Video Overview
Tshering Dorji shares an account of Dechenling Lhakhang (temple) that he learned from his grandparents. The temple is also called Muegma (weed) because Pema Lingpa (1451-1520) found weeds sprouting from the bamboo sheets used to build a shed. Seeing it as a good omen, Pema Lingpa ordered the community to call the temple Muegma.
༉ བདེ་ཆེན་གླིང་ལྷ་ཁང་གི་ལོ་རྒྱུས་བཤད་མི་ ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ ལྷ་ཁང་གི་ལོ་རྒྱུས་འདི་ཚུ་ ཁོ་རའི་ཨང་རྒས་ལས་གོ་གོཝ་ཨིན་ ཟེར་ཨིན་པས། དེ་མ་ཚད་ ལ་ལུ་ཅིག་ཁོ་རའི་ཤེས་མྱོང་ལས་འབད་ཡང་ བཤདཔ་ཨིན་པས། ལྷ་ཁང་དེ་གི་མཚན་ལུ་ སྨྱུག་མ་ལྷ་ཁང་ཟེར་ཡང་ སྲབ་སྲོལ་ཡོདཔ་ད་ སྨྱུག་མ་ལྷ་ཁང་ ཟེར་བཏགས་དགོ་མི་དེ་ཡང་ ལྷ་ཁང་དེ་རྐྱབ་ཚར་བའི་ཤུལ་ལུ་ བཟོ་རས་ཀྱི་སྦ་ལེབ་རྙིངམ་བཀོག་བཞག་སྟེ་ཡོད་ས་ལས་ སྨྱུག་མ་སྐྱེས་ཡོད་པ་ལས་བརྟེན་ པདྨ་གླིང་པ་གིས་ དབའེ་་་ འདི་ཡང་རྟགས་མཚན་ཅིག་ཨིན་པས་ཟེར་ ད་རེས་ལས་ ངེའི་ལྷ་ཁང་གི་མིང་འདི་ བདེ་ཆེན་མེན་པར་ སྨྱུག་མ་ལྷ་ཁང་ཟེར་ སླབ་ནི་ཨིན་ཟེར་ གསུངས་གནང་གནངམ་ཨིན་པས། ཨིན་རུང་ ས་གནས་ཀྱི་མིང་ལུ་ཆགས་ཏེ་ ཡོངས་གྲགས་ལུ་ བདེ་ཆེན་གླིང་ལྷ་ཁང་ཟེར་ ཁྱབ་སྤེལ་སོང་སྟེ་ཡོདཔ་ཨིན་མས།
- Tang
- ཚེ་རིང་རྡོ་རྗེ་Tshering Dorji: དེ་ལས་ ད་སློབ་དཔོན་དང་ དྲགོས་ཚུ་བྱོནམ་དང་འབྲེལ་ ས་གི་སྐོར་ལས་ ཞུ་བ་ཅིན་ ད་ང་བཅས་རའི་ ཁ་སྐད་ལས་འབད་བ་ཅིན་ བདེ་ཆེན་གླིང་ཟེརཝ་མས།
- ཚེ་རིང་རྡོ་རྗེ་Tshering Dorji: དེ་ལས་ གནས་ཡིག་ནང་འབད་བ་ཅིན་ སྨྱུག་མ་ལྷ་ཁང་ཟེར་ཨིན་པས། སྨྱུག་མ་ལྷ་ཁང་ཟེར་ སླབ་དགོཔ་ ག་དེ་སྦེ་སྨོ་ཟེར་བ་ཅིན་ དང་པ་ པདྨ་གླིང་པ་སྐུ་འཁྲུངས་ཏེ་ དགུང་ལོ་རྫོགས་ཞིནམ་ལས་ དེ་ལས་ བཟོཝ་འདི་ཚུ་བཀུགས་ཏེ་ ལྷ་ཁང་བཞེངས་ནུག་ལགས།
- ཚེ་རིང་རྡོ་རྗེ་Tshering Dorji: དེ་ལས་ ལྷ་ཁང་བཞེངསམ་ད་ཏེ་ བཟོ་རང་བཏགས་ཏེ་ རྫོང་ཁ་ལས་འབད་བ་ཅིན་ བཟོ་རས་ཨིན་པས་ལགས། དེ་ལས་ ང་བཅས་རའི་ ཁ་སྐད་ལས་འབད་བ་ཅིན་ བཟོ་རང་ཨིན་པས་ལགས།
- ཚེ་རིང་རྡོ་རྗེ་Tshering Dorji: དེ་ལས་ བཟོ་རས་འདི་ སྦ་ལེབ་འཐགས་ཞིནམ་ལས་ བཟོ་རས་བཟོ་སྟེ་ ལྷ་ཁང་བཞེངས་ནུག་ལགས། དེ་ལས་ ལྷ་ཁང་བསྒྲུབས་ཏེ་ རབ་གནས་གནངམ་ད་ གུ་རུ་རིན་པོ་ཆེ་ཡང་བྱོན་ཏེ་ ད་ལྟོ་ ཡར་བཞུགས་ཁྲི་ཡོད་ལགས།
- ཚེ་རིང་རྡོ་རྗེ་Tshering Dorji: འ་ནཱེ་ བཞུགས་ཁྲི་འདི་ཡང་ གུ་རུའི་ཁྲི་རུ་བསྣན་བསྣན་ཨིན་ཟེརཝ་མས་ལགས། དེ་ལས་ ད་སྨྱུག་མ་ལྷ་ཁང་ཟེར་ ཞུ་དགོཔ་ག་ཅི་ལས་བརྟེན་སྨོ་ཟེར་བ་ཅིན་ དེ་ལས་
- ཚེ་རིང་རྡོ་རྗེ་Tshering Dorji: བཟོ་རས་ཚར་ཏེ་ (ལྷ་ཁང་བསྒྲུབས་པའི་ཤུལ་ལུ་) བཟོ་རས་རྙིངམ་གི་ སྦ་རྙིངམ་འདི་ བཀོག་བཏངམ་ད་ འ་ནཱེ་ སྦ་རུལ་རུལཝ་གི་ནང་ལས་ སྨྱུག་མ་སྐྱེས་སྐྱེསཝ་ཨིན་ཟེརཝ་མས།
- ཚེ་རིང་རྡོ་རྗེ་Tshering Dorji: དེ་ལས་ དབའེ་་་་ད་འབདན་ ངེ་གི་རྟགས་མཚན་ཅིག་ ཐོན་ཡི་སྨ་རེ་ཟེར་ དེ་ལས་ ད་ངེ་གི་ ཡོངས་གྲགས་ཅན་ཅིག་ཨིན་པས་ཟེར་ དེ་ལས་ཚུར་ ད་བདེ་ཆེན་གླིང་མེན་ཟེར་ ད་སྨྱུག་ལྷ་ཁང་ཟེར་ སྨྱུག་མ་ལྷ་ཁང་ སླབ་དགོཔ་ འ་ནཱེ་སྦེ་ཨིན་པས་ལགས།
- ཚེ་རིང་རྡོ་རྗེ་Tshering Dorji: དེ་ལས་ སྨྱུག་མའི་ལྷ་ཁང་ གི་མཐའ་འཁོར་གྱི་ མཇུག་ལས་མར་འབད་འོང་པ་ཅིན་ དེ་ལས་ རྟེན་སྒྲོམ་ཟེར་ཡོད་ལགས། དེ་ཡང་ ཁོ་ར་ ནཱ་ལས་ཡར་བྱོནམ་ད་ སྒྲོམ་ནང་ གཏེར་བུད་བུདཝ་ཨིན་ཟེརཝ་མས།
- ཚེ་རིང་རྡོ་རྗེ་Tshering Dorji: མཇུག་མ་འོངས་པའི་ནང་ ང་གཏེར་བཞེས་ནི་གི་དོན་ལུ་ཨིན་ཟེར་ ཏེ་ང་བཅས་ཀྱི་ ཁ་སྐད་ནང་འབད་བ་ཅིན་ སྒྲོམ་ལགས། རྫོང་ཁའི་ནང་འབད་བ་ཅིན་ ལྷ་སྒྲོམ་ཨིན་པས་ལགས།
- ཚེ་རིང་རྡོ་རྗེ་Tshering Dorji: རྡོ་འདི་ ལྷ་སྒྲོམ་ཅོག་གཅིགཔ་ཡོད་ལགས། དེ་ལས་ འདི་གི་མཇུག་ལས་མར་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཀུན་བཟང་བྲག་ལས་ཚུར་སྦེ་ མེ་འབར་མཚོར་བྱོནམ་ད་ ད་རུང་རྟགས་མཚན་ཅིག་ བཏོན་ནུག་ལགས། ཨ་ནཱེ་ རྟགས་མཚན་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་
- ཚེ་རིང་རྡོ་རྗེ་Tshering Dorji: སྨན་ཆུ་ཅིག་ཨིན་པས་ལགས། སྨན་ཆུ་དེ་གི་ མགུ་འདི་ མེ་འབར་མཚོ་གི་ ལྟག་ལུ་ཡོད་པའི་ཟེར་ ཨིན་པས་ལགས།
- ཚེ་རིང་རྡོ་རྗེ་Tshering Dorji: དེ་ལས་ནཱ་ འ་ནཱེ་ཁར་ སྦང་ནི་ཡོདཔ་ཨིན་ སྨན་ཆུ་འདི། བར་པ་ཨིན་ཟེརཝ་མས་ལགས། དེ་ལས་ མཇུག་འདི་ ཡར་ཀུན་བཟང་བྲག་ཨིན་ཟེར་ ཨིན་པས་ལགས།
- ཚེ་རིང་རྡོ་རྗེ་Tshering Dorji: དེ་ལས་ ནད་རིམས་ཀུན་ལུ་ཕན་པའི་ ཆུ་མོ་ཡ་ལ་རྒྱལ་མཚན་ཨིན་ཟེར་ ད་འ་ནཱེ་ཁར་ དད་པ་བསྐྱེད་དེ་ སྨན་ཆུ་སྦངམ་འདྲཝ་ཅིག་འབད་བ་ཅིན་ ནད་རིམས་ག་ཅི་ལུ་ཡང་ཕན་ཟེར་ སླབ་ཨིན་པས་ལགས་ ནཱ་སློབ་དཔོན་ལུ་ཞུ་དགོ་པ་ཅིན།
- ཚེ་རིང་རྡོ་རྗེ་Tshering Dorji: ད་ན་ཚ་རེ་བྱུང་རུང་ པད་གླིང་གི་ སྨན་ཆུ་སྦང་ གྲུབ་ཆུ་འཐུང་སྦེ་ དེ་ལས་ འ་ནཱེམ་ཅིག་ཨིན་ལགས།