Skip to main content Skip to search
09 Oct 2018
7 min 53 sec
Video Overview
Creators: 
Yeshi Wangchuk, Penchela
Transcript search
No results found for this search
0 of 0
  • ཀུན་དགའ་དོན་གྲུབ་
    ང་རའི་མིང་འདི་ ཀུན་དགའ་དོན་གྲུབ་ལགས་ ཏེ་ ང་ར་འདི་མར་ ཀྲོང་གསར་གྲྭ་ཚང་ལས་ཨིན་ལགས་ ད་རེས་ནཱ་ ཧེ་མའི་བླམ་འདི་མེད་པར་ སྐུ་མཚམས་ནང་བྱོནམ་ད་ ཁོ་གི་ཚ་མ་སྦེ་ བླ་ཚབ་སྦེ་ཕྱག་ཞུ་སྟེ་ཡོད་ལགས་ ཏེ་ ལོ་ངོ་གསུམ་དེམ་ཅིག་ ནཱ་སྡོད་དགོཔ་སྦེ་ལགས།
  • ཀུན་དགའ་དོན་གྲུབ་
    ཏེ་འ་ནཱེ་སྦེ་ ད་ལྟོ་ལོ་གཅིག་ལང་མ་ལང་ཅིག་སྦེ་སྡོད་ཡི་ལགས་ ཏེ་ ནཱ་གི་ལྷ་ཁང་གི་འདི་ དོགས་སེལ་འབད་ཟེར་ ཏེ་མ་པ་ཁོ་ར་ངོ་མ་འདི་འབད་བ་ཅིན་ རོགས་བདེ་ཆེན་ཆོས་གླིང་ཟེར་རང་ཞུཝ་མས་ལགས་ དེ་ལས་ཡོངས་གྲགས་ལུ་ དོགས་སེལ་དགོན་པ་གསེས་ཡར་སོང་འདུག་ལགས།
  • ཀུན་དགའ་དོན་གྲུབ་
    ནཱ་གི་གདན་ས་བཅགས་མི་དེ་ཡང་ རོགས་བླམ་ སྐུ་ཞོག་མི་ཕམ་དབངཔོ་ཟེར་ ཁོ་ར་ཡང་འཁྲུངས་ས་ཡང་ ནཱ་སྣག་ཚང་ནང་ལས་ བོན་བརྒྱུད་སྣག་ཚང་ནང་ལས་ར་ཨིན་མས་ལགས་ ཏེ་ ཁོ་རའི་ནཱ་ དེ་བསྒང་ཧེ་མ་ ཁོ་ར་སྡེ་སྲིད་བཅུ་པ་སྦེ་བཞུགསཔ་ད་ཨིན་མས་ལགས།
  • ཀུན་དགའ་དོན་གྲུབ་
    ཏེ་ཁོ་ར་གི་ མེ་མེ་ ཏེ་ང་བཅས་ཁ་ནང་ལས་འབད་བ་ཅིན་ མེ་མེ་ཟེར་ཞུཝ་མས་སྨོ་ལགས་ ཨ་རྒས་འདི་ ཏེ་བསྟན་འཛིན་ལེགས་པའི་དོན་གྲུབ་ལགས་ སྒང་སྟེང་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་ལགས་ དེ་ཡང་སྣག་ཚང་ནང་ལས་ར་ཨིན་མས་ལགས།
  • ཀུན་དགའ་དོན་གྲུབ་
    ཏེ་ ཁོ་སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་གཉིས་པ་སྦེ་བཞུགས་ དེ་ལས་ མི་ཕམ་དབངཔོ་འདི་ ཕར་སྡེ་སྲིད་བཅུ་པ་སྦེ་ སྤུ་ན་ཁ་བཞུགས་ད་ དེ་འ་ནཱི་བསྒང་ ཁོ་ཡར་བོད་ལུ་ དེ་བསྒང་ཡར་བོད་ལུ་ ཏེ་ཕར་ སྤུ་ན་ཁ་ལས་སྦེ་ བླམ་ཅིག་ཡང་བསྐོས་བཞག་གནངམ་ད།
  • ཀུན་དགའ་དོན་གྲུབ་
    ཏེ་འ་ནཱི་སྐོར་རྐྱབ་འདི་ སྡེ་སྲིད་བཅུ་པ་ཁོ་ར་གུ་ཕོགཔ་འབད་བའི་བསྒང་འདི་ ཁོ་ཡར་བྱོནམ་ད་ དེ་བསྒང་ནཱ་ ང་བཅས་སྤང་བོན་བརྒྱུད་ལུ་ དེ་བསྒང་ནཱ་ ནཱེམ་མཐའ་འཁོར་སྤུས་དག་མཚམས་ཅིག་སྡོད་ནུག་སྦ་ལགས།
  • ཀུན་དགའ་དོན་གྲུབ་
    ཆོས་ཀྱི་ནཱེམ་གསེས་ ག་ནི་ཡང་མེད་སྦེ་འབད་ནི་འདི་གིས་ ཏེ་ང་བཅས་ནཱ་ མི་སེར་འདི་ཚུ་ཡང་ ཆོས་ཀྱི་སྐོར་ལས་ ནཱེམ་ག་ནི་ཡང་ ག་ནི་ཡང་མ་ཤེས་སྦེ་སྡོད་ནུག་སྦ་ལགས།
  • ཀུན་དགའ་དོན་གྲུབ་
    ཏེ་འ་ནཱི་ལས་རོགས་ བླམ་ཡར་ བོད་ལུ་བྱོན་སྦེ་ བོད་ལས་ཚུར་ བོད་ལུ་ཨ་ཙི་ཅིག་ ཡར་ལུ་དག་པ་ཅིག་ ཡར་བཞུགས་འབད་སྦེ་ ཡར་ལས་ལོག་ནཱ་བྱོནམ་ད་ དེ་ལས་ཏེ་ ཡར་ལས་ ནཱེམ་ནཱ་ ལྷ་ཁང་ཅིག་བཞེངས་དགོ་པའི་ཟེར་ ཐུགས་རྗེ་གནང་སྦེ་ ནཱ་ ཁོང་གཡུས་ཚན་ཁག་གཉིས་ཀྱིས།
  • ཀུན་དགའ་དོན་གྲུབ་
    :
    ཏེ་ མི་སེར་གཅིག་ཁར་ཡང་ བསྟུན་གྲོས་ཅིག་འབད་སྦེ་ ཏེ་ལྷ་ཁང་ཅིག་བཞེངས་དགོ་ནི་མས་ཟེར་ ནཱེམ་འབདཝ་ད་ ཏེ་ནཱ་མི་སེར་འདི་ཚུ་གིས་ཡང་ རྒྱབ་སྐྱོར་བླམ་ལུ་རྒྱབ་སྐྱོར་ཕུལ་སྦེ་ལགས་ ཏེ་ ང་བཅས་ཁ་ཐུག་ལས་ཁས་བླང་ཡོད་ཟེར།
  • ཀུན་དགའ་དོན་གྲུབ་
    ང་བཅས་ཁ་ཐུག་ལས་ རྒྱུ་གིས་མ་ལྕོགས་རུང་ཡང་ བུང་གིས་ཙ་འགེངས་ནི་ཟེར་ བླམ་ལུ་འ་ནཱེ་སྦེ་ཞུ་སྦེ་
    ཏེ་ བླ་མའི་བླམ་ཐུགས་འགྱེས་ཏེ་ལགས།
  • ཀུན་དགའ་དོན་གྲུབ་
    བླམ་ཐུགས་འགྱེས་འབད་སྦེ་ བླམ་ཡང་ལོག་ཡར་ལྟག་བྱོན་པའི་བསྒང་ལས་ ད་ལསན་ཏེ་ ཡར་ལས་ དཔེ་འདི་ཡང་རོགས་ ཡར་ལས་བསྣམས་བྱོན་བྱོནམ་ཨིན་ཟེར་ཨིན་མས་ལགས།
  • ཀུན་དགའ་དོན་གྲུབ་
    ནཱ་གི་ལྷ་ཁང་ནཱེམ་འདི་ཡང་ ཡར་ལས་ནཱེམ་འབད་སྦེ་ ཏེ་རྟིང་མ་འགོ་བཙུགསཔ་ད་ ཨེང་་ལྷ་ཁང་ནཱེམ་འབད་སྦེ་ ཏེ་མར་མི་སེར་འདི་ཚུ་ཁོང་ འུར་ལཱ་ནཱེམ་སྦེ་རྒྱུག་འབད་ འགོ་བཙུགས་པའི་བསྒང་ལས་ ཏེ་ལྷ་ཁང་འ་ནཱེ་སྦེ་བཞེངས།
  • ཀུན་དགའ་དོན་གྲུབ་
    ཏེ་ རྟེན་གྱི་ཐད་ཐུག་ལྷོདཔ་ད་ལུ་ རྟེན་འདི་ཡར་ཇོ་བོ་ ཡར་བོད་ཀྱི་ཇོ་བོ་ལྷ་ས་ལགས་ ཏེ་འ་ནཱི་རྟེན་འདི་ ག་ཨིན་མི་འདི་ཡར་ལས་ དཔེ་འ་ནཱེ་སྦེ་ བླངས་བྱོན་བྱོནམ་ཨིན་གསེས་མས་ལགས་རིན་པོ་ཆེ་གིས།
  • ཀུན་དགའ་དོན་གྲུབ་
    ཁོ་ར་ སྐུ་ གཞོ་མི་ཕམ་དབངཔོ་གི་ལགས་ དེ་ལས་ཡར་ཡར་ ཧེ་མ་འགོ་དང་པ་ནཱ་ལྷོདཔ་ད་ དེ་ལས་ཡར་གྱི་ཚད་འདི་གུ་ ཨ་ཙི་ཅིག་ནཱ་གི་ལྷག་ཡར་སོང་པའི་ཟེར་ཨིན་མས་ལགས།
  • ཀུན་དགའ་དོན་གྲུབ་
    དེ་ལས་ ད་རུང་མི་བཏུབ་ནི་ཨིན་མས་ཟེར་ ད་རུང་ལོག་ཡར་ཚར་གཅིག་ནཱེམ་འབད་སྦེ་ ཡར་ལས་ལོག་ ནཱེམ་འབདཝ་ད་ ཚར་ ཐེང་གཉིས་པ་འབད་རུང་ར་ འ་ནཱི་ལྷག་ཡར་སོང་པའི་ཟེར་མས་ལགས།
  • ཀུན་དགའ་དོན་གྲུབ་
    ཐེང་གསུམ་པ་འབད་རུང་ཡང་ འ་ནཱེ་སྦེ་ཏེ་ལྷག་འགྱོ་ནི་འདི་གིས་ དེ་ལས་རོགས་ཁོ་ར་གིས་ དུས་སྐབས་རང་ འ་ནཱེམ་ཅིག་འོང་ནི་ཨིན་འོང་ནི་མས་ཟེར་ ད་ཁོ་ར་གིས་ ནཱེམ་ཅིག་ར་ཨིནམ་འོང་ནི་མས་ཟེར་ ཏེ་འ་ནཱེ་སྦེ་བཞག་བཞགཔ་ཨིན་ཟེར་མས་ལགས།
  • ཀུན་དགའ་དོན་གྲུབ་
    ད་ འ་ནཱི་འབདན་འདི་གིས་ ང་བཅས་ནཱ་གི་ཇོ་བོ་འདི་ ཨིན་ཡང་ཏེ་ ག་ཅི་ལོ་ རྟེན་རྩ་ཆེ་ཤོས་ཅིག་སྦེ་བརྩི་མི་འདི་ གཅིག་འ་ནཱི་ཨིན་མས་ལགས་ ཡར་ལས་ དཔེ་ཡར་ལས་བསྣམས་བྱོན་བྱོནམ་འབད་ནི་འདི་གིས་ལགས་གཅིག་འདི་ལགས།
  • ཀུན་དགའ་དོན་གྲུབ་
    གཉིས་པ་ཟེརཝ་ད་ལུ་ དེ་ལས་ཏེ་ ཇོ་བོ་གི་ཚད་གཞི་འདི་ ཨ་ཙི་ཅིག་ཡར་འདི་བ་ ཨ་ཙི་ཅིག་ ནཱ་གི་འདི་སྦོམ་ཟེར་ཨིན་མས་ལགས།
  • ཀུན་དགའ་དོན་གྲུབ་
    ཏེ་འ་ནཱེ་འབད་ནི་འདི་གིས་ ནཱ་གི་འདི་ སྨོན་ལམ་གང་བཏབ་ཨིན་ཟེར་ ཏེ་ འ་ནཱེ་སྦེ་གསུངས་ནི་འདུག་ལགས་ དེ་ལས་ གཡས་དང་གཡོན་ལས་མར་གྱི་འདི་ཚུ་ག་ར་ ཏེ་ང་བཅས་ནཱ་གི་ གནས་བརྟན་བཅུ་དྲུག་འདི་ཚུ་ཡང་ག་ར་ སྨན་སྐུ་རང་ཨིན་མས་ལགས།
  • ཀུན་དགའ་དོན་གྲུབ་
    དེ་ལསན་ཏེ་ བཀའ་བརྒྱུད་ཀྱི་ལྷ་ཚོགས་འདི་ཚུ་འདུག་ལགས་ རྡོ་རྗེ་འཆང་ཆེན་འདི་ཚུ་ལགས་ དེ་ལས་ ལ་ལུ་ཅིག་འ་ནཱི་ སྐུ་ཞོག་མི་ཕམ་ཁོ་ར་གི་སྐུ་འདྲ་ཡང་ཡོད་ལགས་ དེ་ལས་ བསྟན་འཛིན་ལེགས་པའི་དོན་གྲུབ་ཀྱི་ སྐུ་འདྲ་གཅིག་ཡང་འདུག་ལགས།
  • ཀུན་དགའ་དོན་གྲུབ་
    དེ་ལས་ གཞན་མི་དེ་ཚུ་འདི་ འ་ནཱི་ཁོང་ ནཱ་ མི་ཤི་འདི་ཚུ་གི་ ཏེ་མི་ཤིཝ་ད་ལུ་ ང་བཅས་འ་ནཱི་
    སྐུ་ཕུུལ་དགོ་སྦེ་ ཐོན་མས་སྦ་ལགས་འ་ནཱི་ རྩིས་ནང་ལས་ལགས།
  • ཀུན་དགའ་དོན་གྲུབ་
    འ་ནཱི་ཚུ་ཕུལ་ཕུལཝ་གི་ནཱེམ་ ལ་ལུ་ཅིག་ཕུརཔ་སྦེ་འདུག་ ལ་ལུ་ཅིག་བྲག་དམར་སྦེ་འདུག་ལགས་ ལ་ལུ་ཅིག་སྒྲོལམ་སྦེ་འདུག་ལགས་ འ་ནཱི་བཟུམ་སྦེ་ལགས་ ཏེ་འ་ནཱིམ་ཅིག་མས་ལགས།
  • ཀུན་དགའ་དོན་གྲུབ་
    ཏེ་ འ་ནཱི་ཀ་ཆེན་གྱི་ཐད་ཐུག་ལྷོདཔ་ད་འདི་ ཀ་ཆེན་འདི་ཡང་ལགས་འ་ནཱི་ འ་ནཱི་ ཨ་ཙི་ཅིག་གཅིག་དང་མ་འདྲཝ་ཅིག་ཡོད་ཟེར་མི་ འ་ནཱི་ཨིན་མས་ལགས།
  • ཀུན་དགའ་དོན་གྲུབ་
    ཡར་གྱི་ ཧེ་མ་བོད་ལུ་ འ་ནཱི་ཤིང་འདི་ཚུ་ གནམ་མེད་ས་མེད་མེདཔ་ མེད་ཟེར་སླབ་མས་སྦ་ལགས་ ང་བཅས་འདི་ལྷོད་དེ་ཡང་མ་མྱོང་ འ་ནཱི་སྦེ་ནི་འདི་གིས་ འ་ནཱི་ཧེ་མ་ཡར་བོད་ལུ་ གཙུག་ལག་ལྷ་ཁང་ཚུ་བཞེངསཔ་ད་ རྟ་གུ་སྦེ་བཀལ་འགྱོ་དགོ་ནི་འདི་གིས་ལགས།
  • ཀུན་དགའ་དོན་གྲུབ་
    ཏེ་འ་ནཱི་ ཀ་ཆེན་འདི་ཡང་རོགས་ ཤིང་འདི་ཚུ་ག་ར་ ང་བཅས་འབྲུག་ལུང་པ་ལས་སྦེ་རུང་ རྒྱ་ལས་སྦེ་རུང་ ག་ཏེ་ལས་འབད་རུང་ རྟ་གུ་བཀལ་བསྣམས་འགྱོ་ནི་འདི་གིས།
  • ཀུན་དགའ་དོན་གྲུབ་
    འ་ནཱེ་སྦེ་འབད་འབག་འོང་ནི་འདི་གིས་ ཏེ་འ་ནཱི་རྟ་གི་ཁུར་ཆ་སྦེ་ འབག་འགྱོཝ་ད་ལུ་ ཏེ་ འ་ནཱི་ཁོ་ འ་ནཱི་སོ་སོར་སྦེ་ཡོད་ཟེར་མས་ལགས་འ་ནཱི་ རྟ་གི་ཁུར་ཆ་སྦེ་ འབག་འགྱོ་དགོ་ནི་འདི་གིས་ལགས།
  • ཀུན་དགའ་དོན་གྲུབ་
    ལོག་གཅིག་ཁ་ལས་གཅིག་ ལོག་གཅིག་ཁ་ལས་གཅིག་སྦེ་ འབག་དགོ་ནི་འདི་གིས་ ཏེ་འ་ནཱེ་འབད་ནི་འདི་གིས་ ནཱ་གི་ཀ་ཆེན་འདི་ཡང་ རོགས་ཡར་ལས་ བླམ་ཁོ་ར་གིས་ར་ དཔེ་ཡར་ལས་ ནཱེམ་འབད་སྦེ་འབདན་འདི་གིས།
  • ཀུན་དགའ་དོན་གྲུབ་
    གཙུག་ལག་ཁང་འདི་ཡང་ དཔེ་ཡར་ལས་སྦེ་འབདན་འདི་གིས་ ནཱ་གི་ ནང་རྟེན་གཙོ་འདི་ཡང་ ཡར་ལས་སྦེ་ དཔེ་བླངས་ཏེ་བྱོན་བྱོནམ་འབད་ནི་འདི་གིས་ ཏེ་ ཀ་ཆེན་འདི་ཡང་ཡར་ལས་ བོད་ལུགས་ལྟར་དུ་སྦེ་ཨིན་གསེས།
  • ཀུན་དགའ་དོན་གྲུབ་
    ད་ལྟོ་ འ་ནཱེ་སྦེ་ ཐོག་ཚད་རིམ་པ་གསུམ་སྦེ་འབད་ཡོད་མི་འདི་ ཏེ་འ་ནཱི་ཨིན་གསེས་མས་ལགས་ རྟའི་རྒྱབ་སྦེ་སྦེ་འབག་དགོ་ནི་འདི་གིས་ ཏེ་བོད་ལུ་འབད་བ་ཅིན་ འ་ནཱེ་སྦེ་འབག་དགོ་ནི་འདི་གིས་ ང་བཅས་ནཱ་འབད་བ་ཅིན་ རོབ་འབྱེལ་སྦེ་བཙུགས་མས་སྦ་སྨོ་ལགས།
  • ཀུན་དགའ་དོན་གྲུབ་
    ནཱ་གི་འདི་ཡང་ མ་པ་ ཨིན་ནི་འདི་ ཤིང་འདི་ཁོ་ར་གཅིག་ རྩབོ་གཅིག་རང་ཨིན་མས་ དེ་འབདཝ་ད་ལུ་ འ་ནཱི་ཐོག་ཚད་རིམ་པ་གསུམ་སྦེ་བཙུགས་དགོ་མི་འདི་ ཡར་བོད་ཀྱི་ག་ཨིན་འདི་ལྟར་དུ་སྦེ་ འ་ནཱེ་སྦེ་འབད་འབདཝ་ཨིན་ཟེར་ འ་ནཱེ་སྦེ་བཤདཔ་ཨིན་མས་ལགས།
  • ཀུན་དགའ་དོན་གྲུབ་
    ནཱ་གི་འདི་ འ་ནཱེམ་ཅིག་མས་ལགས་ ཏེ་འ་ནཱིི་ལྡེབས་རིས་འདི་ཚུ་འབདན་ ཧེ་མའི་རྙིངམ་དེ་ཚུ་འདི་ འགོ་ཆོདཔ་མིན་འདུག་ཟེར་ ད་ལྟོ་པུ་ར་(ག་ར)གསརཔ་ཨིན་འ་ནཱི་ག་ར།
  • ཌག་ཊར་ ཀརྨ་ཕུན་ཚོགས་
    ཨ་ནཱི་ལྡེབས་རིས་རྙིངམ་ནང་ག་ཅི་རང་ཡོདཔ་ བཞུགས་བཞུགསཔ་ཨིན་ན་སྨོ་ལགས?
  • ཀུན་དགའ་དོན་གྲུབ་
    རྙིངམ་ནང་ཧེ་མ་ མ་པ་རྙིངམ་ནང་ཡང་ ཧེ་མ་འ་ནཱི་བཟུམ་ རྙིངམ་ གསརཔ་ཡོད་མི་ཚུ་ར་ཨིན་ལགས་ ཏེ་འཐེབ་ཅིག་འ་ནཱི་ ང་བཅས་མར་སྣག་ཚང་ནང་གི་ ཏེ་ རོགས་ནཱ་ ལྷ་ཁང་བཞེངས་མི་ མི་འདི་ཚུ་གིས་ འདི་ཚུ་ག་ར་འ་ནཱི་ བཙུགས་བཏུབ་སྦ་ལྡེམས་རིས་ནང་།
  • ཀུན་དགའ་དོན་གྲུབ་
    ཏེ་ལོག་གསརཔ་བཞེངསཔ་ད་ སྒང་སྟེང་རིན་པོ་ཆེ་གིས་ ཏེ་འ་ནཱི་ཚུ་འདི་ ང་བཅས་ར་མི་ག་ཡོད་མི་འདི་ ནཱ་བཙུགས་བཞག་ད་འདུག་ ཏེ་འ་ནཱི་མིན་དགོ་པས་གསེས།
  • ཀུན་དགའ་དོན་གྲུབ་
    ཏེ་ འ་ནཱི་རྐྱངམ་གཅིག་སོ་སོར་ཏེ་ ནཱེ་ཕྱེ་བཞག་མ་གཏོགས་ གཞན་མི་ཧེ་མ་རྙིངམ་ག་ཨིན་མི་འདི་ར་ཨིན་ལགས་ཨིན་ནི་འདི།
  • ཀུན་དགའ་དོན་གྲུབ་
    ཏེ་ འཐེབ་ཅིག་འ་ནཱི་ རིན་པོ་ཆེ་གིས་ ཁོ་ར་ ལྷ་ཁང་བཞེངས་མི་གི་ སྐུ་འདྲ་གཅིག་འབདན་ འ་ནཱི་ད་ལྟོ་ལྡེབས་རིས་གུ་མེད་ལགས་འ་ནཱི་ འ་ནཱི་ད་ལྟོ་འབད་མ་ཚུགས་པས་ལགས།
  • ཀུན་དགའ་དོན་གྲུབ་
    ད་འ་ནཱི་མཆོད་ཤམས་འདི་ཚུ་ཡང་ ག་ར་གསརཔ་ཨིན་ལགས་ ཧེ་མའི་རྙིངམ་འདི་ཚུ་མ་བཏུབ་པར་པུ་ར་(ག་ར)གསརཔ་འབད་དོ་སྦ།
  • ཌག་ཊར་ ཀརྨ་ཕུན་ཚོགས་
    ནཱ་ དུས་ཆེན་འབུམ་སྡེ་ག་ཅི་ཡོད་དགོ་ལགས།
  • ཀུན་དགའ་དོན་གྲུབ་
    དུས་ཆེན་འབུམ་སྡེ་ཟེར་རུང་ ང་བཅས་ ཟླཝ་དྲུག་པ་ནང་ ཚེས་བཅུ་ཞག་གསུམ་སྦེ་ཡོད་ལགས་ ཚེ་བརྒྱད་ དགུ་ བཅུ་ཐམ་སྦེ་ལགས་ ང་བཅས་ནཱ་གཡུས་ཚན་ཁག་གཉིས་ཀྱི་ཚེ་བཅུ་སྦེ་ ཏེ་འ་ནཱི་ ཚེ་བརྒྱད་དང་དགུ་འདི་ ཏེ་ང་བཅས་ཚེ་བདུན་གྱི་ཚེ་ གཏོར་བཞེངས་རྐྱབ་དགོ་ལགས་ ཏེ་ ཚེ་བརྒྱད་དང་དགུ་ལུ་འདི་ ཏེ་ ཁོང་མི་སེར་དམངས་མི་འོང་ལགས།
  • ཀུན་དགའ་དོན་གྲུབ་
    ཁོང་ར་ དམངས་མི་ལས་ཚན་ཟེར་ ཁོ་རའི་གཡུས་སྒོའི་གཉིས་ནང་ལས་ ཏེ་མི་གཉིས་གཉིས་སྦེ་ མི་བཞི་སྦེ་ ཐབ་ཚང་འབད་འོང་སྦེ་ ཏེ་ཆོས་གརཔ་འདི་ ང་བཅས་ར་གིས་འཚོལ་སྦེ་འབད་ཞིནམ་ད་ ནཱེམ་སྦེ་ ཉིནམ་གསུམ་བཏང་དགོ་ལགས།
  • ཀུན་དགའ་དོན་གྲུབ་
    ཏེ་ ཚེ་བཅུ་ཐམ་གྱི་ཚེ་མཇུག་བསྡུ་བའི་ཚེ་འབདན་ཏེ་ལགས་ ཁོ་རའི་གཡུས་ཚན་གྱི་མི་ ཏེ་ ནཱ་ ཁྱིམ་ནང་ལས་ག་ར་སྒོ་བསྡམས་ཏེ་རང་ནཱ་འོང་ལགས།
  • ཀུན་དགའ་དོན་གྲུབ་
    ནཱ་འོང་ ཏེ་ དྲོ་པ་ལས་ནཱ་འོང་སྦེ་ དྲོ་པ་ཐུགཔ་ལས་འགོ་བཙུགས་ཏེ་ ཕྱི་རུ་ཚོགས་ཚུན་ཚོད་ འ་ནཱེ་སྦེ་ནཱ་ བཅའ་མར་གཏོགས་སྡོད་འོང་ལགས་ ཏེ་ ནཱ་ང་བཅས་ལྷ་ཁང་གི་ནང་ལུ་ སྤྱན་འདྲེན་ལུ་ཕྱག་རུང་ཡང་ཕུལ།
  • ཀུན་དགའ་དོན་གྲུབ་
    དེ་ལསན་འདི་བཟུམ་སྦེ་ བསྐང་བ་གུ་ ཕྱག་དང་སྙན་དར་རེ་གནང་སྦེ་ འ་ནཱེ་སྦེ་བཞུགས་སྦེ་ ཉིནམ་གཅིག་ འ་ནཱེ་སྦེ་བཞུགས་སྦེ་འབད་འོང་ལགས།
  • ཀུན་དགའ་དོན་གྲུབ་
    དེ་ལས་ ཚེས་ འ་ ཟླཝ་བརྒྱད་པ་ནང་ཡང་ ཚེ་བཅུ་ཞག་གསུམ་སྦེ་ཡོད་ལགས་ དེ་ཡང་ ཚེ་བརྒྱད་ དགུ་ བཅུ་ཐམ་ འདི་ཡང་ཅོག་ར་ཐད་ལགས་ དེ་ལས་ གཞན་ ལྷ་འབབ་དུས་ཆེན་ནང་ ཧེ་མ་འདི་མིན་འདུག་ལགས།
  • ཀུན་དགའ་དོན་གྲུབ་
    ན་ཧིང་གཞན་ཅིག་ལས་ ང་བཅས་ཀྱིས་སྦེ་འགོ་འདྲེན་ཐབས་ཏེ་ ལྷ་འབབ་དུས་ཆེན་བཙུགས་སྦེ་ ད་ལྟོ་ལོ་བརྒྱད་དགུ་དེ་ཅིག་ཡར་སོང་ཡི་ལགས་ དེ་ལས་ ཞབས་དྲུང་སྐུ་མཆོད་སྦེ་འབད་བ་ཅིན་ ད་ ནངས་པ་བཟུམ་ཅིག་ཨིན་སྦེ་ འ་ནཱི་ཐད་ཐུག་ལྷོད་པ་འབདན་ གཞན་འགོ་རང་མ་བཙུགས་སྦེ་ནཱ་ལགས།
  • ཀུན་དགའ་དོན་གྲུབ་
    ན་ཧིང་ཞེ་ཧིང་ ཁོང་ནཱ་གཡུས་ཚན་ཁག་གཉིས་ཀྱི་ ཏེ་ཁོང་ པ་བར་ཅིན་(ཤིང་བཏོག་ནིའི་འཕྲུལ་ཆས)གྱི་ སྦྱིན་བདག་ཚུ་གིས་སྦེ་ཨ་ཙི་རེ་ ཏེ་ ཁོང་གིས་སྦེ་འགོ་འདྲེན་ཐབས་སྦེ་ ལོ་གཅིག་ནཱ་འབད་བ་ཅིན་ ལོ་གཅིག་མར་ཁོ་རའི་ གཡུས་སྒོ་གི་ལྷ་ཁང་ནང་
    ལོ་གཅིག་ཕར་ བོན་བརྒྱུད་ཀྱི་ལྷ་ཁང་ནང་སྦེ་འབད་ནི་འདུག་སྦ་ལགས།
  • ཀུན་དགའ་དོན་གྲུབ་
    ད་རེས་ཀྱི་སྐོར་རྒྱབ་འདི་ མར་ སྤང་ལུ་ཕོག་ནུག་ལགས་ ཏེ་འ་ནཱེ་འབད་ནི་འདི་གིས་ གཞན་ནངས་པ་ནཱ་ག་ཅི་ཡང་མིན་འདུག་ ཨིན་རུང་རང་ནངས་པ་ ད་རུང་ནཱ་ ཁོང་གིས ་སློབ་གྲྭའི་སློབ་དཔོན་འདི་ཚུ་གིས་ཁ་ཐུག་ལས་སྦེ་ ཏེ་ ང་བཅས་བསྟུན་གྲོས་ཅིག་འབད་སྦེ་ཞིནམ་ད།
  • ཀུན་དགའ་དོན་གྲུབ་
    ཏེ་ནངས་པ་གི་འདི་ཨིན་ཡང་ད་ འ་ ཞབས་དྲུང་སྐུ་མཆོད་ དེའི་ནང་དོན་ཉིད་ལས་ ད་ཁོ་ཞབས་དྲུང་ ང་བཅས་འབྲུག་ལུངམ་པ་བྱོན་ཏེ་སྨོ་ལགས་ ལོ་ངོ་བཞི་བརྒྱ་འཁོར་བའི་ དུས་སྟོན་རྗེས་དྲན་ཨིན་གསེས་ གནམ་མེད་ས་མེད་ནཱེ་མ་ཅིག་བརྩིས་སྟེ་ཡོད།
  • ཀུན་དགའ་དོན་གྲུབ་
    ད་འ་ནཱི་འབད་ནི་འདི་གིས་ ང་བཅས་རའི་ཁ་ཐུག་ལས་ད་ ནཱེམ་ཅིག་བཟུང་གེ་ཟེར་སླབ་སྦེ་ སློབ་དཔོན་ཚུ་གིས་ཡང་ རྒྱབ་སྐྱོར་གནང་འབད་སྦེ་ ནངས་པ་ཁོང་སློབ་དཔོན་ག་ར་དང་ དེ་ལས་ང་བཅས་ནཱ་ ད་རུང་ མར་ སྨན་ཁང་ཁ་ཐུག་ལས་ སྒོ་ནོར་ཁ་ཐུག་ལས་ ས་ནམ་ལས་ཁུངས་ཀྱི་ འགོ་དཔོན་དང་ལས་རོགསཔ་ཁ་ཐུག་ལས་ ག་ར་ནཱ་ ང་བཅས་མཉམ་རུབ་སྦེ་འབད་དེ་ནཱ་ ཚོང་པ་ཁོང་ ཚོང་པ་གཉིས་ཡོད་ལགས།
  • ཀུན་དགའ་དོན་གྲུབ་
    འདི་ཚུ་བཅའ་མར་གཏོགས་སྦེ་འབད་ ང་བཅས་ག་ར་སྦེ་ ཏེ་ཁོང་སློབ་གྲྭའི་ཨ་ལོ་ཚུ་ཡང་ ག་ར་ནཱ་འཛོམས་སྦེ་འབད་ཞིནམ་ད་ ཏེ་ང་བཅས་ནཱ་ཆོ་ག་གནང་ གནང་ དེ་ལསན་ཏེ་ ཁོང་ དཀར་མེ་སྟོང་སྦེ་ཕུལ་ནི་སྦེ་ལགས་ དཀར་མེ་སྟོང་མཆོད་ཡང་ཕུལ་ དེ་ལས་ཏེ་ མར་ འཕྱག་དར་གྱི་ལས་རིམ་ཅིག་ཡང་ འགོ་འདྲེན་ཐབས་སྦེ་འབད་ ཉིནམ་གཅིག་འ་ནཱེ་སྦེ་འབད་ནི་འབད་དོ་ལགས།
  • ཀུན་དགའ་དོན་གྲུབ་
    དེ་ལས་ དགུན་འབད་བ་ཅིན་ ང་བཅས་ནཱ་ལས་ བསྙུང་གནས་ཅིག་ཡོད་ལགས་ ཟླཝ་ འ་ བཅུ་གཉིསཔ་ནང་ལགས་ ཟླཝ་བཅུ་གཉིསཔ་གི་ཉེར་བརྒྱད་ལས་འགོ་བཙུགས་མི་འདི་གིས་ གནམ་སྒང་ལུ་ངག་ཕོགཔ་སྦེ་ ཏེ་ བསྙུང་གནས་ཅིག་ཡོད་ལགས་ ཏེ་ གཞན་གནམ་མེད་ས་མེད་མེད་ལགས་ནཱ་ འ་ དུས་ཆེན་ལོ་ འབུམ་འདི་ཟེར་རུང་ འ་ནཱེམ་ཅིག་ར་ཨིན་ལགས་ནཱ་ལུ།