Skip to main content Skip to search
24 Aug 2018
4 min 52 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • ཟླ་བ་ Dawa
    ད་ཨ་ནཱི་ནཱ་ལས་མར་གྱི་ང་བཅས་གཡུས་ཀྱི་ཆགས་ཐངས་དང་འདི་ཚུ་འདི་ཏེ་སྔོན་མ་ཞབས་དྲུང་ངག་དབང་རྣམ་རྒྱལ་ཆིབས་ཁ་ལྷོ་ལུ་སྒོར་འབྱོན་པའི་བསྒང་ཏེ་ཁོ་ར་ནཱ་ལས་མར་སྦེ་བྱོན་བྱོནམ་ཨིན་མས་བ་ལགས།ཏེ་ཕར་མཐའ་ནམ་མཁའི་རྫོང་ཟེར་དེ་ལས་གཙང་ཁ་མཚོ་ཟེར་དེ་ལས་ནཱ་ལས་ཕར་ཕར་ཁེ་སྦིས་ས་ཤམ་སྒང་ཟེར་ཤམ་སྒང་ཟེར་ཡོད་ལགས།ཏེ་དེ་ལས་ཕར་ལས་སྦེ་སྒོར་བའི་ཤུལ་ལས་ཕར་རྟ་གནག་སྦྱིས་ཏེ་རྟ་གནག་སྦྱིས་ལྷོདཔ་ད་རྡོ་བསྐལ་པའི་སྒོན་ཐེ་འདི་རྟ་གནག་སྦྱིས་ལུ་ཡོད་ལགས།རྟ་གནག་སྦྱིས་ཀྱི་གཡུས་ཀྱི་འོག་ལུ་ཡོད།
  • ཟླ་བ་ Dawa
    དེ་ལས་ཕར་ལས་སྦེ་ཡར་ང་བཅས་དར་དཀར་རྫོང་བྱོན་པའི་ཤུལན་དར་ར་ཡུམ་ཟེར་མི་གནས་ཁང་འདི་ མར་འགང་ལས་མམ་ལགས།དེ་གི་ལྟག་ལུ་དར་དཀར་རྫོང་འདི་ཆགས་ཆགཔ་མས་བ།ཏེ་དར་དཀར་རྫོང་འདི་ཆགས་དེ་ལས་ཨ་ནཱི་དར་དཀར་རྫོང་འདི་གི་ཕར་ཁ་གི་འདི་ རྡོ་གནམ་ཁའི་ཀཝ་ཟེར་ ཕར་ཁ་ཡོད་ལགས།ཏེ་དེ་ལས་འ་ཕར་ལས་ཡར་འགྱོ་བ་ཤུལན་ཏེ་ཡར་ཨཱེ་སྒོ་ཕུག་སྒོ་མང་ཟེར་མི་འདི་ཏེ་སྔོན་མ་ཤཝ་ཤ་ཁྱི་འཐོན་པའི་བསྒང་ཏེ་སྒོ་ཕུག་སྒོ་མང་ཟེར་སླབ་མས་སྒོ་ཕུག་སྒོ་མང་ཟེར་མེན་པས་བ་ལགས་ཤ་ཐོབ་དགོན་པ་ཟེར་ཨིན་མས་ཡར་གྱི་འདི།
  • ཟླ་བ་ Dawa
    ཏེ་ཡར་ཤ་ཐོབ་དགོན་པ་ཟེར་འ་ནེ་སྦེ་ཁོང་ཕར་ལས་འབྱེལཝ་འབྱེལ་ས་ལྷ་ཁང་དང་འདི་ཚུ་ཡང་འ་ནཱི་ནམ་དུས་ལུ་ཆགས་ཆགསཔ་ཨིན་མས་ལགས།ཏེ་དེ་ལས་ཕར་ལས་སྦེ་ཡར་ཨཱ་མཚོ་ཏོག་དགོན་པ་ཟེར་མཚོ་ཏོག་དགོན་པ་གི་འོག་ལུ་ཏེ་གངས་མིག་གི་ཏེ་འ་ནཱི་བླམ་འབྲུགཔ་ཀུན་ལེགས་ཀྱི་རྟ་བཏགས་ས་ཨིན་ཟེར་ཏེ་འ་ནཱི་བླམ་འབྲུགཔ་ཀུན་ལེགས་ཀྱི་རྟ་བཏགས་ས་ཨིན་ཟེར་སྤོ་ཏོ་ ཕར་དར་དཀར་རྫོང་ལས་བལྟཝ་ད་མཐོང་ཚུགསཔ་ལགས།དར་དཀར་རྫོང་ལས་བལྟཝ་ད་ ཡར་སྤོ་ཏོ་མཐོ་ཡར་ཡར་སྦེ་ཏེ་འ་ནཱ་ཡོད།
  • ཟླ་བ་ Dawa
    ཏེ་དེ་ལས་འ་ནཱི་ཁོ་ནཱ་ལས་མར་ཞབས་དྲུང་ངག་དབང་རྣམ་རྒྱལ་ནཱ་ལས་མར་འབྱོན་པའི་སྒང་དེ་ལས་ཡར་སྟག་ཚང་སྒངམ་ཟེར་མི་འདི་ཏེ་ཁོ་གི་ད་རེས་འབད་བ་ཅིན་ཏེ་ང་བཅས་མི་འབད་བ་ཅིན་ད་རེས་ཁོ་གི་གཟིམ་དཔོན་འོང་ནི་མས་ལགས།ཏེ་སྟག་ཚང་སྒངམ་ཟེར་མི་འདི་དང་སྤ་རོ་གདོང་དཀར་བཙན་ཟེར་མི་ཚུ་ཏེ་ཡར་རྡོ་རྗེ་བྲག་བཙན་ཟེར་མི་ཚུ་ ཁོང་ཤུགས་ཡོད་བ།ཏེ་འ་ནཱི་ དེ་ལས་སྟག་ཚང་སྒངམ་ཟེར་སྟག་ཚང་སྒངམ་ལུ་ཐོན་ནུག་ལགས།ཡར་ལས་སྟག་ཚང་རྫོང་ཟེར་ཡོདཔ་ཨིན།ཏེ་མ་པ་ས་སྦེ་ཨིན་རྫོང་སྦེ་འ་ནཱི་སྦེ་བྱག་སྦེ་ཡོད་བ་ལགས་མཐོ་ཡར་ཡར་སྦེ།
  • ཟླ་བ་ Dawa
    ཏེ་ཨ་ནཱི་རྫོང་འདི་གི་སྦུག་ལུ་ར་ཙན་དན་ཤིང་སྦོམ་ཤོས་ཨ་ནེམ་ཅིག་ཡོད། ཏེ་ཨ་ནཱི་མཐོ་ཡར་ཡར་སྦེ་ཡོད་སྦོམ་ནི་ཡང་མེད་ཆུང་ནི་ཡང་མེད་སྦོམ་ཤོས་འ་ནེམ་ཅིག་སྦེ་རིང་ཐུང་མི་གཟུགས་གང་བཟུམ་ཅིག་འབད་སྦེ་ཏེ་ཡས་ན་ལས་ཕར་པུ་ར་(ག་ར་)སྤང་ཨིན།འ་ནཱི་གི་འོག་ལུ་ཏེ་སྒང་མེད་རྟ་བཏགས་ས་ཟེར་དེ་ལས་འ་ནཱ་ལས་སྦེ་ཡར་ལྟ་འགྱོ་བའི་ཤུལན་ཏེ་ཕར་ཨཱ་ལ་ཝ་དགུ་ཐོན་ནུག་བ་ལགས།འབྱོགམ་དར་དཀར་མའི་གནས་ཁང་ནང་ཏེ་འབྱོགམ་དར་དཀར་མའི་གནས་ཁང་ནང་ཐོན་དེ་ལས་ཕར་ལས་སྦེ་ཡར་ལུངམ་ཟམ་པ་འ་ནེ་སྦེ་བྱོན་བྱོནམ་མས།ཏེ་འ་ནཱི་སྦེ་གནས་ཁང་ གནས་བཤད་འདི་འ་ནེམ་ཅིག་ར་ཨིན་མས་ལགས་དར་དཀར་ན་གི།
  • ཟླ་བ་ Dawa
    ཏེ་དར་དཀར་རྫོང་གི་ཆགས་ཐངས་འདི་སྔོན་མ་དྲུང་བགྲེསཔ་འཕྲིན་ལས་འབྲུག་རྒྱས་ཟེར་མི་འདི་གིས་ཏེ་ནཱ་ལས་ཞབས་དྲུང་བྱོན་ཞབས་དྲུང་གིས་འབད་གདན་ས་འདི་འ་ནཱི་སྦེ་བཅགས་བཅགསཔ་མས་བ་ལགས།དྲུང་བགྲེསཔ་འཕྲིན་ལས་འབྲུག་རྒྱས་ཟེར་མི་འདི་ཏེ་ད་ལྟོ་དངོས་སུ་སྦེ་འ་ཡར་སྟག་ཚང་སྒང་ལུ་ཡོད་ཟེར་ཨིན་མས་ལགས།ཏེ་འ་ནཱི་ང་བཅས་དར་དཀར་རྫོང་ལུ་ཆུ་མེད་བ་ལགས་སྔོན་མ། ཏེ་ཡར་ལས་མར་སྦེ་ ཕར་སྟོང་ཤོག་ཟེར་མི་འདི་གི་ཕར་ལས་ཚུར་སྦེ་ཆུ་ཏེ་འ་ནཱི་སྦེ་གཡུར་བ་བསེལ་བཏོནམ་ད་སྟོང་ཤོགཔ་གི་མགོ་ལུ་ལྷོདཔ་ད།
  • ཟླ་བ་ Dawa
    ཏེ་ཨང་རྒས་ཨང་རྒས་མའི་བྱག་ཟེར་འ་ནཱ་ལུ་བྱག་གཅིག་ཡོདཔ་མས་འ་ནཱི་བྱག་ནང་ལྷོདཔ་ད་ཏེ་དང་ཕུ་ཨ་ནཱི་རྡོ་རྫས་ལོ་ལྕགས་ངར་ལོ་གེན་ཏི་ལོ་ཟེར་མིན་འདུག་བ་ལགས།ཏེ་ང་བཅས་ར་སྟ་རི་ཏོག་ཙེ་འ་ནེམ་གྱིས་བསལ་ཏེ་འ་ནཱི་བྱག་འདི་གུ་ལྷོདཔ་ད་ཏེ་ཡར་ལས་སྒོར་ས་མེད་མར་ལས་སྒོར་ས་མེད་ཆུ་སྒོར་ས་མེད་པ་ཏེ་འ་ཕི་བྱག་འདི་གུ་ལྷོདཔ་ད་ཏེ་སྟག་ཚང་སྒང་མ་ལུ་ཞུགས་ཏེ་ཁོ་ར་དངོས་སུ་སྦེ་སྟག་ཚང་སྒངམ་ལུ་སྟག་ཚང་སྒངམ་དང་མཉམ་འགྱོ་ཏེ་ནམ་ལངས་ལང་འ་ནཱ་ལས་ཚུར་ཏེ་ཁོ་གི་རི་ཨིན་པས།
  • ཟླ་བ་ Dawa
    ཆུ་འཐལཝ་སྦེ་འ་ནཱི་བྱག་ཕུག་འདི་ཁ་བརྒྱངས་ཆུ་འཐལཝ་སྦེ་བཟོ་དཔ་ཨིན་ཟེརཝ་མས་ལགས།ཏེ་འ་ནཱི་བྱག་ཕུག་འདི་ ཆུ་འཐལཝ་སྦེ་བཟོ་དཔ་ད་དེ་ལས་འ་ནཱི་དྲུང་བགྲེསཔ་འཕྲིན་ལས་འབྲུག་རྒྱས་ཟེར་མི་འདི་ས་སྨད་ལས་ཨིན་མས་ལགས་གཡུས་ས་སྨད་ལས།མར་རྫོང་ནང་སྡོད་མི་དྲུངམ་འདི་ཏེ་དེ་ལས་འ་ནཱི་ཁོ་ཕར་ལས་ཡར་ལྟ་སྟག་ཚང་སྒང་མ་འཁྱིད་བདའ་ཆི།
  • ཟླ་བ་ Dawa
    ཏེ་མར་ས་སྨད་པའི་མི་འདི་མེད་པ་མི་འདི་སྟོངས་སྦེ་དེ་ལས་ཡར་ལས་མར་ས་སྨད་པའི་ཆུ་འདི་ད་ལྟོ་རྫོང་གི་ཆུ་འདི་ཕར་ལས་ཚུར་རྐ་ཕར་ལས་ཚུར་བདའ་འོང་དགོ་ཨ་ནཱ་ལས་མར་མཐའ་མ་ལས་མར་བྱག་ནང་ལས་མར་ཐོན་མི་འདི་འ་ནཱི་ཁོ་གི་སྟོང་སྦེ་ས་སྨདཔ་ལུ་ཏེ་ལོ་ལྟར་བཞིན་དུ་ས་སྨད་པ་ཐོབ་སྟེ་ཡོད་ལགས་འ་ནཱི་ཏེ་འ་ནེ་སྦེ་འགྱོ་འགྱོཝ་མས་ལགས།
  • ཟླ་བ་ Dawa
    ཏེ་དེ་ལས་ དར་དཀར་དཀར་གླིང་རྫིང་ཁར་ཟེར་མི་འདི་ཏེ་འ་ནཱི་བསྒང་མཚོ་ཆགས་འདུག་མཚོ་མིན་འདུག་ལགས་ད་མཚོ་ཡལ་སོང་ནུག་བ།ཏེ་འ་ནཱི་མཚོ་ཡལ་ཏེ་དྲུངམ་བགྲེསཔ་འཕྲིན་ལས་མཇུག་བསྡུ་སྦེ་སོང་དེ་ལས་ཤུལ་ལས་ཏེ་རོགས་ཡར་ལས་མར་སྦེ་མཛད་མཛདཔ་འོང་ནི་མས།ཏེ་ཡར་ལས་མར་སྦེ་མཛད་སྦེ་ཏེ་ཞབས་དྲུང་ངག་དབང་རྣམ་རྒྱལ་ཧེ་མ་འབདན་ཏེ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་བརྩམས་བརྩམསམ་མས་བ་ལགས་ག་ར།
  • ཟླ་བ་ Dawa
    ཏེ་རྫོང་དང་འདི་ཚུ་ག་ར་ཏེ་ཤུལ་ལས་ཏེ་ང་བཅས་དཔོན་ཁག་བསྐོས་ཨ་ནེ་སྦེ་ལུསཔ་མས།ཏེ་ང་བཅས་དར་དཀར་ན་གི་འདི་འ་ནེམ་ཅིག་ར་མས།ཏེ་བླམ་འབྲུགཔ་ཀུན་ལེགས་འདི་ཏེ་མར་མ་འགྱོ་བས་བ་ཕར་དཀར་ན་ཁ་ལྷ་གླིང་གཙང་ལེགས་རྫིང་དཀར་གླིང་རྫིང་ཁ་དཀར་ན་ཁ་ཉིན་གདུགས་ཁ་ཟེར་འབདཝ་ད་ཁ་གསུམ་གྱི་སྦུག་ལུ་ཁོ་མི་སྡོད་ཟེར་ཁོ་ནཱ་ལས་ལོག་ཡར་སོང་སྟེ་མས་ལགས་ཡར་ལྟ་དཔལ་ལི་ལ་ལས་ཁ་ཡར་ལྟ་ཏེ་ང་བཅས་དར་དཀར་ན་གི་འདི་ བཤད་པ་འ་ནེམ་ཅིག་ལས་མེད་འ་ནཱ་ལས་བསྐོར་ཏེ་ འ་ནེམ་ཅིག་བྱོན་བྱོནམ་མས་ལགས་ཕྲངམ་ཕྲང་ས་འབད།། །།