཁ་ལུ་ ཏེ་ང་བཅས་ནཱ་ ཡར་ངོ་མར་ངོ་ཚོགས་སའི་ས་གོ་ཅིག་བཟོ་སྟེ་འདུག
- སངས་རྒྱས་/Sangay:དེ་འབད་ནི་གིས་ ཏེ་ཤུལ་ལས་ཟེརཝ་ད་ འདི་གི་ཐོག་ལུ་ ཏེ་ཕམ་རྒས་ཤོས་ཚུ་དང་ནཱ་གཞོན་ཚུ་གིས་ གཞན་གཡུས་ཁ་ལས་ཕར་ འཆམ་དང་གཞན་ མ་འདྲ་བའི་ལྟདམོ་ཡོད་ནི་འདི་གིས་ ང་བཅས་ནཱ་ལུ་ཡང་ གཅིག་གཞི་བཙུགས་འབད་དགོ་པས་ཟེར།
- སངས་རྒྱས་/Sangay:གནམ་ལོ་ གནམ་མེད་ས་མེད་མ་འགྱོ་ ད་ལྟོ་ཚུན་ཚོད་འབདཝ་ད་ལུ་ ལོ་འབད་བ་ཅིན་ སུམ་ཅུ་སོ་བདུན་དེམ་ཅིག་ཡར་སོང་ནུག འ་ནཱི་གཞི་བཙུགས་འབད་བའི་བསྒང་གི་འཆམ་དེ་ཡང་ ངོ་མ་ངོ་མ་རང་ འཆམ་གྱི་བརྒྱུད་འདི་ གཡག་བསྒང་པའི་བརྒྱུད་ཟེར་ བརྩི་ནི་འདུག
- སངས་རྒྱས་/Sangay:དེ་ཡང་ ཏེ་ཡར་ཁེ་རི་དགོན་པའི་མེས་མེས་བླ་མ་ཀུན་དགའ་ལས་བརྒྱུད་དེ་ ནཱ་ལུ་གཞི་བཙུགས་འབད་དེ་ ད་ལྟོ་ཚུན་ཚོད་རྐྱབ་མི་དེ་ཡང་ ཤུལ་ཟླཝ་བརྒྱདཔ་ཚུན་ཚོད་རྐྱབ་སྡོད་ཅི་ ཟླཝ་བརྒྱད་པ་ལུ་ ད་འགྱུར་བཅོས་བཏང་སྟེ་ ད་ལྟོ་དུས་ཚོད་འབད་བ་ཅིན་ ཟླཝ་བཅུ་གཅིག་པ་ལུ་དེ་ཅིག་ཁ་ལུ་རྐྱབ་པའི་སོྲལ་ཅིག་གྱུར་ཏེ་ཡོད།
- སངས་རྒྱས་/Sangay:ཏེ་འ་ནཱི་འཆམ་དང་འ་ནཱི་ཚུ་གི་ཁུངས་ གནམ་མེད་ས་མེད་ ང་གིས་བཀལ་མི་ཚུགས་ཏེ་འབད་རུང་ ང་བཅས་ཀྱིས་ ཨ་ཙི་རེ་བཅའ་མར་གཏོགས་གཏོགསཔ་གི་ཤུལ་ཡང་ཡོད། ཨིན་ཏེ་འབད་རུང་ ད་ལྟོ་ཚུན་ཚོད་ གནམ་མེད་ས་མེད་ ནཱ་ལུ་ཚང་སྒྲིག་མེདཔ་ལས་ རྫོང་ཁག་གི་འཆམ་པ་དག་པ་ཅིག་ནཱ་ལུ་ཡོདཔ་ལས་ རྫོང་ཁག་ལུ་ཡང་ པད་གླིང་གིང་གསུམ་ དེ་ལས་སྐད་འཆམ་རིགས་མ་འདྲཝ་ཚུ་ ནཱ་ལུ་བཙུགས་ཏེ་ཡོད།
- སངས་རྒྱས་/Sangay:ཏེ་ཨིན་ཏེ་འབད་རུང་ ངོ་མ་གཙོ་བོ་འདི་ གཡག་བསྒང་པའི་ལུགས་ཟེར་ དང་ཕུ་ལས་ར་དེ་འདུག ད་ལྟོ་ཡང་ འདི་རང་བཏངམ་ཨིན་ཟེར་ཞུ་ནི་ཨིན།
- སངས་རྒྱས་/Sangay:ཏེ་ཨིན་ཏེ་འབད་རུང་ ང་བཅས་རའི་ལྷ་ཁང་ཆགས་རྒྱུ་འདི་ ངོ་མ་ གནམ་ལོ་༡༩༦༠ རེ་གྲངས་ལུ་ཆགས་ནུག དེ་གི་ཤུལ་ལས་ གནམ་ལོ་༢༠༠༣ གྱི་སྐབས་ལུ་ འ་ནཱིམ་ཅིག་བཞེངས་ཏེ་ ཏེ་འ་ནཱི་ཡང་ གནམ་མེད་ས་མེད་དཔངས་ཆེ་བ་ གནམ་མེད་ས་མེད་ཡ་མཚན་ཆེ་ཏོག་ཏོ་ཅིག་མེན།
- སངས་རྒྱས་/Sangay:དེ་སྦེ་ཨིན་ཏེ་འབད་རུང་ ད་ལྟོ་ང་བཅས་ར་མི་རྗེ་ཁྲིམས་སྤྱི་བློན་པོ་རིན་པོ་ཆེ་གིས་ གནམ་མེད་ས་མེད་ཐུགས་ཀྱིས་བརྩེ་བ་གཟིགས་ཏེ་ ང་བཅས་ནཱ་ལུ་ཧེ་མ་རང་ བསྟན་པ་གཙོ་འཁོར་གསུམ་གནང་གནངམ་ཨིན་ལགས།
- སངས་རྒྱས་/Sangay:འ་ནཱི་བསྟན་པ་གཙོ་འཁོར་གསུམ་གནངམ་ཞིན་དུ་ དེ་ལས་ང་བཅས་ར་ནཱ་སྤྱི་མི་བགྲེསཔ་ ཆོས་རྗེ་དབང་འདུས་ཀྱིས་ཡང་ ཨ་ཙི་རེ་རོགས་ ཕར་ཚུར་ཞུ་ཚུགས་ནི་འདི་གིས་ ཁོ་གིས་ནཱ་ལུ་ ལྡེབས་རིས་ཚུ་ཡང་སྐྱིད་སྡུག་ཞུ་ཞིནམ་ལས་ ཏེ་
- སངས་རྒྱས་/Sangay:དུས་ཅི་ཟེརཝ་ད་ འ་ནཱི་ལྡེབས་རིས་ སྡུག་ངལ་རང་གྲོལ་ཚོགས་འཁོར་ ཉེ་བའི་སྲས་ཆེན་བརྒྱད་ དེ་ལས་ལྟུང་བཤགས་ལྷ་ཚོགས་ མ་གཅིག་ཁྲོས་མ་ནག་མོ་ལྷ་ཚོགས་ཚུ་ ཏེ་མི་རྗེ་ཁྲིམས་སྤྱི་བློན་པོ་རིན་པོ་ཆེ་གིས་ གནམ་མེད་ས་མེད་ཐུགས་ཀྱིས་བརྩེ་བ་གཟིགས་ཏེ་ ང་བཅས་ར་ནཱ་ ཉམ་ཆུང་ཅིག་འདུག
- སངས་རྒྱས་/Sangay:མཐའ་ཟུར་ཅིག་འདུག་ཟེར་ མི་རྗེ་ཁྲིམས་སྤྱི་བློན་པོ་རིན་པོ་ཆེ་གིས་ དེ་སྦེ་གནང་ཞིནམ་ལས་ ང་བཅས་ར་ད་ལྟོ་ ཁྲོས་མ་གནངམ་ད་ ཡར་ངོ་མར་ངོ་ཨ་ཙི་རེ་ཚོགསཔ་ཨིན།
- སངས་རྒྱས་/Sangay:དེ་འབདཝ་ད་ལུ་ ང་ར་ཡང་ཉམས་སུ་མ་བླངས་མི་མི་གཅིག་ཨིན། མི་གནགཔ་སྦེ་སྡོད་སྡོདཔ་ཅིག་ཨིན། ཨིན་ཏེ་འབད་རུང་ གནམ་ལོ་༢༠༠༦ ལས་ཡར་ལྟ་ ང་བཅས་ར་གདུང་འཛིན་དགའ་རབ་རིན་པོ་ཆེ་གིས།
- སངས་རྒྱས་/Sangay:ནཱ་པདྨ་དགའ་ཚལ་ལུ་ དབང་དང་ལུང་ཁྲིད་ཚུ་ རྫོང་ཁག་གིས་འབད་ཞུ་ཞིནམ་ལས་ དེ་ལས་འ་ནཱི་སྡེ་ཚན་ནང་ན་ ང་བཅས་ར་བཅའ་མར་གཏོགས་ཚུགས་ཏེ་ དེ་ནང་འཛུལ་ཏེ་ དེ་ལས་རྐྱངམ་ཅིག་ ང་བཅས་དབང་ལུང་ཁྲིད་གསུམ་ཡང་ཕར་ལས་ཞུ་སྦེ།
- སངས་རྒྱས་/Sangay:ད་ལྟོ་ང་ར་འོག་ལས་ ཁྲོས་མ་ཉམས་ལེན་ཚོགས་པ་ནང་ལུ་ ༢༣ དེམ་ཅིག་ཡོད་ ང་རའི་རྩ་བའི་བླ་མ་ ངོ་མ་སློབ་དཔོན་འདི་ད་ལྟོ་མཚམས་ནང་བཞུགས་བཞུགསཔ་འབདཝ་ལས་ ད་ལྟོ་ང་གིས་འགོ་འདྲེན་འཐབ་སྟེ་ ང་ར་ཚེས་བཅུ་ཐམ་དང་ཉེར་ལྔ་ལུ་ མ་ཆདཔ་སྦེ་ར་ ང་བཅས་ར་ཚོགས་འཁོར་རེ་བསྐོར་ བསྙེན་པ་རེ་བསྒྲུབས་སྦེ་སྡོདཔ་ཨིན།
- སངས་རྒྱས་/Sangay:ཏེ་དེ་འབདཝ་ད་ རོགས་ནཱ་མི་སེར་གྱི་ཐོག་ལས་ སློབ་དཔོན་ཡང་ཡོད་ ཆོསཔ་ཡང་ གྲོང་ཆོསཔ་ཡང་ཡོད་ ཡར་ངོ་མར་ངོ་འབད་མི་ དུས་རྒྱུན་མ་ཆདཔ་སྦེ་ར་ ཁོང་ཆ་ཁྱབ་ཀྱིས་ཡང་སྡེ་ཚན་གྱིས་ཡང་བཏང་ནི་ཡོད།
- སངས་རྒྱས་/Sangay:དེ་འབདཝ་ད་ལུ་ ང་བཅས་ནཱ་ཁྲོས་མ་ཉམས་ལེན་ཚོགས་པ་ཚུ་གིས་འདི་ ཏེ་ཚེས་བཅུ་ཐམ་དང་ཉེར་ལྔ་ལུ་འདི་ སྦྱིན་བདག་གཞན་འཐོནམ་ད་ལུ་ གཞན་ལུ་ཡང་འགྱོ་དགོ་པས་ དེ་འབདཝ་ལས་ ནཱ་ལུ་ཡང་མ་ཆདཔ་སྦེ་རང་བཏངམ་བཏང་ནི་འདི།
- སངས་རྒྱས་/Sangay:ཏེ་ གནམ་མེད་ས་མེད་ང་གིས་ རྒྱས་ཞིང་རྒྱསཔ་སྦེ་ཤེས་ཡང་མི་ཤེས་ ད་ལྟོ་ང་རའི་ཕོ་རྒནམ་འདི་ མཚམས་ནང་བཞུགས་ནི་འདི་གིས་ ཏེ་ད་ལྟོ་ང་གིས་འགོ་འདྲེན་འཐབ་སྟེ་ ང་རའི་འོག་ལས་ ༢༣ དེམ་ཅིག་ཡོད།
- སངས་རྒྱས་/Sangay:ད་ལྟོ་གཏན་གཏན་སྦེ་སྡོད་མི་ བསྡོམས་བཅོ་ལྔ་དེམ་ཅིག་ཡོད་ ལ་ལུ་གཞན་རྫོང་ཁག་ ཐིམ་ཕུ་བཟུམ་ཅིག་ལུ་འགྱོ་མི་ཡང་ཡོད་ དེ་ཡང་ང་བཅས་ར་ ཁེ་རྒུད་ཡང་རྒུད་གཅིག་གུ་ར་འབད་སྦེ་ ང་བཅས་རའི་རིན་པོ་ཆེ་ནཱ་ལུ་འབྱོནམ་ད་ལུ་ཡང་ ང་བཅས་ཆ་ཁྱབ་ཀྱིས་ ག་ཅི་འབད་དགོཔ་ཡོད་རུང་ ཞབས་ཏོག་འདྲན་འདྲ་འབད་ར་ཞུཝ་ཨིན།
- སངས་རྒྱས་/Sangay:ཏེ་ད་ལྟོ་ ནཱ་ལྷ་ཁང་གི་སྐོར་ལས་ གནམ་མེད་ས་མེད་ རྒྱས་ཞིང་རྒྱསཔ་སྦེ་ཡ་མཚན་ཆེ་ཏོག་ཏོ་ཅིག་ ང་བཅས་མི་སེར་ཚུ་གིས་འདི་ ག་ཅི་ཡང་འབད་མ་ཚུགས།
- སངས་རྒྱས་/Sangay:ཨིན་ཏེ་འབད་རུང་ མི་རྗེ་ཁྲིམས་སྤྱི་བློན་པོ་རིན་པོ་ཆེ་གི་སྐུ་དང་གྲིབ་མ་གིས་འབདཝ་ལས་ ང་བཅས་མི་སེར་ཚུ་ཡང་ གནམ་མེད་ས་མེད་ ད་ལས་ཕར་ དོ་རུང་ ཨ་ཙི་ཅིག་མཐའ་འཁོར་ཡང་ ཡར་རྒྱས་བཏང་སྟེ་ ཨ་ཙི་ཅིག་ཧིང་སངས་སངས་སྦེ་སྡོད་དེ།
- སངས་རྒྱས་/Sangay:ནཱ་མི་སེར་ཚུ་ཡང་ སེམས་དང་ལྡནམ་སྦེ་རང་སྡོད་བཅུག་ནི་གི་ ང་བཅས་ཁྲོས་མ་ཚོགས་པ་ཚུ་གིས་སྨོན་ལམ་བཏབ་སྟེ་ཡོད། ནཱ་ད་ལྟོ་ནང་རྟེན་ཡང་མི་རྗེ་ཁྲིམས་སྤྱི་བློན་པོ་ཆེ་གིས་གནང་སྟེ།
- སངས་རྒྱས་/Sangay:སྐུ་རྟེན་ གསུང་རྟེན་ ཐུགས་རྟེན་ག་ར་ མི་རྗེ་ཁྲིམས་སྤྱི་གིས་གནང་མི་ ནཱ་ལུ་ གསུང་རྟེན་བཀའ་འགྱུར་ཡང་ཡོད་ འབུམ་ཡང་ཡོད་ དེ་ལས་ད་ལྟོ་ཞལ་འབག་ག་ར་གྲོགས་རམ་སྦེ་ ཕར་དང་ཚུར་ལས་ རོགས་ཀྱིས་གནང་བའི་བསྒང་རང་ཡོད།
- སངས་རྒྱས་/Sangay:འ་ནཱི་ཞལ་འབགཔ་ཚུ་ཡང་མང་ཤོས་རང་ ནཱ་པདྨ་དགའ་ཚལ་གྱི་ སྦྱིན་བདག་དགེ་དཀྲུག་ཟེར་མི་ཅིག་ཡོད་ ཁོ་གིས་ཆོས་སྦྱིན་སྦེ་གནང་སྟེ་ཡོད། གཞན་དོ་རུང་ གཞན་ཁ་ལས་གནང་གེ་ཟེར་མི་ མང་ཤོས་ར་ ནཱ་ལུ་གཞི་བཙུགས་འབད་དེ་ ལེགས་ཤོམ་སྦེ་ ཧེ་མ་ལས་རང་འགོ་འདྲེན་འཐབ་སྟེ་འདུག
- སངས་རྒྱས་/Sangay:ནཱ་ལུ་གནང་གེ་ཟེར་ གཞན་ཁ་ལས་ཡང་གྲོགས་རམ་གནང་གེ་ཟེར་ མང་ཤོས་ཅིག་གིས་རང་ ཁས་བླངས་གནང་ཏེ་ཡོད་ལགས། བཀའ་དྲིན་ཆེ།། །།