Skip to main content Skip to search
21 Jun 2018
7 min 23 sec
Video Overview
Creators: 
Duptho, Sonam Chophel

In this video, Choney from Tongla village, in Jamkhar Gewog under Trashiyangtse Dzongkhag, narrates an account of founding a place. He expresses a perspective on the creation of earth from a religious angle. This account supports the formation of a belief and ideas about the existence of the universe. He says that today young people are not interested to listen the many fascinating stories of their elders. In olden days, stories were usually narrated late in the evening, before children go to sleep.

 

བཀྲ་ཤིས་གཡང་རྩིས་ སྟོང་ལ་གཡུས་མཚན་ལས་ཨིན་མི་ ཆོ་ནི་གིས་བཤད་སྲོལ་བཟུམ་ ས་གཅགས་ཐངས་ཀྱིས་སྐོར་ལས་བཤད་འདི་ཡོདཔ་ཨིན་མས། ཁོ་གིས་ ང་བཅས་རའི་ འཛམ་གླིང་འདི་ ག་དེ་འབད་ འབྱུང་ཡི་ག་ སྐོར་ལས་བཤད་འདི་ ཡོདཔ་ཨིན་མས། ང་བཅས་རའི་ འཛམ་གླུང་འདི་ ག་དེ་འབད་ འབྱུང་ཡོ་ག་ སྐོར་ལས་ཡང་ བཤད་འདི་ཡོདཔ་ཨིནད་མས། ད་རེས་ནང་པ་ ན་གཞོན་འདི་ཚུ་གིས་ ཧེ་མའི་ལོ་རྒུས་ཉན་ནི་ལུ་ སྤྲོ་བ་ཅིག་མེད་སྐྱེཐད་དོ་ ཡོདཔ་ཨིན་མས། ཧེ་མའི་ དུས་ལུ་འབད་བ་ཅིན་ ང་བཅས་རའི་ཕམ་འདི་ཚུ་་གིས་  ལོ་རྒྱུས་དང་སྲུང་འདི་ཚུ་ མ་ཉལ་བའི་ཧེ་མ་ བཏང་དོ་ཡོདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • ཆོས་ཉིད་ Choney
    དང་པོ་ས་ག་དེ་སྦེ་ཆགས་ཆགསཔ་ཨིན་ན་སྨོ་ལགས? ས་ཆགས་པའི་སྐོར་ལས་ཞུ་བ་ཅིན་ ས་ག་ར་དང་པོ་ སྤོ་ཏོ་དང་སྤོ་ཏོ་ གཤོང་དང་གཤོང་མེད་པར་ འདྲན་འདྲ་ཕྲང་ཏང་ཏ་སྡོད་ནུག་ལགས་ རྒྱ་ཐང་བཟུམ་སྦེ།
  • ཆོས་ཉིད་ Choney
    རྒྱ་ཐང་བཟུམ་སྦེ་ཕྲང་ཏང་ཏ་ཡོད་ས་ལས་ ས་ས་ཀྲག་ཀྲ་འགྱོ་ནི་གི་དོན་ལས་ ག་ཅི་སྨོ་ཟེར་བ་ཅིན་ ཏེ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ ཨ་མ་དཔལ་ལྡན་རྩ་བའི་བླ་མ་ལུ་ དཔལ་ལྡན་བླ་མ་ལུ་ཞུ་ནུག་ ཞུཝ་ད་ལུ་ ས་ག་ར་ཐུགཔ་བཟུམ་སྦེ་འགྱོ་སྟེ་མ་བཏུབ་པར།
  • ཆོས་ཉིད་ Choney
    མ་བཏུབ་པ་ལས་བརྟེན་ཏེ་ དེ་ལས་ ས་ཀྲག་ཀྲ་འགྱོ་ནིའི་ཐབས་ཤེས་འདི་ ཏེ་ ཨ་མ་ལུ་མེད་ག་ཟེར་ཞུཝ་ད་ལུ་ ཨ་མ་གིས་ཁྱོད་ཀྱིས་ས་ཀྲག་བཟོ་ཚུགས་པ་ཅིན་འདི་ ས་ཀྲག་ཀྲ་འགྱོ་ནི་འདི་ ང་གིས་འབག་འོང་གེ་ཟེར་གསུངས་ནུག་ དཔལ་ལྡན་བླ་མ་གིས་ གསུངསམ་ད་ལུ།
  • ཆོས་ཉིད་ Choney
    ཏེ་ བུ་གིས་ ང་ད་རེས་བྱ་པོད་ཀྱི་ སྐད་དང་སྦྲགས་འགྱོ་དོ་ བུ་ཁྱོད་ཀྱི་ཨ་ཙི་ཅིག་ཡོད་འ་ནཱ་ ཨ་ཙི་ཅིག་ལེན་བཞག་ འ་ནཱི་ཨ་ཙི་ཅིག་གངམ་ད་ལུ་ ཡ་ནཱ་གང་ཡི་ཟེར་ ཁྱོད་ཀྱིས་ང་ལུ་སླབ་ད་ཟེར།
  • ཆོས་ཉིད་ Choney
    དེ་ལས་ གུ་རུ་རིན་པོ་ཆེ་གིས་ ཨ་མ་དཔལ་ལྡན་བླ་མ་ལུ་ ཏེ་ ཉིནམ་ཉིན་དགུང་ཧེ་མ་ དང་ཕུ་འབད་བ་ཅིན་ ཉིན་དགུང་ཟེར་སླབ་ཨིན་ ཏེ་ ད་ལྟོ་འབད་བ་ཅིན་ བར་བྷ་ཇི་ (in afternoon) སླབ་ཨིན་མས་ དང་ཕུ་ཉིན་དགུང་ལུ་ ཏེ་ ས་ཨ་ཙི་ཅིག་བྱུར་བཏང་ལྷོདཔ་ད་ལུ།
  • ཆོས་ཉིད་ Choney
    ཨ་མ་ ནཱ་ས་ལྷོད་དེ་གང་ཡི་ག་ཟེར་སླབ་ད་ དེ་ལས་ ཨ་མ་གིས་ བཱན་(བཀག་)ཞིནམ་ལས་ དེ་ལས་ ནཱ་ལྷོདཔ་ད་ལུ་ ག་དེ་སྦེ་བཀྲམ་ནི་སྨོ་ བུ་ཁྱོད་ཀྱིས་ཟེར་སླབ་ད་ལུ་ ཏེ་ གུ་རུ་གིས་ ཨཱ་ འ་ནཱི་འདི་ ང་གིས་བཀྲམ་ནི་འཇམ་ཟེར་ ག་དེ་སྦེ་བཀྲམ་ནི་ཟེར་སླབ་ད།
  • ཆོས་ཉིད་ Choney
    རླུང་ཚུ་བཀུག་ནི་ དེ་ལས་ རླུང་བཀུག་སྟེ་ རླུང་ལུ་སྦེ་ ཁྱེད་རླུང་མ་ཚུ་གིས་ ཁྱོད་ག་ཏེ་ལྷོདཔ་ཅིག་ ག་ར་བཀྲམ་ད་སྨ་རེད་ཟེར་ དེ་ལས་ རླུང་མ་གིས་སྦེ་བཀྲམ་ཏེ་ དེ་ལས་ ཧ་ལམ་ཅིག་ལས་ སྤོ་ཏོ་འདི་སྤོ་ཏོ་དང་ གཤོང་འདི་གཤོང་སྦེ་ མར་བལྟ་འབག་ནུག།
  • ཆོས་ཉིད་ Choney
    མར་བལྟ་སྤེད་འབག་མི་འདི་ ག་ཅི་གིས་འབག་ཡི་ཟེར་བ་ཅིན་ ཆུ་གིས་སྤེད་འབག་ནུག་ དེ་ལས་ ཆུ་གིས་སྤེད་འབག་སྟེ་ དེམ་ཅིག་སྤེད་འབགཔ་ད་ལུ་ ཏེ་ ག་ཅི་སྨོ་ད་ བྱག་འདི་བྱག་མཐོཝ་འགྱོཝ་མས་ གཤོང་འདི་གཤོང་སྦེ་རང་སྡོད་ནི་མས།
  • ཆོས་ཉིད་ Choney
    ཐང་མེདཔ་འགྱོཝ་མས་ ས་ག་ར་མར་རྒྱ་གར་ལུ་འབགཔ་མས་ ག་དེ་སྦེ་བཟོ་ནི་ཟེར་སླབ་ད་ལུ་འདི་ དེ་ལས་ གུ་རུ་རིན་པོ་ཆེ་གིས་ ཨིན་མས་ ད་ གཤོང་འདི་གཤོང་སྦེ་ སྤོ་ཏོ་འདི་སྤོ་ཏོ་སྦེ་དེམ་ཅིག་སྤེད་འབག་ནུག་ བཞག་ད་ཟེར་ ཏེ་ ད་ ཨིན་ འ་ནཱ་ལས་ ག་དེ་སྦེ་སྨོ་ཟེར་བ་ཅིན།
  • ཆོས་ཉིད་ Choney
    ད་ འ་ནཱ་ལས་མར་སྤེད་འབག་ནི་མེདཔ་ཅིག་ ཏེ་ གུ་རུ་ཁོ་གིས་མཛད་དེ་ གདམ་གནང་ནུག་ གདམ་གནང་སྟེ་ དེ་ལས་ རྡོ་ཡང་སྦོམ་འགྱོ་སྟེ་ མི་སྡོད་སར་མེདཔ་འགྱོ་ནུག་ སྡོད་ནི་མེདཔ་འགྱོཝ་ད་ གུ་རུ་རིན་པོ་ཆེ་གིས་ ཡ་ ད་ མི་སྡོད་ནི་གི་ས་གོ་མེདཔ་འགྱོཝ་མས་ཟེར།
  • ཆོས་ཉིད་ Choney
    ཆོས་ཀྱི་བསྟན་པ་བཙུགས་ནི་གི་ ས་གོ་ཡང་མི་མཐོང་ནི་མས་ ལྷ་ཁང་མཆོད་རྟེན་ འ་ནཱི་ཚུ་བཞེངས་ནི་གི་ ས་འགོ་མིན་འདུག་ཟེར་ ཏེ་ རྡོ་སྦོམ་འགྱོ་ནི་མེད་པའི་གདམ་གནང་སྟེ་ ས་འདི་ ཏེ་ ས་ས་སྦེ་ རྡོ་རྡོ་སྦེ་ སླ་བསྲེས་སྟེ་སྡོད་ནི་བཟོ་སྟེ་ དེ་ལས་ ཆུ་འདི་ཆུ་སྦེ་ ཧ་ལམ་ཅིག་ལས་ཆུ་སྐམ་འགྱོ་ནུག།
  • ཆོས་ཉིད་ Choney
    ཆུ་སྐམ་འགྱོཝ་ད་ལུ་ ཆུ་འདི་ ག་དེ་སྦེ་བཟོ་ནི་ ཨ་མ་ཟེར་ལོག་སླབ་ད་ལུ་འདི་ ཡ་ བུ་ཁྱོད་རང་ཤེས་འོང་ཟེར་གསུངས་ནུག་ དེ་སྦེ་གསུངས་མི་ ག་དེ་སྦེ་སྨོ་ཟེར་ ཏེ་ ཉི་མ་ས་སྨུག་གི་ ཏེ་ སྦོམ་འགྱོ་སྟེ་ ཆུ་ རླུང་མ་ལས་ ཆུ་སྦོམ་འགྱོ་སྟེ་ས་སྨུག་གིས།
  • ཆོས་ཉིད་ Choney
    ཤིང་ལུ་བྱིན་ནུག་ ཤིང་གི་ཉིམ་ཚ་ཏོམ་དང་ ཆུ་གཉིས་འབྲེལ་ཏེ་ ས་ལུ་བྱིན་ནུག་ ས་ལས་ཚདཔ་ཐོན་ཏེ་ ཆུ་འགྱུར་འགྱུརཝ་ཨིན་ ཆུ་འགྱུར་ཏེ་ ཏེ་ ད་ལྟོ་འཐུང་ནི་བཏུབ་ མཆོད་པ་ཡོན་ཁྱབ་ཕུལ་བཏུབ་མི་ འཛམ་གླིང་ལུ་ ཐོག་ག་ཅི་ཡང་ སོ་ནམ་གྱི།
  • ཆོས་ཉིད་ Choney
    ལྷ་ཁང་ཆར་ཆུ་ཉམས་ཏེ་ ལེགས་ཤོམ་འོང་མི་འདི་ ཏེ་ ཁོ་གུ་རུ་རིན་པོ་ཆེ་དང་ བླ་མ་དཔལ་ལྡན་བླ་མ་གིས་ ཆགས་ཆགསཔ་ཨིན་ཟེར་ཞུ་ནི་ཨིན་ལགས་ ང་བཅས་དང་ཕུའི་ཕ་མ་རྒྱལ་བ་གོང་མ་གིས་ གསུངས་བའི་དེམ་ཅིག་ཡོད།
  • ཆོས་ཉིད་ Choney
    དེ་ལས་ ད་ལྟོ་ ཆོས་འདི་ག་དེ་སྦེ་དར་ཞིང་རྒྱས་ཡི་ག་ཟེར་བ་ཅིན་ གུ་རུ་རིན་པོ་ཆེ་དང་ ཐུགས་རྗེ་ཆེན་པོ་གཉིས་ཀྱིས་ ཐུགས་སྨོན་གནང་སྟེ་ ཞལ་འཛོམས་གནང་སྟེ་ སངས་རྒྱས་ཚུ་འཛོམས་ཏེ་ མཛད་པའི་འཕྲོད་ལས་ ག་ཏེ་ལུ་མཛད་ཡི་ག་ཟེར་བ་ཅིན།
  • ཆོས་ཉིད་ Choney
    ཤར་དགུང་ཐང་ལ་ཟེར་ས་ལུ་ མཛད་མཛདཔ་ཨིན་མས་ལགས་ ཤར་དགུང་ཐང་ལ་ལུ་མཛདཔ་ད་ ག་དེ་སྦེ་མཛད་ནུག་ག་ཟེར་བ་ཅིན་ བྲག་ཕུག་ནང་ན་ གུ་རུ་རིན་པོ་ཆེ་ སློབ་དཔོན་འབད་དེ་ ད་ལྟོ་ནམ་མཁའི་སྙིང་པོ་དང་ རྒྱལ་བ་ཀརྨ་པ་དང་ བདུད་འཇོམས་རིན་པོ་ཆེ་དང།
  • ཆོས་ཉིད་ Choney
    ད་ལྟོ་ པད་རྗེ་རིན་པོ་ཆེ་ ནུབ་ཕྱོག་ཡེ་ཤེས་མཐའ་ཡས་དང་ ཁོང་ཚུ་ག་ར་ སྒོམ་ཆེན་སྦེ་འཛུལ་ནུག་ འདིའི་གྲས་ལས་ ད་ལྟོ་ཁྲོས་མ་ཟེར་མི་འདི་ ཏེ་ རོགས་མཁའ་འགྲོ་མ་ཁྲོས་མ་ཟེར་མི་འདི་ མོ་རེངསམོ་གཅིག་གིས་ ཆོས་འབད་ནུག་ འ་ནཱི་འབདཝ་ད། ཤར་དགུང་ལ་ལུ་ ཁོང་སྒྲུབ་པ་གནང་སྟེ།
  • ཆོས་ཉིད་ Choney
    སངས་རྒྱས་ཚུ་ག་ར་རྟགས་པ་རེ་རེ་ཕུལ་ཏེ་ གུ་རུ་རིན་པོ་ཆེ་ལུ་ཕུལ་ནུག་ ཕུལཝ་ད་ལུ་ ག་ར་རྟག་པ་རེ་རེ་ཐོནམ་ད་ རྟགས་པ་ཚུ་ག་ར་ ང་ཡང་ལོ་རྒས་འདི་འགྱོ་ཡི་ ལོ་བདུན་བཅུ་བདུན་གསུམ་དེམ་ཅིག་འགྱོ་ཡི།
  • ཆོས་ཉིད་ Choney
    མ་པ་ལས་རང་སེམས་ཁར་ནང་མིན་འདུག་ ཡོད་མི་ཚུ་ཞུ་ནི་རང་ཨིན་མས་ ཏེ་ བདུད་འཇོམས་ཀྱི་རྟགས་མཚན་འདི་ ཕུར་པ་གིས་ འཕུར་ཏེ་ སེ་ཀྲོམ་གཅིག་གནངམ་ད་ལུ་ བྱག་ནང་བཙུགས་ནུག་ ཁྲོས་མའི་རྟགས་མཚན་གྱིས་འདི།
  • ཆོས་ཉིད་ Choney
    མི་ཤི་སྟེ་ལོ་གསུམ་འགྱོ་བའི་རོ་ལུ་ སེ་ཀྲོམ་གཅིག་གིས་ལོངས་ཚུགས་སྦེ་ དེ་ལས་ རྒྱལ་བ་ཀརྨ་པ་གིས་འདི་ ནམ་མཁའ་གི་སྐར་མ་འདི་ མེད་མི་སྐར་མ་བཙུགས་ཚུགས་ཅི་ཟེར་ཨིན་མས་ ནུབ་ཕྱོགས་ཡེ་ཤེས་མཐའ་ཡས་ཀྱིས་འདི།
  • ཆོས་ཉིད་ Choney
    ཆོས་འཁོར་ལུ་ སེ་ཀྲོམ་གཅིག་གི་ འཛམ་གླིང་ལུ་དཔེ་ཆ་ཚུ་ག་ར་དར་ཚུགས་ཅི་ཟེར་ཨིན་མས་ དེ་ལས་ ཞབས་དྲུང་ངག་དབང་རྣམ་རྒྱལ་འདི་ ཏེ་ འ་ནཱི་ ནུབ་ཕྱོགས་ཡེ་ཤེས་མཐའ་ཡས་ཀྱི་ སྲས་མོ་སྦེ་སྐྱེས་ནུག་ལགས་ ཤར་དགུང་ཐང་ལ་ལུ་སྒྲུབ་པ་གནངམ་ད་ལུ།
  • ཆོས་ཉིད་ Choney
    མཁའ་འགྲོ་མ་ཚུ་དང་ཅིག་ཁར་གཉེན་བཏགས་ཏེ་ དགུང་ལོ་བརྒྱད་ལུ་ ཞབས་དྲུང་བཤགས་ནུག་ ཞབས་དྲུང་བཤགས་ཏེ་ དེ་ལས་ ལོག་སྟེ་ གུ་རུའི་ཕ་མ་འདི་ གུ་རུ་རིན་པོ་ཆེ་ཨ་ནེ་མེད་པར་ ཨ་པའི་ཐུགས་ཁར་ལུ་ ལོ་ལྔ་བཞུགས་ནུག།
  • ཆོས་ཉིད་ Choney
    ཨ་པའི་ཕོཝ་ནང་ན་ལོ་ལྔ་བཞུགས་ཏེ་ དེ་ལས་ ནུབ་ཕྱོགས་ཡེ་ཤེས་མཐའ་ཡས་དང་ མཁའ་འགྲོ་མ་གཉིས་བཤུམ་ད་ལུ་ ག་ཅི་སྨོ་ཟེར་བ་ཅིན་ ཏེ་ ཁྱོད་གཉིས་མ་སྔུ་ཟེརཝ་ད་ ཨ་ལོ་ཤི་སྟེ་སྔུཝ་ཨིན་ བུམོ་གཅིག་སྡོད་ཡི་ ཤི་ཡི་ཟེར་སླབ་ད་ དེ་ལས་ འ་ནཱ་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཏེ།
  • ཆོས་ཉིད་ Choney
    ཁྱོད་གཉིས་ནངས་པ་ བུམོ་འཕྱད་དགོ་མནོ་བ་ཅིན་ ང་འབད་སར་ཤོག་ ཉིནམ་ཤརཝ་ད་ ཁྱོད་གཉིས་ཀྱི་བུམོ་འདི་ ངེའི་ཕོཝ་ནང་ན་ཡོད་ཟེར་གསུངས་ནུག་ གུ་རུ་རིན་པོ་ཆེ་གིས་ དེ་ལས་ ནངས་པ་ཉིནམ་ཤརཝ་ད་ འགྱོ་བལྟཝ་ད་ལུ་ དགུང་ལོ་ལྔ་སོང་སྟེ་འདུག་ཟེར་ཨིན་མས།
  • ཆོས་ཉིད་ Choney
    ཕ་མ་ལེན་ཏེ་ ཁྱོད་གཉིས་འདི་ ག་ཅི་མ་ཕངས་ནི་ ང་རང་ཡང་ཕངས་ཏེ་ ས་ཁར་རང་མ་བཞག་པར་ཡོད་འ་ནཱ་ཟེར་ ཡར་འབག་བཞག་སྟེ་ཡོད་ཟེར་ ཏེ་ ད་ ཁྱོད་གཉིས་ཀྱི་འདི་ རོགས་བུམོ་སྦེ་སྐྱེས་ཡི་ ངེའི་ཕ་མ་འདི་ བུ་སྦེ་སྐྱེས་ཡི་སྨ་རེད་ཟེར།
  • ཆོས་ཉིད་ Choney
    ད་ མར་རྒྱ་མུ་ཏི་པ་དང་ ཡར་བོད་ཀྱི་བར་ན་ འབྲུག་རྒྱལ་ཁབ་ཟེར་མི་འདི་ བཟུང་ནི་གི་བར་ནའི་སེམས་ཅན་ཨ་ཙི་ཅིག་ཡོད་ ཏེ་ ཁྱོད་ཀྱིས་སྦེ་ བདག་འཛིན་འབད་ཟེར་ སྡིག་པ་འདི་ ཁྱོད་འབད་དེ་བཏང་དགོ་པས་ སེམས་ཅན་ཚུ་སྐྱོང་ནི་ཟེར་སླབ་ད་ལུ་འདི་ ང་མི་འགྱོ།
  • ཆོས་ཉིད་ Choney
    མར་བལྟ་འདི་ རྒྱ་གརཔ་འདུག་ ཡར་བལྟ་འདི་ བོདཔ་འདུག་ གཉིས་ཀྱིས་ང་གསད་འོང་ཟེར་ཨ་པ་ལུ་ཞུཝ་ད་ ཨ་པ་གིས་ ཨེའི་ མར་ལས་འབགཔ་ད་འདི་ ངེའི་ལགཔ་གཡས་པ་ཡོད་ གཡས་པ་གིས་བཀག་ནི་ཟེར་ ཡར་ལས་འབགཔ་ད་ལུ་འདི་ ངེའི་ལགཔ་གཡོན་པ་ཡོད་ གཡོན་པ་གིས་འབད་ཚུགས།
  • ཆོས་ཉིད་ Choney
    ཁྱོད་བུ་ཕུད་རྡོག་གཅིག་འབད་མི་ཅིག་ འདྲོག་མི་དགོ་ཟེར་ ལོ་བཅོ་ལྔ་སོང་ ང་དང་འཕྱད་དེ་འགྱོ་ཟེར་སླབ་ད་ལུ་ ང་མི་འགྱོ་ཟེར་སླབ་སྟེ་ དེ་ལས་ དེ་སྦེ་སྡོད་ཟེར་གསུངས་ཏེ་ ལོ་སུམ་བཅུ་ལུ་བྱོན་ནུག་ཁོ།
  • ཆོས་ཉིད་ Choney
    གུ་རུ་སྐུ་མདུན་ལས་བྱོནམ་ད་ལུ་ ཁ་ཡར་བལྟ་ནུབ་ ཁ་ཐུག་བྱོན་ནུག་ ནུབ་ལས་ལྷོ་ལུ་འབད་ནུག་ བྱང་ལུ་འབད་ནུག་ བྱང་ལས་ཤར་ཁ་ཐུག་འབད་ནུག་ ཤར་ལས་འབད་དེ་ ལྷོ་ལས་འབད་དེ་ ཏེ་ ང་བཅས་རའི་ནཱ་འབྲུག་ལུ་བྱོན་བྱོནམ་ཨིན་མས།
  • ཆོས་ཉིད་ Choney
    དེམ་ཅིག་ཨིན་ལགས། ལེ་ཤ་ར་སླབ་སྟེ་འབད་རུང་ གཞན་ཚུ་ཐོགས་འོང་ཧ་ལམ།