Skip to main content Skip to search
28 Jun 2018
7 min 31 sec
Video Overview
Creators: 
Rinchen Dorji, Khandu, Sonam Chophel, Rinchen Dorji

Tashiding temple was founded by Lama Thinley Jamtsho, (a follower of Nyephug Truelku) and the site of the temple was believed to be located on a right-turned conch shell on the trunk of an elephant. The temple consists of Jowo Jampa's stupa as a central figure surrounded by Guru Rinpoche, Chenrizig and a few Padling followers. The three temples of Tashiding, Phudru Goenpa and Chikhar are considered the body, speech and mind, respectively. Thus, it is considered to be very a sacred site. The central figure, Jowo was eracted by Lama Phamo, and the statue of Chenrizig and Guru were sculptured by Phugay, who is a follower of Lama Phagmo.

 

བྲག་དཀར་བཀྲིས་ལྡིང་དགོན་པ་འདི་ སྤ་རོ་གནས་ཕུ་སྤྲུལ་སྐུའི་རྗེས་འཇུག་ བླ་མ་འཕྲིན་ལས་རྒྱ་མཚོ་གིས་ ཕྱག་བཏབ་གནང་ཡོདཔ་ད་ ལྷ་ཁང་འདི་ཡང་ གླངམོ་ཆེ་ལྷ་པ་གུ་ དུང་དཀར་གཡས་འཁྱིལ་ཅིག་གུ་ཆགས་ཏེ་ཡོད་ཟེར་མས། ལྷ་ཁང་འདི་ནང་ དབུས་སུ་་ཇོ་བོ་བྱམས་པའི་སྐུ་འདྲ་འདི་ གུ་རུ་རིན་པོ་ཆེ་དང་ སྤྱན་རས་གཟིགས་ འདི་ལས་གཞན་ཡང་པད་གླིང་གི་རྗེས་འཇུག་གི་ སྐུ་འདྲ་ཚུ་གི་མཐའ་བསྐོར་ཏེ་འདུག། ཏེ་བཀྲིས་ལྡིང་གི་སྐུ་དང་ ཕུར་སྒྲུབ་དགོན་པ་འདི་གསུང་ འདི་ལས་སྤྱི་དཀར་དགོན་པ་འདི་ཐུགས་སྦེ་ སྐུ་གསུང་ཐུགས་སྦེ་བརྩི་དོ་ཡོདཔ་ད་ ཏེ་དབུས་ཀྱི་ཇོ་བོའི་སྐུ་འདྲ་འདི་ བླམ་ཕག་མོ་ཟེར་མི་གིས་བཞེངས་ཡོདཔ་ད་ སྤྱན་རས་གཟིགས་དང་ གུ་རུའི་སྐུ་འདྲ་འདི་ བླ་མ་ཕག་མོའི་རྗེས་འཇུག་ འཇིམ་བཟོ་ཕུར་རྒྱས་ཟེར་མི་གིས་ བཞེངས་གནང་གནངམ་མས། 

 

Transcript search
No results found for this search
0 of 0
  • བླམ་ཨོ་རྒྱན་རྡོ་རྗེ་
    ད་ བཀྲ་ཤིས་ལྡིང་ཟེར་སླབ་དགོ་མི་འདི་ཏེ་ད་ཕི་ནང་གི་ས་འདི་ཏེ་བཀྲ་ཤིས་པའི་གི་ཏེ་ས་སྒོ་ཅིག་རབ་གནས་འདི་གནང་མི་གི་སྐབས་དེ་ལུ་ཏེ་འ་ནཱི་གི་ལྷ་ཁང་འདི་ར་ར་གླངམོ་ཆེ་གི་ལྷ་པ་གུ་ལུ་ཏེ་ནོརབུ་དུང་དཀར་གཡས་འཁྱིལ་འདི་ཏེ་བཙུགས་བཙུགསཔ་བཟུམ་སྦེ་ཡོདཔ་ཨིན་བཀྲ་ཤིས་ལྡིང་གི་ས་འདི་ཏེ་འ་ནཱི་འབད་ནི་དེ་གིས་བཀྲ་ཤིས་ལྡིང་ཟེར་ཏེ་མ་པ་གདན་ས་བཅགས་ཏེ་གནང་མི་འདི་ཕུར་སྒྲུབ་དགོན་པ་གི་གདན་ས་བཅགས་མི་འཕྲིན་ལས་རྒྱ་མཚོ་དང་ཕར་བཀྲ་ཤིས་ལྡིང་གི་འདི་གཅིག་ཨིན།
  • བླམ་ཨོ་རྒྱན་རྡོ་རྗེ་
    བཀྲ་ཤིས་ལྡིང་གི་འདི་ཡང་ཏེ་འཕྲིན་ལས་རྒྱ་མཚོ་གིས་བཅགས་ཏེ་གནམ་གནངམ་ཨིན་པས།ལྷ་ཁང་འདི་ཐོག་གཉིས་ཡོད་ལྷ་ཁང་འདི་ཐོག་གཉིས་འབདཝ་ད་ཏེ་ཐོག་གོང་མ་གི་འདི་ཏེ་རྟེན་ཨ་ཙི་ཅིག་ཏེ་ཆུང་སུ་ཅིག་ཏེ་དེ་ལས་ཡར་ལས་མར་ལུ་ལྷ་ཁང་འདི་ཡང་ཨ་ཙི་ཅིག་ཡར་ལུ་ཏེ་རྒྱ་ཆུང་སུ་ཅིག་སྦེ་ཡོད་མ་པ་འདི་ཚང་ནི་འདི་ག་ར་ ཏེ་ཚངམ་སྦེ་འདུགཏེ་མར་ལྷ་ཁང་འོངམ་འདི་ཏེ་སྦུག་ལུ་ ཏེ་ཇོ་བོ་ཨིན་པས།གཡས་ལས་ཏེ་པད་གླིང་ནོར་རྒྱམ་སྤྱན་རས་གཟིགས་མུན་སེལ་སྒྲོན་མེ་ཟེར་མི་འདི་ཡབ་ཡུམ་སྦེ་ཡོད།
  • བླམ་ཨོ་རྒྱན་རྡོ་རྗེ་
    ཏེ་འ་ནཱི་ཏེ་བཀྲ་ཤིས་ལྡིང་ལུ་ཏེ་རྒྱས་ཏོག་ཏོ་སྦེ་ར་ཡོད་ཏེ་འ་ནཱི་གཡུས་མཇུག་གི་འདི་རོགས་ཕར་ཏེ་ས་སྒོ་གཞན་ཁར་ལས་ཡང་འདུག དེ་འབདཝ་ད་ལུ་ཕི་ནང་ལུ་ལེགས་ཤོམ་སྦེ་ར་བཞེངས་ཏེ་འདུག ཏེ་གཡོན་ཁ་ཐུག་གི་འདི་གུ་རུ་ཨིན་ཏེ་གུ་རུ་འདི་ཡང་གནས་ཆེ་ཏོག་ཏོ་སྦེ་ཡོད་ད་འ་ནཱི་བཀྲ་ཤིས་ལྡིང་གི་འདི་ཏེ་ད་སྐུ་གསུང་ཐུགས་སྦེ་འབདཝ་ད་ཏེ་སྐུ་འདི་བཀྲ་ཤིས་ལྡིང་སྦེ་བརྩིཝ་མས།གསུང་འདི་ཕུར་སྒྲུབ་དགོན་པ་སྦེ་བརྩིཝ་མས།ཐུགས་འདི་ཏེ་ཚུར་ཀྲི་ཀ་ཁ་སྦེ་འ་ནེ་སྦེ་བརྩིཝ་ཨིན་པས།
  • བླམ་ཨོ་རྒྱན་རྡོ་རྗེ་
    འདི་གསུམ་འདི་ཏེ་གནམ་མེད་ས་མེད་གནས་ཆེ་ཏོག་ཏོ་འདུགཏེ་མར་འོག་གི་ཇོ་བོ་འདི་ཏེ་བཞེངས་མི་འདི་བླམ་ཕགམོ་གི་ཕྱག་བཟོ་སྦེ་ ཏེ་འ་ནཱི་བླམ་ཕགམོ་གིས་བཞེངསམ་ད་ ཏེ་གཡས་དང་གཡོན་གྱི་སྤྱན་རས་གཟིགས་དེ་དང་ཏེ་གུ་རུ་འདི་ཏེ་འཇིམ་བཟོཔ་ཕུ་རྒྱས་ཟེར་མི་འདི་ཏེ་བླམ་ཕགམོ་གི་སློབམ་མས།ད་སྦུག་གི་ཇོ་བོ་འདི་ཏེ་བླ་མ་གིས་བཞེངས་པ་ཅིན་ད་གཡས་དང་གཡོན་གྱི་ཏེ་སྤྱན་རས་གཟིགས་དེ་དང་གུ་རུ་འདི་ང་ར་གིས་ཕྱག་ཞུ་ནི་ཨིན་ཟེར་འཇིམ་བཟོཔ་ཕུ་རྒྱས་ཀྱི་ཕྱག་བཟོ་ཨིན་ཟེར་
  • བླམ་ཨོ་རྒྱན་རྡོ་རྗེ་
    ད་འ་ནཱི་ནང་རྟེན་འདི་ ཏེ་བཀྲ་ཤིས་ལྡིང་ལུ་ གནམ་མེད་ས་མེད་ཏེ་བྱིན་ཆགས་ཏོག་ཏོ་ས་ཡང་དགའ་ཏོག་ཏོ་དེ་ལསན་ཏེ་རྟེན་ཡང་བྱིན་རླབས་ཆེ་ཏོག་ཏོ་སྦེ་ཅི་དང་མ་འདྲཝ་སྦེ་ཡོད།ད་དེ་གི་ཉེ་འདབས་ལུ་ཏེ་གཡས་ཁ་ཐུག་ལུ་ཏེ་ཨ་ནི་དབང་འདུས་གནས་གཡོན་ཁ་ཐུག་ལུ་བྲག་དཀར་གནས་ཏེ་འ་ནཱི་ཏེ་ད་ཕར་ ཏེ་སི་ཀིམ་ཁ་ཐུག་གི་འདི་ཏེ་རོགས་ད་བྲག་དཀར་བཀྲ་ཤིས་ལྡིང་ཟེར་ རོགས་ཕར་སི་ཀིམ་ལུ་སྦེ་བརྩིཝ་ཨིན་པས།ཏེ་ང་བཅས་ཀྱི་ད་ནཱ་འབྲུག་གི་ང་བཅས་ར་ནཱ་གི་ཏེ་བཀྲ་ཤིས་ལྡིང་བྲག་དཀར་བཀྲ་ཤིས་ལྡིང་འདི་ད་ལྟོ་ང་གིས་ཞུ་མི་བཀྲ་ཤིས་ལྡིང་འདི་ཨིན།
  • བླམ་ཨོ་རྒྱན་རྡོ་རྗེ་
    ད་འ་ནཱི་གནས་ཀྱི་སྒོ་འདི་ཏེ་ཕར་བྲག་དཀར་ཟེར་ཏེ་ད་ན་ཧིང་གཞེས་ཧིང་རོགས་མི་ལ་ལུ་འཕྲལ་འཕྲལ་ར་མཇལ་བ་བྱོན་ནི་འདུག་ཡར་ལ་ཁ་ཚུན་ཚོད་ར་ཏེ་འ་ནཱི་གནས་ཀྱི་སྒོ་འདི་འ་ནཱ་ཨིན་བྲག་དཀར་ལུ་བྲག་དཀར་གྱི་གནས་ཟེར་ཏེ་འ་ནཱ་ལས་ཕར་འབད་བརྒལ་འགྱོ་བའི་བསྒང་ལས་དང་པ་ཕུར་སྒྲུབ་དགོན་པ་གཉིས་པ་ལུ་ཏེ་སྤྱི་དཀར་གསུམ་པ་ལུ་ཏེ་བཀྲ་ཤིས་ལྡིང་ཏེ་བཞི་པ་ལུ་ཕར་དབང་འདུས་གནས་སྦས་ཡུལ་གྱི་གནས་སྒོ་འདི་ འ་ནཱ་བཀྲ་ཤིས་ལྡིང་སྦེ་བརྩིཝ་ཨིན།
  • བླམ་ཨོ་རྒྱན་རྡོ་རྗེ་
    ད་ པད་གླིང་ཆོས་འཁོར་འདི་ཏེ་རོགས་སྔོན་མ་ ད་ཁོང་ཕུར་སྒྲུབ་པདྨ་རྒྱ་མཚོ་འདི་ཏེ་རོགས་ཕར་པདྨ་གླིང་པ་གི་ཏེ་སློབམ་གཙོ་བོ་ཅིག་ཨིན་པས།ཏེ་འ་ནཱི་སློབམ་གཙོ་བོ་ཅིག་འབད་ཚར་ཞིནམ་ལས་ཏེ་འ་ནཱ་ལས་ཏེ་པདྨ་རྒྱ་མཚོ་གིས་ཏེ་རོགས་ཕར་པདྨ་གླིང་པ་གི་གཏེར་ཆོས་ཏེ་དེ་ལས་ཏེ་ནོར་རྒྱམ་དེ་ལས་སྤྱན་རས་གཟིགས་མུན་སེལ་སྒྲོནམ་འདི་ཏེ་དེ་ལས་ཕར་ལས་དབང་ལུང་ཁྲིད་འདི་ཚུ་ག་ར་ཕར་ལས་གསན།
  • བླམ་ཨོ་རྒྱན་རྡོ་རྗེ་
    ཏེ་ཁོ་ར་ཏེ་ནཱ་ཕུར་སྒྲུབ་དགོན་པ་ལུ་ཡང་ཏེ་ད་དགུན་ཟླཝ་དང་པའི་ནང་ལུ་ཏེ་འ་ནཱི་པད་གླིང་ནོར་རྒྱམ་ཞག་བདུན་ཕྲག་གཅིག་ཕར་བཀྲ་ཤིས་ལྡིང་ལུ་ཡང་ཞག་བདུན་ཕྲག་གཅིག་དེ་ལས་བྱཱར་ཟླཝ་བདུན་པའི་ནང་ལས་ཏེ་པད་གླིང་གི་ཏེ་ད་སྤྱན་རས་གཟིགས་མུན་སེལ་སྒྲོནམ་འདི་ཏེ་ཕར་ཞག་བདུན་ཕྲག་གཅིག་ཚུར་ཕུར་སྒྲུབ་དགོན་པ་ཞག་བདུན་ཕྲག་གཅིག་ཏེ་བདུན་ཕྲག་རེ་བདུན་ཕྲག་རེ་བྱཱར་བདུན་ཕྲག་རེ་དགུན་བདུན་ཕྲག་རེཔ་འདི་ཏེ་ད་འ་ནཱི་ང་བཅས་ཀྱི་ཕ་ཇོ་འདི་ཚུ་གིས་ཏེ་རོགས་འ་ནཱི་གནང་སྲོལ་འདུག
  • བླམ་ཨོ་རྒྱན་རྡོ་རྗེ་
    ཏེ་འ་ནཱི་གནང་སྟེ་འབདཝ་ད་ད་ན་ཧིང་གཞེས་ཧིང་ཏེ་ད་ ད་རིས་སྒང་སྟེང་སྤྲུལ་སྐུ་ཏེ་ནཱ་ལུ་བྱོན་འབད་སྦེ་མཛདཔ་ད་ཏེ་སྒང་སྟེང་སྤྲུལ་སྐུ་གིས་གསུངསམ་མས་ད་ཁྱོད་ཀྱི་ནཱ་ལུ་ཏེ་ད་ དགུན་དང་བྱཱར་གྱི་འབུམ་སྡེ་འདི་ག་དེ་སྦེ་གཏང་ནི་ཡོདཔ་ཟེརཝ་ད་ཏེ་ད་བྱཱར་གི་འདི་ཏེ་ད་སྒང་སྟེང་ལུ་གཏང་སྲོལ་ཡོད་པའི་གི་ཏེ་པདྨ་གླིང་པ་གི་ཁྱད་ཆོས་ཏེ་ད་གཏེར་ཆོས་ཡོད་ན་མེད་ན་ཏེ་འ་ནཱི་ནོར་རྒྱམ་འདི་ཏེ་རོགས་ཁོང་ར་ཕར་ལུ་ཡང་ཏེ་བསྟན་འཛིན་སྲིད་ཞི་རྣམ་རྒྱལ་གྱི་ལུགས་ཟེར་ཏེ་འ་ནཱི་གཏངམ་ཨིན་པས་ཟེར་ཏེ་ཞུ་སྟེ་འབདཝ་ད་
  • བླམ་ཨོ་རྒྱན་རྡོ་རྗེ་
    ཨིན་ན? ཁྱེད་ཀྱིས་ནཱ་ལུ་གཏང་ཚུགས་ག་ཟེརཝ་ད་ཏེ་ད་འ་ནཱི་ཏེ་ང་བཅས་ཕམ་ཚུ་གིས་འ་ནཱི་ཏེ་གཏང་ནི་འདུག ང་བཅས་ཀྱིས་ཡང་འ་ནཱི་ཏེ་ཕར་བཀྲ་ཤིས་ལྡིང་ལུ་ཡང་ཏེ་འ་ནཱི་བསྟན་འཛིན་སྲིད་ཞི་རྣམ་རྒྱལ་གྱི་ལུགས་འདི་ཚུར་ཕུར་སྒྲུབ་དགོན་པ་ཡང་བསྟན་འཛིན་སྲིད་ཞི་རྣམ་རྒྱལ་གྱི་ལུགས་འདི་ཏེ་དེ་ལས་དཔེ་ཆ་དབང་ལུང་ཁྲིད་ཏེ་ད་ ད་རིས་ཀྱི་སྒང་སྟེང་སྤྲུལ་སྐུ་ལས་ང་བཅས་དབང་འདི་ར་ལུང་འདི་ར་ཏེ་ཆ་ཚང་འབད་ཞུ་དེ་ལསན་ཏེ་མ་གཟའ་དམ་གསུམ་གྱི་ ཏེ་ལུང་འདི་ཚུ་ཡང་ཆ་ཚང་འབད་ཞུ་འབད་སྦེ་ ཏེ་ཕར་བཀྲ་ཤིས་ལྡིང་ལུ་ཡང་འ་ནེ་སྦེ་ར་གཏང་དོ་ཟེར་ཞུ་ནི་ཨིན།
  • བླམ་ཨོ་རྒྱན་རྡོ་རྗེ་
    ཏེ་འདི་ ཚུར་ལུ་ཡང་རོགས་ད་སྤྲུལ་སྐུ་འབྱོན་པའི་གི་ཉི་མ་ལས་ར་འགོ་བཙུགས་ཏེ་འ་ནཱི་སྦེ་ར་ཏེ་ག་ནི་བ་རྒྱས་ཏོག་ཏོ་འབད་ཏེ་ད་ཚོགས་རྫོགས་ཏོག་ཏོ་འབད་གནང་དེས་ གནམ་མེད་ས་མེད་སེམས་དགའ་བས་ ཟེར་ཞུ་ནི།
  • བསོད་ནམས་ཆོས་འཕེལ་
    ཨ་ནི་བླ་མ་ད་ཧེ་ཕུག་སྤྲུལ་སྐུ་ཟེར་མི་འདི་ཧེ་ཕུག་ཟེར་མི་འདི་ ག་དེ་་་་ ག་དེ་སྦེ་བྱུང་བྱུངམ་ཨིན་ན་ འ་ནཱི་གི་སྐོར་ལས་
  • བླམ་ཨོ་རྒྱན་རྡོ་རྗེ་
    ད་ ཧེ་ཕུག་སྤྲུལ་སྐུ་ཟེར་སླབ་ཨིན།ཧེ་ཕུག་སྤྲུལ་སྐུ་ཟེར་སླབ་དགོ་མི་འདི་ད་ང་བཅས་ཀྱི་ཁའི་ཟུར་སྦེ་ཧེ་ཕུག་ཟེར་ཡར་སོངཔ་ཨིན།མ་པ་ཁུངས་འདི་ཏེ་གནས་ཕུག་ཟེར་སླབ་ཨིན།གནས་ཀྱི་ཕུག་འབད་དགོ་མི་འདི་ཏེ་གུ་རུ་རིན་པོ་ཆེ་གི་སྒྲུབ་གནས་ཨིན་པས།
  • བླམ་ཨོ་རྒྱན་རྡོ་རྗེ་
    ཏེ་དེ་ལས་ཡར་ མགོ་ལུ་ཨ་ནཱི་གུ་རུ་རིགས་ལྔ་གི་གནས་སྦེ་ཡོད།མཁའ་འགྲོ་རིགས་ལྔ་གི་གནས་སྦེ་ཡོད། བོནམ་རི་ཟེར་མི་འདི་ཏེ་མཁའ་འགྲོ་སྡེ་ལྔ་གི་གནས་ཨིན།ཏེ་མར་གྱི་འདི་གུ་རུ་གི་གནས་འབད་ནི་དེ་གིས་ཏེ་གནས་ཕུག་ཟེར་ཏེ་གུ་རུ་གི་གནས་ཀྱི་ཕུག་འདི་ར་འ་ནཱ་ཨིན་པས་ཟེར་ཏེ་དང་ཕུ་གནས་ཕུག་གནས་ཕུག་ཟེར་ང་བཅས་ནཱ་ལས་ཏེ་ད་གནས་ཕུག་སྤྲུལ་སྐུ་བླམ་གནས་ཕུག་སྤྲུལ་སྐུ་བཞུགས་པ་ཅིན་ད་ད་རིས་ནང་ལ་ལུ་ཆརཔ་རྐྱབ་མི་བཏུབ་པས་ཆང་ཕུད་ཅིག་ཡར་ཕུལ་ཤིག་ཟེར་
  • བླམ་ཨོ་རྒྱན་རྡོ་རྗེ་
    ཏེ་དེ་ལས་ཏེ་ཆང་ཕུད་འདི་ཡར་ཕུལ་ཚརཝ་ཅིག་ཏེ་ཆརཔ་འདི་ཁོ་ར་གི་ཧིམ་ཅུང་ནང་ལས་བཏོན་དོ་བཟུམ་སྦེ་གནང་ནི་ཡོད་ཏེ་དགུན་འབད་ས་ཅིག་རུང་ཡང་ཨའོ་ད་ཉིནམ་ཤར་མི་བཏུབ་པས་ད་ཉིནམ་ཤར་དགོ་པས་ད་ཆརཔ་འདི་ཏེ་བཏུབ་པས་ཟེར་སླབ་སྟེ་འབད་རུང་ཡང་ད་འདི་ནང་ཡོན་ཅིག་ཡར་སྤྲུལ་སྐུ་ལུ་ཕུལ་ཚརཝ་ཅིག་ཏེ་ཡར་ལས་མར་ལུ་ཉིམ་འདི་ཏེ་ཁོ་རའི་ཧེམ་ཅུང་ནང་ལས་བཏོནམ་འདེ་ཏེ་གནས་ཕུག་སྤྲུལ་སྐུ་ཟེར་སླབ་ཨིན་ཧེ་ཕུག་སྤྲུལ་སྐུ་ཟེར་མེན།
  • བླམ་ཨོ་རྒྱན་རྡོ་རྗེ་
    ཏེ་གནས་ཕུག་སྤྲུལ་སྐུ་འདི་ མ་པ་ཁོང་ཡར་ལས་མར་ ཏེ་བསྒྲིགས་ཏེ་གིས་འབད་དེ་བཤད་པ་ཅིན་ཏེ་རོགས་གུ་རུ་རིན་པོ་ཆེ་ཏེ་ཡར་བསམ་ཡས་ལུ་བཞུགས་པའི་གི་སྐབས་ལུ་ཏེ་ད་ ཡིད་མཁྱེན་ཡེ་ཤེས་དབྱངས་ཟེར་ཡང་ཞུཝ་ཨིན་པས།ཨ་ཙ་ར་ཡེ་ཤེས་དབྱངས་ཟེར་ཡང་ཞུཝ་ཨིན་པས།ཏེ་འ་ནཱི་གི་སྤྲུལ་སྐུ་འདི་ཏེ་ད་རིས་གནས་ཕུག་སྤྲུལ་སྐུ་འདི་ཨིན་ཟེར་ཞུ་ནི་ཨིན།། །།