Skip to main content Skip to search
21 Jan 2016
7 min 5 sec
Video Overview
Creators: 
Sherig Dhentshog

A group of women from Norboogang in Pemagatshel district sing an old Boedra song called "Dzongdila Emorung". The lyrics describe a single mare birthing three foals at once. The song asks not to send the eldest foal to China where it will be kept as a riding horse for a Chinese king. In addition the middle foal should not be sent to Tibet where it will serve as a riding horse for a Tibetan king. And lastly the youngest foal should not be sent to Bhutan, for the same reason as its siblings. Nonetheless, the song was popular throughout Bhutan.

 

༉  གློག་བརྙན་འདི་ནང་ གཡུས་ཁའི་བླམ་སྦེ་བརྩི་མི་ཆོསཔ་ ཨྱོན་རྡོ་རྗེ་གིས་ གཡུས་ཁའི་ལྷ་ཁང་དང་དེ་ནང་གི་ལམ་ལུགས་ཀྱི་སྐོར་ལས་བཤདཔ་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ལྷ་ཁང་འདི་ ཆོས་ཕྱོགས་ཀྱི་ལས་རིམ་ཚུའི་དོན་ལུ་ ནོར་བུ་སྒང་གི་གཡུས་ཚན་བཞི་གི་དོན་ལས་བཞེངས་ཡོདཔ་ཨིན་པས། དེ་ཁར་ ལོ་ལྟར་བཞིན་དུ་གཏེར་སྟོན་པདྨ་གླིང་པའི་ལུགས་ལས་ ལོ་ཆོག་གཏང་སྲོལ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ནོར་བུ་སྒང་གི་ལྷ་ཁང་འདི་ རྒེད་འོག་དེ་ནང་གི་ལྷ་ཁང་གཙོ་ཅན་ཅིག་ཨིནམ་མ་ཚད་ མཁན་པོ་ ཡང་ན་བླམ་དེ་ཡང་ ས་ཁོངས་དེ་ཁའི་བླམ་གཙོ་ཅན་ཅིག་ཨིནམ་ལས་ ས་གནས་དེ་ཁའི་གཡུས་སྒོ་གཞན་མི་ཚུ་ནང་ ལྷ་ཁང་དེ་བཟུམ་སྦེ་བཞེངས་ཡོད་མི་ཚུ་ནང་ཡང་ ལུགས་སྲོལ་འདི་ཅོག་ར་འཐདཔ་སྦེ་ཡོདཔ་ད་ ལྷ་ཁང་ནང་ ཆོས་ཕྱོགས་ཀྱི་ལས་རིམ་རེ་འགོ་འདྲེན་འཐབ་པའི་སྐབས་སུ་ཡང་ གཡུས་ཁའི་མི་སེར་ཚུ་གིས་གྲོགས་རམ་དང་ཆ་རོགས་ ག་སྦེ་ར་འབད་དོ་ཡོདཔ་ཨིན་ནའི་སྐོར་ལས་ཡང་བཤདཔ་ཨིན་པས།

Transcript search
No results found for this search
0 of 0
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ལགས་སོ་ ད་ལྟོ་ ང་བཅས་རའི་ ནཱ་ དམང་གི་ལྷང་ཁང་གི་ ཨ་ཙི་ཅིག་ ཞུ་བ་ཅིན་ གཡུས་ཚན་བཞི་གི་ ལྷ་ཁང་གཅིག་ཡོད་ དང་པ་ གཡུས་ཚན་བཞིའི་ ལྷ་ཁང་གི་ དང་ཕུ་འདི་ ང་བཅས་རའི་ལྷ་ཁང་ པད་གླིང་གི་ འཆམ་ འ་ནི་ འབད་ནིའི་ གཏེར་སྟོན་གྱི་ གཏེར་ཆོས་འབད་དེ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    འགྱེད་མོ་ཤུབས་སྟེ་ འབད་དགོ་མི་འདི་ ནཱ་ ནོར་བུ་སྒང་ལུ་འབད་དེ་སྡོད་ཡི་ཧེ་མ་ ནོར་བུ་སྒང་གི་ བླ་མ་ རྣམ་རྒྱས་ར་ཟ་བཞུགས་སའི་ ལྷ་ཁང་ ནག་ཚང་ ད་ལྟོ་འདི་ ནོར་བུ་སྒང་ལུ་ཡོད་ འགྱང་ཁོག་ འ་ནཱ་ལས་ ནཱ་ ཉམས་འགྱོ་ཞིནམ་ལས་འདི་ ང་བཅས་གཡུས་ཚན་བཞི་ བསྡོམས་སྟེ
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ཡར་ ནིང་ཤིང་བོ་རང་ལུ་སྤོག་ཡི་ གཡུས་ཚན་བཞི་ཡར་སྤོག་ཞིནམ་ལས་འདི་ ཡར་ལུ་ ང་བཅས་ ཡར་ལུ་ ད་ལྟོ་ གནམ་ལོ་འབད་བ་ཅིན་ ༡༩༩༨་ གནམ་ལོ་ ༡༩༩༨་དེམ་ཅིག་ལུ་ དེམ་ཅིག་ལུ་བཞེངས་ཡི་ཡར་གྱི་ ལྷ་ཁང་འདི་ ནཱ་ལས་བསྡོམ་སྟེ་ཡར་འགྱོ་དེས།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    དེམ་ཅིག་ཁ་བཞེངས་སྟེ་ འདི་ལུ་ ནཱ་ལས་ ང་བཅས་རའི་ ད་ལྟོ་ཡར་ལུ་ དང་ཕུ་ཟེར་མི་འདི་ག་ཅི་སྨོ་ཟེར་བ་ཅིན་ འདི་ལུ་ ནཱ་ལས་ རྟེན་ཟེར་རུང་ ང་བཅས་རའི་ ནོར་བུ་སྒང་ས་ལས་ འབག་ནིའི་རྟེན་ཟེར་ ནཱ་ སྐུ་ ཆོས་སློང་སྤྲུལ་གསུམ་ཟེར་མི་སྐུ་ཡོདཔ་ཨིན་མས་ འ་ནི་སྐུ་ག་ར་ རབས་ཞིནམ་ལས་འདི།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ཡར་ལུ་འདི་ དང་ཕུ་ རྣམ་རྒྱས་ར་ཟ་སྐབས་ལུ་སྡོད་མི་ སྤྱ་ཟེར་འཚོ་མདའ་གཏན་མི་ སྤྱ་ རྡོ་སྤྱ་བཟུམ་ཅིག་ཡོད་ འབྲུག་རྒྱལ་བཞི་པ་འབྱོན་ཞིནམ་ལས་ ཕར་ལུ་ གནམ་མེད་ས་མེད་ ཐུགས་ཀྱི་ སྨོན་ལམ་གནང་སྟེ་ འ་ནཱ་ལུ་ དྲི་བ་ཡང་ ཡབ་ཀྱི་གནམ་མེད་ས་མེད་གསུང་དེས་ འ་ནི་སྤྱ་འདི་ ང་བཅས་རའི་ ནོར་བུ་སྒང་པའི་དང་ཕུ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ནཱ་ལུ་ འ་ནི་འཚོ་མདའ་ཟེར་གཏན་མི་ སྤྱ་གཅིག་ ཕར་ལུ་ཡོད་ འ་ནི་རྟེན་འབད་ དེ་ལས་ འདིའི་ཤུལ་ལས་ ཆོས་སློང་སྤྲུལ་གསུམ་ང་བཅས་རའི་ ཆོས་སློང་སྤྲུལ་གསུམ་ཡང་ ཕར་ལུ་ཞུ་སྟེ་ བཞེངས་སྟེ་ཡོད་ དེ་ལས་ ལྷ་ཁང་འདི་ཡང་ ད་ལྟོ་ ང་བཅས་རའི་ ཧེ་མ་འབག་མི་ དུས་ཚོད་ལུ་ ད་ལྟོ་ མ་ཉམས་པ་སྦེ་ ག་དེ་སྦེ་འབད་དོ་ཟེར་བ་ཅིན།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ད་ལྟོ་ ང་བཅས་རའི་ ཡར་ངོ་མར་ངོཚེས་བཅུ་འདི་ ཁོང་ ནིང་ཤིང་པ་གཡུས་ཚན་གཅིག་གི་འབད་དོ་ ང་བཅས་བསྡོམ་སྟེ་ གཡུས་ཚན་བཞི་བསྡོམ་སྟེ་འབད་མི་འདི་ དང་ཕུ་འདི་ ནོར་བུ་སྒང་ཡོད་མི་ལུགས་སྲོལ་ལྕོག་ཅིག་མ་ཉམས་པར་སྦེ་ ཟླཝ་བརྒྱད་པའི་ ཞག་གཅིག་འདི་ པད་གླིང་གི་འབད་དོ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    སྤྲལ་ཟླ་ཚེས་བཅུ་ ཞག་གསུམ་འདི་ ཡར་ ཟླཝ་ལྔ་པ་ ཡར་ ཕར་རང་འབད་དོ་ ད་རེས་ ཆོ་འཕྲུལ་ཟླ་བ་གི་ མྱང་གནས་ ཞག་གསུམ་འདི་ ཕར་རང་ ང་བཅས་གཡུས་ཚན་བཞི་བསྡོམ་སྟེ་ ཕར་ཡང་འབད་དོ་ འ་ནི་འདི་མ་ཉམས་པར་རང་ཡོད་ད་ལྟོ་ དེ་ལས་ ང་བཅས་རའི་ འ་ནི་འདི་ ག་ར་ ད་རུང་ འ་ནི་ལུ་ གསར་བཙུགས་འབད་དེ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ད་ལྟོ་ སངས་སྔགས་ཆོས་འཁོར་མདོ་སྔགས་བསྟན་པའི་གླིང་ཟེར་ ཧེ་མ་འདི་ ནོར་བུ་སྒང་ལྷ་ཁང་ཟེར་སླབ་བཞགཔ་མ་ཏོག་ ད་རེས་ནངས་པ་ ད་ལྟོ་ ཕར་ལུ་ སངས་སྔགས་ཆོས་འཁོར་མདོ་སྔགས་བསྟན་པའི་གླིང་ཟེར་ མིང་བརྟགས་སྟེ་ འདིའི་མར་ ད་ལྟོ་ ང་བཅས་རའི་སྒོམ་ཆེན་ དགོན་སྡེ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    གསར་བཙུགས་སྦེ་དེ་ ད་ལྟོ་ ལོ་ མིང་བརྟགས་སྟེ་ སངས་སྔགས་ཆོས་འཁོར་མདོ་སྔགས་བསྟན་པའི་གླིང་ཟེར་མིང་བརྟགས་སྟེ་ པད་ལྡན་རིན་པོ་ཆེ་གིས་ མའི་སོང་ལས་མིང་བརྟགས་སྟེ་ ཕར་ལས་ ལོ་ དགུ་སོང་ནུག་ ད་རེས་ ཕར་ དགོན་པ་ལུ་ འདི་ནང་བཤད་གྲྭ་བཙུགས་སྟེ་ ད་ལྟོ་ ལོ་གསུམ་འགྱོ་དོ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    འ་ནི་འདི་ ང་བཅས་རའི་ གནམ་མེད་ས་མེད་ ཕར་ཡང་ ད་ལྟོ་འདི་ མ་ཉམས་པར་རང་ འབད་ནིའི་རེ་བ་ཡོད་ ཡར་ ང་བཅས་ གཡུས་ཚན་བཞི་གི་ལྷ་ཁང་འདི་ འདི་ཨིན་ དེ་ལས་ གཡུས་ཚན་ ད་ལྟོ་ ང་བཅས་རའི་ ནོར་བུ་སྒང་ལྷ་ཁང་ཟེར་མི་འདི་ ནཱ་ ས་ཐེམ་ཅིག་ ནཱ་ལུ་ཞུ་བ་ཅིན་ ནཱ་འདི་ ད་ལྟོའི་གཞུང་གི་ མང་དངུལ་གནང་སྟེ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ནཱ་འདི་ གཞུང་གི་ མང་དངུལ་གནང་སྟེ་ ང་བཅས་ མི་སེར་གྱི་གཡུས་ཚན་གཅིག་སྦེ་འབད་འབདཝ་ཨིན་ལགས། ནཱ་འདི་ ད་ལྟོ་ འ་ནི་ལྷ་ཁང་བཟོ་སྟེ་ ད་ལྟོ་ གནམ་ལོ་ ༢༠༠༦་ལུ་ གནམ་ལོ་ ༢༠༠༧་ལུ་བཞེངས་ནུག་ གནམ་ལོ་ ༢༠༠༧་ལུ་འདི་བཞེངས་ནཱ་གི་འདི་ འ་ནི་བཞེངས་སྟེ་ ད་ལྟོ་ ནཱ་གི་ ང་བཅས་རའི་ འདིའི་སྦོག་ལོག་ཁར་ ལྷ་ཁང་ བྱང་ཆུབ་མཆོད་རྟེན་ཡང་།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ང་བཅས་རའི་ མི་སེར་མང་གི་བསྡོམ་སྟེ་ འ་ནི་ལྷ་ཁང་ཡང་ ཁོང་ གཞུང་གི་ དམངས་དངུལ་གནང་སྟེ་ ཕར་ལུ་ ཆོས་སློང་སྤྲུལ་གསུམ་སྦེ་ འ་ནི་སྐུ་ཡང་ ང་བཅས་མི་སེར་གྱི་ སྟོང་ཕྲག་ བསྟན་པ་ལུ་ སྦུག་ན་ གཙོའོ་ལུ་འདི་ འ་ནི་ བསྟན་པ་ཤཀྱཱ་ཐུབ་པ་ལུ་ སྟོང་ཕྲག་ ༤༠་ གཡས་ལུ་ ནཱ་གི་འདི་ སྤྱན་རས་གཟིགས་ལུ་ སྟོང་ཕྲག་༤༠་ ཚུར་ཁ་ཐུག་གི་ གུ་རུ་རིན་པོ་ཆེ་ལུ་ སྟོང་ཕྲག་༤༠་བྱིན་ཏེ་ ཆོས་སློང་སྤྲུལ་གསུམ་བསྒྲུབས་སྟེ་ཡོད་ ང་བཅས་མི་སེར་མང་ཀྱིས་ འ་ནི་འདི།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ང་བཅས་ཀྱིས་ ནོར་བུ་སྒང་ལྷ་ཁང་ཟེར་ཞུ་ནི་ ནོར་བུ་སྒང་ལྷ་ཁང་འདི་ ང་བཅས་རའི་ ནཱ་ ཁོང་ སོར་སོ་རང་ ནཱ་ ཡར་སྔོ་མར་སྔོ་ ད་ལྟོ་ ཟླཝ་རེ་ ཟླཝ་རེ་བར་ན་ མ་ཆད་པར་ ཡར་སྔོ་མར་སྔོ་ ཚེས་བཅུ་འདི་ དུས་རྒྱུན་ཨ་རྟག་ར་ ནཱ་ལུ་ད་ལྟོ་ ང་བཅས་ཀྱི་ ནོར་བུ་སྒང་ལུ་ཡང་ དེ་སྦེ་རང་འབད་དོ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    དེ་ལས་ འདི་དང་བྲལ་ཏེ་ རིན་ཆེན་ཟོར་ལྷ་ཁང་ ཕར་ལོག་མ་ ད་ལྟོ་ གསར་པ་གཅིག་ཡོད་ཁོང་གི་ ཧེ་མ་ བཞེངས་ནིའི་འདི་ རྙིངམ་འདི་ ང་བཅས་རའི་ ནཱ་ལས་ ཁོང་གི་ནོར་བུ་སྒང་ལས་བཅད་དེ་ ཁོང་ཧེ་མ་རང་ བཞེངས་བཞེངསམ་ཨིན་མས་ དུས་ཚོད་ཡང་སྤྱིར་རི་མིན་འདུག
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ད་རེས་ ད་རུང་ ཁོང་ གཞུང་ལས་ དེམ་ངོ་ གཞུང་ལས་ གནང་རྒྱུན་མང་དངུལ་གནང་སྟེ་ བུམ་༡༠་གནང་སྟེ་ ཁོང་ བུམ་༡༠་ གནང་བ་མ་ཚད་ ཁོང་རའི་སྦྱིན་བདག་ཐོན་ཏེ་ ཁོང་ཚུ་གིས་ ཁ་བག་ ཁོང་རའི་ མི་སེར་ལས་ཐོན་ཏེ་འབདཝ་ལས་ ཁོང་རའི་ ཕར་ཡང་ བསྒྲུབས་སྟེ་ཡོད་ ད་ལྟོ་ ཕར་ལུ་རབ་གནས་མ་སྒྲུབ་པར་ཡོད་ ཁོང་ རིན་ཆེན་ཟོར་ རིན་ཆེན་ཟོར་ཟེར་ས་ལུ་ རིན་ཆེན་ཟོར་ལྷ་ཁང་ཟེར་མིང་ བརྟག་བཞག་ཡི་ ཕར་ལུ་ཡང་ གཡུས་ཚན་གཅིག་ སོར་སོ་རང་།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ཕར་ལུ་ཡང་ ཁོང་ དུས་རྒྱུན་ཨ་རྟག་རང་ ཡར་སྔོ་མར་སྔོའི་ ཚེས་བཅུ་འདི་ དུས་ཨ་རྟག་རང་ དེ་སྦེ་རང་འབད་དོ་ ཕར་ལུ་ རིན་ཆེན་ཟོར་ལུ་ཡང་ ལྷ་ཁང་གཅིག་ཡོད་ འདི་ལུ་ རྟེན་ ག་ཅི་ཨིན་རུང་ གནམ་མེད་ས་མེད་སྒྲུབས་མ་ཚུགས་པས་ ད་ལྟོ་འདི་ ནངས་པ་ནངས་ཚད་སྒྲུབ་ནི་གི་ ཁོང་ ཕར་ལུ་ ལྷ་ཁང་གསརཔ་སྦེ་ ད་ལྟོ་ རབས་གནས་ཡང་མ་འབད་བ་དེ་སྦེ་ཡོད།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    དེ་ལས་ གསུམ་པ་ ཡར་ ཚལ་ཉིང་ལྷ་ཁང་ལུ་ཡང་ ཧེ་མ་ ཡར་ ར་འགོ་ལ་དགོན་ཟེར་མི་ ཡར་ བླ་མ་པད་མ་ཀུན་བཟང་སྡོད་པའི་སྐབས་ ཁོང་རའི་ ལྷ་ཁང་ ཡར་ལུ་སྡོད་ཡི་ ཡར་ ཕུའི་རྩེ་ལུ་ དེ་ལས་ འ་ནི་ ལྷ་ཁང་འདི་ བླ་མ་བཤགས་ཞིནམ་ལས་ ཤུལ་ལས་ ལྷ་ཁང་འདི་ ཕྱེད་དེ་འབག་ཞིནམ་ལས་ ཁོང་ མར་ལྟ་ཞུ་འབག་སྟེ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    མར་ ཚལ་ཉིང་ཟོར་གཡུས་ཁ་ ལྷ་ཁང་བཞེངས་སྟེ་ཡོད་ ཁོང་ཚུ་གི་ ཕར་ལུ་ཡང་ སྐུ་འདི་ ཁོང་ཚུ་གི་ཕར་ སྐུ་འདི་ ཕར་ ག་ཅི་ ཕར་ འ་ནཱ་ ས་མ་ཟིང་མཁར་ལས་ རྟའི་སྒྲིན་གནས་ལས་མར་ལྟ་ཞུ་ཡི་ཁོང་གིས་ སྐུ་ གུ་རུ་རིན་པོ་ཆེའི་སྐུ་ མི་ཚད་མ་ཅིག་ཡོད་ ཁོང་གིས་ ཕར་ལུ་ཞུ་སྟེ་ དེ་ལས་ ཕར་ལུ་ཡང་།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ཚེས་བཅུ་འབད་དགོཔ་ད་ སྦོམ་འདི་ ད་ལྟོ་ ཁོང་གིས་ ང་བཅས་རའི་ གཏེར་གསར་སྦེ་ རྙིང་མ་གཏེར་གསར་སྦེ་ཨིན་ ནཱ་གི་ཆོས་ལུགས་ གཞུང་གཙོ་འདི་ རྙིང་མ་གཏེར་གསར་ཨིན་ ཕར་ལུ་ཡང་ ཡར་སྔོ་མར་སྔོའི་ ཚེས་བཅུ་འདི་ དུས་རྒྱུན་ཨ་རྟག་རང་ ཕར་ལུ་ཡང་འབད་དེ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ཞབས་ཏོག་ཞུ་སྟེ་ཡང་སྡོད་དེ་ཡོད་ ད་ལྟོ་ ག་ར་ ང་བཅས་ཚུ་ བླ་མ་ལེ་ཤཱ་ལྷོད་ཅི་ བླ་མ་ལྷོདཔ་ད་ ད་ལྟོ་འདི་ གཡུས་ཚན་བཞི་གི་ བླ་མ་ཡང་ ད་ལྟོ་ མཐར་མཐུན་ ང་བཅས་བླ་མ་གཅིག་གིས་དབང་དོ་ བླ་མ་གཙོ་འཛིན་གཅིག་གི་དབང་དོ་ ལྷ་ཁང་སོར་སོ་ཡོད་དེ་འབད་རུང་ ད་ འ་ནི་ ཆོ་ག་ ཕྱག་ལན་ ད་ སྒོམ་ཆེན་གྱི་ རང་རང་ས་ གཡུས་ཁར་སོར་སོ་འབད་རུང་།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    གཙོ་འཛིན་འདི་གཅིག་གི་རང་ ཧེ་མ་ལས་རང་ ནཱ་ ནོར་བུ་སྒང་ས་ལུ་ གོང་པ་༡༦༠་དེམ་ཅིག་གི་རང་ མངམ་ཡོད་ གཡུས་ཚན་བཞི་བསྡོམ་སྟེ་ འདིའི་ནང་ལས་ཡང་ བླ་མ་གཅིག་གི་དབང་སྟེ་ཨིན་ ད་ལྟོ་ཡང་ བླ་མ་གཅིག་གི་རང་དབང་དོ་ ཨིན་རུང་ ལོ་སུམ་བཅུ་སོ་ ལོ་སུམ་བཅུ་སོ་ལྔ་ཚུན་ཚོད་ ང་གིས་བླ་མ་འབད་སྡོད་དེ།
  • ཨོ་རྒྱན་རྡོ་རྗེ་/ Ugyen Dorji:
    ང་གིས་ད་ལྟོ་ཚུན་ཚོད་ ང་གིས་རང་འབད་དེ་ རྒས་ཡི་