Skip to main content Skip to search
17 Feb 2017
5 min 22 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • ཇིཌ་བཱ་དུར་ Jit Bdr
    ཧེ་མ་ ལྷ་དང་འདྲེ་གི་དུས་ལུ་ ཨ་ས་མེད་ཛཱ་གེ་ཟེར་བའི་དུས་སྟོན་འདི་སྦོམ་ཅིག་ཨིན་མས། དེ་བསྒང་དར་ཇིཌ་མེད་པ་མི་བཏུབ་ ག་ཅི་འབད་རུང་དགོ
  • ཇིཌ་བཱ་དུར་ Jit Bdr
    དེ་བསྒང་ དར་ཇིཌ་མེད་ནི་འདི་གིས་ ཧེ་མ་ལས་རང་བློ་སླབ་སྟེ་ ད་དར་ཇིཌ་གཅིག་འདི་བཟོ་དགོ་ རང་གིས་རང་འབད་དེ་མི་བཏུབ་ཟེར་སླབ་ནུག
  • ཇིཌ་བཱ་དུར་ Jit Bdr
    ཏེ་འདི་དུས་སྟོན་འདི་ནང་ སྤྱང་ཀ་ཚ་བོ་གཅིག་ཡོདཔ་མས། ཏེ་དང་པ་རང་སའི་ ཀྲེམ་ཀོ་༼བང་རྔ༽བཟོ་ནུག་ལོ། དེ་ལས་སྦལཔ་གི་སྤ་ཀོ་ གིས་སྤུབས་ ཏེ་ད་མེད་རོ་༼ཤིང་གི་མིང་༽ ཟེར་མི་ཤིང་གིས་བརྡུང་ནི་བཟོ།
  • ཇིཌ་བཱ་དུར་ Jit Bdr
    དེ་ལས་ཚ་བོ་འདི་ལུ་སླབ་ནུག་ལོ་ ཁྱོད་བརྒྱ་གཅིག་བཟའ་ནི་ བཅུ་དྲུག་བཟའ་ནི་ཟེར་ནུག འདི་ཡང་ལྷ་ལུ་ཕུལ་མི་འདི་ ཆུམ་བྲེ་བཅུ་དྲུག་དང་ དེ་ལས་གཞན་འདི་ལེ་ཤ་འབད་བཟོ་ དངུལ་ཡང་ལེ་ཤ་ བཀལ་ནུག
  • ཇིཌ་བཱ་དུར་ Jit Bdr
    དེ་ལས་བུ་འདི་གིས་ ང་འདི་བརྒྱ་རང་དགོ་ཟེར་སླབ་ད་ ཁོ་གི་ཨ་ཞང་འདི་ཚུ་གིས་ང་བཅས་ཀྱི་ ༼ལཱ་གན་བོ་ཡོཝ༽ ཟེར་སླབ་ད་ བང་རྔ་འདི་ཁྱོད་རང་ག་དེ་འབད་རུང་རྡུངས་ཟེར་སླབ་ནུག
  • ཇིཌ་བཱ་དུར་ Jit Bdr
    དེ་ལས་ ས་གི་བང་རྔ་ སྦལཔ་གི་ལྤགས་ཀོ་ དབའེ་དོ་མའི་ ༼དར་ཇིཌ་༽ ཨ་ལོ་ཨ་ཅི་ཅིག་ཕར་སོང་སྟེ་རྡུངས་ཟེར་སླབ་ད་ རྡུངས་ཟེར་སྟོན་བྱིན་ནུག་ལོ།
  • ཇིཌ་བཱ་དུར་ Jit Bdr
    དེ་ལས་བུ་འདི་གིས་བརྡུངམ་ད་ ཁོ་དར་ཇིཌ་བཟོ་ད་ནུག དེ་ལས་ཁྱོད་ང་བཅས་ཁྱིམ་ནང་འཛུལ་མི་བཏུབ་ ཞེས་སྒོ་ཡང་ག་བཟོ་བྱིན་མི་འདི་བཟའ་དགོ་ ཁྱོད་ཀྱིས་བཟོ་མི་འདི་ང་བཅས་ཀྱིས་མི་བཟའ་ཟེར་སླབ་བྱིན་ནུག
  • ཇིཌ་བཱ་དུར་ Jit Bdr
    དེ་ལས་འགོ་བཟུང་ སཱ་ནཡི་ ནར་ཤིང་ངོ་ བང་རྔ་སྦོམ་ ལྷ་ཀི་རིཤི་ན་གི་སྐབས་ ཅ་ཆས་ཚུ་ཨིན་མས། དེ་ལས་གཉེན་རྐྱབ་ས་དང་དགའ་སྟོན་འབད་ས་ཡང་དར་ཇིཌ་གི་སྙན་ཆ་འདི་གིས་འབད་འགོ་བཙུགས་དགོ
  • ཇིཌ་བཱ་དུར་ Jit Bdr
    ཏེ་མི་ག་ར་ལུ་ དགའ་སྤྲོ་འབད་ནི་གི་སེམས་ཡོད་རུང་ རྒྱུ་མེདཔ་ལས་འབད་མ་ཚུགསཔ་ཨིན་ མ་གཞི་འདི་ དུས་སྟོན་དང་ཆོས་ཕྱོགས་ལས་རིམ་ག་ཅིག་འབད་རུང་དར་ཇིཌ་གི་སྙན་ཆ་འདི་དགོ ཏེ་ལྷ་ཀི་རིཤི་ན་གི་བཱ་ཇ་ ཡང་ན་དར་ཇིཌ་གི་སྙན་ཆ་དང་དར་ཇིཌ་འདི་འ་ནཱི་སྦེ་བྱུང་བྱུངམ་ཨིན།། །།