Skip to main content Skip to search
13 Jun 2018
2 min 47 sec
Video Overview
Creators: 
Rinzin Dema

According to Aue Dorji Wangchuk from Kamdra, Dogar Gewog, the Dojay Dzong was named during the time of Je Ngawang Chogyal. It is said that Je Ngawang invited Great Saint Jetsen from Tibet to the Tsamdrak Gönpa of Dogar Gewog. On their way to the gönpa, Master Jetsen was said to be stuck where the present dzong sits. He left his footprint on the rock, and later a dzong was constructed there and named Dojay Dzong. The place was initially blessed by Je Ngawang Chogyal but after the arrival of Master Jetsen, it was blessed further.

སྤ་རོ་རྫོང་ཁག་ རྡོ་སྒར་རྒེད་འོག་ ཁམས་བྲག་གཡུས་ཚན་ལས་ ཨཔ་རྡོ་རྗེ་དབང་ཕྱུག་གིས་་འབད་བ་ཅིན་ རྡོ་སྦྱིས་རྫོངཟེར་བའི་མིང་འདི་ དེ་བསྒང་ རྗེ་ངག་དབང་འབྲུག་པའི་སྐབས་ བཏགས་ཡོདཔ་སྦེ་ཨིནམ་ད་ འདི་ཡང་ རྗེ་རིན་པོ་ཆེ་མཆོག་གིས་ རྗེ་བཙུན་རི་ལ་རས་པའི་སྐུ་འདྲ་འདི་ མཚམས་བྲག་དགོན་པ་ལུ་ གདན་འདྲེན་ཞུ་བའི་སྐབས་སུ་ སྐུ་འདྲ་འདི་གིས་ ད་ལྟོ་རྫོང་ཆགས་སའི་ ས་གནས་འདི་ཁར་ལས་ རྡོགཔ་དྲེགས་ཏེ་ ང་མི་འགྱོ་ ངེ་གི་གདན་ས་ནཱ་ལུ་ཨིན་ཟེར་ གསུངས་ཡོདཔ་ལས་ ས་གནས་ཀྱི་མིང་ལུ་ཡང་ རྡོགཔ་དྲེགས་ཟེར་ བཏགས་བཏགཔ་ཨིནམ་སྦེ་ ཡིད་ཆེས་བསྐྱེདཔ་མས། ས་གནས་འདི་ རྗེ་ངག་དབང་ཆོས་རྒྱལ་གྱིས་ བྱིན་གྱི་བརླབ་གནང་རུང་ རྡོགཔ་དྲེགས་རྫོང་ཟེར་བའི་ མཚན་གནས་འདི་ རྗེ་བཙུན་མི་ལ་རས་པའི་ སྐུ་འདྲ་འདི་ཁར་ བཞུགས་ལས་ཚུར་ དར་ཁྱབ་བྱུང་ཡོདཔ་ཨི་པས།    

Transcript search
No results found for this search
0 of 0
  • ཨཔ་རྡོ་རྗེ་དབང་ཕྱུག་
    Ap Dorji Wangchuk: རྡོཔ་སྦྱི་ཟེར་སླབ་དགོ་མི་དོན་དག་འདི་ རྡོགཔ་དྲེགས་ཟེར་ཞུ་སླབ་ཨིན་ལགས། རྡོགཔ་དྲེགས་ཟེར་དགོ་མི་འདི་ ཏེ་རྡོགཔ་དྲེགས་ཟེར་ མིང་བཏགས་དགོ་མི་འདི་ ཏེ་བླམ་རྗེ་བཙུན་འདི་ བོད་ར་ལུང་ལས་ནཱ་ཞུ་སྐྱེལ་བའི་བསྒང་ལུ་ འ་ནཱ་ཞུ་སྐྱེལ་སྦེ་ཚར་ཞིནམ་ལས་ ཏེ་འ་ནཱ་ལྷོདཔ་ད་ ནཱ་ལས་ཡར་མཚམས་བྲག་དགོན་པ་ཞུ་ནི་ཨིན་མས་ལགས་ནཱ་ལས་ཡར་ རྗེ་ངག་དབང་གྲུབ་པ་གིས་ འ་མར་ལྷོདཔ་ད་ འ་མར་ལས་ཞུ་མ་ཚུགས་པར་ ཁོ་ར་སྐུ་ངོམ་འདི་ཨ་མར་ཡོདཔ་ཨིན་ལགས་ རྡོགཔ་དྲེགས་ཟེར་སླབ་དགོ་མི་འདི་ལགས།
  • ཨཔ་རྡོ་རྗེ་དབང་ཕྱུག་
    Ap Dorji Wangchuk: མ་པ་གི་མར་གྱི་རྫོང་གི་ཆགས་ཚུལ་འདི་ ཧེ་མ་གི་ལུང་བསྟན་དང་འཁྲིལ་བ་ཅིན་ རྗེ་ངག་དབང་ཆོས་རྒྱལ་གྱིས་ཁོ་ར་གི་ཐུགས་སྨོན་དང་བཅསཔ་སྦེ་ རི་འདི་མགུ་འདི་ཡར་ལས་མར་ ནེམ་སྦེ་བོད་རི་སྒང་ཟེར་སླབ་ཨིན་ལགས། ཕར་ལས་མར་ནེམ་འབདཝ་ཅིག་རི་མགུ་འདི་མར་ནེམ་འབད་བའི་བསྒང་ལས་ མར་གྱི་གདན་ས་འདི་ངག་དབང་ཆོས་རྒྱལ་གྱི་གདན་ས་ཨིན་ལགས་མར།
  • ཨཔ་རྡོ་རྗེ་དབང་ཕྱུག་
    Ap Dorji Wangchuk: ངག་དབང་ཆོས་རྒྱལ་གྱི་གདན་ས་ནང་ལུ་ བླམ་རྗེ་བཙུན་ ཤུལ་ལས་བླམ་རྗེ་བཙུན་བྱོན་ ནེམ་འབད་བའི་བསྒང་ལས་ རྡོགཔ་དྲེགས་རྫོང་ཟེར་བཏགས་ཆིཔ་ འ་ནཱི་སྦེ་ཨིན་ལགས་ ད་མར་གྱི་འདི། འ་ནཱི་རྡོགཔ་དྲེགས་རྫོང་ཟེར་བཏགས་དགོ་མི་འདི་ བླམ་རྗེ་བཙུན་འ་མི་ནང་ལུ་ ཏེ་མར་ལས་ཞུ་མ་ཚུགས་པའི་བསྒང་ལས་ མ་པ་ཞུ་ནི་འདི་ ཨ་ཕར་མཚམས་བྲག་དགོནམ་ཟེར་མི་དེ་ཁར་ཞུ་ནི་ཨིན་མས་ལགས།
  • ཨཔ་རྡོ་རྗེ་དབང་ཕྱུག་
    Ap Dorji Wangchuk: ཕར་ལུ་ རོགས་རྗེ་ངག་དབང་གྲུབ་པ་གིས་ཱན་ལས་བོད་ལུ་ར་ལུང་ལུ་ ཁོ་ར་གི་ ཏེ་གཟིམ་དཔོན་འདི་ཡར་བཏང་ བོད་ར་ལུང་ཡར་ནེམ་སྦེ་བཞེངས་ས་ལུ་ ཡར་ན་ལས་ཡར་ལུ་གསོལཝ་ཚོགས་ཕུལ་ནུག་ལགས་ཡར་ལུ།
  • ཨཔ་རྡོ་རྗེ་དབང་ཕྱུག་
    Ap Dorji Wangchuk: གཞན་འདི་ལོས་ (རྟའི་?) ཡར་གྱི་གསོལ་ཤིང་ལས་འགོ་བཙུགས་ཏེ་ནཱ་ལས་ཡར་སྦྱི་ཤིང་འཐུ་ དང་ཕུ་ཀོཝ་སྒྲོམ་རྐྱབ་སྟེ་སྒྲོམ་ནང་བཙུགས་ འ་ནཱི་སྦེ་བཏང་སྦེ་ཞིནམ་ལས་ ཡར་ལུ་ཨ་ཡར་བོད་ར་ལུང་ལུ་ ཏེ་ཡར་ནེམ་སྦེ་ ཡར་ལུ་ཚོགས་འཁོར་བསྐོར་ནེམ་འབད་སར་བཏངམ་ད་ཡང་ ཚོགས་འཁོར་བསྐོར་ཡི་ར་ གཟིམ་དཔོན་འདི་ཕྱག་དབང་ཞུཝ་ད་ ཡར་ལས་མར་
  • ཨཔ་རྡོ་རྗེ་དབང་ཕྱུག་
    Ap Dorji Wangchuk: དབའེ་ཁྱོད་འབྲུག་ལུ་ ད་ང་བཅས་ཁ་ཐུག་ལས་མར་ལུ་ གཅིག་སྐྱེལ་རང་སྐྱེལ་དགོ་ཟེར་སླབ་ད་ ཏེ་ལན་མཇུག་ཁར་ གཟིམ་དཔོན་འདི་ཤེས་ཤེསཔ་མས་ལགས། ཏེ་ནི་འབད་བ་ཅིན་ང་བཅས་ནཱ་ལས་ རྟེན་གཅིག་ཞུ་དགོ་པས་ཟེརཝ་ད་ ཏེ་བླམ་རྗེ་བཙུན་གྱི་སྐུ་འབག་འདི་ འ་ནཱི་སྦེ་གནང་བཏང་བཏངམ་མས་ལགས་ཡར་ལས་ འ་ནི་མར་ལུ་རྡོགཔ་དྲེགས་རྫོང་ཟེར་སླབ་དགོ་མི་ཁུངས་འདི་ འ་ནཱི་ཨིན་ལགས།
  • ཨཔ་རྡོ་རྗེ་དབང་ཕྱུག་
    Ap Dorji Wangchuk: ཡར་གྱི་རིན་སྤུང་རྗོང་འདི་ཏེ་ལགས་ ང་གིས་འདི་ཡར་ལུ་ ས་གི་གནམ་མེད་ས་མེད་རྒྱུས་མེད་སྦེ་སླབ་མི་ཚུགས་པས་ལགས། ཏེ་ནཱ་གི་འདི་ ང་གིས་མགུ་དང་མཇུག་བཟང་སླབ་ནི་ཡོད་ལགས། ཡོད་དགོ་མི་ ག་ཆབ་སྨོ་ཟེར་བ་ཅིན་ རོགས་རྡོགཔ་དྲེགས་རྫོང་འདི་ ཏེ་ད་རིས་ཡར་གྱི་རྫོང་སྦོམ་སྦེ་གཅིག་དང་ལྷ་ཁང་གཅིག་ཡོད་བ་ལགས།
  • ཨཔ་རྡོ་རྗེ་དབང་ཕྱུག་
    Ap Dorji Wangchuk: རྫོང་སྦོམ་འདི་ ཏེ་རོགས་རྗེ་ངག་དབང་ཆོས་རྒྱལ་གྱི་གདན་ས་ངོ་མ་འདི་ རྫོང་སྦོམ་འདི་ཨིན་མས་ལགས། སྦོམ་ནང་ལས་ ཏེ་བླམ་རྗེ་བཙུན་ཞུ་སྟེ་མར་ རྡོགཔ་དྲེགས་རྫོང་ཟེར་ མར་ལྷ་ཁང་ནང་ཞུ་ཞིནམ་ལས་ འ་མར་ལས་ཡར་གྱི་རྗེ་ངག་དབང་ཆོས་རྒྱལ་གྱིས་ ཡར་རྫོང་སྦོམ་ནང་ལས་མར་ཞུ་ཞུཝ་མས་བ་ ཁོང་གཉིས་གཅིག་ཁར་འབད་ལགས། འ་ནཱི་སྦེ་ཨིན་མས་ལགས། ལགས་སོ།། །།