Skip to main content Skip to search
23 Aug 2018
9 min 39 sec
Video Overview
Creators: 
Penchela, Namgay L Wangchuk

Chimi Dorji shared information about Choekhor Deb and Draphel Dzong when researchers visited. He had heard the history of Choekhor Deb and Draphel Dzong from village elders. The Choekhor Deb resided at Draphel Dzong in the past, but the dzong was in ruins long ago. The dzong was originally named Draphel Dzong, but today is called Drapham Dzong. Choekhor Deb was killed by Ura Dung Nakpo.

 

ཆོས་འཁོར་དེབ་དང་ དེ་ལས་དགྲ་འཕེལ་རྫོང་སྐོར་ལས་ འཆི་མེད་རྡོ་རྫེས་ཀྱིས་ བཤད་པ་རྐྱབ་འདི་ ཡོདཔ་ཨིན་མས། ངང་ལྷ་ཁང་གི་ ལོ་རྒྱུས་འདི་ གཡུས་གི་མི་རྒས་ཤོག་དང་ གནས་ཡིག་ཚུ་ནང་ལས་ འབད་ལྷབ་ཅིག་ཟེར་ཨིན་མས། ཧེ་མ་རྫོང་འདི་ནང་  དེབ་ཡོད་འདི་འབད་རུང་ ཤུས་ལས་ ཁོ་རྩ་མེད་བཏང་འདི་ ད་རེས་ནང་པ་ རྫོང་གི་རཝ་འདི་ལས་ རྒྱལ་མིན་འདུག། རྫོང་གི་མིང་ཡང་ སྒྲ་དཔལ་རྫོང་ཨིན་རུང་ ད་རེས་ནང་པ་མིང་འདང་སྒྲ་ཕམ་རྫོང་ཟེར་སླབ་མས། ཤུས་ལས་ཆོས་སྐོར་དེབ་འདི་ ཨུ་ར་དུང་གནག་པོ་གི་སྐྲོང་འདི་ རྩིབ་གྲོ་ཅིག་གསུམ་ཁྲང་ ལྷ་ཁང་ནང་ཡོད་ཟེར་ཨིན་མས། དེ་ལས་ལགས་ཅིག་ ཁང་རབས་ལྷ་ཁང་ནང་ཡོད་ཟེར་ཨིན་མས།

 

Transcript search
No results found for this search
0 of 0
  • འཆི་མེད་རྡོ་རྗེ Chimi Dorji
    ཧེ་མ་དགརཔ་ཁྱེའུ་རྡོརྗེ་གིས་ ཏེ་ཧེ་མ་ལྷ་ལུང་དཔལ་གྱི་རྡོ་རྗེ་གི་ནུ་གཅུང་ དགར་པ་ཁྱེའུ་རྡོ་རྗེ་མཚམས་པ་བླ་མ་ མཚམས་པ་བླ་མའི་ནུ་གཅུང་བཀྲ་ཉེས་འདི་ར་ ཁོང་རྡོ་རྗེ་དཔུན་བདུན་སླ་ལས་བཀྲ་ཉེས་འདི་རང་ ཏེ་ཡང་སྲིད་སྤྲིའུ་རྡོེ་ཟེར་མི་འདི་ཨིན་མས།
  • འཆི་མེད་རྡོ་རྗེ Chimi Dorji
    ཏེ་ཁོང་ཚུ་ཡར་ལས་བྱོག་འབྱོནམ་ད་ ཡང་སྲིད་སྤྲིའུ་རྡོ་རྗེ་ནཱ་ལྷ་ལུང་ ནཱ་ལས་ཚུད་ནུག་ ནཱ་ཧང་ལ་ལས་མར་ཚུད་ནུག་ཕར་དཔག་བསམ་ལས་སྦེ་ཚུད་ནུག་ དེ་ལས་དགར་པ་ཁྱེའུ་རྡོ་རྗེ་འདི་ ཏེ་ཁོ་ཕར་མཚམས་པ་ལས་ཚུད་ནུག་
  • འཆི་མེད་རྡོ་རྗེ Chimi Dorji
    དེ་ལས་ཡང་སྲེས་སྤྲིའུ་རྡོ་རྗེ་འདི་ ནཱ་ལས་འབད་བྱོག་འགྱོཝ་ད་ ད་ལྟོ་ཡར་གྱང་ཁོག་ཚུ་ཡང་ཡོད་ ཡར་ལས་འབད་བྱོག་འབྱོནམ་ད་ ཏེ་ཁོ་ཤུལ་ལས་ནཱ་ ནཱ་ལུ་དེ་འབད་སྡོད་ནུག་
  • འཆི་མེད་རྡོ་རྗེ Chimi Dorji
    ཤུལ་ལས་ཁོ་གི་རྒྱུད་པ་གསུམ་འགྱོཝ་ད་ ཤུལ་ལས་ཀུན་སྡུད་ཟེར་མི་ཆོསའཁོར་སྡེ་པ་ཀུན་སྡུད་ཟེར་མི་ལུ་ ཆོས་རྗེ་མི་འགྱུར་བརྟན་པ་བྱ་དཀར་རྫོང་བཞེངས་བའི་སྐབས་ལུ་ ཏེ་དེ་ལས་ཆོས་རྗེ་མི་འགྱུར་བརྟན་པ་བྱ་དཀར་རྫོང་བཟུམ་ཅིག་བཞེངས་སྡོད་པའི་སྐབས་ ཁོ་གིས་འབྲུག་རྒྱལ་རྫོང་བཟུམ་ཅིག་ཞུགས་སྡོད་ད་
  • འཆི་མེད་རྡོ་རྗེ Chimi Dorji
    ཆོས་རྗེ་མི་འགྱུར་བརྟན་པ་གིས་ དེ་ཁར་སྟབས་མི་བདེ་ནི་ཨིནམ་ལས་མནོ་སྟེ་ ཏེ་ཁོ་དམ་མཚམས་གནང་ནི་དང་དམ་བཏགས་ནི་ཙི་ག་དེ་སྦེ་རྐྱབ་རུང་ ཏེ་ཁོ་ཁྲོ་འབད་ནི་འདི་གིས་ དམ་བཏགས་མ་ཚུགས་པས།
  • འཆི་མེད་རྡོ་རྗེ Chimi Dorji
    དེ་ལས་ཤུལ་ལས་ ཆོས་རྗེ་མི་འགྱུར་བརྟན་པ་གིས་ མར་ཀྲོང་གསར་ལས་རྩིསཔ་ནག་ཕལ་ཟེར་མི་འཁྱིད་འོང་སྟེ་ དེ་ལས་རྩིསཔ་ནག་ཕལ་གིས་སྦེ་རྩིས་བལྟ་སྦེ་ དེ་ལས་གནས་སྐབས་སྟོན་སྦེ་
  • འཆི་མེད་རྡོ་རྗེ Chimi Dorji
    དེ་ལས་ཀྲོང་གསར་གྱི་གྲྭ་ཚང་འདི་ ད་ལྟོ་ང་བཅས་གནམ་ལེངས་སྐོར་འབྱོན་ཨིན་ཟེར་ ནཱ་ལས་སྦེ་བྱོན་ བྱོན་པའི་སྐབས་ཆོས་འཁོར་སྡེ་པ་གནམ་ལེངས་མཚོའི་ནང་བཀོ་ནི་ཟེར་ རྩིསཔ་གིས་རྩིས་ནང་དེ་སྦེ་ཐོནམ་ལས་ དེ་ལས་ཀྲོང་གསར་དགེ་སློང་འདི་ན་ཧིང་ཞེ་ཧིང་ནཱ་ལས་ཤར་ར་ར་འབྱོན་དགོ
  • འཆི་མེད་རྡོ་རྗེ Chimi Dorji
    ད་མི་འབྱོན་པས་ ད་སྣུམ་འཁོར་ནང་བྱོན་དོ་མས་ ཏེ་ག་ཅི་སྨོ་ཟེར་བ་ཅིན་ ནཱ་གསོལ་ཁ་ཕུལ་ ནཱ་ལས་སྦེ་ཕར་འབག་སྦེ་ ཏེ་དེ་ལས་ནཱ་ལས་མི་ཚུ་གིས་ འུ་ལཱ་འབག་འབད་ག་ར་འུག་སྐད་རྐྱབ་འདི་ ནཱ་ལས་ཕར་འགྱོ་བའི་སྐབས་ དེ་སྦེ་ར་འགྱོཝ་ཨིན་ དགེ་སློང་ཚུ་བྱོན་པའི་སྐབས་ འུར་སྐད་རྐྱབ་འདི་རང་བྱོནམ་ཨིན།
  • འཆི་མེད་རྡོ་རྗེ Chimi Dorji
    དེ་ལས་ནཱ་ལས་འབད་པར་བྱོན་པའི་སྐབས་ གནམ་ལེངས་མཚོའི་ནང་བཀོ་ནི་འབདཝ་ད་ གནམ་ལེངས་ལྷ་ཁང་སྦོ་ལོག་ཁར་ མཚོ་ཆུང་ཀུ་ཅིག་ཡོདཔ་ཨིན་ འ་ནཱི་ནང་བཀོ་ནི་ཨིན་ཟེརཝ་ད་ ཏེ་ཁོ་གིས་ ག་དེམ་ཅིག་ཡང་མཁྱེན་ཚར་ཚརཝ་མས་ ཏེ་དེ་འབདཝ་ད་ཆོས་འཁོར་སྡེཔ་ ཀུན་སྡུད་ཀྱིས་ ཁོང་ང་ལུ་བཀྲ་མ་ཤིསཔ་འབདཝ་མ་གཏོགས་པ་ ང་ལུ་ལེགས་ཤོམ་འབདཝ་མེན།
  • འཆི་མེད་རྡོ་རྗེ Chimi Dorji
    ༼ལེགས་ཤོམ་འདི་ཚུ?༽ ནཱ་བཞག་སྦེ་ཁོ་ར་རང་གྱོན་དགོ་ ཁོ་ར་དང་གཉིས་གསུམ་དེ་ཅིག་ དེ་ལས་ དེ་སྦེ་འབག་སྦེ་ གནམ་ལེང་ལྷོདཔ་ད་བབཀོ་མ་ཚུགས་པས་ དེ་ལས་ཏེ་ ཆོས་རྗེ་མི་འགྱུར་བརྟན་པ་གིས་ རྩིསཔ་ནག་ཕལ་ལུ་ ཁྱོད་ཀྱི་རྩིས་དང་བདེན་པ་ག་ཅི་ཡང་མིན་འདུག་ ཁྱོད་ཀྱི་དེ་སྦེ་ཨིན་མས།
  • འཆི་མེད་རྡོ་རྗེ Chimi Dorji
    དེ་ལས་ཤུལ་ལས་ མར་ཆོས་འཁོར་སྡེ་པ་འདི་ མར་བྱ་དཀར་རྫོང་ནང་མར་འབོ་སྦེ་ དེ་ལས་བྱ་དཀར་རྫོང་ནང་ ད་ལྟོ་མར་བསྐང་གསོལ་ད་མེ་མདའ་ཚུ་ད་ལྟོ་ཡང་རྐྱབ་སྲོལ་ཡོད།
  • འཆི་མེད་རྡོ་རྗེ Chimi Dorji
    དེ་ལས་ཁོ་ཡར་ཆུ་དཀར་ བྱ་དཀར་སློབ་གྲྭ་ལྟག་ལུ་ ཆུ་དཀརཔོ་ཡོད་སར་བཤལ་འཁྱིད་སྦེ་ ཡར་བཤལ་འཁྱིད་སོང་སྦེ་ ད་ཁོ་དེ་ཁར་བཀོ་བཏང་ནི་ཨིན་ཟེར་ ད་མ་ལས་མན་མདའ་གཅིག་ཡང་བཏངམ་ཨིན་ཁོ་འགྱོཝ་ད་ དེ་ཁར་ཡང་ཁོ་བཀོ་བཏང་མ་ཚུགས་པས་ ཁོ་གིས་ཤེས་ཏེ།
  • འཆི་མེད་རྡོ་རྗེ Chimi Dorji
    དེ་ལས་འབདན་ཤུལ་ལས་ དེ་སྦེ་ཨིན་པ་ཅིན་ ཆོས་རྗེ་མི་འགྱུར་བརྟན་པ་གིས་ ང་ལུ་དེ་སྦེ་འབད་བ་ཅིན་ ང་གིས་ཡང་ ཏེ་དེ་ལས་གནས་སྐབས་བཏོན་སྦེ་ ང་ང་རང་སྒྲིང་སྒྲི་བཟོ་དགོ་པས་ཟེར་ ཁོ་ཁོ་རའི་འདི་ཚུ་ ཡར་དང་མར་ལས་བསྒྱོམ་སྦེ་དམག་ཀྲིག་ཀྲི་སྡོད་ནུག
  • འཆི་མེད་རྡོ་རྗེ Chimi Dorji
    དམག་ཀྲིག་ཀྲི་འབད་སྡོད་ད་ ཁོ་མ་གཞི་ཧེ་མ་ཡར་ལས་བྱོན་ཏེ་ཡང་ ཧེ་མ་གྱི་སྐུ་ཕྲེང་ ཁོ་རའི་བརྒྱུད་པ་དང་པ་འདི་ནང་ཡང་ ཡར་བོད་ལས་དམག་འབག་སྟེ་ ཨ་ཡར་དམག་གར་ཟེར་སླབ་ཨིན།
  • འཆི་མེད་རྡོ་རྗེ Chimi Dorji
    ཁོང་དམག་དེ་ཁར་རྐྱབ་སྦེ་ འབད་མ་ཚུགས་པར་ དེ་ལས་བོད་པ་འདི་ལོག་སོང་སྦེ་ ཏེ་དེ་ལས་གསུམ་པ་ཀུན་སྡུད་འདི་ཡང་ ག་གིས་ཡང་འབད་མ་ཚུགས་པར་ ནཱ་བུམ་ཐང་ལུ་གཉའ་རྒོད་ཁོ་ཨིན་མས།
  • འཆི་མེད་རྡོ་རྗེ Chimi Dorji
    ཁོ་འབད་མ་ཚུགས་པར་ཆོས་རྗེ་མི་འགྱུར་བརྟན་པ་གིས་ཡང་འབད་མ་ཚུགས་པར་བྱ་དཀར་རྫོང་ནང་ རྩིསཔ་གནག་ཕལ་གྱིས་ ད་དེ་འབད་ཨིན་པ་ཅིན་ལུང་བསྟན་འདི་ཨུ་ར་གདུང་ནག་པོ་ལུ་འདུག
  • འཆི་མེད་རྡོ་རྗེ Chimi Dorji
    ཨུ་ར་གདུང་ནག་པོ་དང་ཅིག་ཁར་ཁ་མཐུན་ཏེ་ ཨུ་ར་གདུང་ནག་པོ་དང་གཅིག་ཁར་ཁ་མཐུན་ཏེ་ ཁོ་གིས་གནས་སྐབས༌གུར་བཀལ་ཏེ་ ཁོ་བཀོ་བཏངམ་དྲག་ནི་མས་ཟེརཝ་ད་ དབའེ་ཏེ་དེ་སྦེ་ ག་དེ་སྦེ་བཀོ་བཏང་ཚུགས་ག་སྨོ་ཟེརཝ་ད།
  • འཆི་མེད་རྡོ་རྗེ Chimi Dorji
    དེ་ལས་ ཆོས་རྗེ་མི་འགྱུར་བརྟན་པ་དང་རྩིསཔ་ནག་ཕལ་གྱིས་ ད་གཞན་ག་ནི་རང་འབད་མི་ཚུགས་ནི་མས་ ཏེ་མར་ཨུ་ར་གདུང་ནག་པོ་ལུ་ བསྟུན་གྲོས་འབད་བ་ཅིན་ ག་དེ་འབད་འོང་ག་ཟེར་ ཏེ་དེ་ལས་ ནཱ་ལས་ཕར་སོང་སྦེ་ ཨུ་ར་གདུང་ནག་པོ་དང་བསྟུན་གྲོས་འབད་དེ།
  • འཆི་མེད་རྡོ་རྗེ Chimi Dorji
    དེ་ལས་ཨུ་ར་གདུང་ནག་གིས་ དེ་འབད་ཨིན་པ་ཅིན་ ང་གིས་ བུམ་ཐང་སྡེ་བཞིའི་མི་བཀུགཔ་སྦེ་ ཞང་མ་ལ་འདི་ ང་གིས་ཐང་བཟོ་ནི་ དེ་ལས་ཁོ་ནཱ་འཐོན་འོང་ ཁོ་ཁྱོད་ཚུ་གིས་ནཱ་འགྱོ་བཅུག་མས་ དེ་ལས་དབའེ་ ཨུ་ར་གདུང་གནག་པོ་གིས་ མི་འདི་ཚུ་དེ་སྦེ་དཀའཝ་བཅད་བཅུག་མས་ འདི་ཐང་བཟོ་སྟེ་ ལཱ་མེད་དོན་དག་མེད་ ཁོ་ན་ཐད་ར་ཚོད་བལྟ་འདི་ཨིན་མས།
  • འཆི་མེད་རྡོ་རྗེ Chimi Dorji
    ང་བཅས་ནཱ་ལས་ དམག་ནང་འགྱོཝ་ནི་ཟེར་ ཁོ་ཡང་འཁྱིད་ཤོག་ དེ་ལས་ ཁོ་དེ་ཁར་བཀོ་བཏང་ནི་ཟེརཝ་ད་ དེ་ལས་ཆོས་རྗེ་མི་འགྱུར་བརྟན་པ་ འ་ནཱི་འབད་ཨིན་མས་སྨོ་ཟེར་ ཨུ་ར་གདུང་གནག་པོ་གིས་ ད་ལྟོ་ཞང་མ་ལ་ལུ་ ཐང་ཨ་ཙི་ཅིག་ཡོདཔ་ཨིན།
  • འཆི་མེད་རྡོ་རྗེ Chimi Dorji
    དེ་ལས་ཞང་མ་ལ་གྱི་ སྤོ་ཏོ་འདལ་བཏང་སྦེ་ཐང་བཟོ་སྡོད་ དེ་ལས་ཨུ་ར་གདུང་གནག་པོ་ ཆོས་འཁོར་སྡེཔ་ ཆོས་འཁོར་སྡེཔ་ནཱ་ལས་བཏང་སྦེ་ ཨུ་ར་གདུང་གནག་པོ་ ཨུ་ར་གདུང་གནག་པོ་འདི་འབདཝ་ད་ དེ་ལས་ཆོས་འཁོར་སྡེཔ་གིས་ ཁྱོད་ཉམས་དགའ་འདི་ག་ཅི་འབདཝ་སྨོ?
  • འཆི་མེད་རྡོ་རྗེ Chimi Dorji
    དེ་འབདཝ་ད་ ད་ཧེ་མ་ན་ཧིང་ཞེ་ཧིང་ ཡུ་ནི་སཱེབ་ཀྱི་༼UNICEF༽ དགྲ་འཕེལ་རྫོང་ནང་ལས་ ཅ་ལ་འཐོན་ནིའི་རེ་བ་གིས་ བརྐོ་བ་འོང་དེ་ ང་གིས་བཟོ་དཔོན་ཚུ་ལུ་ཞུ་ཡི་ ཅ་ལ་ག་ནི་ཡང་མེད་ མེད་དགོ་མི་འདི་ཡང་ ཅ་ལ་འདི་ཡར་སྤང་ཁར་གཞོང་མ་ཟེར་ཡོདཔ་ཨིན་ལགས།
  • འཆི་མེད་རྡོ་རྗེ Chimi Dorji
    སྤང་ཁར་གཞོང་མ་ལུ་གཡིབ་སྟེ་ཡོད་ཟེར་མ་བཏོགས་ ལོ་རྒྱུས་མི་འདི་ཚུ་གིས་ དེ་ཁར་རྫས་བམ་གྱི་གཏོར་གཏང་སྦེ་མི་ཚུ་ག་ར་ འདི་ནང་ཚུད་ནུག་ཟེརཝ་མས་ འདི་ཁར་ཚུདཔ་མེན་པར་ ཨུ་ར་གདུང་ནག་པོ་གིས་ཞང་མ་ལ་ལུ་བསད་སྦེ་ ད་ལྟོའི་གཟུགས་ཀྱི་སྐུ་ཚད་འདི་ ཞང་མ་ལ་ལས་ཨ་ཙི་ཅིག་ཚུར་འོང་པའི་སྐབས་ བྱིར་མཉས་སྒང་ཟེར་ཡོད་ འ་ནཱི་བྱི་མཉས་སྒང་ལུ་རྡོ་སྐུ་ཚད་འདུག་ གཟུགས་ཀྱི་ཚད་ཨ་ཕི་ཨིན་ལོ།
  • འཆི་མེད་རྡོ་རྗེ Chimi Dorji
    དེ་ལས་ཕྱག་གཡོན་པ་མགུ་ཏོག་ དབུ་འདི་ཚུ་ག་ར་ དེ་ལས་འ་ནཱི་ཁོ་གི་རྩིབ་སྒྲོ་རུ་ཏོ་ ད་ལྟོ་སུམ་འཁྲང་ཆོས་རྗེ་ ད་ལྟོ་སུམ་འཁྲང་ལྷ་ཁང་ནང་འགྱོཝ་ད་ གནས་བཤད་ག་དེ་སྦེ་རྐྱབ་སྨོ་ཟེར་བ་ཅིན་ ཧེ་མ་གླིང་སྒར་སྟོད་ལས་ དམག་དཔོན་གཅིག་གིས་རྩིབ་སྒྲོ་ཨིན་ཟེརཝ་མས།
  • འཆི་མེད་རྡོ་རྗེ Chimi Dorji
    འདི་མེན་པར་ཨུ་ར་གདུང་གནག་པོ་གིས་ ནཱ་ཆོས་འཁོར་སྡེཔ་ ཁོ་དཀྲོངས་སྦེ་ ཆོས་འཁོར་སྡེཔ་གི་ རྩིབ་སྒྲོ་ད་ལྟོ་གསོལ་ཁ་ཕུལ་བའི་སྐབས་ཚོགས་འདི་རྩིབ་སྒྲོ་ནང་སྦེ་ཕུལ་དོ་མས་ རྩིབ་སྒྲོ་གཉིས་ཆ་ར་ད་ལྟོ་ཡང་ཡོད།
  • འཆི་མེད་རྡོ་རྗེ Chimi Dorji
    ཏེ་དེ་ལས་ཧེ་མ་ ན་ཧིང་ཞེ་ཧིང་ ང་ཕར་བལྟ་བ་འགྱོཝ་ད་ ཁོ་གིས་གནས་བཤད་དེ་སྦེ་རྐྱབ་དེ་ དབའེ་ང་གིས་འབད་བ་ཅིན་དེ་འབད་མེན་ ཆོས་འཁོར་སྡེཔ་གི་དེ་སྦེ་ཨིན་ཟེརཝ་ད་ ཆོས་འཁོར་སྡེཔ་ ནཱ་ལྷོད་དགོཔ་རང་མེད་ ཨིན་ནཱི་འདི་ཆོས་འཁོར་སྡེཔ་འདི་ ཨུ་ར་གདུང་གནག་པོ་ཁ་ཐུག་ལས་རང་ཨིན་མས།
  • འཆི་མེད་རྡོ་རྗེ Chimi Dorji
    དེ་ལས་ཕྱག་གཡས་པ་འདི་ གང་སྟོད་ཨིན་ན་ཅིག་དང་ ཕྱག་གཡོན་པ་འདི་ཕར་ཁང་རབ་ལྷཁང་ནང་ དེ་ལས་མགུ་ཏོག་འདི་ ཕར་སྤ་རོ་ཕར་ལས་ཕར་ཡོད་ ལྷ་ཁང་འདི་གི་མིང་སེམས་ཁར་མ་འོང་ དེ་ལས་ འ་ནཱེ་སྦེ་ཁོ་ལུ་དེ་ཁར་དམ་བཏགས་གནང་སྦེ་ དེ་ལས་དེའི་ཧེ་མ་ག་ར་འབད་ཚར་ནུག
  • འཆི་མེད་རྡོ་རྗེ Chimi Dorji
    དེ་འབདཝ་ད་ ཁོ་གི་སྒོ་གུ་གྱངས་ཁ་མེད་ཟེར་ཨིན་མས་ ༼དགྲ་འཕེལ་རྫོང་འདི??༽་འདི་ཁར་ ཐོག་ར་གནམ་མེད་ས་མེད་ཡོད་ཟེར་ཨིན་མས་ དེ་ལས་ཕྱི་བློན་ནང་བློན་འདི་ཚུ་ཡང་ ནང་གསུག་བྱིན་ཏེ་ ཆོས་རྗེ་མི་འགྱུར་བརྟན་པ་གིས་ ཕྱི་བློན་ནང་ལོན་འདི་ཚུ་ཡང་ནང་གསུག་བྱིན་ཏེ་ ཏེ་ཁོ་རང་ཚུ་གཅིག་གིས་གཅིག་ལུ་འདི་འབད་ནུག
  • འཆི་མེད་རྡོ་རྗེ Chimi Dorji
    ཁོ་འདི་གནས་སྐབས་ར་འགྱིར་ཏེ་ ཐབས་དང་གནས་སྐབས་འགྱིར་བཀལ་ཏེ་རང་སྡོད་ནུག་ འཐབ་འཛིང་འབད་འདི་སྟེ་འབད་མི་ཚུགས་དོ་མས་ དེ་ལས་ཤུལ་ལས་ ཨུ་རའི་གདུང་གནག་པོ་གིས་བཀོ་བཏང་ད་ནུག
  • འཆི་མེད་རྡོ་རྗེ Chimi Dorji
    ཨུ་རགདུང་གནག་པོ་ཡང་ གནམ་མེད་ས་མེད་གཉའ་རྒོད་འབད་སྦེ་ ཏེ་དེ་འབདཝ་ལས་ དེ་ལས་ཁོ་གིས་ ཨའི་འདི་ཚུ་ཐགས་འཐག་ནིའི་ཕར་ཚོས་བྲང་ཀྲོག་ཟེར་ད་ལྟོ་ མིང་ཡང་ཚོས་བྲང་ཀྲོག་ཟེར་སླབ་ཨིན།
  • འཆི་མེད་རྡོ་རྗེ Chimi Dorji
    དེ་ལས་ཚོས་རྐྱབ་འདི་ དེ་ཁར་ཐགས་འཐག་འདི་ ད་ལྟོ་ཐབ་འདི་ཚུ་དེ་སྦེ་རང་ཡོད་ ད་ཚལ་མ་ཐལ་ཏེ་ཡོད་ ཏེ་ཁོ་གི་ཅ་ལ་ཚུ་དེ་ཁར་ཡོད་ ང་གིས་ཨ་ཡ་ཡོད་ཟེརཝ་ད་ དབའེ་ཁྱོད་ཀྱི་གཏན་གཏན་ཨིན་ན? ཨིན་པ་ཅིན་ ང་བཅས་སློང་མ་འགྱོ་གེ་བལྟ་བར་འགྱོ་གེ་ཟེར་མི་ཡང་ཡོད་ བལྟ་བར་འགྱོ་སྟེ་ ག་ཅི་འབད་ནི་གནམ་མེད་ས་མེད་སློང་དགོ
  • འཆི་མེད་རྡོ་རྗེ Chimi Dorji
    དེ་ཁར་ད་ལྟོ་ ཧོག་ཀ་གནམ་མེད་ས་མེད་སྦོམ་ཡོད་ འ་ནཱི་བཟུམ་སྦེ་རང་ཞིང་བཟུམ་སྦེ་ ཧོག་ཀ་ ཏེ་དེ་ཁར་སློང་སྟེ་ ཅ་ལ་གོ་ཆོདཔ་ག་ནི་ཡང་མི་འོང་ འ་བལྟ་བར་འགྱོ་གེ་ནངས་པ་ དེ་ལས་བཟོ་དཔོན་འདི་ཚུ་ ཧེ་མ་ང་གིས་སླབ་ད་ ཨཱ་ཁྱོད་ཀྱི་སོ་སོར་ཨིན་པས་ ལོ་རྒྱུས་འ་ནཱེ་སྦེ་ཨིན་ཟེར་སླབ་སྦེ་ ཁོང་གིས་ སོ་སོར་ཅིག་བཤད་ནི་འདུག་
  • འཆི་མེད་རྡོ་རྗེ Chimi Dorji
    ཏེ་ང་གིས་ ནཱ་ལས་ཅ་ལ་མི་འཐོན་ ཁྱོད་ཀྱིས་ཅ་ལ་མི་འཐོབ་ མ་གཞི་མི་གི་ རུ་ཏོ་ཅིག་ཐོབ་རུང་ ཁོང་ཡུ་ནི་སཱེབ་ UNICEF ནང་བཙུགས་ནི་ཨིན་ བལྟ་ནི་ཨིན་ཟེརཝ་མས་ མི་གི་རུ་ཏོ་ཡང་མ་འཐོན་ མི་འདི་ན་མ་ཤི་ དེ་ལས་ཤུལ་ལས་ ཨ་ཕི་གི་ཅ་ལ་ཨ་ཙི་ཅིག་ལྷག་ལུས་ཡོད་མི་དང་ ཞིང་འདི་ཚུ་ག་ར་ཨ་མི་སྟོང་ལེང་དྲགོས་དྲུང་པ་ ད་ལྟོ་དེ་ཁར་ཁང་རུལ་ཡོད་ དེ་ཁར་དྲགོས་དྲུང་པ་གི་ ཞིང་འདི་ཚུ་ག་ར་ཁོ་གིས་བཟའ་སྤྱོད་འབདཝ་ཨིན།
  • འཆི་མེད་རྡོ་རྗེ Chimi Dorji
    དེ་ལས་ད་ལྟོ་ ངེ་གི་ཁྱིམ་རྐྱབ་མི་ཞིང་འདི་ སྡེ་པའི་ཞིང་ཟེར་སླབ་ཨིན་ སྡེ་པའི་ཞིང་ཟེར་སླབ་དགོ་མི་འདི་ཡང་ ཆོས་འཁོར་སྡེཔ་གི་ཚོད་བསྲེ་བཙུགས་ས་ཨིན་མས་ ཚོད་བསྲེ་ གཡུང་རྡོག་ ལ་ཕུག་འདི་ཚུ་བཙུགས་ས་སྡེ་པའི་ཞིང་ཟེར་སླབ་ཨིན།
  • འཆི་མེད་རྡོ་རྗེ Chimi Dorji
    ད་ལྟོ་རྩིགཔ་ཚུ་ གནམ་མེད་ས་མེད་འཐོན་ནི་འདུག་ སྡེ་པའི་ཞིང་ཟེར་ ཆོས་འཁོར་སྡེཔ་གི་འབད་ནི་འདི་གིས་ ཧེ་མ་འགོ་དང་པ་ཁྲམ་ཟེར་མིན་འདུག་ ས་ལུ་ཁྲམ་ཟེར་མེདཔ་སྦེ་ འ་ནཱི་སྦེ་ཤུལ་ལས་ འབྲུག་རྒྱལ་གསུམ་པའི་སྐབས་ལུ་ཨིན་ན་ རྐྱངམ་གཅིག་བཟོ་བཟོཝ་ཨིན་ཟེར་ལོ་རྒྱུས་འདུག
  • འཆི་མེད་རྡོ་རྗེ Chimi Dorji
    ཏེ་དེ་བསྒང་བཟོཝ་ད་ དེ་ལས་དྲགོས་དྲུང་པ་གིས་ ས་འདི་ཚུ་ག་ར་ ཆོས་འཁོར་སྡེཔ་གི་ས་འདི་ཚུ་ག་ར་ཁོ་ ཅ་ལ་ལྷག་ལུས་ཨ་མི་ནང་ ཤུལ་ལས་མ་ལས་སྦེ་ཏེ་ ཁོ་གི་མི་བརྒྱུད་ལུ་ ཨ་ཙི་རེ་ཡོད་ད་ལྟོ་ དེ་ལས་འ་ནཱི་མི་བརྒྱུད་ལུ་ལུས་སོང་ནུག་ཅ་ལ་འདི་ཚུ།
  • འཆི་མེད་རྡོ་རྗེ Chimi Dorji
    དེ་ལས་ཁོ་གིས་ ཨ་ཕི་ཁ་ལས་ག་ནི་ཡང་མ་འཐོན་ ང་གིས་ཧེ་མ་ལས་སླབ་འདི་ ཤུལ་ལས་བཟོ་དཔོན་འདི་ཚུ་གིས་ ཨའུ་ཁྱོད་ཀྱིས་ སླབ་མི་འདི་ཨིན་མས་ དེ་ལས་རྩིབ་སྒྲོ་གི་རུ་ཏོ་གཉིས་ཨིན་ན་ཅིག་ཐོབ་ནུག་ཟེརཝ་མས།
  • འཆི་མེད་རྡོ་རྗེ Chimi Dorji
    འདི་དེ་སྟེ་ ཕགཔ་དང་གླང་ཅུང་ཤི་ཤིཝ་གི་རུ་ཏོ་ཨིནམ་འོང་ དེ་ལས་སའི་རྫམ་ཅིག་ཐོབ་ནུག་ རྫམ་འདི་ཧེ་མ་ ས་ཆུ་འབུམ་གཏེར་བཙུགས་བཙུགསཔ་ཀྱི་རྫམ་འོང་ནི་མས
  • འཆི་མེད་རྡོ་རྗེ Chimi Dorji
    དེ་ལས་ག་ནི་ཡང་མེདཔ་སྦེ་ ལོ་གསུམ་དེ་ཁར་ལཱ་འབད་དེ་ ང་བཅས་ནཱ་གི་མི་ཚུ་ལུ་ འབབ་ཁུངས་ལེགས་ཤོམ་བཟོ་ཡི་ ད་མིང་ཡང་དགྲ་འཕེལ་རྫོང་ཟེར་ ད་ལྟོ་ང་བཅས་ ཕར་དང་ཚུར་གྱི་རྒྱང་བསྒྲགས་འཕྲུལ་ཁང་དང་ གཞན་ཚུ་ནང་ལས་ལོ་རྒྱུས་ཐོན་རུང་ དགྲ་འཕེལ་རྫོང་ཟེར་རང་སླབ་ནི་འདུག
  • འཆི་མེད་རྡོ་རྗེ Chimi Dorji
    ཨིན་ནི་འདི་མ་པ་གནསཔོ་གིས་ ཁོང་རའི་གསོལ་ཁའི་དཔེ་ཆ་ནང་ཡང་ དྲག་པོའི་ལྷ་བཙན་རྟ་མགྲིན་དབང་འདུས་དང་ཟེར་ ཁོ་གི་མིང་འདི་རྟ་མགྲིན་དབང་འདུས་ཟེར་སླ བ་ཨིན་མས་གནསཔོ་འདི་ ཏེ་འ་ནཱི་འབད་ནི་འདི་གིས་ དྲ་འཕེལ་ཟེར་ར་འདུག
  • འཆི་མེད་རྡོ་རྗེ Chimi Dorji
    དེ་ལས་ད་ལྟོ་རྩིགཔ་འདི་ཚུ་དེ་སྦེ་རང་ཡོད་ ད་འདི་ཡིད་ཆེ་ཏོག་ཏོ་སྦེ་ བཟོ་སྟེ་འདུག་རྩིགཔ་འདི་ཚུ་བཏོན་ཏེ་ དེ་ལས་ལོ་རྒྱུས་གཅིག་ནང་ ཁོང་གི་ མི་གནགཔོའི་ལོ་རྒྱུས་ནང་ སོ་སོར་རྫས་བམ་བཙུགས་སྦེ་ ཟངས་སྤུབ་སྦེ་ཤུལ་ལས་མེ་མདའ་གཏོར་ཡར་སོངམ་ཨིན་ཟེར་ མི་ག་ར་སྟབས་ཅིག་ཁར་ཤི་སོངམ་ཨིན་ཟེར།
  • འཆི་མེད་རྡོ་རྗེ Chimi Dorji
    དེ་ལས་ཨ་ཕི་མི་འདི་ཚུ་གཏོར་འགྱོཝ་ད་ དེ་ལས་འ་ནཱི་ས་འདི་ཚུ་གི་མིང་ཡང་ དེ་ལས་བརྟེན་ཏེ་བཏགས་བཏགསཔ་ཨིན་ཟེརཝ་མས་ འདི་ཚུ་ང་བཅས་རའི་བཤད་པ་ མི་ཁ་བདེ་དྲག་ཚུ་གིས་ བཤད་པ་བཟོ་བཟོཝ་ཨིན་མས།