Skip to main content Skip to search
28 Jun 2018
8 min 11 sec
Video Overview
Creators: 
Yeshi Wangchuk, Lhakpa

Tshering shared about Chojam Lhakhang. The first site of Chojam Lhakhang was Zhellha Drong, where the first consecration took place. It is strongly believed that was the original site, given the many stories and oral accounts shared by the village elders. They said that in the high point of that area resides a group of yaks. After building the lhakhang in the new site, they appointed Chojam Mae Mae Lama as the leader of Chojam Lhakhang. This was done due to his central role in coordinating the rebuilding of the lhakhang, and overseeing the creation of the many new masks for use during festivals, such as Chojam Rabney or Chojam consecration. At Chojam Lhakhang, consecration is performed in order to subdue all the demons who plan to destroy the lhakhang and people living in the village.  

སྐྱོ་བྱམས་ལྷ་ཁང་སྐོར་ལས་ ཚེས་རིང་གིས་ བཤད་འདི་ཡོདཔ་ཨིན། སྐྱོ་བྱམས་ལྷ་ཁང་ལས་ ཚེས་དང་པ་ས་གནས་འདི་ ཞལ་ལ་གྲོང་ཟེར་ཁ་(ས་)ལས་ཏེ་ འབྱུང་འབྱུངམ་མས་། དེ་འབྱུང་དགོ་པའི་གནས་ཚུལ་འདི་ཡང་ མགོན་མཇུག་གི་གཡག་གི་ རུ་ཁ་སྡོད་སྡོདཔ་པའི་ སྐོར་ལས་ སྲུང་ལོ་རྒྱུ་ལེ་ཤ་བཤད་འདི་ ཡོདཔ་ཨིན་མས། ལོ་རྒྱུས་ཚུ་ལས་འབད་བ་ཅིན་ ལྷ་ཁང་འདི་ བཞེངས་ཚར་ཞིནམ་ལས་རྩ་བའི་བླམ་ཞུ་དགོ་པས་ཟེར་ཞུ་བའི་ཤུལ་ལས་ བླམ་ནཱ་ཞུ་ཏེ་ ཨ་མེས་ལྷ་ཁང་འདི་ ད་ལྟོ་ཞབས་ཏོགས་ལེགས་ཤོམ་བཟོ་མི་འདི ་མེ་མེ་བླ་མ་གི་ཞུ་བ་ལས་བརྟེན་ ཨིན་མས་ལགས། དེ་ལས་བླ་མ་ཡང་ མེ་མེ་བླ་མ་བཞུགས་ཡོདཔ་ཨིན་མས། ད་རིས་རབ་གནས་བཙུགས་དགོཔ་འདི་ཡང་ སྐྱོ་བྱམས་ལྷ་ཁང་ནང་ལུ་ བར་ཆད་ མི་འབྱུང་ནའི་ ཐབས་ལུ་ ཨིན་མས།

Transcript search
No results found for this search
0 of 0
  • ཚེ་རིང་ Tshering
    དང་པ་རང་ང་ར་སྐྱེས་ས་འདི་ས་དཀར་་་གསར་སྨད་ཟེར་ཁར་ལས་ཨིན་ལགས།ང་ར་ལོ་འདི་བདུན་ཅུ་ལྷག་སྟེ་གི་ཏེ་ད་ བརྒྱད་ཅུ་ཟེརཝ་ད་ལུ་ཏེ་ ལོ་གཅིག་གི་ཆད་སོང་ཡི་ལགས།ཏེ་ སྐྱོ་བྱམས་ལྷ་ཁང་གི་སྐོར་ལས་ཞུ་ནི་མས་ལགས་སྐྱོ་བྱམས་ལྷ་ཁང་གི་སྐོར་ལས་ཞུ་དགོ་པ་ཅིན་དང་པ་ས་གནས་འདི་ཞལ་ལག་གྲོང་ཟེར་ཁར་(ས་)ལས་ཏེ་ འབྱུང་འབྱུངམ་མས་ལགས་ཏེ་ འབྱུང་དགོ་པའི་གནས་ཚུལ་འདི་ཏེ་ གངས་བརྒྱུད་ཀྱི་གཡག་གི་ རུ་ཁ་སྡོད་སྡོདཔ་མས་ལགས།
  • ཚེ་རིང་ Tshering
    གཡག་གི་རུ་ཁ་ནང་ལས་འབྱིམོ་གཅིག་ཨོམ་བཞོ་རནམ་ད་འབྱང་ཡི་འབྱང་ཡི་ར་མ་མཐོང་པ་ནོར་རྫིབ་འདི་གིས་ འབྱིམོ་འདི་གི་མཇུག་མ་ལུ་ཏེ་ གཡག་གི་སྤུ་གི་སྐུདཔ་སྒྲིལ་བསྒོང་འདི་བཏགས་ཏེ་སྦེ་ བཏང་བཏངམ་མས་ལགས།ཏེ་གཡག་གི་མཇུག་མ་ད་འབྱིམོ་འདི་གི་ མཇུག་མ་ལུ་བཏགས་ཏེ་བཏངམ་ད་ལུ་ཚར་གཅིག་འབདཝ་ད་ལུ་ཏེ་ད་ འབྱིམོ་འཚོལ་ཨ་ནཱི་སྐུདཔ་བདའ་སྟེ་གིས་ སྐུདཔ་བསྒོང་ཅི་བསྒོང་ཅི་འཚོལ་འགྱོཝ་ད་ལུ་ཕར་ལ་གྲོང་ཟེར་མི་འདི་ཁར་ལུ།
  • ཚེ་རིང་ Tshering
    འབྱིམོ་དེ་དུང་ཤིང་ལྕང་ཁོག་སྦོམ་ཅིག་གི་རྩ་བར་ལུ་འདམ་པ་ར་འཐོན་ཏེ་གིས་ པད་སྐོར་བསྒྱིར་སྡོད་ནུག་ཟེར་ཏེ་ཨིན་པས་ལགས།ཏེ་དེ་ལས་འབྱིམོ་དེ་ཁྱོད་ཨོམ་བཞོ་རནམ་ད་ག་སོང་མེད་པ་ར་འབྱངམ་མས་ཟེར་བ་ད་རེས་ནཱ་སྡོད་ནུག་ཕར་ལོག་འགྱོ་དགོ་ཟེར་བདའཝ་ད་འབྱིམོ་དེ་གིས་སྐད་རྐྱབ་སྟེ་ཉིཝ་ཉིཝ་སྐད་རྐྱབ་སྟེ་གིས་ལྕང་ཁོག་ནང་ལས་དུང་ཤིང་ལྕང་ཁོག་ནང་ལས་ཡར་ཁ་བལྟ་དེ་གི་ བལྟཝ་མས་ཟེར་ཨིན་མས་ལགས།
  • ཚེ་རིང་ Tshering
    ཏེ་ ཡར་བལྟཝ་མས་ཟེར་ཏེ་གིས་ནོར་རྫིབ་འདི་གིས་ ཡང་ཡར་བལྟཝ་ད་ལུ་ཨ་ནཱི་ཡི་དམ་མཐོང་པ་ཀུན་ལེགས་༷ཟེར་ཞུ་ནི་ཨིན་པས་ལགས།ཏེ་ ཨ་ནཱི་ཡར་དུང་ཤིང་ལྕང་ཁོག་ནང་འཁྲུངས་ཏེ་ སྡོད་སྡོདཔ་མས་ལགས།ཏེ་ ཕར་ལས་ལྕང་ཁོག་ནང་ལས་ཀྱི་ཏེ་ ཡི་དམ་མཐོང་པ་ཀུན་ལེགས་འདི་ཡང་ཞུ་འབྱིམོ་འདི་ཡང་གདོང་ཁར་བཙུགས་སྦེ་དེ་འོངམ་ད་ལུ་ཏེ་ ཕོག་པས་བརྒལ་ཏེ་གིས་ཚུར་ཏེ་ཚེ་དང་ཐམ་ཟེར་མི་ཅིག་ཡོད་ལགས་ས་གནས་འདི་ཏེ་དེ་ཁར་ལས་ཏེ་ནཱ་ གངས་བརྒྱུདཔ་གཡུས་ཁར་ལུ་ཏེ་ཡི་དམ་ཞུ་བར་ཤོག
  • ཚེ་རིང་ Tshering
    ཨ་ནེམ་ཅིག་ ཡི་དམ་གཅིག་བཞུགསཔ་མས་ཏེ་ནཱ་ ལེན་པར་ཤོག་ཟེར་ཏེ་གིས་ ཡར་ལས་སྐད་རྐྱབ་སྐད་རྐྱབ་ད་གངས་བརྒྱུད་ཀྱི་མི་ཚུ་གིས་ རྣམ་ཅོ་ཧ་མ་གོ་བས་ལགས་ ཏེ་ ཕར་སྐྱིད་འཛོམས་ཟེར་ཁར་ལུ་ཏེ་ ཕོ་སྐྱེས་གཅིག་གིས་ སྐད་ཧ་གོ་གོཝ་མས་ལགས་ཏེ་ མར་ལས་ཁྱོད་ག་ཅི་སླབ་སྨོ་ག་ལས་གསུངསམ་སྨོ་ཟེར་ཏེ་གིས་སྐད་རྐྱབ་མར་གྱི་སྐད་ཡར་ཏེ་རལ་ ཡར་ལས་འབོ་མི་འདི་ཡང་ སྐད་རལ་པ་འཐོན་ཏེ་སྦེ་གཅིག་གིས་གཅིག་ལུ་ཧ་མ་གོ་དེ་སྦེ་སྐད་རྐྱབ་ནུག་ལགས།
  • ཚེ་རིང་ Tshering
    དེ་ལས་ མར་གྱི་ཕོ་སྐྱེས་འདི་གིས་ནཱ་སྐྱོ་བྱམས་ལྷ་ཁང་གི་འོག་ལུ་ཚེ་དང་ཐངམ་ཟེར་མི་ཞིང་་་(?)་གཅིག་ཡོད་ལགས་འ་ནཱི་ལས་འབདཝ་ད་ལུ་ཏེ་ གཅིག་གིས་གཅིག་ཧ་གོ་ཞིནམ་ན་ལས་ཏེ་ ཡར་ཡི་དམ་ཞུ་བར་ཁོ་ཕྲངམ་ཕྲང་ས་ཡར་སོང་ནུག་ལགས་ཨ་ནཱི་ཕོ་སྐྱེས་དེ་གིས་ཏེ་ ཡར་སོང་ཞིནམ་ན་ལས་ཨ་ནཱི་ཡི་དམ་ཞུ་ཡར་ལས་མར་ལོག་ཞུཝ་ད་མར་བདའ་སྟེ་མ་ཚུད་པར་ཡར་ལས་ཕར་ ཨོ་རྒྱན་ཆོས་གླིང་འགྱོ་ས་གི་ གཞུང་ལམ་གཅིག་ཡོད་ལགས།
  • ཚེ་རིང་ Tshering
    ཏེ་ འ་ནཱ་ལས་ཕར་སོང་སྦེ་འ་ནཱ་ལས་ཞུ་ཏེ་གིས་ཕར་ ཏེ་ཆགས་ས་ཟུར་ཟེར་མི་ཅིག་ཡོདཔ་ཨིན་ལགས་ས་གནས་དེ་ ཏེ་འདི་ལས་ཕར་བརྒལ་ཏེ་གིས་ ཕར་ལྷོདཔ་ད་ཏེ་ ཨ་ནཱི་ཕོ་སྐྱེས་འདི་ ང་ལྟོ་ཡང་བཀྱེས་ཆི་ཡི་ཁ་ཡང་སྐོམ་ཆི་ཡི་ཟེར་ ཏེ་ཁོ་ར་གི་ཁ་དེ་སྦེ་ སླབ་སླབ་མས་ལགས་ཏེ་ཡི་དམ་གྱིས་ རྒྱབ་ཁར་ལས་གསུངས་འབྱོན་ཏེ་གིས་ཨའེ་ཁྱོད་ཁ་སྐོམ་པ་ཅིན་ ཨ་ནཱ་ངེའི་ནཱ་ ང་བཅས་འབད་བ་ཅིན་གཡུས་ཁ་གི་ མིང་དུ་འབད་བ་ཅིན་ཤིང་བང་གུ་ཨ་ནཱི་ཀཝ་སེར་ཟེར་ཡོདཔ་ཨིན་ལགས།
  • ཚེ་རིང་ Tshering
    ཏེ་ འ་ནཱི་ཤིང་གི་གུ་བཞག་ང་ཨ་ནཱ་བཞག་ ཆུ་ཨ་མར་ལས་བཏོན་མས་ཟེར་ཏེ་ ཡི་དམ་གྱིས་ མར་ལས་གྲུབ་ཆུ་བཏོན་ད་ནུག་ལགས་ཏེ་འ་མར་ལས་ཆུ་འཐུང་སྦེ་ཏེ་དེ་ལས་ ག་ཏེ་ད་སྐུ་འདི་ག་ཏེ་ཞུ་ནི་ཨིན་ན་གདན་ས་ག་ཏེ་ཨིན་ན་ཟེར་ཁོ་ར་ཏེ་འ་ནེ་སྦེ་ བློ་སླབ་སླབ་མས་ལགས་ ཁོ་ར་རྐྱངམ་གཅིག་སླབ་ད་ལུ་ཨ་ཙི་བརྒལ་སོང་ནུག་ང་བཅས་ར་གཉིས་ཕར་ལོག་དགོ་པས་ཟེར་ཏེ་ ལོག་ཏེ་གིས་ ཕར་ཆགས་ས་ཟུར་འབད་སར་ལུ་ འཐོན་ཏེ་གིས་ཏེ་ ང་འདི་འཁྱམས་ས་འདི་ ཨ་མི་ནང་ཨིན།
  • ཚེ་རིང་ Tshering
    ཡར་གྱི་ གཡག་གི་སྒལ་ཏོ་ཁར་ཨིན་ཟེར་འ་མི་ནང་ལུ་ གཡག་ཉལ་ཉལཝ་བཟུམ་སྦེ་སྒལ་ཏོ་ཁར་ཡར་ལྟག་ལུ་མགོ་ཨིན་ཟེར་མར་མཇུག་ལུ་ མཇུག་མ་ཨིན་ཟེར་ཏེ་ ཨ་ཡར་ཁ་ཡར་བལྟཝ་ད་ ལུ་ཏེ་ ཡར་ཀ་ན་ཡ་བྷྲག་ཟེར་ཡོདཔ་ཨིན་ལགས་ ཨ་ཡར་ནང་ཆོས་ཀྱི་ པོ་ཏི་བརྩིགས་རྩིགསཔ་བཟུམ་ཅིག་རྡོ་ཨ་ནེ་སྦེ་བརྩིགས་ཏེ་ཡོད་ལགས་མགོ་འ་ནཱི་ཨིན་ཟེར་མཇུག་ཨ་མར་གཡག་གི་ གུ་ལུ་ཆགས་ནི་ཨིན་ཟེར་གསུངསམ་ད་ལུ་ཏེ་ ཡར་ལས་མར་ཞུ་སྟེ་གིས་ མི་ནང་གདན་ས་ལྷ་ཁང་རྐྱབ་དགོ་པས་ཟེརཝ་ད་ལུ།
  • ཚེ་རིང་ Tshering
    ཨ་མི་ཞིང་འདི་ རོགས་ཉ་རུད་རྒ་པོ་གི་ ཞིང་ཨིནམ་འདྲས་ལགས་ཏེ་ རྒཔོ་འདི་གིས་ ངེའི་ཞིང་ཨིན་ང་ར་སྤྱོད་དགོ་ཟེར་ཏེ་གིས་ ཞིང་མ་འབྱིན་མས་ལགས་ཞིང་མ་འབྱིན་ཞིན་ན་ལས་ད་ལྟོ་གི་འཁྱམས་ས་གི་ མར་ལྷ་ཁང་འཁྱམས་ས་འདི་ལུ་ཏེ་ ཆུ་ས་འདམ་ས་སྦེ་ སྡོད་སྡོདཔ་མས་ལགས་འོག་ལུ་མཚོ་ཨིན་པས་ལགས་ཏེ་ འ་མི་ཁར་ལུ་ ཏེ་ སྐྱོ་བྱམས་ཟེར་མི་གི་ ཞུ་དགོ་པའི་གི་གནད་དོན་འདི་ ག་ཅིསྨོ་ཟེར་བ་ཅིན་ ཡི་དམ་ཐུགས་སྐྱོ་ཞིནམ་ན་ལས་ད་ ང་ཨ་ནཱི་ ང་ར་གདན་ས་མེད་པ་ཨ་ནི་ཁར་འཁྱམས་ཨ་ནི་ཁར་ལྷ་ཁང་རྐྱབ་ནི་ཟེར་ཏེ་ ཨ་ནཱི་སྦེ་མར་རྐྱབ་རྐྱབ་ཨིན་མས་ལགས།
  • ཚེ་རིང་ Tshering
    ཏེ་ ད་རིས་སྟང་རབ་གནས་སྐྱོ་བྱམས་རབ་གནས་ཟེར་མི་འདི་ ག་ཅིསྨོ་ཟེར་བ་ཅིན་ཨ་མི་ལྷ་ཁང་རྐྱབ་སྟེ་གིས་ ཐོབ་སྟེ་གིས་རབ་གནས་བཙུགས་བཙུགསཔ་བཟུམ་ཅིག་ཨིནམ་འདྲ་བས་ལགས་གཏན་གཏན་ཞུ་ནི་ང་གིས་ཡང་མེད་ལགས་ཏེ་ རབ་གནས་ཟེར་མི་འདི་ ཨ་ནི་ཨིན་ལགས་ཏེ་ དང་པ་ང་བཅས་ ཆུང་ཀུ་སྦེ་སྡོད་པའི་བསྒང་ལས་མི་ནང་ལུ་ རབ་གནས་ཟེརཝ་མ་གཏོགས་པ་ཅིག་བུ་ཉིནམ་གཅིག་ནཱ་འགོ་བཙུགས་ཉིནམ་གཅིག་རབ་གནས་འབད་ཉིནམ་གཅིག་་་གླའན་ཐབ་(ངལ་གསོ་) སྡོདཔ་མས་ལགས།
  • ཚེ་རིང་ Tshering
    ཏེ་དེ་ལས་ བར་སྐབས་ཅིག་ལས་ང་བཅས་སྤྱི་འོག་བཞི་གི་ ལྷ་ཁང་ཨིན་ལགས་ཏེ་ སྤྱི་འོག་བཞི་གི་ ལྷ་ཁང་འབད་ཞིནམ་ན་ལས་ཏེ་ ག་ར་གཡས་བཤུད་གཡོན་བཤུད་འབད་དེ་གིས་ཏེ་མར་ལྷ་ཁང་འདི་གི་ ཞབས་ཏོག་ཞུ་སྡོད་ནུག་ལགས་རབ་གནས་བཙུགས་ཏེ་གིས་ཏེ་དེ་ལས་ བར་སྐབས་ཅིག་ལས་ཏེ་ མཐོ་བྲག་བླམ་མེ་མེ་བླམ་ཞིང་ཕེབས་མི་འདི་གིས་ཏེ་ ཡར་མཐོ་བ་བྲག་ལས་རོགས་ སྟབས་མ་བདེ་བར་ཏེ་ ཡར་ལས་བཏོན་ད་ནུག་ལགས།
  • ཚེ་རིང་ Tshering
    ཏེ་ ང་བཅས་ལས་ཚན་བཞིཔ་འདི་གིས་ང་བཅས་ནཱ་དགོ་པའི་ རྩ་བའི་བླམ་ཞུ་དགོ་པའི་ཟེར་ཞུ་བའི་ཤུལ་ལས་ཏེ་ ནཱ་བླམ་ནཱ་ཞུ་ཏེ་ ཨ་མི་ལྷ་ཁང་འདི་ད་ལྟོ་ཞབས་ཏོག་ཞུ་ལེགས་ཤོམ་བཟོ་མི་འདི་མེ་མེ་བླ་མ་གིས་ བཞེངས་བཞེངསམ་ཨིན་ལགས་ཏེ་ ད་རིས་རབ་གནས་བཙུགས་དགོཔ་འདི་ཡང་ཏེ་ ཧེ་མ་འབདན་ང་བཅས་ཆུང་ཀུ་བསྒང་ལས་ཞལ་འབགཔ་དང་འདི་ཚུ་ག་ནི་ཡང་མིན་ནུག་རབ་གནས་ཉིནམ་གསུམ་ར་ཨིན་ཏེ་དེ་ལས་ མེ་མེ་བླམ་མར་བྱོན་ཞལ་འབགཔ་ཚུ་ཡང་ ཏེ་གསརཔ་བཟོ་འཆམ་ཡང་འགོ་བཙུགས་འབད་ཞིནམ་ལས།
  • ཚེ་རིང་ Tshering
    ད་ ད་རིས་རབ་གནས་བཙུགསཔ་ད་ལུ་ད་རིས་ཚེས་བཅུ་བཞི་ལུ་བཙུགས་བཅོ་ལྔ་ལུ་རབ་གནས་བཅུ་དྲུག་ལུ་རབ་གནས་བཅུ་བདུན་ལུ་གླའན་ཐབ་ བཅོ་བརྒྱད་ལུ་ གླའན་ཐབ་འབད་དེ་གིས་ ཏེ་རབ་གནས་འ་ནེམ་ཅིག་ བཙུགསཔ་ཨིན་ལགས།