Skip to main content Skip to search
27 Jan 2016
2 min 58 sec
Video Overview
Creators: 
Sonam Chophel, Khandu, Enchung Lhamo, Jamyang Lhamo

Chudala is a medicinal plant that helps in curing “heat related illnesses.” This plant usually grows in muddy water. If one uses the leaves of chudala as a mat, it will help in curing fever, headache and severe cold. If you put the leaves in hot water and drink it, it will cure the “internal constituents” of the disease. If you make a garland out of the leaves and wear it, it will cure the “exterior constituents” of the disease. Before the coming of modern medicine to Bhutan, chudala was one of the most important medicines in the country.

 

སྤུ་ན་ཁ་ནོརཔ་སྒང་ལས་ རྡོ་བཀག་མི་གིས་བཤད་མི་ནང་ ཆུ་ད་ལ་༼པུ་ཏི་ཤིང་༽ཟེར་ ཚད་པའི་ནད་གཞི་ལུ་ཕན་པའི་སྔོ་སྨན་ཅིག་ཡོདཔ་མས། སྨན་འདི་ ཆུ་གཙང་འདམ་གཙང་ནང་སྐྱེས་དོ་ཡོདཔ་ད་ ཆུ་ད་ལ་གི་འདབ་མ་འདི་ འོག་ལས་གདན་སྦེ་འཐིངས་པ་ཅིན་ གྱང་ཤུགས་རྐྱབ་རྐྱབ་དང་ དྲོད་འབར་རྐྱབ་རྐྱབ་ མགུ་ཏོག་ན་ནཝ་ཚུ་ཡང་དྲགཔ་ཨིན་ ཟེར་ཤདཔ་ཨིནམ་ད་ ཆུ་ད་ལ་འདི་སྤོག་ཞིན་ན་ ཆུ་སྤུས་རྩ་འབད་འཁྱུ་སྦེ་ ཕྱི་ཁ་གི་ལྤགས་ཀོ་འདི་བྱི་རུ་བཟུམ་སྦེ་ཨོལ་ལྐོག་གུ་བཏགས་འབད་བ་ཅིན་ ཕྱི་ཁའི་ནད་གཞི་ཚུ་འདི་གིས་དྲག་ ནང་རྫས་འདི་ཆུ་སྦང་བཏབ་སྦེ་འཐུང་པ་ཅིན་ ནང་ན་གི་ནད་གཞི་འདི་དྲག་འོང་ ཟེར་བཤདཔ་ཨིན་པས། དང་ཕུགས་འབད་བ་ཅིན་ སྨན་ཟེར་རུང་ འདི་རང་ཨིན་ཟེར་ཨིནམ་ད་ དང་ཕུགས་རྒན་ཤོས་ཚུ་བློ་སླབ་ད་ལུ་ དཔེ་གཏམ་ཅིག་ཡང་སླབ་སྲོལ་ཡོདཔ་ཨིན་མས། དེ་ཡང་ མི་མཁྲིས་ཅན་ཅན་ཅིག་རྒྱ་ལུ་སྡོད། །ཤིང་པུ་ཏི་ཤིང་འདི་བོད་ལུ་ལུས། །ཟེར་ སླབ་སྲོལ་ཡོདཔ་ཨིན་མས། སྨན་འབད་ཐངས་འདི་ཡང་ ཆུ་ད་ལ་དང་ གྱང་ས་འདི་ བསླ་བསྲེ་རྐྱབ་དགོཔ་ད་ ཧེ་མ་རང་ཆུ་ཧེ་མ་བླུགས་ཞིན་ན་ དེ་ལས་རྐྱངམ་ཅིག་ སྔོ་སྨན་འདི་དང་གྱང་ས་གཉིས་བསླ་བསྲེ་རྐྱབ་སྦེ་བླུགས་དགོཔ་ཨིན་མས།

 

Transcript search
No results found for this search
0 of 0
  • རྡོ་བཀག་མི། Dokami
    ཏེ་་་ང་བཅས་ནཱ་ ནད་གཞི་ག་ཅི་ར་ན་དགོ་རུང་ན་ གྱང་མེད་ཚད་མེད་ སྐྱེས་དགོ་རུང་སྐྱེས་ ཕོཝ་ན་དགོ་རུང་ན་
    wether we get sick with fever or stomachache
  • རྡོ་བཀག་མི། Dokami
    ཨ་ནཱེ་སྦེ་ མགུ་གནམ་མེད་ས་མེད་ ན་དེ་ར་འབད་ས་ཅིག་རུང་ ཨ་ནཱི་ ཆུ་ད་ལ་ཟེར་མི་འདི་ བརྐོ་དགོ་ལགས།
    or even headache ,we have to dig this chudala.
  • རྡོ་བཀག་མི། Dokami: QAZ ཆུ་ཏོར་ལ་འདི་བརྐོ། མར་ལས་སྤུ་ཙ་སྦེ་ ཡར་བརྐོ་འབག་འོང་འབད་སྦེ་ ཏེ་ཁོ་ཨིན་ཡང་ ཕྱེང་མའི་ འགྲོས་བཟུམ་སྦེ་ ར་རིངམ་སྦེ་ར་ ད་ལྟོ་གཟིགས་རུང་ར་ གཟིགས་ས་ཡོད། ཨ་ནཱ་རང་ཡོད།
    chudala is like a sapling, its root is very long and we have to dig all this, it's right here, if you want to see
  • རྡོ་བཀག་མི། Dokami
    ད་ཨ་ནཱེ་འབད་བའི་ཤུན་ གཟུགས་དྲོད་འབར་རྐྱབ་རུང་ཡང་ ཏེ་ཨ་ལུ་ཚུའི་ འོག་ལས་འབད་རུང་ ང་བཅས་ར་ རྒས་ཤོས་ཀྱི་ འོག་ལས་འབད་རུང་ ཨ་ནཱེའི་ གདབ་ལེབ་འདི་ཏེ་ སྤུ་ཙ་སྦེ་ འོག་ལས་གདན་གྱི་ འོག་ལས་སྦེ་བཙུགས་ཉལ།
    and if we get fever, be it a child or an old person we put it under our blanket and sleep on it
  • རྡོ་བཀག་མི། Dokami
    ཏེ་དེ་ལས་ ཁོ་ར་ མར་ལས་བརྐོ་བའི་ཤུན་ དེ་ལསནི་ཏེ་ ཆུ་སྤུ་ཙ་སྦེ་བཤལ་ དེ་ལས་ ཕྱི་གི་སྤོ་ལྐོ་འདི་ བཤུབ་པའི་ཤུན་ ཏེ་དེ་ལས་ སྒོར་སྤུ་ཙ་སྦེ་ ལྷོད་པའི་ཤུལ་ལས་ དེ་ལས་ སྐུདཔ་སྦེ་མཇུས་ བྱུ་རུའི་འགྲོས་བཟུམ་སྦེ་ ཨོལ་ལྐོ་གུ་བཏགས།
    after digging it out, we have to wash it throughly the peel it and cut it into a round form and then wear it as a necklace
  • རྡོ་བཀག་མི། Dokami
    ཏེ་ནང་ནའི་འདི་ ཆུ་སྦང་བཞག་ ཆུ་འདི་ཡང་སྦང་ འདི་སྤུ་ཙ་སྦེ་ བླུག་པའི་ཤུལ་ལས་ ཏེ་དེ་ལས་ ལོག་དྲིམ་ཡིད་རྔེ་མཐིང་རྔེ་སྦེ་ འོང་ནི་ཡོད་ལགས།
    and soak the inside into a water nicely and then it gives a good fragrance
  • རྡོ་བཀག་མི། Dokami
    ཏེ་ཨ་ནཱི་ འོང་པའི་བསྒང་ལས་ ཏེ་དེ་ལས་ འདི་ཕྱི་རུ་ ཨ་ཙི་རེ་ཨ་ཙི་རེ་བཏང་། ཕྱིའི་དྲོད་དེ་ ནད་གཞི་འདི་ སྤུ་ར་ཨ་ནཱི་ ཕྱི་ལས་ཀྱི་ མཇུས་བཏགས་མི་དེ་གིས ཕྱེནམ་གྱི་འགྲོས་བཟུམ་སྦེ་ བཏགས་མི་དེ་གིས་ བསངས་འོང་ལགས།
    and have to drink it little every night. the necklace that we wear from outside will decrease the body temperature
  • རྡོ་བཀག་མི། Dokami
    ཏེ་ནང་ན་གི་དྲོད་འབར་རྐྱབ་ནི། ཨ་ནཱི་ ཁ་ལས་ལོག་སག་སག་འབད་མི་དེ་ཏེ་ སྤུ་ར་(ཆ་མཉམ)ཁོ་གིས་བཤལ་བཏང་ད།
    the inner dieases such as fever and vomiting will be cured by the water.
  • རྡོ་བཀག་མི། Dokami
    དང་ཕུགས་ང་བཅས་ནཱ་ སྨན་ཟེར་རུང་ འ་ནཱི་ར་ཨིན་པས་ལགས། ཏེ་བོད་ལས་ཀྱི་འབད་བ་ཅིན་ ཨ་ནཱི་པུ་ཏི་ཟེར་མི་ ཐོན་ནི་འདུག་པ་སྨོ་ལགས་ འ་ནཱེ་ར་ཨིན་ལགས།
    this is the only medicine used in olden days. puti is the medicine which comes from the tibet.
  • རྡོ་བཀག་མི། Dokami
    ཏེ་རྒས་ཤོས་ཚུ་གིས་ཡང་ བཤད་རྟོགས་བཏངམ་ད་ སླབ་ནི་ཡོད་སྦོ། མི་ཁྲི་ཅན་ཅན་ཅིག་རྒྱ་ལུ་སྡོད། །ཤིང་པུ་ཏི་ཤིང་འདི་བོད་ལུ་ཡོད། །ཟེར་ ཤིང་སྨན་འདི་བོད་ལུ་ལུས་སོང་ མི་ཁྲི་ཅན་ཅན་ ན་ནི་མང་དྲགས་དེ་ མར་རྒྱའི་ཁ་ཐུག་སྡོད་པའི་ཟེར།
    our elders mention it in their talk, people who get sick stays in india and medicine puti is in tibet which means that the medicine tree is in tibet and the people who get sick are in india
  • རྡོ་བཀག་མི། Dokami
    སྨན་ཤིང་པུ་ཏི་ཤིང་འདི་བོད་ལུ་ཡོད། །མི་ཁྲི་ཅན་ཅན་ཅིག་རྒྱ་ལུ་སྡོད་ཟེར།
    medicine puti is found in tibet. the people who get sick are in india
  • རྡོ་བཀག་མི། Dokami
    ང་བཅས་ཀྱི་ ནཱ་་ལུ་འདི་ཏེ་ད་ ཡོད་རུང་མེད་རུང་ འ་ནཱི་ ཆུ་ད་ལ་འདི་ར་ཨིན་ལགས།
    out here chudala is the only medicine we have.
  • རྡོ་བཀག་མི། Dokami
    ཏེ་སྨན་ཁང་ནང་ འགྱོ་ཚུགས་པའི་སྐབས་འདི་བྱིན། ཏེ་དེ་ལས་ རྒས་ཤོས་ཨ་ནཱི་ཚུ་གིས་ འ་ཏེ་ད་ དང་ཕུགས་ང་བཅས་ ཨ་ནཱི་གིས་ར་ བཅོསཔ་མེད་སྦོ? ང་བཅས་ར་ ར་ཚར་ཅིག་འབལ་བཏང་གེ་ནུག་ཟེར་ ཏེ་
    when people are able to go to hospital we give it and the old people say that in the olden days we were cured by it so lets try using it.
  • རྡོ་བཀག་མི། Dokami
    འ་ནཱི་གུ་ལུ་ གནམ་མེད་ས་མེད་ དྲོད་འབར་རྐྱབ་ད་ ཨ་ནཱི་ང་བཅས་གྱང་གི་ གྱང་ས་ཟེར་ཡོད་པ་ དང་ཕུགས་ཀྱི་ གྱང་རྙིངམ་ཡོད་པ་ འ་ནཱི་ས་འདི་ ཕར་ཀྲེག་བཞག་པའི་ཤུལ་ལས་ འ་ནཱི་ཁར་ལས་ གྱི་ཅུང་གིས་ ཕར་ནང་ནི་ ངོ་མ་འདི་བཏོན་ཕོར་པའི་ནང་བླུག།
    if we get high fever we have this old wall, we scratch away the outer soil and take the inner one in the cup
  • རྡོ་བཀག་མི། Dokami
    ཏེ་དེ་ལས་འདི་གུ་ལུ་ ཨ་ནཱི་ ཆུ་ཏོར་འདི་ བླུག་སྦེ་འབད་བའི་ཤུལ་ ཧེ་མ་ར་ ད་རུང་ འདི་བླུགཔ་ད་ཡང་ རྒས་ཤོས་ཚུ་གིས་ ཆུ་འདི་མར་ བླུག་བཞག་དགོ་ལགས།
    and then on that have to put chudala after that, firstly our elders were putting water first
  • རྡོ་བཀག་མི། Dokami
    ཆུ་འདི་ནང་བླུག་པའི་ཤུན་ ཆུ་ཏོར་ལ་འདི་ ཤུལ་མ་བླུག་དགོ་ལགས། ཆུ་ད་ལ་དང་ ས་འདི་ མར་བླུག་བཞག་ མགུ་ལས་མར་ ཆུ་བླུག་ད་པ་ཅིན་ འདི་ཁྱེད་ལུ་ སྤུ་ལས་ར་ཕན་མི་ཐོགས།
    we have to put water first after that have to put chudala but if we first put chudala and soil and then put water, it will not benifit
  • རྡོ་བཀག་མི། Dokami
    རུལཔ་ཆུ་བཤལཝ་ཟེར་ ཕན་ཡོན་ར་མེད་པ་ཟེར་ སླབ་འོང་ རྒས་ཤོས་ཚུ་གིས།
    its like washing out the medicine,it is not helpful is what the elderlies says
  • རྡོ་བཀག་མི། Dokami
    ཁོ་ ཧེ་མ་ཆུ་འདི མར་འདེགས་བཞག་ཞིནམ་ན་ ལོག་སྨན་འདི་ བཙུགས་དགོ་པ་ཟེར་ཏེ་
    we have to first keep water and then put the medicine in it
  • རྡོ་བཀག་མི། Dokami
    སྨན་འདི་མར་བཞག་ ཁ་ལས་མར་ ཆུ་བླུག་ད་པ་ཅིན་ སྨན་ཆུ་བཤལཝ་ཟེར་བའི་བསྒང་ལས་ ཁྱེད་ཀྱི་གཟུགས་ཁར་ཕན་ར་མི་ཐོག་ཟེར་ རྒས་ཤོས་ཚུ་གིས་ འ་ནཱེ་སྦེ་སླབ་ནི་འདུག་ལགས།
    if we put the medicine first and pour water on it then it will not benifit to our body says the elderlies.
  • རྡོ་བཀག་མི། Dokami
    ཏེ་དེ་ལས་ གཟུགས་ཁར་དྲོད་འབར་རྐྱམ་ནི་དེ་ ག་ར་ཁོ་རའི་གདབ་ལེ་འདི་ བཏོག་བཙུགས་འབད་སྦེ་ ད་རེས་བར་ན་ཡང་ དེ་བཙུགས་རུང་ ཞི་ར་ཞི་བ་ཏེ་ བཟང་དྲི་ཅིག་ཡང་ཡོད་ལགས་ཁོ། ཏེ་མིང་འདི་ ཆུ་ད་ལ་ཟེར་ར་ སླབ་ཨིན་ལགས་ཁོ།
    and use the leaves for fever, now a days also it works and it gives also good fragnance and it is called chudala.