Video Overview
This is an account of a fight between two local deities, Meme Drakpa Wangdi and Tshongtshongma, at Lauri village in Samdrupjongkhar district. These deities are popular among the eastern districts and most of the people worship them, especially the Tshongtshoma deity. Drakpa Wangdi is one of the main deities in Lauri Gewog (county) and it is believed that he is a very strict deity who can harm people, if someone goes against him. In this context, a laborer was buried, who was the host of the deity Tshongtshoma. She called for a fight against Drakpa Wangdi. Drakpa Wangdi informed a village to call him if Tshongtshongma's army comes for war but the villagers did not follow the command. Drakpa Wangdi cut off the mountain of the village, which can still be seen today, as well as the mountains of both deities.
༉ དེ་བསྒང་ བསམ་གྲུབ་ལྗོངས་མཁར་ ཤིང་མཁར་ལའུ་རི་གཡུས་ཚན་གྱི་ སྲུང་མ་མེས་མེས་དྲེགས་པ་དབང་འདུས་དང་ཚོང་ཚོང་མ་གཉིས་འཐབ་པའི་ལོ་རྒྱུས་ཡོདཔ་ད་ ཚོང་ཚོང་མ་འདི་ ཤར་ཕྱོགས་ལུང་ཕྱོགས་ནང་གི་མི་ཚུ་གིས་བསྟེན་མི་སྲུང་མ་ཡོངས་གྲགས་ཅན་ཅིག་ཨིན། མེས་མེས་དྲེགས་པ་དབང་འདུས་འདི་ ལའུ་རི་རྒེད་འོག་ནང་གི་མི་ཚུ་གིས་བསྟེནམ་ཨིནམ་ད་ བཀའ་གཉན་དྲགས་ཡོདཔ་ལས་ ཁོ་གི་བཀའ་དང་འགལ་བ་ཅིན་ མི་ལུ་གནོདཔ་ཡང་བཀལ་བའི་ལོ་རྒྱུས་འདུག དེ་ཡང་ཚོང་ཚོང་མའི་སྦྱིན་བདག་གཅིག་ ལཱ་འབད་བའི་སྐབས་ལུ་སའི་འོག་ལུ་ཨེབ་ད་ མོ་གིས་ དྲེགས་པ་དབང་འདུས་དང་ཅིག་ཁར་དམག་རྐྱབ་ནི་ཟེར་ གསལ་བསྒྲགས་འབད་ཡོདཔ་ལས་ ཁོ་གིས་ གཡུས་ཁའི་མི་ཚུ་ལུ་ ཚོང་ཚོང་མ་གིས་དམག་རྐྱབ་པར་འོང་པ་ཅིན་ ཁོ་ལུ་སླབ་ ཟེར་སླབ་བཞགཔ་ད་ མི་ཚུ་གིས་མ་སླབ་ལས་ ཁོ་དགོངསམ་ཁྲེལ་ཏེ་ གཡུས་ཁའི་རི་མགོ་བཏོག་བཏང་བཏངམ་ཨིན་ཟེར་ ད་རེས་ནངས་པ་ཡང་ རི་མགོ་བཏོག་བཏང་མི་དེ་མཐོང་ནི་ཡོདཔ་མ་ཚད་ དང་ཕུ་འདི་ ཕྱི་ཁའི་མི་གསརཔ་ཅིག་ལུང་པ་དེ་ནང་ལྷོད་པ་ཅིན་ ལམ་ཡང་བཏང་མ་བཏུབ་པའི་ལོ་རྒྱུས་ཚུ་ཡང་འདུག
- Samdrupjongkhar
- Lauri
- རྡོ་རྗེ་ཚེ་རིང་ Dorji Tsheringལགས་སོ། ང་འདི་ སྐྱེས་ལོ་འབད་བ་ཅིན་ ༥༣ འགྱོ་ཡི་ལགས། ངེའི་མིང་འབད་བ་ཅིན་ རྡོ་རྗེ་ཚེ་རིང་ཨིན་ཟེར་ཞུ་ནི་ལགས།
- རྡོ་རྗེ་ཚེ་རིང་ Dorji Tsheringཏེ་འ་ནཱི་དང་ཕུ་ ནཱ་ང་བཅས་ར་ དྲེགས་པ་དབང་འདུས་དང་ ཏེ་ནཱ་ཚོང་ཚོང་ཕྱད་མདའ་རྐྱབ་པའི་སྐོར་ལས་མདོར་བསྡུས་ཙམ་ཅིག་ ང་གིས་ཞུ་གེ་ཟེར་ཞུ་ནི་ལགས།
- རྡོ་རྗེ་ཚེ་རིང་ Dorji Tsheringཏེ་འ་ནཱི་ཕྱད་མདའ་རྐྱབ་པའི་དགོ་པའི་འབྱུང་ཁུངས་ག་ཅི་ཨིན་ན་ཟེར་བ་ཅིན་ དང་ཕུ་ང་བཅས་ནཱ་ལས་ཡར་ལྟ་ དོས་འུར་ལཱ་རེ་ཕོགཔ་འདྲས་ དང་ཕུ་དང་ཕུ།
- རྡོ་རྗེ་ཚེ་རིང་ Dorji Tsheringདེ་ལས་ ནཱ་ལས་ཡར་ལྟ་ཕོགཔ་ད་ལུ་ ཏེ་ང་བཅས་ནཱ་ལས་ཡར་ལྟ་མི་ཚུ་གིས་ ཚོང་ཚོང་མ་ལུ་ ཁྱོསམ་འདི་ ལབ་རྩའི་ཁྱོསམ་ཕུལཝ་ད་ལུ་ ངང་ལག་གི་པགས་ཀོ་ཅིག་ཕུལ་ཡི་ཟེར་ཨིན་པས་ལགས།
- རྡོ་རྗེ་ཚེ་རིང་ Dorji Tsheringདེ་ལས་ཨ་ནཱི་འབདཝ་ད་ལུ་ ང་བཅས་ཀྱི་དོས་པ་འདི་ ཚོང་ཚོང་གིས་ བཀྲ་མ་ཤིསཔ་འབད་དེ་ ཨ་ཙི་ཅིག་འཕུལ་བཀོཝ་ད་ རྐངམ་བཅག་བཅགཔ་ཨིན་ན་ ག་ཅི་ཨིན་ན་ ཨ་ཙི་ཅིག་ཡར་སོངཔ་ཨིན་མས།
- རྡོ་རྗེ་ཚེ་རིང་ Dorji Tsheringདེ་ལས་འ་ནཱི་འབད་སྦེ་ དེ་ལས་ཨ་ནཱ་ལས་ཁོ་རའི་སྦྱིན་བདག་འདི་ འདི་བཟུམ་སྦེ་ བཀྲ་མ་ཤིསཔ་འབད་གནང་ཡི་ཟེར་ ཡར་ལས་མར་ ཨ་ལྕེ་ལྷ་མོ་འཆམ་ཅིག་འབག་འབགཔ་མས།
- རྡོ་རྗེ་ཚེ་རིང་ Dorji Tsheringཨ་ལྕེ་ལྷ་མོ་འཆམ་འབག་འོང་སྦེ་ ནཱ་ཕར་པཱཌ་པ་ན་ཟེར་སར་ མི་སུབ་ས་ཟེར་ཅིག་ཡོད་ལགས། དེ་ལས་ཨ་ནཱ་ལུ་ཏེ་ ནམ་བསྲོ་སྟེ་ ཉལ་ལ་བཟོ་སྟེ་སྡོད་སྡོདཔ་མས།
- རྡོ་རྗེ་ཚེ་རིང་ Dorji Tsheringཏེ་དེ་སྦེ་སྡོདཔ་ད་ལུ་ཏེ་ ལམ་སྟོན་པ་འདི་ ང་བཅས་ཀྱི་ལའུ་རི་པ་སྡོད་སྡོདཔ་མས། དེ་ལས་ལ་མགུ་ལས་ ལའུ་རི་ཀོ་ཏ་ ལའུ་རི་ཀོ་ཏ་ཟེར་ བྱ་གཅིག་གིས་འབོ་དེས་ཟེར་ཨིན་མས།
- རྡོ་རྗེ་ཚེ་རིང་ Dorji Tsheringདེ་ལས་ ད་རེས་ག་ཅི་ཅིག་ཨིན་ན་ཟེར་ ཕྱི་ཁར་ཐོན་བཏངམ་ད་ ཡར་ལས་མར་རྡོ་གིས་ཨེབ་བཞག་སྟེ་ ནང་ན་ཨ་ལྕེ་ལྷ་མོ་འཆམ་འདི་ ཞག་བདུན་ཚུན་ཚོད་ རྔ་ནང་ན་བརྡུངས་ཏེ་ འཆམ་རྐྱབ་དེས་ཟེར་ཨིན་པས།
- རྡོ་རྗེ་ཚེ་རིང་ Dorji Tsheringདེ་ལས་ཨ་ནཱ་ལསན་ཏེ་ ཚོང་ཚོང་མ་གིས་ ཁོ་གི་སྦྱིན་བདག་འདི་ འ་ནཱི་བཟུམ་སྦེ་སྤུབས་སྤུབསཔ་ཨིན་ཟེར་ མེས་མེས་དྲེགས་པ་དབང་འདུས་ལུ་ལྟ་སྟེ་ ཁོང་གཉིས་ཕྱད་མདའ་རྐྱབ་པའི་བསྒང་ལུ་ ཁོ་གིས་ཨ་ནཱི་སྦེ་སྤུབས་སྤུབས་ཨིན་པས།
- རྡོ་རྗེ་ཚེ་རིང་ Dorji Tsheringསྤུབས་ཞིནམ་ལས་ཏེ་ ཕྱད་མདའ་འབག་འོང་ནི་ཨིན་ཚོང་ཚོང་མ་གིས་ དེ་ལས་ནཱ་དར་རྒྱས་དགོན་པ་ཟེར་ས་ལུ་ ཕྱད་མདའ་འོང་པ་ཅིན་ ཁྱོད་ཀྱིས་ང་ལུ་ ཨ་ཙི་ཅིག་བརྡ་ལན་འབད་གནང་ཟེར་ མེས་མེས་དྲེགས་པ་དབང་འདུས་ཀྱིས་ནཱ་ལུ་སླབ་སླབ་ཨིན་པས།
- རྡོ་རྗེ་ཚེ་རིང་ Dorji Tsheringཏེ་སླབ་ད་ལུ་ ཁོ་གིས་ནཱ་ལས་བརྡ་ལན་མ་འབད་བར་ ཡར་ལས་མར་ ཕྱད་མདའ་འབག་འོང་སྟེ་ གནམ་མེད་ས་མེད་ཕྱད་མདའ་འབག་འོང་སྟེ་ རྡོ་དང་ཤིང་ག་ར་བཅག་འོང་སྟེ།
- རྡོ་རྗེ་ཚེ་རིང་ Dorji Tsheringདེ་སྦེ་འབད་དེ་ སྦུལ་སྦོམ་སྦོམ་[མཛུབ་དཀྱི་བཏགས་ཏེ་?]འདུག་ཟེར་ཨིན་པས། དེ་ལས་ཨ་ནཱ་ལསན་ཏེ་ ནཱ་ང་བཅས་ཀྱི་དྲེགས་པ་དབང་འདུས་ཀྱིས་ཤེས་ཏེ་བལྟཝ་ད་ ནཱ་འཇོམས་པ་ལྷོད་དེ་ཡོདཔ་ལས་ ནཱ་ལས་བརྡ་ལན་འབད་གནང་ཟེརཝ་ད་ བརྡ་ལན་མ་འབད་བས་ཟེར།
- རྡོ་རྗེ་ཚེ་རིང་ Dorji Tsheringཏེ་ལ་འདི་ལྟག་ལྐོག་བཏོག་འབག་འོང་སྟེ་ ཏེ་ད་ལྟོ་མགུ་ཏོག་འདི་ཨ་ཕི་ཨིན་ཟེར་ཞུ་ནི་ལགས། དེ་ལས་མེས་མེས་དྲེགས་པ་དབང་འདུས་ཡང་ ཕར་རང་ཡོད།
- རྡོ་རྗེ་ཚེ་རིང་ Dorji Tsheringཏེ་ཚོང་ཚོང་མ་ཟེར་མི་འདི་ ཡར་སྨིན་དྲུག་ལ་ལས་བལྟཝ་ད་ མཐོང་ནི་ཡོད་ཟེར་ཞུ་ནི་ལགས། འདི་ཡང་ང་བཅས་ནཱ་གི་མེས་མེས་དྲེགས་པ་དབང་འདུས་ཀྱིས་ མེན་མདའ་བཏང་བཏངམ་ཨིན་ཟེར་ ཧེ་མ་དང་ཕུ་འདི་མེན་མདའ་ཟེར་སླབ་དེས་ ད་ལྟོ་འདི་ ཀྲོབ་མདའ་ཟེར་སླབ་མས་བ་ལགས། འ་ནཱི་སྦེ་བཏང་བཏངམ་ཨིན་ཟེར་ དོང་ཨ་ནཱིམ་ཅིག་འགྱོ་སྟེ་ཡོད་ཟེར་ཞུ་ནི་ང་གིས།
- ཕུར་པ་རྡོ་རྗེ་ Phurpa Dorjiའཇོམས་པ་ཐོབ་དགོ་པའི་འབྱུང་ཁུངས།
- རྡོ་རྗེ་ཚེ་རིང་ Dorji Tsheringའཇོམས་པ་ཐོབ་དགོ་པའི་འབྱུང་ཁུངས་འདི་ ག་དེ་སྦེ་ཨིན་ན་ཟེར་བ་ཅིན་ འ་ནཱི་དམག་འཇོམས་ཞིནམ་ལས་ འཇོམས་པ་ཟེར་ དེ་སྦེ་ཐོབ་ཐོབ་ཨིན་ཟེར་ ང་གིས་མདོར་བསྡུས་ཙམ་ཅིག་ ཁ་གསལ་ཧིང་གསལ་ ཧིང་སངས་ས་འབད་ཞུ་མི་ཚུགས་པས་ ཨིན་རུང་དེ་ཅིག་སྦེ་ཞུ་སྟེ་ བཀའ་དྲིན་ཆེ་ ཟེར་ཞུ་ནི་ལགས།། །།