Skip to main content Skip to search
19 Jan 2016
16 min 39 sec
Video Overview
Creators: 
Sherig Dhentshog

Thingsi and Ngawang Dakpa from Goenpawoong village in Pemagatshel district narrate about the names of some villages in Dechenling Gewog (county). Villages have been named depending on the geographical location, some were named by famous individuals, other places were named after historical events, etc. Each village name has its own significant meaning.

 

༉  གློག་བརྙན་འདི་ བདེ་ཆེན་ཆོས་གླིང་མཚོའི་ལོ་རྒྱུས་དང་ མཁོ་ཆེའི་རྒྱུད་པའི་སྐོར་ལས་བཤད་དོ་ཡོདཔ་ད་ འདི་ནང་ངོ་མ་ར་ ཏོ་ཀ་འུང་གཡུས་ཚན་དང་ རྒེད་འོག་ནང་ཡོད་པའི་ མཚོ་དེ་ཚུའི་སྐོར་ལས་བཤད་པ་རྐྱབ་ཨིན་པས། མཁོ་ཆེའི་མི་རྒྱུད་ བཀྲིས་ཟེར་མི་ཅིག་གིས་ གཡུས་ཚན་འདི་ཐོབ་སྟེ་ མཚོ་དེ་ལུ་ དུང་ཤོ་ཨོ་ཛ་ཟེར་མི་ རྒྱ་གར་ལས་ པཎྜིཏ་ཅིག་ཞུ་སྟེ་ མཚོ་འདི་ཚུའི་མཚོ་སྨན་བཏུལ་བཏུལཝ་ཨིནམ་ད་ ཏེ་དེ་བསྒང་ དུང་ཤོ་ཨོ་ཛ་གིས་ མཚོ་ནང་གྲུ་བཏང་འགྱོ་བའི་སྐབས་མཚོ་སྨན་ཆ་མཉམ་ ཁོང་ར་སྡོད་ས་ངོ་མ་ལས་བྱོག་ཡར་སོངཔ་ཨིན་པས། སངས་རྒྱས་ཀྱིས་ ད་རུང་ མཁོ་ཆེའི་གདུང་རྒྱུད་དང་ ཅ་ལ་ཚུའི་སྐོར་ལས་མདོར་བསྡུས་སྦེ་བཤདཔ་མ་ཚད་ དགོངས་འདུ་རྒྱལཔོ་དང་གནམ་གླིང་རྒྱལཔོ་སྤུན་ཆ་གཉིས་ཀྱིས་ འ་ནཱི་ལུང་ཕྱོགས་འདི་དབང་སྟེ་ དབང་ཚད་ཀྱི་དོན་ལུ་ འཐབ་འཛིང་འབད་བའི་སྐོར་ལས་ཡང་བཤདཔ་ཨིན་པས།

Transcript search
No results found for this search
0 of 0
  • བསོད་ནམས་གྲུབ་པ་/ Sonam Dupba:
    ད་ང་ ནཱ་ལས་ ཡར་རྒྱས་འུང་ཟེར་ས་ལས་ ནཱ་ཡར་རྒྱས་འུང་།
  • བསོད་ནམས་གྲུབ་པ་/ Sonam Dupba:
    ང་ ཧེ་མ་འདི་ ཕར་སྨན་ཆུ་ལས་ ནཱ་ཡར་རྒྱས་འུང་ལུ་ ང་ར་ རྨགཔ་སྦེ་ ནཱ་འོང་སྟེ་ ལོ་ལེ་ཤ་སོང་ཡི། ངེ་མིང་འདི་ བསོད་ནམས་གྲུབ་པ་ཟེར་ སླབ་ཨིན།
  • བསོད་ནམས་གྲུབ་པ་/ Sonam Dupba:
    ང་གིས་ ཧེ་མ་ གནམ་ལོ་ ༢༠༠༣ ལུ་ སྤྱི་མི་རིམ་ཚད་གཅིག་འབད་ཡི་ལགས། གཞུང་ལུ་ ཕྱག་ཞུ་ཡི།
  • བསོད་ནམས་གྲུབ་པ་/ Sonam Dupba:
    འདི་འབདཝ་ད་ དེ་བསྒང་འདི་མ་མཐོང་ ཧེ་མ་ ང་ནཱ་ སྡོད་པའི་བསྒང་ལས་ར་ ནཱ་ལུ་ རྡོ་གག་པའི་མཚོ་ཡོད་ཟེར་ ཨང་རྒས་ཨ་རྒས་ཚུ་གིས་ སླབ་དེས།
  • བསོད་ནམས་གྲུབ་པ་/ Sonam Dupba:
    ཨང་རྒས་ ཨ་རྒས་ཚུ་གིས་ ཧེ་མ་ ནོར་རྫིབ་ཚུ་གིས་ རྡོ་དཔྱང་སྟེ་བཙུགས་བལྟཝ་ད་
  • བསོད་ནམས་གྲུབ་པ་/ Sonam Dupba:
    འདོམ་དྲུག་འདི་ ཆུ་དང་ འདོམ་དྲུག་འདི་ ཆུ་མེདཔ་སྦེ་ཨིན་མས་ཟེར་ རོགས་ནོར་རྫིབ་ཨང་རྒས་དང་ཨ་རྒས་ཚུ་གིས་ འདི་བཟུམ་སྦེ་ སླབ་དེས། རྡོ་གག་པའི་མཚོ་འདི་ ཧེ་མ་ལས་རང་སྡོད་ནུག
  • བསོད་ནམས་གྲུབ་པ་/ Sonam Dupba:
    དེ་ལས་ འདི་ལས་ འདི་འབདཝ་ད་ འཇམ་དབྱངས་མཁྱེན་རྩེ་རིན་པོ་ཆེ་གིས་ བདེ་བ་ཐང་ལས་ ཚུར་བྱོན་ཏེ་ མ་ཎི་དུང་སྒྲུབ་ཅིག་ ནཱ་ལུ་ ཆོས་འཁོར་གླིང་ཟེར་ས་ལུ་ བསགས་སྟེ་ ནཱ་ལུ་ བྱོན་པའི་སྐབས།
  • བསོད་ནམས་གྲུབ་པ་/ Sonam Dupba:
    ད་ ཕར་ལས་ དད་པ་ཡོད་མི་ ནོར་བུ་བསྒང་པ་ཚུ་ཡང་ ནཱ་ལུ་འོང་སྟེ་ ཕར་ རིན་པོ་ཆེའི་མ་ཎི་དུང་སྒྲུབ་འདི་ འཇུག་སྡུག་ཞིནམ་ལས་ ཡར་བལྟ་ལོག་འོངམ་ད།
  • བསོད་ནམས་གྲུབ་པ་/ Sonam Dupba:
    འདི་ལས་ཡར་བལྟ་ལོག་སྟེ་ ལོག་འོངམ་ད་ ནཱ་ལུ་ རྡོ་གག་པའི་མཚོ་ཅིག་ཡོད་ཟེར་ཨིན་པས།
  • བསོད་ནམས་གྲུབ་པ་/ Sonam Dupba:
    འདི་ནང་ན་ར་ཡོདཔ་ཨིན་པས་ཟེར་ ཁོང་ཚུ་གིས་ འདི་ནང་འགྱོཝ་བལྟཝ་ད་ གུ་རུ་རིན་པོ་ཆེའི་ ཞལ་ཕྱེད་ཀ་ཅིག་མཇལ་ཏེ།
  • བསོད་ནམས་གྲུབ་པ་/ Sonam Dupba:
    དེ་ལས་མར་ གུ་རུ་རིན་པོ་ཆེའི་ འདི་ནང་གཏེར་ཅིག་འདུག་ཟེར་ ཁོང་ཆ་ཁྱབ་ཀྱིས་ དར་ཁྱབ་སོང་ཡི།
  • བསོད་ནམས་གྲུབ་པ་/ Sonam Dupba:
    དེ་ལས་ འདིའི་ཤུལ་ལས་ ད་རུང་ མི་ལ་ལུ་ སྐལ་བ་ཡོད་མི་ཚུ་ཨིནམ་འོང་ནི་མས། འ་ནཱ་ལས་ཡར་བལྟ་ ་ཅིག་ཡང་འདུག་ཟེར།
  • བསོད་ནམས་གྲུབ་པ་/ Sonam Dupba:
    དེ་འབདཝ་ལས་ མཆོད་རྟེན་ཅིག་ཡང་ ང་བཅས་ཀྱིས་འདི་ ངོས་འཛིན་གཞན་ལས་མ་འབད་ འ་ནཱི་ ང་བཅས་ཀྱིས་འབད་རུང་ མཆོད་རྟེན་ར་ཨིན་ཟེར་ ཞུ་ནི་ལགས།
  • བསོད་ནམས་གྲུབ་པ་/ Sonam Dupba:
    དེ་ལས་ འདི་འབདཝ་ད་ མཚོ་དང་མཆོད་རྟེན་གྱི་བར་ན་ དུང་དཀར་ཅིག་ཡང་ ད་ལྟོ་ འདི་ཡང་ ཧ་ལམ་ཅིག་མཇལ་དོ་ཟེར་ ཞུ་ནི་ཨིན་ལགས།
  • བསོད་ནམས་གྲུབ་པ་/ Sonam Dupba:
    དེ་ལས་ མཚོ་འདི་ འ་ནཱ་ལས་མར་བལྟ་སྦེ་ མཚོ་འདི་ མཇལ་ནི་འདི་ནང་ཡོད་ཟེར་ ཞུ་ནི་ཨིན་ལགས།
  • བསོད་ནམས་གྲུབ་པ་/ Sonam Dupba:
    དེ་ལས་ འ་ནཱི་ ཟླཝ་ལྔ་པའི་ནང་ལས་འདི་ མཚོའི་མཇུག་འདི་ནང་ལས་ཐོན་དོ་ལགས།
  • བསོད་ནམས་གྲུབ་པ་/ Sonam Dupba:
    དེ་ལས་ ཕར་ཁ་ཐུག་ལས་འདི་ དོང་སྦོམ་གག་སྟེ་ཚུར་འོང་མི་ དེའི་ཕར་ལས་འོང་མི་འདི་ དེ་ནང་ ཆུ་མེད་པའི་ གླང་པོ་ཆེ་ཚུ་འདི་ནང་འཛུལ་ཏེ་ ཆུ་འཐུང་སྟེ་ཡོད་ ཕར་ཁ་ཐུག་ལས།
  • བསོད་ནམས་གྲུབ་པ་/ Sonam Dupba:
    འ་ནཱ་ལས་ཕར་བལྟཝ་ད་ ཕར་ཞལ་ཕྱེད་ཀ་ཅིག་ ཚུར་མཐོང་མི་འདི་ འདི་ནང་ ཧེ་མའི་ གཞན་ནང་འབད་བ་ཅིན།
  • བསོད་ནམས་གྲུབ་པ་/ Sonam Dupba:
    འ་ནཱི་ སྙན་དང་སྤྱན་ ཤངས་ ཞལ་ལ་སོགས་པ་ དབུ་ཞྭ་ལ་སོགས་པ་ གཞན་ཁར་ འ་ནཱི་ གནས་ལེ་ཤཱ་ཡོད་པའི་ནང་ལས་ ཧིང་སངས་ས་འདི་ ནཱ་གི་ར་ ཧིང་སངས་ས་ར་འདུག་ཟེར་ ཞུ་ནི་ལགས།
  • བསོད་ནམས་གྲུབ་པ་/ Sonam Dupba:
    གཞན་མི་ཆ་མཉམ་གྱིས་ཡང་ ནཱ་གི་ར་ ཧིང་སངས་ས་འདུག་ཟེར་ སླབ་མས།