Video Overview
Tempo of Karbana village in Dagana gewog narrates an account of a local deity known as the Dung raja. According to him the deity is a spirit of an Indian man who died at Kabana. He is considered as the Mountain spirit and Tempo also tells how it is propetiated. While conducting offering ritual to the deity, a torma offering cake, an egg and an alcohol offering is only needed when replacing practice of animal sacrifice since the old time, Tempo says. The offering ritual is also prevelant in both Buddhist and pre-Buddhist traditions thorugh ritual and recitation by monks and also by shamans according to Tempo.
དར་དཀར་ན་རྫོང་ཁག་ ཀར་ན་རྒེད་འོག་ དཀར་བེ་ན་གཡུས་ཚན་ལས་ བསྟན་པོ་གིས་ གདུང་ར་ཛ་ཟེར་མི་ གནས་བདག་གི་སྐོར་ལས་ ལོ་རྒྱུས་བཤད་མི་ནང་ གནས་བདག་འདི་ཡང་ དཀར་བེ་ན་ལུ་་ཤི་མི་ རྒྱ་གར་གྱི་ མི་ཁུངས་འདི་ཨིན་ཟེར་ཨིན་པས། ཁོ་གིས་འབད་བ་ཅིན་ ད་རུང་ གངས་བཙན་ཟེར་ཡང་ གཅིག་མཆོད་ནི་ཡོད་ཟེར་ཨིནམ་ད་ ལོ་མཆོད་བཏང་པའི་སྐབས་སུ་ གཏོརམ་བཞེངས་ཏེ་ དེ་ལས་ སྒོང་རྡོག་དང་ གསེར་སྐྱེམས་ཕུལ་ཏེ་ སེམས་ཅན་སྲོག་འབད་མ་དགོཔ་སྦེ་ དང་ཕུ་ལས་ར་མཆོད་ནི་འདུག་ཟེར་ བསྟན་པོ་གིས་སླབ་ཨིན་པས། གསོལ་མཆོད་འདི་ཡང་ ནང་པ་དང་བོན་པོའི་ ལུགས་སྲོལ་གཉིས་ཆ་རའི་ཐོག་ལས་ ཆོ་ག་བཏང་སྟེ་མཆོདཔ་ཨིན་ཟེར་ བསྟན་པོ་གིས་ སླབ་ཨིན་པས།
- ཏཱེམ་པོ་ Tempoང་བཅས་ཀྱི་ནཱ་ལུ་ དུང་ཪཱ་ཛ་ཟེར་ཞུཝ་ཨིན།དུང་རཱ་ཛ་ཟེར་ཞུཝ་ཨིན། ཏེ་ཧེ་མ་ལས་ར་དང་ཕུ་ལསར་་ཁོང་ར་གིས་ཏེ་ང་བཅས་ཀྱིས་འདི་ ཤེས་ཡང་མི་ཤེས་པས་ལགས།ཏེ་དང་ཕུ་ལས་ར་ འ་ནཱི་བརྩམས་བཞག་བཞགཔ་མས།དེ་ལས་ཧེ་མ་གི་བོན་ཆོས་འདི་ཚུ་གིས་ཡང་ ཏེ་འ་ནཱི་དུང་རཱ་ཛ་ཟེར་ཏེ་འ་ནཱི་སྦེ་ཨིན་པས།ཏེ་ད་རེས་འབདཝ་ད་ལུ་ཏེ་གནས་ཁང་འདི་ཧེ་མ་འ་ནཱི་སྦེ་ཨིན་ཟེར་ ཨིན་མས་ལགས།ཨཱ་ཁོང་རྒས་ཤོས་འདི་ཚུ་གིས་འབདཝ་ད་ལུ་
- ཏཱེམ་པོ་ Tempoཏེ་ཧེ་མ་ཏེ་མར་ལས་ཀྱི་ཕྱི་རྒྱལ་ལས་ཀྱི་ཏེ་མར་ལས་འ་ནཱི་ས་ཡབ་(ལྟ་རྟོག་པ་)གོངམ་འོང་ཞིནམ་ན་འ་ནཱི་ཐོ་བཀལ་དགོཔ་འདྲས་སྦོ་ལ་སྦོམ་ས་སྦོམ་ས་ཏེ་འ་ནཱི་འབདཝ་ད་ལུ་ ནཱ་ལྷོདཔ་ད་ལུ་ཏེ་གྱོངས་སོངཔ་མས་ལགས།ཏེ་འ་ནཱི་འབད་ཞིནམ་ད་ལུ་དེ་ལས་ཏེ་འ་ནཱི་དུང་རཱ་ཛ་སླབ་མི་འདི་ ད་འ་ནཱི་ཨིན་མས་ལགས།
- ཏཱེམ་པོ་ Tempoད་ད་རེས་ཆོ་ག་ནང་འབད་རུང་འ་ནཱི་དུང་རཱ་ཛ་འབད་ར་གཏང་དགོ་ལགས།ཁོ་ནཱ་ང་བཅས་ནཱ་ཆོ་ག་བཏང་རུང་ཏེ་འ་ནཱི་གནསཔོ་འདི་དུང་རཱ་ཛ་འབད་ར་ཚུད་དགོ་ལགས།དེ་ལས་ང་བཅས་ཀྱིས་འབད་རུང་ དུང་རཱ་ཛ་འབད་ར་ལགས་འ་ནཱི་སྦེ་ཨིན་ལགས།དེ་ལས་གངས་ཚིག་སླབ་མི་ཅིག་ཡོད་ལགས།ཏེ་འ་ནཱི་གངས་ཚིག་འདི་ང་བཅས་ར་ནཱ་གི་ཨ་ནཱི་གངས་བདའ་གི་འ་ནཱི་བཙན་ཅིག་འདུག་བ་ཨ་ནཱི་འདི་འ་ནཱི་གངས་ཚིག་སྦེ་འ་ནཱི་སྦེ་ཞུཝ་ཨིན་ལགས།
- ཏཱེམ་པོ་ Tempoགངས་པའི་གངས་ཚིག་ཟེར་ལགས་མཚོ་སྨནམ་མཚོ་བདུད་ཟེར་དེ་ལས་བྲག་པའི་བྲག་ཚིག་ཟེར་འ་ནཱི་སྦེ་འདུག་བ་ལགས།ཏེ་འ་ནཱི་སྦེ་ཏེ་ང་བཅས་ཀྱིས་ཚོགས་འདི་ འ་ནཱི་སྦེ་ར་ཕུལཝ་ཨིན་ལགས།ཏེ་འདི་ལུ་འ་ནཱི་འདི་ལུ་འ་ནཱི་ཆང་ཕུད་གཅིག་དང་དེ་ལས་འདི་ལུ་ཡང་སྒོང་རྡོག་ཕུད་རྡོག་གཅིག་ལགས།དེ་ལས་ཨ་ནཱི་གཏོརམ་ཕུད་རྡོག་གཅིག་འ་ནེམ་ཅིག་ཨིན་དེ་ལས་ཏེ་དེ་ལས་ཚོགས་ཕུད་རྡོག་གཅིག་ཕུལཝ་ཅིག་བཏུབ་ལགས།
- ཏཱེམ་པོ་ Tempoའ་ནཱི་སྦེ་འབདཝ་ཨིན་ལགས་ ང་བཅས་ནཱ། ཨ་ནཱི་སྲོག་གཅད་ཀྱི་ལཱ་འདི་ཚུ་གང་ནི་ཡང་འབད་ནི་མེད་ང་བཅས་ནཱ་ལུ་གཡུས་ཁར་ནཱ་ཕར་ཚུར་ལུ་ལྷ་གསོལ་ཀླུ་གསོལ་འབད་མི་འདི་ ག་ར་ང་ཨིན་ལགས།ཏེ་དེ་འབད་རུང་ང་བཅས་ཀྱི་སྲོག་གཅད་སྐོར་ལས་འདི་ང་ལུ་རྩ་དང་སྤུ་ལས་ར་འབད་ནི་མེད་ཟེར་ཞུ་ནི།ང་བཅས་ཀྱིས་གཙོ་བོ་ར་ང་བཅས་ཀྱིས་ལྷ་སྲུང་གསོལ་ནི་དེ་ལསན་དེ་ལས་ང་བཅས་ཀྱིས་ཆོས་སྲུང་ལུ་བཤགས་པ་ཕུལ་ནི་འདི་ཚུ་ང་བཅས་འ་ནཱི་འདི་ཚུ་ང་བཅས་ཀྱིས་འབདཝ་ཨིན།
- ཏཱེམ་པོ་ Tempoཏེ་འ་ནཱི་སྦེ་འབདཝ་ད་ལུ་ཏེ་ང་བཅས་ཀྱི་ལོ་མཆོད་ཟེར་ཨ་ནཱི་སྦེ་འབདཝ་ད་ལུ་ང་བཅས་ཀྱི་ཏེ་ང་བཅས་ཀྱི་[ཁ་ནམ་?]ཟེར་ཨ་ནཱི་ལོ་དུས་ཀྱི་ང་བཅས་ཀྱི་ཨ་ནཱི་བྱཱ་གསརཔ་འཚོ་དེ་ལས་ཨ་ནཱི་རེད་འདི་ཚུ་ད་རུང་ཨ་ནཱི་གསར་ཕུད་སྦེ་འ་ནཱི་སྦེ་དྲང་ནི་ཡོད་བ་ལགས་ང་བཅས་གསར་ཕུད་སྦེ་ཏེ་དཀོན་མཆོག་གསུམ་འདི་ཚུ་ལུ་ཕུལ་ནི་ཡོད་ཏེ་འ་ནཱི་འདི་ཚུ་ཕུལ་སྦེ་ཞིནམ་ད་ལུ་དེ་ལས་ཏེ་སྦྱིན་པའི་བདགཔོ་འདི་ཚུ་ཏེ་ག་ར་འོང་འདི་ཚུ་ག་ར་ལུ་ཏེ་ཏེ་ཁོང་ར་སྦྱིན་པའི་བདགཔོ་འདི་ཚུ་གིས་འབད་རུང་ཕྱག་འཚལ་སྙན་དར་ཕུལ་ དེ་ལས་ཏེ་འ་ནཱི་སྦེ་འབད་སྦེ་བཞིནམ་ད་ལུ་
- ཏཱེམ་པོ་ Tempoཏེ་དེ་ལས་ང་བཅས་ཀྱི་ང་བཅས་ཀྱི་དཔའ་བོ་འདི་ཚུ་གི་དེ་ལས་ཏེ་དཔའ་བོ་རྐྱབ་དེ་ལས་ཏེ་ཁོང་ར་ལྷ་སྲུང་གསོལ་ང་བཅས་དཔའ་བོ་རྐྱབ་པའི་ཉི་མ་ལྷ་སྲུང་གསོལ་སྦེ་ཞིནམ་ད་ལུ་དེ་ལས་ཏེ་ནཱ་ང་བཅས་ར་གི་ཏེ་སྦྱིན་པའི་བདགཔོ་འདི་ཚུ་ ཏེ་ང་བཅས་ར་གི་ནཱ་གཡུས་ཁ་གི་ཁྱིམ་ཚང་འདི་ཚུ་ག་ར་འཐོན་འོང་ལགས།ཨ་ནཱི་ནང་ལྟདམོ་བལྟ་བ་འབད་རུང་དེ་ལས་ཏེ་ཁོང་ལུ་ཆང་ཡོད་པ་ཅིན་ ཆང་བྱིན་ཆང་མེདན་ཏེ་ཇ་ཨིན་རུང་བསྐོལ་བྱིན་དེ་ལས་ཏེ་ང་བཅས་ར་དགའ་བའི་དགའ་སྤྲོ་བསྒྱུར་ཏེ་འ་ནཱི་སྦེ་སྡོདཔ་ཨིན་ལགས།འ་ནེམ་ཅིག་ཨིན་ ཡར་ལུ།། །།