Skip to main content Skip to search
28 Jun 2018
7 min 47 sec
Video Overview
Creators: 
Yeshi Wangchuk
Transcript search
No results found for this search
0 of 0
  • བདེ་ཆེན་དབང་མོ་ Dechen Wangmo
    སྐུ་གཟུགས་བཟང་པོ་ ང་ ང་རའི་མིང་འདི་ བདེ་ཆེན་དབངམོ་ཟེར་ཞུཝ་ཨིན། ཏེ་ ང་བཅས་ ནཱ་འདི་ ཨ་ནཱི་ཝང་སི་སི་ན་ཟེར་ཞུཝ་ཨིན་ལགས། གཡུས་འདི་གི་མིང་འདི།
  • བདེ་ཆེན་དབང་མོ Dechen Wangmo
    ཏེ་ ཨ་ནཱི་ཁྱིམ་འདི་ནང་ལུ་ ད་ལྟོ་ང་ར་བརྩིས་པ་གིས་མི་བརྒྱུད་ བཅུ་ཐམ་བཅུ་གཅིག་ བཅུ་གཅིག་གུ་ལྷོད་སོང་ཡི་ལགས་ ངེའི་ཨ་ལོ་ཚུ་གིས་འབདན་ བཅུ་གཉིས་གུ་ལྷོད་ནི་ཨིན་མས་ལགས་ འ་ནེམ་ཅིག་ཡར་སོང་ཡི།
  • བདེ་ཆེན་དབང་མོ་ Dechen Wangmo
    ད་ ཧེ་མ་ཧེ་མ་རང་ ག་དེ་སྦེ་ཨིན་ན་ ང་བཅས་ཀྱིས་སླབ་ནི་མིན་འདུག་ལགས་ ད་ འ་ནཱི་རྣམ་ཐར་ཚུ་ལས་ རྣམ་ཐར་ཚུ་ལས་ མཇལ་འབད་སྦེ་ འ་ནཱི་ནང་ལས་བལྟཝ་ད་འདི་ གནམ་ལོ་(སྤྱི་ལོ་) གཅིག་སྟོང་བདུན་བརྒྱ་བརྒྱད་བཅུ་གྱ་བརྒྱད་ནང་ལུ་ འབྲུག་བསྟན་འཛིན་ཟེར་ ཨ་་་ སྡེ་སྲིད་བཅུ་དགུ་པ་ཅིག་འབད་ནུག་ལགས་ ཏེ་ འ་ནཱ་ལས་འབད་ལྟཝ་ད་ལུ་ དེ་ལས་ ཁོ་གིས་འདི་ སྡེ་སྲིད་བཅུ་དགུ་པ་འབད་ནུག
  • བདེ་ཆེན་དབང་མོ་ Dechen Wangmo
    དེ་ལས་ ཁོའི་ཤུལ་ལས་ རྒཔོ་དཀརཔོ་ཟེར་མི་འདི་གི་བུ་ རྒཔོ་དཀརཔོ་ཟེར་མི་འདི་ ཧེ་མ་ ང་བཅས་ནཱ་གི་བརྒྱུད་པ་ ཨ་རྒས་ཀྱི་ཨ་རྒས་མས་བ་ལགས། ཏེ་ ཁོ་མ་པ་འདི་ གོ་ས་འདི་ རྒཔོ་དཀརཔོ་ རྒཔོ་ཟེར་ རྒཔོ་ཅིག་བ་མ་འབད་བས། དེ་འབདཝ་ད་ ཁོ་ མི་ཨ་ནཱི་ ང་བཅས་ཀྱི་མི་ སྤྱིར་བཏང་བཟུམ་སྦེ་མེན་པར་ མ་འདྲཝ་ཅིག་ཡོདཔ་ཨིན་ཟེར་ ཨིན་མས་ལགས། ཁོ་གིས་ འདྲེ་ཚུ་ཡང་བཏུལ་ཚུགསཔ་ཨིན་ཟེར།
  • བདེ་ཆེན་དབང་མོ་ Dechen Wangmo
    ཏེ་ འ་ནཱི་ འདྲེ་ བཀྲ་ཤིས་རྣམ་རྒྱལ་ཟེར་མི་འདི་ ཁོ་གི་བུ་ཨིན་མས་ལགས། ཏེ་ འ་ནཱི་གིས་ སྡེ་སྲིད་ཁལ་གཅིག་འབད་ནུག་ལགས་ ཉི་ཤུ་པ་ དེ་ལས་ འདི་གི་ཤུལ་ལས་ ཏེ་ དེ་ལས་ ཁོ་གི་ཚོ་བོ་(ཚ་བོ་) སངས་རྒྱས་བསྟན་འཛིན་ཟེར་མི་འདི་གིས་ སྡེ་སྲིད་ཁལ་གཅིག་གསུམ་པ་ འ་ནཱི་འབད་ནུག་ལགས། ཏེ་ འ་ནཱི་སྦེ་ སྡེ་སྲིད་སྡེ་སྲིད་སྦེ་རྒྱུད་འོང་སྦེ་ དེ་ལས་ འ་ནཱི་ཤུལ་ལས་འདི་ དེ་ལས་ ཨམ་སྲུ་གུ་ཡར་སོངཔ་འོང་མས་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    འ་ནཱི་འབད་ནི་འདི་གིས་ ཨམ་དར་གོམ་ལོ་ ཨམ་རྟ་མགྲིན་བུད་དར་ལོ་ཟེར་ ཏེ་ དེ་བསྒང་ལས་ ངེའི་ཨང་རྒས་ཀྱི་ ཨང་རྒས་འོང་མས་ལགས། འ་ནཱི་སྦེ་འགྱོ་འབད་སྦེ་ ཏེ་དེ་ལས་ སི་སི་ཕྱུགམོ་ཟེར་ སླབ་དགོ་མི་འདི་ འ་ནཱི་སྦེ་ དེ་ལས་ ཨམ་སྲུ་གུ་ཡར་སོང་སྟེ་སྦེ་ སི་སི་ཕྱུགམོ་ཟེར་ འ་ནཱི་སྦེ་སླབ་ཨིན་ཟེར་ འ་ནཱི་སྦེ་འདུག་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    ད་ ཧེ་མ་འདི་ སྡེ་སྲིད་ཀྱི་གཟིམ་ཅུང་རང་ཟེར་ སླབ་དོ་འོང་མེན་ན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    ཏེ་ ཡུདཔ་ཅིག་ལས་ འ་ནཱི་སྦེ་ ཨ་རྒས་འདི་ཚུ་གིས་སླབ་ད་ ཏེ་ འ་ནཱི་སྦེ་ ཨམ་སྲུ་གི་བརྒྱུད་པ་ བརྒྱུད་པ་ཨམ་སྲུ་ལུ་ལྷོདཔ་ཞིནམ་ལས་ འ་ནཱི་སྦེ་ཕྱུགམོ་ཟེར་ སླབ་ཨིན་ཟེར་ འ་ནཱི་སྦེ་སླབ་ནི་འདུག་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    ཧེ་མ་འདི་སྡེ་སྲིད་ཀྱི་གཟིམ་ཅུང་སྦེ་རང་བརྩི་དོ་འོང་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    ད་ ང་བཅས་ཀྱིས་ཤེས་དོ་བཟུམ་ཅིག་འབདན་ ཏེ་ འ་ནཱི་སྡེ་སྲིད་བཅུ་དགུ་པ་འབད་ཞིནམ་ལས་འདི་ ཏེ་ ཁྱིམ་འདི་མེ་གིས་ཡང་མ་ མེ་གིས་ཡང་མ་འཚིགས་པས་ དེ་ལས་ ག་ཅི་ཡང་མ་འབད་བས།
  • བདེ་ཆེན་དབང་མོ་ Dechen Wangmo
    དེ་ལས་ ད་ལྟོ་ནཱ་གིས་མཐོང་སར་ཡོད་མི་ གདོང་ཁ་གི་འདི་འབདན་ དང་ཕུ་འདི་ འ་ནཱ་ལས་ཕར་ སྟེང་སྒོ་སྦེ་ ཆབ་གསང་སྦེ་ཡོད་དོ་མས་བ་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    དེ་ལས་ འ་ནཱི་སྟེ་ གཞུང་ལམ་ཡར་ལས་ཕར་ཐོན་འབད་ཚར་ཞིནམ་ལས་ ཏེ་ འ་ནཱི་སྦེ་མི་བཏུབ་པས་ཟེར་ དེ་ལས་ ཨ་་་ ཆབ་གསང་འདི་ ཕར་ཟུར་ཁར་ལས་བཏགས་ འདི་གཡབ་ཅུང་སྦེ་བཏགས་འབད་སྦེ་ འ་ནཱི་སྦེ་ ངེའི་ཨ་རྒས་ཀྱི་སྐབས་ལུ་ འ་ནཱི་སྦེ་བཟོ་ནུག
  • བདེ་ཆེན་དབང་མོ་ Dechen Wangmo
    ཏེ་ གཞན་འདི་ བཅོ་ཁ་ག་ནི་ཡང་མ་རྐྱབ་ཟེར་ སླབ་མས་ལགས་ ཏེ་ ག་ར་དང་ཕུ་གི་ག་ཨིནམ་སྦེ་ར་འདུག་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    འ་ནཱི་གདོང་ཁ་གི་འདི་ དང་ཕུ་གི་ཆབ་གསང་ ཏེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    དང་ཕུའི་ཆབ་གསང་འབད་ནི་འདི་གིས་ ཨ་ཙི་སྟབས་མི་བདེ་བས་ཟེར་ ཕར་ཧོངས་སྤོ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    ཏེ་ འ་ནཱི་ཧོངས་འདི་ ཏེ་ འ་ནཱི་སྦེ་གཡབ་ཅུང་སྦེ་ མི་སྡོད་བཏུབ་སྦེ་བཟོ་འབད་སྦེ་ འ་ནཱི་སྦེ་འབད་ནུག་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དང་ཕུ་གི་འཛུལ་སྒོ་འདི་ ག་ཏེ་ལས་སྡོད་སྡོདཔ་ཨིན་ན་ལགས?
  • བདེ་ཆེན་དབང་མོ་ Dechen Wangmo
    འཛུལ་སྒོ་འདི་ ཨ་ཕི་ ཨ་ཕི་ཧོངས་ལས་ཨིན་ལགས་ད་ལྟོ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    ང་ཧེ་མ་ཨ་ནཱ་ལས་བཏོན་ད་ ཕར་ཧོངས་ལས་འབད་ འཛུལ་དགོ་ཏེ་ ཨ་ཕར་ལས་ཨིན་ལགས། ཏེ་ འ་ནཱི་ཁྱིམ་འདི་ དང་ཕུ་དང་ཕུ་རང་འབདན་ ཏེ་ འ་ནཱ་གི་གཞུང་ལམ་འདི་མ་ཐོནམ་ད་ ལམ་མར་འོག་ལས་ཕར་ཨིན་མས་བ་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    ཨ་མར་ཆུའི་མཐའམ་བདའ་སྟེ་འབད་ ཏེ་ འཛུལ་སྒོ་མར་མཇུག་ལས་སྦེ་ ཨིན་ཟེར་ཨིན་མས་ལགས། མར་འོག་ལས་ ད་ལྟོ་སྒོ་སྦོམ་ཅིག་ཡོད་བ་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    འ་ནཱ་ལས་སྦེ་ ཏེ་ ཡུདཔ་ཅིག་ལས་ ཏེ་ གཱ་རི་ལམ་(སྣུམ་འཁོར་ལམ་)སེལ་འབད་ཞིནམ་ལས་ ཏེ་ དེ་ལས་ འཛུལ་སྒོ་ནཱ་ལས་མར་འབད་བཟོ་འབད་སྦེ་ འ་ནཱི་སྦེ་ཨིན་མས་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ལྟོ་ ད་ རིམ་བརྒྱུད་འབད་བ་ཅིན་ ག་དེམ་ཅིག་བརྩི་ཡར་སོང་འདུག་ལགས། འ་ནཱི་འབདཝ་ད་ལུ་ སྡེ་སྲིད་ལས་འགོ་བཙུགས་ཏེ་འབད།
  • བདེ་ཆེན་དབང་མོ་ Dechen Wangmo
    ད་ འ་ནཱི་ སྡེ་སྲིད་བཅུ་དགུཔ་འདི་ལས་སྦེ་ བརྩིས་ཏེ་འབདཝ་ད་ ངེའི་གུ་ཚུན་ཚོད་ མི་རིམ་བརྒྱུད་བཅུ་གཅིག་ ད་ ངེའི་ཨ་ལོ་ཚུ་གི་འབད་བའི་བསྒང་ལས་ བཅུ་གཉིས་གུ་ལྷོད་མས་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    ང་བཅས་ཨ་ནཱི་སྡེ་སྲིད་བཅུ་དགུཔ་འདི་ལས་བརྩིཝ་ད་ལགས། ཏེ་ འདིའི་ཧེ་མ་ལས་འདི་ ག་དེམ་ཅིག་ཨིན་ན་ ཏེ་ ང་བཅས་ཀྱིས་ཡང་བདའ་མི་ཟིན་པས་ལགས། འ་ནཱི་རྣམ་ཐར་ཚུ་ནང་ལས་མཇལ་སྦེ་འབདཝ་ད་ འ་ནེམ་ཅིག་ཤེས་པས་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ་ ད་འ་ནཱི་ཁྱིམ་འདི་ ད་ ཧེ་མ་འབད་བ་ཅིན་ད་ ད་ལྟོ་ནཱ་ལྕགས་ཤོག་བཀབ་སྟེ་འདུག་བ་སྨོ་ལགས?
  • བདེ་ཆེན་དབང་མོ་ Dechen Wangmo
    ཨིན་པས་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཧེ་མ་འབད་བ་ཅིན་ ག་དེ་སྦེ་ ཤིང་ལེབ་སྦེ་ ནཱ་གིས?
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ལྟོ་ད་ ཁྱིམ་འདི་ ད་ག་དེ་སྦེ་ད་ ག་དེ་སྦེ་ལག་ལེན་འཐབ་དོ་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    ང་བཅས་ཀྱིས་ ཤེས་པའི་བསྒང་ལས་རང་ཨ་ནཱི་ལྕགས་ཤོག་བཀབ་བཞག་ནུག་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    ཧེ་མ་ཧེ་མ་འདི་ ཤིང་ལེབ་སྦེ་རང་འོང་མེན་ན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    ང་བཅས་ཤེསཔ་ཅིག་ཁ་ལས་ འ་ནཱི་ལྕགས་ཤོག་བཀབ་སྟེ་ཨིན་མས་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    ལགས་སོ། ད་ ང་བཅས་ ངེའི་ཨའི་འདི་ གྱོངས་ཡང་གྱོངས་སོང་ཡི་ལགས། ཏེ་ ཨའི་གྱོངས་སྦེ་ཞིནམ་ལས་ དེ་ལས་ ང་བཅས་ར་ནཱ་འོང་སྡོད་འབད་ ཏེ་ དེ་ལསནི་ ད་འ་ནཱི་ཁྱིམ་འདི་ འ་ནཱ་གཞུང་ལམ་ཁར་འབད་ ཏེ་ ཡར་དང་མར་བྱོན་སྦེ་ ཏེ་ ཕྱི་གླིངཔ་གི་མགྱོནམོ་གིས་ཡང་ ལེ་ཤ་འོང་འབད་ཞིནམ་ལས་ ཏེ་ ངེའི་ཨའི་གི་ནུ་གཅུང་ཆུང་ཤོས་ཅིག་ཡོདཔ་ཨིན་ལགས། ཨ་ཞང་ཅིག་ ཏེ་ ཁོ་གིས་སླབ་མས།
  • བདེ་ཆེན་དབང་མོ་ Dechen Wangmo
    རང་ནཱ་སྡོདནི་སྡོད་དགོ་པས་ ཏེ་ འ་ནཱི་ ཏེ་ ཨ་ནེམ་ཕྱི་གླིང་པའི་དོན་དག་ལས་ བཞེས་སྒོ་ཟ་ས་རེ་བཟོ་ དེ་ལས་ འ་ནཱི་སྦེ་ museum སྦེ་ (འགྲེམས་སྟོན་ཁང་)སྦེ་ འ་ནཱི་སྦེ་འབད་བ་ཅིན་ ཏེ།
  • བདེ་ཆེན་དབང་མོ་ Dechen Wangmo
    སྡོདནི་སྡོད་དགོ་པས་ཟེར་སླབ་ ཏེ་ ཁོ་འ་ནཱི་སྦེ་ གནས་སྐབས་ཅིག་ ཁོ་གིས་སྟོན་བྱིན་འབད་ ཏེ་དེ་ལས་ ང་བཅས་ར་མ་ཕས་ཚུ་ཡང་ནཱ་སྡོད་ དེ་ལས་ མགྱོནམོ་འོངམ་ད་ འ་ནཱི་སྦེ་ བཞེས་སྒོ་རེ་བྱིན་ ཉི་མ་གི་ནེམ་ལྟོ་དང་ནེམ་ དེ་ལས་ ཁྱིམ་འདི་བཤལ་བལྟ།
  • བདེ་ཆེན་དབང་མོ་ Dechen Wangmo
    ཏེ་ museum (འགྲེམས་སྟོན་ཁང་)བཟུམ་སྦེ་འབད་ དེ་ལས་ ཁོང་གིས་ འཆམ་དང་ཞབས་ཁྲ་རྐྱབ་དགོ་པས་ཟེརཝ་ད་ཡང་ ཏེ་ མར་རྡོ་གཅལ་ནང་སྦེ་འབད་ འ་ནཱི་སྦེ་ ང་བཅས་ར་ཡང་ནཱ་སྡོད་ ཏེ་ འ་ནཱི་སྦེ་ར་འབད་དོ་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ་ འཆམ་དང་ཞབས་བྲོ་ ད་ འ་ནཱི་བཟུམ་སྦེ་རེ་སྟོན་དགོཔ་འཐོན་འབདཝ་ད་ལུ་ ད་འཆམ་དང་ཞབས་ཁྲ་འདི་ཚུ་སྟོན་མི་འདི་ཚུ་ ད་ ག་ཏེ་ལས་ ད?
  • བདེ་ཆེན་དབང་མོ་ Dechen Wangmo
    འདི་དེ་རོགས་ ཕྱི་གླིངཔ་གི་ ཁོང་བདག་འཛིན་འཐབ་མི་ཨ་ནཱི་ ཁོང་ར་གིས་ འཁྱིད་འོང་མས་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • བདེ་ཆེན་དབང་མོ་ Dechen Wangmo
    ད་ལྟོ་ད་ དཔེར་ན་ ཡར་ཨེ་ཏོ་མེ་ཏོག་བཟུམ་ཅིག་འབད་བ་ཅིན་ རོགས་ཁོ་ར་གིས་རང་ group (སྡེ་ཚན་)གཅིག་འདུག་ལགས། འ་ནི་ཚུ་འཁྱིད་འོང་ སྟོན་ འ་ནཱི་སྦེ་འབདཝ་མས་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    ཏེ་ ང་བཅས་རའི་ནཱ་གཡུས་ཁ་ལས་ཕར་ཡོད་པ་ཅིན་ ཏེ་ གཡུས་ཁ་གི་དགའ་ཟེར་སླབ་མས་བ་ དེ་འབདཝ་ད་ ང་བཅས་གནམ་མེད་ས་མེད་ ཁྱིམ་ཚང་མེད་འབད་ནི་འདི་གིས་ དེ་སྦེ་ལངམ་སྦེ་མིན་འདུག་ལགས། འ་ནཱི་འབད་ནི་འདི་གིས་ རོགས་ཁོང་ར་གིས་རང་འཁྱིད་འོང་མས་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་ལས་ ཞག་ཉལ་སུ་ཡོདཔ་ཨིན་ན་ལགས?
  • བདེ་ཆེན་དབང་མོ་ Dechen Wangmo
    ཞག་ཉལ་སུ་འདི་འ་ནཱི་སྦེ་ དང་ཕུ་ཁྱིམ་ནང་ལུ་ དང་ཕུ་ལུགས་སྲོལ་འབད་རང་ལགས། ཚུར་འ་ནཱི་ཐབ་ཚང་འདི་ཕར་འབད་ ཚུར་ཧོངས་ (ཡུང་ ཡུང་ ཡུང་?) ཟེར་སླབ་འབད་དོ་བ་ལགས། འ་ནཱ་ལས་ཕར་ འ་ནཱི་སྦེ་ དང་ཕུ་ལུགས་སྲོལ་སྦེ་རང་ འ་ནཱི་སྦེ་ཉལཝ་ཨིན། ཏེ་ འ་ནཱི་སྦེ་ སོ་སོ་འབད་དེ་མེད་ལགས། དང་ཕུ་ག་ཨིནམ་སྦེ་ འ་ནཱི་སྦེ་ཉལ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    མགྱོནམོ་དེ་ཚུ་ཡང་།
  • བདེ་ཆེན་དབང་མོ་ Dechen Wangmo
    མགྱོནམོ་དེ་ཚུ་ཡང་ འ་ནཱི་སྦེ་རང་ཉལ་དོ་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    མགྱོནམོ་རེ་བྱོན་འ་ནཱི་འབདཝ་ད་ལུ་ ད་ ཐབ་འདི་ཚུ་ཡང་འདུག་བ་ལགས། དང་ཕུ་གི་ག་ཨིནམ་སྦེ་ སྔར་ག་ཨིནམ་སྦེ་ ཐབ་ཚང་འདི་ཚུ་ཡང་ ག་ར་འདུག་ དེ་ལསནི་ཏེ་ འ་ནཱི་ཚུ་འབདཝ་ད་ལུ་ ད་ བཞེས་སྒོ་འདི་ཚུ་ཡང་ འཕྲལ་འཕྲལ་འ་ནཱི་བཟུམ་སྦེ་ ཐབ་ཁར་སྦེ་འ་ནཱི་སྦེ་ བཟོ་ནི་ཡོག་ག་ལགས?
  • བདེ་ཆེན་དབང་མོ་ Dechen Wangmo
    ཡོད་ལགས། འ་ནཱི་ འ་ནཱི་མགྱོནམོ་ ཇ་པཱ་ནིསི་འབདཝ་ད་འདི་རོགས་ ང་བཅས་ཐབ་ཁར་སྦེ་ལྟོ་འབད་ལགས། ལྟོ་ཡང་འ་ནཱི་སྦེ་ དང་ཕུ་ལུགས་སྲོལ་སྦེ་རང་ བྱཱ་ཁུག་རྐྱབ་བཙག་འབད་ འ་ནཱི་སྦེ་ དེ་ལས་ མར་[ཡུང་?] སྒོ་བར་ནང་བསྐྱེལ།
  • བདེ་ཆེན་དབང་མོ་ Dechen Wangmo
    དེ་ལས་ ང་བཅས་ར་ཡང་སྡོད་ ག་ར་འ་ནཱི་སྦེ་ཟ་ འ་ནཱི་འབད་ ཏེ་ ཞག་འདི་ཡང་ འ་ནཱི་སྦེ་ཉལ་འབད་སྦེ་ ཐབ་ཁར་སྦེ་འབད་ན་ འ་ནཱི་སྦེ་ཟེརཝ་ད་ འ་ནཱི་སྦེ་རང་འབདཝ་ཨིན་ལགས། འ་ནཱི་སྦེ་འབད་ རབ་རུབ་འབད་ དེ་ལས་ དང་ཕུ་ག་ཨིན་སྦེ་ འ་ནཱི་འབད་དོ་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ག་དེ་སྦེ་སྨོ་ ཁོང་གིས་ ད་ ངོས་ལེན་ག་དེ་སྦེ་འདུག་ལགས། དང་ཕུ་གི་ལུགས་སྲོལ་ འ་ནཱི་བཟུམ་འབདཝ་ད?
  • བདེ་ཆེན་དབང་མོ་ Dechen Wangmo
    ཁོང་འདི་ གནམ་མེད་ས་མེད་དགའཝ་མས་ལགས། ཁོང་གིས་ གནམ་མེད་ས་མེད་དགའ་བས། ང་བཅས་འ་ནཱི་བཟུམ་ དོན་ཆེད་ར་ནཱ་འབྲུག་ལུ་འོང་མི་འདི་ འ་ནཱི་བཟུམ་བལྟ་ འ་ནཱི་སྦེ་འབད་ནི་སྦེ་ཨིན།
  • བདེ་ཆེན་དབང་མོ་ Dechen Wangmo
    ཏེ་ དགའ་ཡི་ཟེར་ འ་ནཱི་སྦེ་སླབ་ནི་འདུག་ལགས། ཏེ་ ཁོང་འ་ནཱི་སྦེ་མགྱོནམོ་ཧ་ལམ་ འ་ནཱི་སྦེ་ ཡར་རང་སྡོད་ ཞག་ཡང་ཡར་ཉལ་ བཞེས་སྒོ་ཡང་འ་ནཱི་སྦེ་ ང་བཅས་ར་ བཟའ་ཚང་གཅིག་བཟུམ་སྦེ་ འ་ནཱི་སྦེ་ཟ་ འ་ནཱི་སྦེ་སྡོདཔ་ཨིན་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    ད་ ད་ལྟོ་འདི་ ང་རང་གིས་འདི་ འ་ནེམ་ཅིག་ ད་ དང་ཕུ་ལུགས་སྲོལ་སྦེ་རང་འབད་ འ་ནཱི་སྦེ་རང་འབད་དོ་ལགས། ད་ ངེའི་བུ་སྦོམ་ཤོས་འདི་ ཁོ་ ཆོས་ཚང་སོང་ཡི། ཚང་སྦེ་འབད་ཞིནམ་ལས་ ཏེ་ འ་ནཱི་སྦེ་ རོགས་ ག་ར་གིས་འདི་ ང་བཅས་རའི་འབྲུག་པའི་ལུགས་སྲོལ་སྦེ་ མི་དགའ་བས་བ་ལགས། ཡ་ལུ་ཅིག་གིས་འདི་ ད་ ཕྱི་གླིང་པའི་ཡ་ལུ་ཅིག་གིས་འདི།
  • བདེ་ཆེན་དབང་མོ་ Dechen Wangmo
    འ་ནཱི་སྦེ་ ཆབ་གསང་ཡང་ ཁྱིམ་ནང་རང་ཡོདཔ་སྦེ་ དེ་ལས་ རོགས་སོ་སོ་སྦེ་དགོ་པས་བ་ལགས། ཏེ་ འ་ནཱི་འབད་ནི་འདི་གིས་ ཁོ་གིས་ ཁོ་ལུ་ཡང་སླབ་སྦེ་འབད་ ཁོ་ལཱ་ཡང་གཞན་ཁར་མ་འབད་བར་ འ་ནཱི་ནང་ལུ་རང་འབད་ ཏེ་ ཤུགས་བཏོན་ཏེ་ ཁྱིམ་ཡང་འ་ནཱི་སྦེ་ཆུང་ཀུ་ཆུང་ཀུ་འབད་ སྤག་འཆམ་རྐྱབ་ ང་བཅས་ར་འབྲུག་པའི་ལུགས་སྲོལ་སྦེ་ར་ལགས། དེ་ལས་ འ་ནཱི་སྦེ་ ཕྱི་ཁ་ལས་ཕར་ཁྱིམ་ཆུང་ཀུ་རེ་རྐྱབ།
  • བདེ་ཆེན་དབང་མོ་ Dechen Wangmo
    དེ་ལས་ འ་ནཱི་སྦེ་ འབད་ནི་སྦེ་ ཏེ་ ང་བཅས་མ་ཕས་(སྨད་)གཉིས་ བློ་འ་ནཱི་སྦེ་སླབ་འབད་སྦེ་ ཁོ་ འ་ནཱི་སྦེ་འབད་ནི་ཟེར་ འ་ནཱི་སྦེ་སྡོད་ཡོད་ལགས།
  • བདེ་ཆེན་དབང་མོ་ Dechen Wangmo
    ད་ལྟོ་འདི་ འགོ་འདི་ག་ནི་ཡང་བཙུགས་མ་ཚུགས་ལགས། ང་བཅས་ནཱ་ ད་ལྟོ་ཡར་དང་ཕུའི་ཁྱིམ་ནང་རང་འ་ནཱི་སྦེ་འབད་ ཏེ་ བཞེས་སྒོ་ཟ་སུ་ཅིག་ ཕྱི་ཁར་ཨ་ཙི་ དེ་སྦེ་ Table (ལྕོག་ཙེ་)རྐང་ཁྲི་བཙུགས་བཟོ་འབད་སྦེ་ འ་ནཱི་སྦེ་ཡོད་ལགས།