Skip to main content Skip to search
01 Sep 2018
27 min 20 sec
Video Overview
Creators: 
Norzin Lhamo

This exorcism ritual is called "Tordog" and it is based on a tantric Buddhist practice conducted for new establishments or at the beginning of important events. It is a ritual to chase away evil forces from a space such as a house or temple. A terrifying scene is created through ferocious dances, flames, rocks, musical instruments and chanting.

 

སྤྱིར་བཏང་གཏོར་བཟློག་གི་ཆོ་ག་འདི་ གསང་སྔགས་ཀྱི་ཉམས་ལེན་ལས་ ང་བཅས་ར་ ལཱ་ག་ཅི་འབད་རུང་ འགོ་བཙུགསཔ་ད་དང་ མཇུག་བསྡུ་བའི་སྐབས་སུ་ བདུད་དང་འབྱུང་པོ་མི་མ་ཡིན་པའི་ བགེགས་པ་བར་ཆད་ཚུ་ གནས་འདི་ནང་མ་བཞག་པར་ ཕྱིར་བདའཝ་ཨིན་པས། འདིའི་སྐབས་སུ་ ཁྲོ་བའི་ཆོ་ག་དང་སྐུ་འཆམ་ཚུའི་ཐོག་ལས་ བདུད་དང་འདྲེ་འབྱུང་པོ་ཚུ་འདྲོག་བཅུག་སྟེ ་ཕྱིར་བཏོན་བདའ་ཞིནམ་ལས་ ས་གནས་འདི་ནང་ཞི་བདེ་དང་ དགའ་སྐྱིད་འབྱུང་ཐབས་ལུ་ བྱིན་གྱིས་བརླབས་གནངམ་ཨིན། 

 

Transcript search
No results found for this search
0 of 0
  • དབང་ཕྱུག Wangchuck
    ཡ་ད་ ད་རིས་ང་གིས་ནཱ་ སྒང་སྟེང་དགོན་པ་གི་ ཟླཝ་ལྔ་པ་གི་ སྐུ་རིམ་གྱི་སྐོར་ལས་ ཏེ་ད་ ཤེསཔ་མཐོངམ་ཅིག་ ཏེ་ མ་པ་ང་ལུ་ག་ནི་ཡང་མེད་ དེ་ར་འབད་རུང་རང་ ཏེ་ད་ ཟླཝ་ལྔ་པའི་གི་སྐུ་རིམ་ ཏེ་ གུ་རུ་དྲག་པོ་གི་གཏོར་ཟློག་གི་སྐོར་ལས་ དུམ་གྲ་ཅིག་ཞུ་བ་ཅིན།
    Today i will briefly tell about the exorcism ritual on fifth month in Gangtey Goenpa monastery.
  • དབང་ཕྱུག Wangchuck
    ཏེ་ ང་བཅས་ ཏེ་ གཏེར་བཏོན་གྱི་རྒྱལ་པོ་ ལྔའི་ནང་གསེས་ལས་ ཏེ་ པད་མ་གླིང་པའི་གཏེར་ཆོས་ བླ་མ་དྲག་པོའི་བསྐོར་ལས་དུམ་གྲ་ཅིག་ཞུ་བ་ཅིན། ཏེ་ ང་བཅས་ནཱ་ ཟླཝ་ལྔ་པའི་སྐུ་རིམ་ ཉེར་དྲུག་ལུ་ ཏེ་ གཏོར་བཟོ་རྐྱབ་ ཏེ་ ཉེར་དྲུག་ཚེ་ཕྱི་རུ་ ཏེ་ གཏོར་མའི་བྱིན་རླབས་ ཏེ་ ཉེར་བདུན་ལས་ དངོས་གཞི་ཉིནམ་གསུམ་ ཉེར་བདུན་ བརྒྱད་ དགུ་ ཏེ་ དགུ་ལུ་ ཏེ་ ང་བཅས་རའི་ བླ་མ་གུ་རུ་དྲག་པོ་གི་ གཏེར་ཆོས་ཀྱི་མན་ངག་ཆ་མཉམ་ཆ་ཚངམ་སྦེ་ ཏེ་ ལག་ལེན་ཡར་ལས་མར་ཆོ་ག་ ཡར་ཆོ་ག་གཏང་ནི་ དེ་ལས་ ཏེ་ དངོས་གཞི་ལག་ལེན་འཐབ་ནི་ དེ་ལས་ གསུམ་པ་ཟེརཝ་ད་ ཏེ་ མར་གཏོར་ཟློག་ཕངས་ནི་ འདི་ཚུ་རིམ་པ་བཞིན་དུ་ ཏེ་ད་རོགས་ རྒྱ་ཆེ་ས་ལས་ཞུ་བ་ཅིན་ ཏེ་ གནམ་མེད་ས་མེད་ལེགས་ཤོམ་ ཏེ་ རྒྱས་ཤིང་རྒྱས་པ་སྦེ་ཡོད།
  • དབང་ཕྱུག Wangchuck
    ཏེ་ འདི་གི་ནང་ལས་ང་བཅས་རའི་ནཱ་སྤྱིར་བཏང་གི་ ཏེ་ དང་ཕུ་ཨ་རྒས་འདི་ཚུ་གི་ ཞལ་རྒྱུན་དངོས་རྒྱུན་བཟུམ་ཅིག་སྦེ་ཞུ་བ་ཅིན་ ཏེ་ ཉེར་དྲུག་ལུ་གཏོརམ་བཞེངས་དགོ་མི་འདི་ ཏེ་ གཏོར་བཟོ་བཞེངམ་ད་ལུ་ ཏེ་ ཡར་གཏོརམ་ཆ་ལྔ་བཞེངས་དགོ་ལགས། ཆ་ལྔཔོ་འདི་ ཡིད་དམ་ གུ་རུ་དྲག་པོ་ དེ་ལས་ འདིའི་བཀའ་སྲུང་ ཡུམ་ལྔ་སྲུང་མ་ དེ་ལས་ རྒྱལ་པོ་པད་དཀར་ དེ་ལས་ སྲས་དམ་ཆེན་རྡོ་རྗེ་ལེགས་པ་ དེ་ལས་ གཏེར་སྲུང་ཁྱུང་འདུད་ ཆ་ལྔཔོ་འདི་འ་ནེ་སྦེ་ ཡར་ལས་མར་གཏོརམ་ཆ་ལྔ་ ཏེ་ འདི་གི་ནང་ལས་ ཏེ་ དེ་ལས་ང་བཅས་ར་གི་ ཆོས་སྐྱོང་མགོན་པོ་མ་ནིང་གི་གཏོར་མ་ འ་ནཱི་སྦེ་འབདཝ་ད་ལུ་ ཏེ་ ཡར་ལས་མར་གཏོར་མ་དྲུག་ འ་ནཱི་སྦེ་ཡོད་ལགས།
  • དབང་ཕྱུག Wangchuck
    ཏེ་ འདི་ནང་ལས་ ཏེ་ ཆེད་གཏོར་ དེ་ལས་ གཏེར་མ་ དེ་ལས་ མར་གྱི་ ཏེ་ བགེགས་ཀྱི་གཏོར་མ་བཅསཔ་སྦེ་ ཆ་ཚངམ་སྦེ་འ་ནེམ་ཅིག་བཞེངས་དགོ་ལགས། དེ་ལས་ འདི་གི་གདོང་ཁར་ལུ་ དཀྱིལ་འཁོར་བཤམས་བཞག་མི་འདི་ནང་ལུ་འབད་བ་ཅིན་ ཏེ་ འདི་ནང་ལུ་ བླ་མ་རྩ་བ་གསུམ་གྱི་གཏོར་མ་ཨིན།
  • དབང་ཕྱུག། Wangchuck
    ཏེ་ གཏོར་མ་སྦུག་ལུ་ཡོད་མི་འདི་ ཏེ་ བླ་མ་གུ་རུ་དྲག་པོ་ ཡིད་དམ་གྱི་གཏོར་མ་ བླ་མ་གི་གཏོར་མ་ཨིན་ལགས་འ་ནཱི་སྦུག་ལུ་ ཨ་ནཱི་སྡིག་པ་ར་ཙ་ ཏེ་ ཐུགས་ཁར་ལུ་བཀལ་ཏེ་བཞག་མི་འདི་ བླ་མའི་གཏོར་མ་ དེ་ལས་ གཡས་ཁ་ཐུག་ལུ་ ཡིད་དམ་གྱི་གཏོར་མ་ཨིན་ལགས། ཡིད་དམ་གྱི་གཏོར་མ་འདི་ ཏེ་ ཞལ་གསུམ་སྦེ་ ཏེ་ འ་ནཱི་སྦེ་ཞལ་ སྤྱན་གསུམ་སྦེ་ ཞལ་ཆེ་བ་ཙིག་(?) འ་ནཱི་སྦེ་བཞག་མི་འདི་ ཏེ་ ཡིད་དམ་གྱི་གཏོར་མ།
  • དབང་ཕྱུག Wangchuck
    དེ་ལས་ གཡོན་ཁ་ཐུག་འདི་ ཏེ་ ཨ་ནཱི་མཁའ་འགྲོ་གི་གཏོར་མ་འབད་ ཏེ་འ་ནཱི་ ཨ་ནཱི་ད་ ང་བཅས་རའི་ ནཱ་འཇིག་རྟེན་པ་ཚུ་གིས་འབད་བ་ཅིན་ སྲིན་མོ་ས་ལམ་ཟེར་སླབ་ཨིན་ལགས། ཏེ་ ཨ་ནཱི་སྲིན་མོ་ས་ལམ་ཟེར་མི་འདི་ ཏེ་ སྤྱིར་བཏང་གི་ སླབ་སྲོལ་ཨིན་ལགས་ མ་པ་དངོས་གཞི་ངོ་མ་འདི་ ཏེ་ མཁའ་འགྲོ་གི་གཏོར་མ་ཨིན་ལགས།
  • དབང་ཕྱུག Wangchuck
    ཏེ་ འ་ནཱི་གི་མཐའ་འཁོར་ལུ་ ཏེ་ དེ་ལས་ མཆོད་པ་བཤམ་ནི་འདི་ཚུ་ཡང་ ཏེ་ ནཱི་ན་ལུ་དྲག་པོའི་མཆོད་པ། ཁྲག་གི་ཨ་ག་རཱམ། དུག་གི་ཆབས་སིད(?)། ཏེ་ དབང་པོའི་མེ་ཏོག ཚམ་སིན་བདུག་སྤོས། དེ་ལས་ རྒྱབ་ཁར་ལུ་ ཚེ་ཆེན་མར་མེ། དེ་ལས་ ཁྲུལ་པའི་ཁྲུལ་ཆབ། ཟེར་ ཏེ་ འ་ནེ་སྦེ་རིམ་པ་བཞིན་དུ་ ཏེ་ མཆོད་པ་འདི་འ་ནཱི་སྦེ་ བཤམ་དགོ་ལགས།
  • དབང་ཕྱུག Wangchuck
    ཏེ་ དེ་ལས་འདི་ནང་ལས་ ད་རུང་འདི་གི་ཕྱི་བསྐོར་ལས་ཕར་ ཟོར་གཏོར་རྫས་ ཏེ་ སྣ་ཚོགས་ཟོར་བཞི་ཟེར་ ཏེ་ འ་ནཱི་སྦེ་ དེ་ལས་ འབྲུ་གི་ཟོར་གསུམ་ དེ་ལས་ ཆུ་རྟ་དྲེལ་གྱི་ཆུ་ ཏེ་ འ་ནཱི་ཟོར་གསུམ་ དེ་ལས་ ཁྲག་གི་ཟོར་གསུམ་ ཏེ་ རིམ་པ་བཞིན་དུ་ འ་ནཱི་སྦེ་བཀྲམ་དགོཔ་ཨིན་ལགས།
  • དབང་ཕྱུག Wangchuck
    དེ་ལས་ འདི་གི་ཕར་ཧོངམ་ ཏེ་ རྡོ་ཟོར་ཟེར་ ཇོ་རྡོ་(?) ལུངམ་གསུམ་གྱི་བསྡུས་པའི་རྡོ། ལུངམ་གསུམ་ནང་ལས་འཐུ་འཐུཝ་བའི་རྡོ། ཏེ་ ཇོ་རྡོ་ཟེར་འ་ནཱི་སྦེ་བཀལ་བཞག་དགོ་ལགས། དེ་ལས་ ཕྱི་བསྐོར་ལུ་ ཏེ་ད་རུང་ མདའ་ཟོར་ཟེར་ ཏེ་ སྐྱེས་པའི་མདའ་ དེ་ལས་ མར་ལས་གྲིབ་ལྕགས་བརྡབས་ དེ་ལས་ ཧེ་མ་འབད་བ་ཅིན་ ཏེ་ ཨ་ནཱི་གཞུ་འདི་ཚུ་ཡང་ ཏེ་ བསི་ལིའི་རྭ། མ་ཧེ་གི་རྭ་གི་སྦེ་ ཏེ་ འ་ནཱི་སྦེ་ རྭ་ནང་སྦེ་ ཏེ་ འ་ནཱི་སྦེ་ གཞུ་འདི་ཚུ་ཡང་འ་ནཱི་སྦེ་ བཟོ་སྟེ་ཡོདཔ་ཨིན་ལགས།
  • དབང་ཕྱུག Wangchuck
    དེ་ལསནི་ འདི་གི་མ་ཚད་ ཏེ་ཡར་ སྤྱན་རྫས་ཀྱི་ཡར་ལས་ཕར་ མཆོད་རྫས་རྟེན་རྫས་བཀྲམ་ནི་འདི་ཚུ་ཡང་ ཏེ་ ཐང་ཀ་འདི་ཚུ་ཡང་ ཏེ་ བཀའ་བརྒྱུད་ཀྱི་ཐང་ཀ་ཁྲོ་བོ་བཅད་པའི་ཐང་ཀ་ དེ་ལས་འདི་ནང་ལུ་ ཏེ་ བཀའ་སྲུང་ཚུ་གི་ཐང་ཀ་ དེ་ལསནི་ བཀའ་སྲུང་ཚུ་གི་བཀའ་ཁྲབ་ གཡས་ཁ་ཐུག་ལུ་འབད་བ་ཅིན་ ཏེ་ དམ་ཆེན་རྒྱལ་པོ་པད་ཧར་གྱི་བཀའ་ཁྲབ།
  • དབང་ཕྱུག Wangchuck
    གཡོན་ཁ་ཐུག་ལུ་འབད་བ་ཅིན་ ཡུམ་སྔགས་གསུམ་མའི་བཀའ་ཁྲབ་ དེ་ལས་ མར་རྡོ་རྗེ་སློབ་དཔོན་དང་ རིན་པོ་ཆེའི་ཁྲི་གི་ཁ་ཐུག་ལུ་འབད་བ་ཅིན་ ཏེ་ གཡས་ཁ་ཐུག་ལུ་ ཏེ་ ཨ་ནཱི་དམ་ཆེན་རྡོ་རྗེ་ལེགས་པ་གི་བཀའ་ཁྲབ་ཨིན་ལགས། ཏེ་ གཡོན་ཁ་ཐུག་ལུ་འབད་བ་ཅིན་ ཏེ་གཏེར་སྲུང་ཁྱུང་འདུད་ཀྱི་བཀའ་ཁྲབ། ནང་གསེས་རིམ་པ་བཞིན་དུ་འ་ནཱི་སྦེ་ ཆ་ཚང་ ཏེ་ བཀྲམ་སྦེ་འབད་བཞིན་ལས་ ཏེ་ ཉེར་དྲུག་གི་ཚེ་ལས་ ཏེ་ ཆོས་ཟས་བྱིན་རླབས་ཀྱི་ཚུལ་སྦེ་ ཏེ་ མཐུན་ཅིག་ ཉེར་དྲུག་ཚེ་ཕྱི་རུ་རང་བཏང་དགོ་ལགས།
  • དབང་ཕྱུག Wangchuck
    དེ་ལསནི་འདི་གི་ནངས་པ་ ཏེ་ དངོས་གཞི་འདི་ ཉེར་བདུན་ཚེ་འགོ་བཙུགས་པའི་ཚེ་ལས་ འ་ནཱ་ལུ་ ཏེ་ བླ་མ་དྲག་པོའི་ཆོ་ག་འདི་ ཐུན་བཞི་སྦེ་བགོ་ གསོལཝ་ཡར་ལྟབ་ཐུན་གཉིས་ གསོལཝ་མར་ལྟབ་ཐུན་གཉིས་ ཏེ་ དེ་ཡང་ ཐུན་བཞིཔོ་འདི་ཡང་ དྲོ་པ་གསུང་སྐོར་གྱི་ཐུན། དེ་ལས་ ནཱ་ལས་མར་རིམ་པ་བཞིན་དུ་ ཏེ་ ཟློག་ཐུན། གསོལ་ཐུན། དེ་ལསནི་ ཏེ་ མར་སྔོན་ཆད་དགྲ་ལྷའི་སྐབས་ཀྱི་མར་གྱི་ ལག་ལེན་གྱི་ཐུན་སྦེ་ རིམ་པབཞིད་དུ་འ་ནཱི་སྦེ་བཏང་དགོ་ལགས།
  • དབང་ཕྱུག Wangchuck
    ཏེ་ མར་སྔོན་ཆད་དགྲ་ལྷའི་སྐབས་ ཏེ་ ང་བཅས་ར་གི་རྡོ་རྗེ་སློབ་དཔོན་འདི ཏེ་ འ་ནཱ་ལུ་ ཏེ་ སྔགས་འཆང་བཞེས་ཏེ་གིས་སྦེ་ སྔགས་པའི་གི་ཆས་སྦེ་ ཏེ་ མར་ ཏེ་ ཆ་མཉམ་ཆོས་གྲལ་གྱི་ ཚོགས་པའི་སྦུག་ལུ་ ཏེ་ སྔགས་འཆམ་གནང་། སྔགས་འཆམ་གནང་ཚརཝ་ཅིག་ ཏེ་ ནཱ་ལས་མར་རིམ་པ་བཞིན་དུ་ བསྟན་པ་དང་སེམས་ཅན་ལུ་གནོད་པའི་ དགྲ་བགེགས་འདི་ཚུ་མར་་་་་་(??) མར་བཀལ་སྦེ་འདི་ནང་ལུ་ ལག་ལེན་འཐབ། དེ་ལས་ འདི་ནང་ལས་རིམ་པ་བཞིན་དུ་ ཏེ་ རྡོ་རྗེ་སློབ་དཔོན་འདི་གིས་ ཏེ་ དགྲ་བགེགས་འདི་རིམ་པ་བཞིན་དུ་ ནཱི་ནང་ལས་ཚར་བཅད་ དེ་ལས་་(??) འཛུལ་འཆམ་དང་བཅསཔ་སྦེ་ ཏེ་ འ་ནཱི་སྦེ་ གྲོལ་སྲོལ་ཡོད་ལགས།
  • སངས་རྒྱས། Sangay
    དེ་ལསནི་ད་ཨ་ནཱི་ ཉིནམ་མཇུག་གི་འདི་ལགས། ཉིནམ་གསུམ་པམ་འདི་ནང་ལུ་ ཏེ་ད་ ཐུན་འདི་ཚུ་ཡར་ལས་བཏང་ཞིནམ་ད་ དེ་ལས་ད་ གཏོརམ་འདི་མར་ཕངས་རནམ་ད་ལུ་ ད་ གཏོརམ་མར་ཕྱི་ཁར་བཏོན་ དེ་ལསནི་ འདི་ན་ལུ་ད་ འཆམ་ལིའུ་ཐེངས་གཉིས་གསུམ་དེ་ཅིག་གནང་ནི་ཡོད་སྨོ་ལགས། ཏེ་ འ་ནི་ཚུ་གི་སྐོར་ལས་དང་ དེ་ལསནི་ གཏོརམ་ཕངསམ་ད་གི་སྐོར་ལས། དེ་ལསནི་ མར་ལས་ད་ཟློག་འཆམ་འདི་ཚུ་རྐྱབ། དེ་ལས་ ལོག་ནང་ན་ལྷོད་ ཏེ་ བཀྲ་ཤིས་ཕབ་ད་གི་སྐོར་ལས་ཅིག་ཡོད་ལགས།
  • དབང་ཕྱུག Wangchuck
    འོང་་་ལགས་ ཏེ་ད་ གཏོར་མ་འདི་ མ་པ་ད་ཅི་གཏོར་མ་འདི་ཨ་ཙི་ ང་ཞུ་ཡང་མ་ཚར་བས། གཏོར་མ་འདི་ཡང་བཞེངས་དགོ་པའི་ཁུངས་དང་དགོས་པ་བཟུམ་ཅིག་སྦེ་ཞུ་བ་ཅིན་ གཏོར་མ་འདི་ ཏེ་ ད་ ང་བཅས་ཆོ་ག་གི་དངོས་གཞི་གི་སྐབས་སུ་འབད་བ་ཅིན་ ཏེ་ བདག་སྐྱེས་ལྷ་སྐྱེས་པའི་སྐབས་སུ་འབད་བ་ཅིན་ ཏེ་ ཡར་སྐུའི་ཏེ་རྣམ་པ་སྦེ་ཨིན་ལགས།
  • དབང་ཕྱུག། Wangchuck
    དེ་ལས་ཏེ་མར་ ཆོས་ཟས་དང་ཏེ་ མཆོད་པའི་སྐབས་སུ་འབད་བ་ཅིན་ ཏེ་ མཆོད་པའི་གི་བྱེད་བྲག་སྦེ་ཕུལ་བའི་ཚུལ་ དེ་ལས་ ཏེ་ མར་སྟོད་པའི་སྐབས་སུ་ལུ་འབད་བ་ཅིན་ ཏེ་ ལྷ་སྐྱེས་སྡོད་པའི་ལྷའི་སྐུར་གསལ་དེ་གིས་སྦེ་སྟེ་ འདི་ཚུ་ལུ་ ཏེ་ མར་ལས་རིམ་པ་བཞིན་དུ་ མཆོད་པ་ཕུལ་སུ་གི་ཡུལ།
  • དབང་ཕྱུག Wangchuck
    དེ་ལས་ ནཱ་ལས་མར་རིམ་པ་བཞིན་དུ་ ཏེ་མར་ཚོགས་དང་སྐང་བ་གི་སྐབས་སུ་འབད་བ་ཅིན་ ཏེ་ ཡར་ལྷའི་གི་ ཏེ་མཆོད་ཟས་ཀྱི་ སྐང་ཟས་ཀྱི་ཚུལ་དུ་སྦེ་སྟེ་ བཞེས་ཟས་རོ་བྱ་དང་ལྡན་པ་སྦེ་ ཏེ་ གཏོར་མ་འདི་ འ་ནཱི་སྦེ་ཕུལ་བའི་ཚུལ་ཨིན་ལགས།
  • དབང་ཕྱུག Wangchuck
    དེ་ལས་ ད་ནཱ་ལས་ཕར་རིམ་པ་བཞིན་དུ་སྦེ་ཞུ་བ་ཅིན་ ཏེ་ད་ ཉེར་བདུན་ཚེ་ ཏེ་ འ་ནེམ་ཅིག་སྦེ་ ཏེ་ ད་ཅི་ཞུ་དོ་བཟུམ་སྦེ་ ཏེ་ དངོས་གཞི་འ་ནེ་སྦེ་བཏང་ དེ་ལས་ ཉེར་བརྒྱད་ལུ་ཡང་ འ་ནེམ་ཅིག་ཨིན་ལགས་ ཏེ་ རིམ་པ་བཞིན་དུ་ དེ་ལས་ ཉེར་དགུ་གི་ཚེ་ ཏེ་ ད་འ་ནཱི་ ཉེར་དགུའི་ཚེ་འདི་ དངོས་གཞི་ད་རུང་ཡར་ལས་ཕར་རིམ་པ་བཞིན་དུ་ བླ་མ་ལས་བྱང་ཁ་ལས་འགོ་བཙུགས་ཏེ་དེ་ གསུང་འཁོར་ དེ་ལས་ཏེ་ ཟློག་པའི་གི་ཐུན་ དེ་ལས་མར་སྲེག་པའི་གི་ཐུན། དེ་རིམ་པ་བཞིན་དུ་གནང།
  • དབང་ཕྱུག Wangchuck
    ཏེ་འདི་ནང་ལས་ དེ་ལས་ ཏེ་ བཀའ་སྲུང་ཆོས་སྐྱོང་ཚུ་ལུ་ ཏེ་ དངོས་རྫས་ གཏང་རག་ ཏེ་ རིམ་པ་བཞིན་དུ་ཕུལ་ ཏེ་ འ་ནཱ་ལས་མར་ ཏེ་ གཏོར་མ་འདི་ ཏེ་ ཕར་ཕྱིར་བཏོན་པའི་སྐབས་སུ་ ཏེ་ ཡར་ལས་རིམ་པ་བཞིན་དུ་ མར་དེ་ནང་བཏོན་ ཏེ་དེ་ལས་ མར་ལྷོད་ཚརཝ་ད་ཡང་ ཏེ་ ད་ཡར་དངོས་གཞི་གི་མན་ངག་དང་བསྟུན་བསྟུན་པའི་ ཏེ་དེ་ དྲག་པོའི་གི་ ཏེ་ གར་འཆམ་ཚུ་འ་ནཱ་ལས་མར་རིམ་པ་བཞིན་དུ་བཙུགསཔ་ཨིན་ལགས།
  • དབང་ཕྱུག Wangchuck
    ཏེ་ ད་དང་པ་འདི་ ནཱ་ལས་ཕར་གཏོར་མ་འདི་མར་གདན་གུ་ཐིང་ ཏེ་ གདན་གུ་བཏོན་ཚརཝ་ད་ལུ་ ཏེ་ ནཱ་ལས་རིམ་པ་བཞིན་དུ་ ཏེ་ ཁོང་རྡོ་རྗེ་སློབ་དཔོན་གྱིས་དབུ་གཙོས་པའི་ ཏེ་ ཁོང་སྐུ་འཆམ་གནང་མི་ ་་་་་(??) ཏེ་ སྔགས་པའི་འཆམ་ སྔགས་འཆམ་ཟེར་སླབ་ཨིན་ལགས་སྔགས་པའི་འཆམ་ཨིན་ལགས་འཆམ་འདི།
  • དབང་ཕྱུག Wangchuck
    ཏེ་ སྔགས་པའི་ཆས་སྦེ་ ཏེ་ སྔགས་པའི་འཆམ་འདི་གནང་ ཏེ་ སྔགས་འཆམ་འདི་ གནང་ཚར་བའི་ཤུལ་ལུ་ ཏེ་ ང་བཅས་བསྟན་པ་དང་སེམས་ཅན་ལུ་གནོད་པའི་དགྲ་བགེགས ཞིང་སྐྱོང་(??) ཚང་བའི་དགྲ་གེགས་འདི་ ཏེ་ ཕྱོགས་བཞི་མཚམས་བརྒྱད་ནང་ དུར་ཁྲོད་ནང་གནས་པའི་ཞིང་སྐྱོང་གི་ དུར་ཁྲོད་ཀྱི་བདག་མོ་འདི་ཚུ་གི་ ཏེ་ ཞིང་སྐྱོང་ཚང་བའི་དགྲ་བགེགས་འདི་ དེ་ལས་ རིམ་པ་བཞིན་དུ་ ཡར་ལས་ཕར་བསྣམས་ ཏེ་ མར་རྡོ་གཅལ་ནང་ལ་ ཏེ་ མར་གཏོར་མའི་གི་མདུན་ལུ་བཀལ་མི་གི་ དགྲ་བགེགས་འདི་ འ་ནཱི་ང་བཅས་ འཇིག་རྟེན་པའི་ཁ་ནང་འབད་བ་ཅིན་ ཏེ་ དུར་བདག་ཟེར་སླབ་ཨིན་ལགས།
  • དབང་ཕྱུག Wangchuck
    ཏེ་ དུར་བདག་ཟེར་སླབ་མི་འདི་འ་ནཱི་ ཏེ་ ཕྱོགས་བཞི་མཚམས་བརྒྱད་ནང་གནས་པའི་གི་ ཞིང་སྐྱོང་གི་མཁའ་འགྲོ་མ་ ཏེ་ དུར་ཁྲོད་ཆས་ཀྱི་ཚུལ་དུ་སྦེ་བྱོན་པའི་ ཚུལ་ཨིན་པས་ལགས་འ་ནཱི་ ཁོང་གི་ཞིང་སྐྱོང་ཚང་བའི་དགྲ་བགེགས་འདི་མར་བཀུག་ ཏེ་ མར་བཀལ་ཚརཝ་ད་ལུ་ ཏེ་དེ་ལས་ ད་རུང་ནང་ན་ལས་ ཏེ་ ཞིང་སྐྱོང་ཚང་བའི་དགྲ་བགེགས་ཀྱི་རྣམ་པ་ཤེས་པ་འདི་མར་བཀུག།
  • དབང་ཕྱུག Wangchuck
    ཏེ་ མར་ལས་སློབ་དཔོན་གྱིས་ སྔགས་འཆམ་བཞེས་ཏེ་གིས་ཡར་ ་་་་(??) འབད་མི་འདི་འ་ནཱི་ཨིན་ལགས། དེ་ལས་འདི་གི་ཤུལ་མ་འཐོན་མི་གིས་ ཏེ་ ལྷ་འདྲེ་ལྷའི་སྐུ་འཆམ་ཨིན་ལགས་ ཏེ་ད་ ང་བཅས་ནཱ་འཇིག་རྟེན་པའི་ཁ་ནང་སྦེ་སླབ་པ་ཅིན་ ཏེ་ ཕྱག་རྒོད་ཨོའོ་ལ་ཟེར་ ཏེ་ ཕར་མན་ངག་ལྟར་དུ་འབད་བ་ཅིན་ ཏེ་ ལྷ་འདྲེ་གྱི་ ལྷ་འདྲེ་གཉིས་ཀྱི་ ང་བཅས་རའི་འཇིག་རྟེན་པའི་ལྷ་ ཡེ་ཤེས་པའི་ལྷ་འདི་གཉིས་ ཏེ་ ཞིང་སྐྱོངཚང་བའི་དགྲ་བགེགས་འདི་དང་ ཕར་ཁ་བྲལ་གཏང་ནི་གི་ ལྷ་འདྲེ་གཉིས་ཨིན་ལགས་ ད་འ་ནཱི་རྐྱབ།
  • དབང་ཕྱུག Wangchuck
    དེ་ལས་ ཁོང་གི་ལྷ་འདི་ཕར་བྲལ་ཚརཝ་ད་ ཏེ་དེ་ལས་ འ་ནཱ་ལས་ ཁོང་གི་རྣམ་པར་ཤེས་པ་འདི་བཀུག་པའི་ཚུལ་དུ་ཏེ་ དེ་ལས་སྒོ་མ་བཞི་ཟེར་ ཏེ་ འཆམ་བཞི་ཐོན་མི་འདི་ སྒོ་མ་བཞི་ཟེར་སླབ་ཨིན་ལགས། ཏེ་ འ་ནཱི་ཁོང་གི་ ཏེ་ ཞིང་སྐྱོང་ཚང་བའི་དགྲ་བགེགས་འདི་ ཏེ་ རྣམ་པ་ཤེས་པ་འདི་ཚུར་བཀུག་ ཏེ་ འ་ནཱ་ལུ་ ཁོང་གི་ཕྱག་མཚན་འདི་ ལྕགས་ཀྱུ་་་་་ལྕགས་གྲོ་འདྲུད་་་་(??) དེ་ལསནི་ཏེ་ འདི་ཚུ་ག་ར་ཞལ་ཚང་དགོ་ ཁོང་གི་ཕྱག་ལུ་བསྣམས་ཡོདཔ་ཨིན་ལགས།
  • དབང་ཕྱུག Wangchuck
    ཏེ་ འ་ནཱི་ཁོང་བཀུག་ཚརཝ་ད་ དེ་ལས་ ཁྲོ་བོ་བཅུ་ཟེར་ ཏེ་ ཨ་ནཱི་འཆམ་དམངས་འཆམ་ཐོན་མི་འདི་གི་མིང་ ཁོང་སྐུ་འཆམ་གནང་མི་ ཏེ་ ཁྲོ་བོ་བཅུ་ ཏེ་ འཆམ་བཅུ་ཐམ་ཐོན་མི་འདི་ འ་ནཱི་ཁྲོ་བོ་བཅུ་ཨིན་ལགས།
  • དབང་ཕྱུག Wangchuck
    ཏེ་ ཨ་ནཱི་ཁྲོ་བོ་བཅུཔོ་འདི་གི་ ཏེ་ ཞིང་སྐྱོང་ཚང་བའི་དགྲ་བགེགས་འདི་ ཏེ་ ང་བཅས་བསྟན་པ་དང་སེམས་ཅན་ལུ་གནོད་པའི་གི་ ཞིང་སྐྱོང་ཚང་བའི་དགྲ་བགེགས་འདི་བསྒྲལ་ ཏེ་ མི་ནང་ལུ་ ཏེ་ ཆ་མཉམ་བཏུབ་བསྒྲལ་འབད་ ཏེ་ རྣམ་པ་ཤེས་པ་འདི་ ཆོས་ཀྱི་དབྱིངས་སུ་ལུ་ ཕངས་འབད་ཞིམ་ལས་ ཏེ་ དེ་ལས་ད་རུང་ཁོང་གི་མི་ནང་ལུ་ ཞལ་བཏབ་ཟེར་ ཏེ་ དེ་ལས་ ཨ་ཙ་ར་ཚུ་གིས་སྟེ་ ཞིང་སྐྱོང་ཚང་བའི་དགྲ་བགེགས་འདི་གི་ཤ་ཁྲག་ཕུང་པོ་འདི་ ཁོང་གིས་བཞེས་པའི་ཚུལ་དུ་སྦེ་ ཏེ་ འ་ནཱི་ཆ་མཉམ་ ཨ་ཁ་འདི་ཚུ་ཡང་ག་ར་ སྤང་ན་བཀལ་ ཕར་དང་ཚུར་འ་ནེ་སྦེ་ གར་འཆམ་གནང་མི་འདི་ ཏེ་ ཁོང་ཞལ་བཏབ་པའི་ཚུལ་ཨིན་ལགས་ ཞལ་བཞེས་པའི་གི་ཚུལ།
  • དབང་ཕྱུག Wangchuck
    ཏེ་ འ་ནཱ་ལས་རིམ་པ་བཞིན་དུ་ད་རུང་ཁོང་ ཡར་གྱི་འཆམ་འདི་ཚུ་ ཁྲ་བོ་བཅུ་པའི་འཆམ་ཡར་འཛུལ་ཚར་ཞིན་ལས་ ཏེ་དེ་ལས་ ནཱ་ལས་ཕར་རིམ་པ་བཞིན་དུ་ད་རུང་ ཏེ་ ཁོང་གི་ཡར་ལས་ཕར་ བླ་སློབ་འདི་ཚུ་གི་ དབུ་མཛོད་ཀྱིས་གཙོས་པའི་འདི་ཚེ་ཀྱི་ཆོག་ག་ ཏེ་ ཟློག་ཐུན་གནང་འབད་ཞིན་ལས་ ཏེ་དེ་ལས་ ཡར་ལས་ ཏེ་ རིམ་པ་བཞིན་དུ་ ནཱ་ལས་ཕར་ ཏེ་ ལྷ་ཁང་གི་སྒོ་ར་ནང་ལས་བཏོན་ དེ་ལས་ཏེ་ཕར་ གཏོར་མ་འདི་ཕངས་ནི་གི་ ཕྱོགས་ག་ཏེ་ཨིན་ན་ ཏེ་ཤར་ལུ་ དུས་འཁོར་དང་ ཏེ་ གཡང་ཆགས་ ཏེ་ འ་ནཱི་ཁོང་རྩིས་གཞུང་ཚུ་གི་ ཏེ་ རྩིས་པའི་གི་ལམ་འདི་ཚུ་བལྟ་སོང་ཁོང་གིས། ཏེ་འ་ནཱི་ དུས་ཚོད་དང་བསྟུན་པའི་གི་ རྒྱུད་ལམ་འདི་ཚུ་ཁར་བཀལ་ ཏེ་ འ་ནཱི་ཁར་ལས་ ཕར་ཕངས་སུ་གི་ ས་གོ་འདི་ནང་ལྷོདཔ་ཨིན་ལགས།
  • དབང་ཕྱུག Wangchuck
    ཏེ་དེ་ལས་ཕར་ལྷོདཔ་ད་ཡང་ ཏེ་དེ་ལས་ གཏོར་མ་འདི་ཕར་བཞག་འབད་ཞིནམ་ལས་ ཏེ་ ཁོང་གིས་ཧེ་མ་ ཏེ་ མེ་འཆམ་འདི་ཚུ་གནང་ དེ་ལས་ མེ་འཆམ་འདི་ གནང་ཚརཝ་ད་ ཏེ་ དེ་ལས་ཕར་མེ་སྤར་ དེ་ལས་ཕར་གཏོར་བཟོ་གི་ ཕུང་བ་འདི་ཚུ་ལུ་མེ་སྤར་ ཏེ་ དེ་ལས་ནཱ་ལས་ཕར་ ཏེ་ བསྟན་པ་དང་སེམས་ཅན་ལུ་གནོད་པའི་གི་ ཏེ་ བསྟན་པའི་རུ་དྲ་འདི་ཚུ་ ཏེ་ དང་པ་དགྲ་ཟོར་ གཉིས་པ་ཆུ་ཟོར་ དེ་ལས་ ཁྲག་ཟོར་ དབང་ཟོར་ ཏེ་ འ་ནཱ་ལས་མར་རིམ་པ་བཞིན་དུ་ ཏེ་ འ་ནཱི་སྦེ་ཕངས་སྲོལ་ ཕངས་མི་འདི་ འ་ནཱི་ཨིན་ལགས།
  • དབང་ཕྱུག Wangchuck
    ཏེ་དེ་ལས་ འ་ནཱ་ལས་མར་རིམ་པ་བཞིན་དུ་ ཏེ་དེ་ལས་ ཚིག་དང་བསྟུན་ཏེ་ མ་པ་འདི་ཚུ་ག་ར་མ་པ་ ཚིག་དང་འཁྲིལ་དགོ་ལགས་ ཚིག་དང་འགལ་བ་སྤུ་ཙམ་ཅིག་ཡང་མེད་པ་སྦེ་ རིམ་པ་བཞིན་དུ་སྦེ་ ནཱ་ལས་མར་ཕར་བལྟ་ འ་ནཱི་སྦེ་ཕངས་དགོ་ལགས།
  • དབང་ཕྱུག Wangchuck
    ཏེ་ འ་ནཱི་ཕངས་ཚར་འབད་ཞིན་ལས་ ཏེ་དེ་ལས་ ཤུལ་མ་ལུ་ ཏེ་དེ་ལས་ འ་ནཱ་ལས་ ཏེ་དེ་ལས་ ཁོང་རྡོ་རྗེ་སློབ་དཔོན་གྱིས་དབུ་གཙོས་པའི་ བླ་སློབ་ཏེ་ སྔགས་པའི་སྔགས་ཆས་བཞེས་མི་གསུམ་གྱིས་ ཏེ་དེ་ལས་ གཏོར་མ་འདི་ གཏོར་བཟོ་འདི་ཡར་ཕྱག་ལུ་བསྣམས་སྦེ་ ཏེ་ འ་ནཱ་ལས་ཕར་ཏེ་ད་ གཏོར་མ་འདི་དགྲའི་གི་ཕྱོགས་སུ་ ཏེ་ང་བཅས་ར་ བསྟན་པ་དང་སེམས་ཅན་ལུ་ གནོད་པའི་གི་ བསྟན་པའི་རུ་དྲ་ཚུ་ལུ་མ་གཏོགས་ ང་བཅས་ར་ད་ལྟོ་ གནས་སྐབས་ཀྱི་དགྲ་ཨིན་ལོ་ བྱང་ཕྱད་ཨིན་ལོ་ ཏེ་ འདི་དགའ་དང་མ་དགའ་བའི་ཁྱད་པར་གྱི་ ཕྱོགས་སུ་ལུ་མེན་པ་འབད།
  • དབང་ཕྱུག Wangchuck
    བསྟན་པ་དང་སེམས་ཅན་གྱི་གནོད་པའི་ ཨ་ནཱི་ཞིང་སྐྱོང་ཚང་བའི་དགྲ་བགེགས་ འ་ནཱི་འདི་ཚུ་གི་ ལུས་ཁམས་ཁ་ཐུག་ ཏེ་ ནཱ་ལས་ཕར་གཏོར་མ་ཕངས་མི་གི་ ཏེ་ བླ་མ་དང་སློབ་དཔོན་ཚུ་གིས་འབད་རུང་ གཏོར་མ་འདི་ ཏེ་ ཡིད་དམ་གྱི་ལྷ་ ཡིད་དམ་གྱི་ལྷ་འདི་ཡང་ ཏེ་ གཏོར་བཟོ་གི་ལྷ་དེ་ཡང་ ནང་ན་(??) གཏོར་བཟོ་འདི་ ཏེ་ གཏོར་མ་འདི་ཏེ་ཕར་ གཏོརམ་ཨིན་པའི་རྣམ་པ་སྦེ་མེན་པ་ མཚོན་ཆ་གི་ཚུལ་སྦེ་ ཏེ་ མཚོན་ཆ་གི་རྣམ་པ་སྦེ་ ཏེ་ དོམ་ རལ་གྲི་ འཁོར་ལོ་ དགྲ་དར་(??) ལ་སོགས་པའི་ འ་ནཱི་གི་མངོན་གསལ་སྦེ་ ཏེ་ཕར་ དགྲའི་བསྟན་པ་དང་སེམས་ཅན་ལུ་ གནོད་པའི་དགྲའི་ཕྱོགས་སུ་འ་ནཱི་ ཕངསམ་ཨིན་ལགས།
  • སངས་རྒྱས། Sangay
    མཇུག་གཅིག་ཨ་ནཱི་གསུང་ཚུགས་པ་ཅིན་ལགས་ ང་བཅས་ནཱ་གི་ཁྱད་ཆོས་གཅིག་ ཨ་ནཱི་ཡོད་པ་ཏེ་ལགས་ ད་ དབུ་མཛད་ལས་འགོ་བཙུགས་ཏེ་ འཆམ་རྐྱབ་ཐོན་དགོ་མི་གཅིག
  • དབང་ཕྱུག Wangchuck
    འོང་ལགས་ ཏེ་ད་ ཨ་ནཱི་ད་ཅི་ གཅིག་ཞུཝ་བརྗེད་སོང་འདུག་ལགས། ཏེ་ད་ ང་བཅས་ནཱ་གི་ ཏེ་ ཁྱད་ཆོས་མཐུན་མོང་མ་ཡིན་པ་གཅིག་ཏེ་དེ་ ག་ཏེ་ཡང་མེད་པའི་ཁྱད་ཆོས་གཅིག་ དེའི་ཁྱད་ཆོས་འདི་ཡང་ ཏེ་ད་ང་བཅས་ར་ནཱ་ ཏེ་ཧེ་མ་ལས་ར་ རྐྱབ་སྲོལ་ཅིག་ཨིན་མས་ལགས་ འདི་ང་བཅས་ད་རེས་ནངས་པ་ནཱི་འདི་ འཇའ་བས་ མཛེས་པས་ བཅའ་བས་ཟེར་མེན་པ་འབད་སོང་།
  • དབང་ཕྱུག Wangchuck
    ཧེ་མ་ཧེ་མ་ ཏེ་ ང་བཅས་གཏེར་བཏོན་པད་མ་གླིང་པ་བཞུགས་པའི་སྐབས་ལས་ ཁོ་རའི་གི་ ཏེ་ ཟབ་ཆོས་ཀྱི་ཐུགས་ཀྱི་སྲས་ ཆོས་རྗེ་རྣམ་པ་གཉིས་ཟེར་ཡོད་པའི་ནང་གསེས་ལས་ དབུ་མཛད་འགྲོ་བ་ཀུན་འདུས་ཟེར་མི་གཅིག་ གཏེར་བཏོན་པད་མ་གླིང་པ་ཁོ་རའི་ཆོས་ཀྱི་ཐུགས་སྲས་ཨིན་པས་ལགས།
  • དབང་ཕྱུག Wangchuck
    ཏེ་འ་ནཱི་ཁོ་གི་སྐབས་ལས་ ཏེ་ པད་གླིང་གི་ཐུགས་བཞེད་ལྟར་དུ་ ཁོ་ར་གི་ པད་གླིང་གི་གཏེར་ཆོས་འབད་ནི་འདི་གིས་ པད་གླིང་ཁོ་རའི་ཐུགས་བཞེད་བལྟར་དུ་སྦེ་ ད་འ་ནཱ་ལས་མ་རིམ་པ་བཞིན་དུ་ ཏེ་ དབུ་མཛད་འགྲོ་བ་ཀུན་འདུས་གྱིས་ དེ་བསྒང་ང་བཅས་ནཱ་སྒང་སྟེང་སྤྲུལ་སྐུ་སྐུ་ཐེངས་དང་པ་འདི་ པད་གླིང་ཁོ་རའི་ཐུགས་སྲས་ཟླ་བ་ ཐུགས་སྲས་ཟླ་བའི་སྲས་འདི་ སྒང་སྟེང་སྤྲུལ་སྐུ་སྐུ་ཐེངས་དང་པ་ རྒྱལ་སྲས་པད་མ་འཕྲིན་ལས་སྐུ་འཁྲུངས།
  • དབང་ཕྱུག Wangchuck
    ཏེ་རྒྱལ་སྲས་པད་མ་འཕྲིན་ལས་ཀྱིས་ ནཱ་སྒང་སྟེང་གི་གདན་ས་འདི་ཆགས་བཏབ་གནང་པའི་སྐབས་ལས་ར་ཏེ་ གཏེར་སྟོན་པད་མ་གླིང་པའི་ ཁོ་རའི་དབུ་མཛད་འགྲོ་བ་ཀུན་འདུས་ཟེར་མི་འདི་ནཱ་ དངོས་སུ་སྦེ་འབྱོན་ཏེ་ ཏེ་ འ་ནཱ་ལས་ རིམ་པ་བཞིན་དུ་ ཏེ་ འ་ནཱི་ ད་ཅི་ཡར་གོང་ལུ་ཞུ་མི་ ཁྱབ་ཆེ་གུ་རུ་དྲག་པོ་གི་ ཟླཝ་ལྔ་པའི་སྐུ་རིམ་འདི་ ཏེ་ ཆོ་ག་ཕྱག་ལེན་གདངས་དབྱངས་ གར་ཐིག་དབྱངས་གསུམ་སྦེ་ ཆ་མཉམ་རིམ་པ་བཞིན་དུ་སྦེ་ ཁོ་ར་གིས་ ཏེ་ ཞལ་བཀོད་གནང་།
  • དབང་ཕྱུག Wangchuck
    ཏེ་ དེ་ལས་ ནཱ་ལས་ཕར་རིམ་པ་བཞིན་དུ་ ཏེ་སྒང་སྟེང་སྤྲུལ་སྐུ་སྐུ་ཕྲེང་རིམ་བརྒྱུད་ཚུ་གིས་ ཏེ་ རོགས་སློབ་དཔོན་དང་ ནཱ་ལས་ཕར་དབུ་མཛད་ དེ་ལས་ འདི་ནང་གི་ཆོསཔ་ འདི་ཚུ་གིས་རིམ་པ་བཞིད་དུ་སྦེ་ ཏེ་ འ་ནཱི་ཡར་ལས་ཐོན་བྱོནམ་ད་གི་འཆམ་ ཏེ་ ཧེ་མ་གཏོར་མ་འདི་བཏོན་ ཏེ་ གཏོར་མ་གི་རྟིང་བདའ་ དེ་ལས་ཏེ་ དམག་དཔོན་ཟེར་ ཁོང་འ་ནཱི་དམག་དཔོན་གྱི་ཆས་གྱོན་ཏེ་ཡོད་མི་ རྦད་རྐྱབ་མི་ཟེར་ཡང་སླབ་ཨིན་ལགས།
  • དབང་ཕྱུག Wangchuck
    ཏེ་ འ་ནཱི་དམག་དཔོན་གཉིས་ཐོན་ གཅིག་གདོང་ལས་ དེ་ལས་ འདིའི་རྟིང་བདའ་སྟེ་ རྔ་བརྡུང་མི་ དུང་འཕུ་མི་ དེ་ལས་ཏེ་ འ་ནཱི་རིམ་པ་བཞིན་དུ་ གར་འཆམ་དང་བཅསཔ་སྦེ་ ཐོན་པའི་ནང་གསེས་ལས་ ཏེ་ད་ ང་བཅས་ནཱ་གི་འདི་ ཏེ་ འ་ནཱི་ཁྱད་ཆོས་གཅིག་ཨིན་ལགས། ཏེ་ དགྲ་བགེགས་སྤུངས་འཇོམས་ཟེར་མི་འདི་ ཏེ་ དབུ་མཛད་རིམ་པ་བཞིན་དུ་བརྒྱུད་དེ་གིས་སྦེ་འ་ནཱི་ གཏེར་བཏོན་པད་མ་གླིང་པ་གི་ཡར་ སྟང་མེ་འབར་མཚོ་ནང་ལས་བཞེས་པའི་གི་ རོལམ་འབྲུག་རིལ་ཅནམ་ཟེར་མི་འདི་ འ་ནཱི་ཏེ་ དུས་ཆེན་འབུམ་སྡེ་ག་ནི་སྐབས་ལུ་ཡང་ ཏེ་ འདི་བཏོན་ཏེ་བཙར་ནི་མེད་ལགས།
  • དབང་ཕྱུག Wangchuck
    ཏེ་ འ་ནཱི་ནཱ་ཟླ་ལྔ་པའི་སྐུ་རིམ་ ཏེ་ སྐུ་རིམ་ཡང་ཉིནམ་དང་པ་དང་གཉིས་པའི་སྐབས་ལུ་འདི་ བརྡུང་ཐ་མི་ཆོག་ལགས། ཏེ་ འདི་འ་ནཱི་གཉེར་དགུའི་ཚེ་ ནཱ་གི་གཏོར་མ་བཏོན་པའི་སྐབས་ ད་རུང་ཐུན་དང་པ་དང་གཉིས་པའི་ནང་ཡང་འདི་མེད་ལགས།
  • དབང་ཕྱུག Wangchuck
    གསོལ་བ་ལས་ལོག་ཞིན་ནའི་ཐུན་འདི་ནང་ ཏེ་ འ་ནཱི་རོལམ་འབྲུག་རིལ་ཅནམ་འདི་ ཏེ་ དབུ་མཛད་འདི་གི་ཕྱག་ལུ་བསྣམསའབད་སྦེ་ ཏེ་ད་ ནཱ་རྡོ་གཅལ་ནང་ལས་རིམ་པ་བཞིན་དུ་ ཏེ་ དང་པ་རྔ་བརྡུངཔ། གཉིས་པ་དུང་འཕུ་མི། གསུམ་པ་ཏེ་ རིམ་པ་བཞིན་དུ་ ཁོང་གིས་གར་འཆམ་དགྲ་བགེགས་སྤུང་འཇོམས་ཟེར་ ཏེ་ འ་ནཱི་རྐྱབ་ དེ་ལས་འདི་གི་ནང་གསེས་ལས་ཡང་ ཏེ་ དབུ་མཛད་འདི་གིས་ ཏེ་ འ་ནཱི་རོལམ་འབྲུག་རིལ་ཅནམ་འདི་ཕྱག་ལུ་བསྣམས་འབད་སྦེ་ ཏེ་ ནཱ་ལས་ རིམ་པ་བཞིན་དུ་ ཏེ་ གར་འཆམ་ ཏེ་ ནཱ་ལས་དགྲ་བགེགས་སྤུང་འཇོམས་འཁྱིད་མི་གི་ ཧེ་མ་གི་དམག་དཔོན་གྱི་རྟིང་བདའ་རྐྱབ་མི་འདི་ ཏེ་ ད་ ཧེ་མ་འབད་བ་ཅིན་ སྐུ་དྲུང་ཟེར་སླབ་ཨིན་ལགས།
  • དབང་ཕྱུག Wangchuck
    སྒོམ་ཆེན་གྱི་སྐབས་ལུ་འབད་བ་ཅིན། ཏེ་ ད་རེས་ནངས་པ་འབད་བ་ཅིན་ ང་བཅས་བཤད་གྲྭ་གི་སྐབས་སུ་འབད་བ་ཅིན་སྟེ་ དོ་དམ་པ་འདི་ཨིན་ལགས། དོ་དམ་པ་འདི་ ཏེ་ འ་ནཱི་གི་ དགྲ་བགེགས་སྤུང་འཇོམས་ཀྱི་འཆམ་དཔོན་སྦེ་ འདི་གི་རྐྱབ་ ཏེ་དེ་ལས་ ཏེ་ དོ་དམ་པ་འདི་གི་ཡར་ལས་མར་ལོག་ ཏེ་ དབུ་མཛད་འདི་གིས་ནཱ་ལས་ ཏེ་ འ་ནཱི་རོལམོ་འབྲུག་རིལ་ཅནམ་འདི་ ཏེ་ བསྣམས་ཏེ་གིས་སྦེ་ དེ་ལས་ གར་འཆམ་འདི་ ཏེ་ འ་ནཱི་ལོགས་སུ་འབད་རང་ མ་འདྲཝ་གཅིག་སྦེ་རང་རྐྱབ་དགོ་མི་འདི་ཏེ་ ཨ་ནཱི་ཡར་ལས་རིམ་པ་བཞིན་དུ་ ཏེ་ དབུ་མཛད་འགྱོ་བ་ཀུན་འདུས་གྱི་སྐབས་ལས་རང་ རིམ་པ་བཞིན་དུ་འ་ནཱི་སྦེ་ རྐྱབ་ཡོད་ནི་འདི་གིས་ ད་ལྟོ་ཡང་མ་ཉམས་པར་འ་ནཱི་འབད་རང་ རྐྱབས་དོ་ལགས་ཟེར་ཞུ་ནི་ཨིན།
  • སངས་རྒྱས། Sangay
    ལགས་སོ་ བཀའ་དྲིན་ཆེ་ལགས། ད་མཇུག་གཅིག་འ་ནཱི་ལགས། ད་ནཱ་གིས་ ཡར་ལུ་གཏོརམ་གསུམ་བཟོ་ནི་འདུག་སྨོ་ལགས། ད་བླམ། ཡིད་དམ། མཁའ་འགྲོ་སྦེ། ཏེ་ འ་ནཱི་གཏོརམ་གསུམ་འདི་ད་ མི་རང་ར་སོ་སོ་གིས་ད་ དཀོན་གཉེར། རྐང་འཇུགཔ། དབུ་མཛད་འདི་ཚུ་གིས་ ད་ཁོང་རང་ཚུ་གི་ཐོབ་ལམ་བཟུམ་ཅིག་སྦེ་ ད་གཅིག་འ་ནཱི་བཟོ་དགོ་ལོ་ཟེར་ འ་ནཱི་ལུ་བཟོ་སྲོལ་གཅིག་འདུག་པ་ལགས་ འ་ནཱི་སྐོར་ལས་ལགས།
  • དབང་ཕྱུག Wangchuck
    འདི་ཡང་ཏེ་ད་ཧེ་མ་ ཧེ་མ་འབད་བ་ཅིན་ ཏེ་ད་ ཡར་ལས་ཕར་རིམ་པ་བཞིན་དུ་ ང་བཅས་ཏེ་ ཆུང་སུ་ཙམ་ཅིག་སྦེ་སྡོད་པའི་སྐབས་ལས་རང་ ཏེ་ ཡར་ང་བཅས་རའི་ཕམ་རྒན་ཤོས་ཚུ་གིས་ ཏེ་འདི་ ཡར་ལས་ཕར་རིམ་པ་བཞིན་དུ་ ད་ཅི་ཞུ་དོ་བཟུམ་སྦེ་ ཏེ་ ཡར་དབུ་མཛད་འགྲོ་བ་ཀུན་འདུས་གྱི་སྐབས་ལས་རང་ ཏེ་ འ་ནཱི་སྦེ་བཞེངསམ་འོང་མེན་ནམ་མནོཝ་ཅིག་འདུག་ལགས།
  • དབང་ཕྱུག Wangchuck
    ག་ཅི་སྨོ་ཟེར་བ་ཅིན་ དབུ་མཛད་འགྲོ་བ་ཀུན་འདུས་གྱིས་ ཁོ་གི་པད་མ་གླིང་པའི་གི་གཏེར་ཆོས་འདི་ ཏེ་ ང་བཅས་པད་གླིང་གི་ཏེ་ གཏེར་ཆོས་ཁོ་རའི་གི་ཏེ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ལུང་བསྟན་དང་འཁྲིལ་པ་ཅིན་ གཏེར་ཆེན་ གཏེར་ཆེན་བརྒྱ་དང་རྩ་བརྒྱད་ཨིན་མས་ལགས། ཏེ་ འདི་གི་ནང་ལས་ ཏེ་ ང་བཅས་ར་པད་མ་གླིང་པའི་ཁོ་རང་གི་ ཏེ་ གཏེར་ཆེན་དངོས་གཞི་ངོ་མ་ན་ལྷོད་པ་ད་ཏེ་ གཏེར་ཆོས་སུམ་བཅུ་རྩ་གཉིས་སྦེ་གསུངས་མས་ལགས།
  • དབང་ཕྱུག Wangchuck
    གཏེར་ཆོས་སུམ་བཅུ་རྩ་གཉིས་གནང་ས་ལས་ ཏེ་ དེ་ལས་ཏེ་ བླ་སྒྲུབ་ཐོར་གསུམ་ཟེར་ བླ་སྒྲུབ་ཐོར་གསུམ་ན་ལས་(??) འདི་གི་ནང་གསེས་ལས་བཅད་པ་ཅིན་ བླ་མ་ཞི་བ་དང་དྲག་པོ་ཟེར་ ད་འ་ནཱི་བླ་མ་ཞི་བ་དང་དྲག་པོ་ཡོད་པའི་ནང་གསེས་ནང་ ཏེ་ ད་རེས་ང་བཅས་ནཱ་ཡོད་མི་འདི་ ཏེ་ བླ་མ་དྲག་པོ་འདི་ ད་ ཨ་ནཱི་ཟླཝ་ལྔ་པའི་སྐུ་རིམ་སྦེ་བཏང་སྲོལ་འདི་ གཏོར་ཟློག་སྦེ་བཏང་སྲོལ་འདི་ ཏེ་ བླ་མ་དྲག་པོ་འདི་ཨིན་ལགས།
  • དབང་ཕྱུག Wangchuck
    ཏེ་བླ་མ་དྲག་པོ་འདི་ཡང་ ཏེ་པད་མ་གླིང་པ་ཁོ་རའི་ ཏེ་ ཞབས་བརྟན་ནང་འབད་རུང་ཡང་ ཏེ་ ཁ་བྱང་བརྒྱ་དང་རྩ་བརྒྱད་ཕྱག་ཏུ་བཞེས། །གཏེར་ཆོས་སུམ་བཅུ་རྩ་གཉིས་འགྲོ་དོན་མཛད། །ཁྱད་པར་བླ་མེད་འགྲོ་དྲུག་བཀའ་བབ་པ། །པད་མ་གླིང་པའི་ཞབས་ལ་ཕྱག་འཚལ་ལོ། །(??) ཟེར་ ཏེ་ འ་ནཱི་སྦེ་མངོན་སུམ་དུ་བཟུམ་སྦེ་ ཏེ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གི་ བཀའ་བབ་དངོས་གཞི་ངོ་མ་འདི་ ཏེ་ པད་གླིང་ལུ་ གུ་རུ་དྲག་པོའི་བཀའ་བབ་འདི་ཨིན་མས་ལགས།
  • དབང་ཕྱུག Wangchuck
    ད་ འ་ནཱི་འབད་ནི་དེ་གིས་ ཏེ་ད་ འདི་ནང་ལུ་ཡང་ ཏེ་ ཡར་ལས་ཕར་རིམ་པ་བཞིན་དུ་ ཏེ་ ད་ཅི་ཞུ་དོ་བཟུམ་སྦེ་ ཏེ་ པད་མ་གླིང་པའི་གི་ ཏེ་ ད་ཁོ་ར་ཞལ་བཞུགས་པའི་ ཆོ་ག་ཕྱག་ལེན་གར་ཐིག་དབྱངས་གསུམ་ ག་ཅི་གི་ཐད་ལས་འབད་རུང་ ཏེ་ ཟབ་ཆོས་ཀྱི་ནང་ལས་ ཐུགས་ཀྱི་སྲས་བཟུམ་ཅིག་ཁོང་ ཏེ་ ཆོས་རྗེ་རྣམ་པ་གཉིས་ ཆོས་རྗེ་སྣ་ཚོགས་རང་གྲོལ་དང་ ཆོས་རྗེ་འགྲོ་བ་ཀུན་འདུས་ ཁོང་གཉིས་ ཏེ་ གཙོ་བོ་ཆེ་ཤོས་འདི་ཁོང་ཨིནམ་འབད་ལགས།
  • དབང་ཕྱུག Wangchuck
    ཏེ་ འ་ནཱི་ནང་ལས་ཡང་ ཏེ་ ཆོས་རྗེ་འགྲོ་བ་ཀུན་འདུས་ཀྱི་ ཏེ་ ནཱ་ལས་མར་ ཏེ་ རིམ་པ་བཞིན་དུ་ ཏེ་ ད་ཅི་ཞུ་དོ་བཟུམ་སྦེ་ ཏེ་ སྒང་སྟེང་སྤྲུལ་སྐུ་སྐུ་ཕྲེང་དང་པའི་སྐབས་ལས་རང་ ཏེ་ ཆོས་རྗེ་འགྲོ་བ་ཀུན་འདུས་ ཏེ་ནཱ་ཞལ་དངོས་སུ་སྦེ་བྱོན་ ནཱ་འབད་ཏེ་ པད་གླིང་གི་ཆོས་འཁོར་འདི་ཡོངས་རྫོགས་སྦེ་ ཡར་ལས་ཕར་རིམ་པ་བཞིན་དུ་ ཆོ་ག་ཕྱག་ལེན་གར་ཐིག་དབྱངས་གསུམ་ དེ་ལསནི་ མང་ཆེ་ཤོས་ མར་ལས་སྒྲིག་ལམ་རྣམ་གཞག་ལས་འགོ་བཙུགས་ ཏེ་ ཁོ་གི་བཀའ་སློབ་ཨིན་པས་ཟེར་ཞུ་ནི་ཨིན་ལགས།
  • དབང་ཕྱུག Wangchuck
    ཏེ་ འ་ནཱི་འབདཝ་ད་ ད་ གཏོར་མ་འདི་ འ་ནཱི་གི་སྐབས་ལས་རང་ ཏེ་ད་ ཁོ་གི་སྐབས་ལས་རང་ ཏེ་ད་ཆོ་ག་འདི་ཉམས་སོང་འོང་མནོ་སྟེ་གིས་སྦེ་ ཏེ་ ལག་ལེན་འདི་ཚུ་ཡང་ ཉམས་སོང་ཡི་མནོ་འདི་གིས་སྦེ་ ཏེ་ རྡོ་རྗེ་སློབ་དཔོན་འདི་ལུ་ ཏེ་ཟོར་ ཡར་གྱི་རྫས་མན་ངག་དང་བསྟུན་བསྟུན་པའི་རྫས་སྣ་སྒྲིག་ནི་འདི་ཚུ་ག་ར་འ་ནཱ་ ཏེ་ རྡོ་རྗེ་སློབ་དཔོན་འདི་ལུ་ ཏེ་ འགན་ཁུར་གནང་།
  • དབང་ཕྱུག Wangchuck
    དེ་ལས་ཏེ་ གཏོར་མ་འདི་ཚུ་འབད་རུང་ཡང་ གཏོར་མ་འདི་སྦུག་གི་ བླ་མའི་གཏོར་མ་འདི་ དབུ་མཛད་འདི་གིས་བཞེངས་དགོ་ལགས་ཧེ་མ་ ཏེ་ དབུ་མཛད་ཀྱིས་བཞེངས་དགོ་མི་འདི་ཡང་ གང་ཨིནམ་ཟེར་བ་ཅིན་ཏེ་ད་ ཆོ་ག་ཕྱག་ལེན་ གར་ཐིག་དབྱངས་གསུམ་ ཏེ་ ག་ཅི་རང་འབད་རུང་རང་ ཏེ་ མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་དོན་ལས་ ཏེ་ རོགས་དབུ་མཛད་འགྲོ་བ་ཀུན་བདུས་ཀྱིས་ ཏེ་ ཐུགས་ཀྱི་སྨོན་ལམ་འ་ནཱི་སྦེ་ རྒྱ་ཆེ་ས་ལས་མནོ་སྟེ་གིས་སྦེ་ དེ་སྦེ་མཛད་མཛདཔ་མེན་ན་མནོཝ་བཏང་མས་ལགས།
  • དབང་ཕྱུག Wangchuck
    ཏེ་འ་ནཱི དེ་ལས་ དབུ་མཛད་འདི་ ང་བཅས་ནཱ་གི་ལུགས་སྲོལ་ལས་ དབུ་མཛད་འདི་གྲོལ་ཞིམ་ལས་ སྲུང་འཁོརཔ་འབད་ནི་དེ་གིས་ ཏེ་ གཏོར་མ་ཡིད་དམ་གྱི་གཏོར་མ་འདི་ སྲུང་འཁོརཔ་གིས་བཞེངས་དགོ་མི་འདི་ འ་ནཱི་ཨིན་པས་ལགས། དེ་ལས་ དཀོན་གཉེར་འདི་གིས་ ཏེ་ མཁའ་འགྲོ་གི་གཏོར་མ་ སྲིནམ་ཟམ་(??) ཟེར་མི་འདི་ཨིན།
  • དབང་ཕྱུག Wangchuck
    ཏེ་ ཨ་ནཱི་མཁའ་འགྲོ་གི་གཏོར་མ་འདི་ དཀོན་གཉེར་འདི་གིས་བཞེངསམ་ཨིན་ལགས་ ཏེ་ དཀོན་གཉེར་འདི་གིས་བཞེངས་དགོ་མི་ཁུངས་འདི་ཡང་ ཏེ་ དཀོན་གཉེར་གྱི་འགན་ཁུར་ འ་ནཱ་རྟག་བུ་རྒྱུན་དུ་ ཏེ་ ང་བཅས་ཡར་གྱི་གསོལ་ཁ་འདི་ བླ་མ་གུ་རུ་དྲག་པོ་གི་ ཏེ་ གསོལ་ཁ་ དེ་ལས་ འདི་ནང་གི་བཀའ་སྲུང་ཡང་ ཏེ་ འ་ནཱི་ད་ཅི་ཡར་ གོང་ལུ་ཞུ་དོ་བཟུམ་སྦེ་ མ་བཟའ་དམ་གསུམ(??)།
  • དབང་ཕྱུག Wangchuck
    ཡབ་རྒྱལཔོ་པད་ཧར་ ཡུམ་སྔགས་གསུམ་(??)། སྲས་དམ་ཆེན་རྡོ་རྗེས་ལེགས་པ། གཏེར་སྲུང་ཁྱུང་འདུད། རྟག་བུ་ན་བུ་རྒྱུན་སྐྱོང་དཀོན་གཉེར་གྱིས་ དགོན་ཁང་ནང་ ཏེ་ ད་ལྟོ་ཚུན་ ཧེ་མ་ལས་འགོ་བཙུགས་མི་གིས་ ད་ལྟོ་ཚུན་ཚོད་མ་ཆད་པ་རང་ ཁོ་གིས་ཡར་དགོན་ཁང་དེ་ནང་གནང་སྟེ་ཡོད།
  • དབང་ཕྱུག Wangchuck
    ཏེ་ འ་ནཱི་འབད་ནི་འདི་གིས་ ཏེ་ ཨ་ཙི་ཅིག་རྒྱུན་མ་ཉམས་ཀྱིས་ ཏེ་ཕར་ཆད་པ་ ཏེ་ སྤུ་ཙམ་ཅིག་ཡང་མེད་པར་བཞག་ནི་གི་དོན་ལས་ ཏེ་ ཧེ་མ་ལས་རང་འ་ནཱི་སྦེ་ འཆར་གཞི་འདི་ འ་ནཱི་སྦེ་བཞག་བཞགཔ་མེན་ན་མནོ་བའི་གི་མནོ་བསམ་ཨིན་ལགས།