Video Overview
Changchay Durga temple was located in Dzamlingthang Gewog in Tsirang Dzongkhag. The temple was built in honor of Singha Devi and considered as a sacred site. People come and worship Singha Devi. The people of all Gewogs in Tsirang used to come together to perform the Puran ritual and the reason behind conducting it was to prevent from misfortune, suffering and threat of natural calamities. Even Tamang lamas came here and performed a masked dance. After the Puran ritual of eighteen days, all the sufferings and misfortune were erased. There are many sacred sites around the temple.
འཕྱང་མཆོད་ལྷ་ཁང་འདི་ རྩིརང་རྫོང་ཁག་ ཟམ་གླིང་ཐང་རྒེད་འོག་ནང་ ཆགས་ཏེ་ཡོདཔ་ཨིན། ལྷ་ཁང་འདི་ སིང་ག་དཱེབཱི་ཆེད་དུ་བརྩོན་ཏེ་བཞེངས་ཡོདཔ་ལས་ རྩ་ཆེ་ཏོག་ཏོ་ཅིག་སྦེ་རྩིཝ་ཨིན་མས། མི་ཚུ་ལྷ་ཁང་འདི་ནང་འོང་ཞིནམ་ལས་ སྐྱབས་ཞུཝ་ཨིན་མས། རྩི་རང་རྫོང་གི་ རྒེད་འོག་གེ་ར་ནང་ལས་མི་ཚུ་འོང་ཞིནམ་ལས་ འགལ་རྐྱེན་བར་ཆད་མི་འབྱུང་ནིའི་དོན་ལུ་ པུ་རན་བཏངམ་ཨིན་མས། དེ་མ་ཚད་ ཏ་མང་བླ་མ་ཚུ་འོང་ཞིནམ་ལས་ འཆམ་རྐྱབ་དོ་ཡོདཔ་ཨིན། ཉིནམ་༡༨གི་རིང་ལུ་ པུ་རན་བཏང་ཞིནམ་ལས་ རྐྱེན་དང་ བར་ཆད་ཚུ་ཧིང་སངས་ས་སྦེ་གསལ་དོ་ཡོདཔཨིན། ལྷ་ཁང་གི་མཐའ་འཁོར་ལས་ཕར་ གནས་རྩ་ཅན་ལེ་ཤ་ཡོདཔ་ཨིན་མས།
- ཀེ་བི་ནེ་པཱལ་ KB Nepalཏེ་ ཚལ་མ་བརྫམ་སྡོདཔ་ད་ དུང་དཀར་གྱི་སྐད་གོཝ་ལས་ ས་གོ་འཚོལཝ་ད་ ས་གོ་འདི་མཐོང་ནུག་ དེ་ལས་ རྒས་ཤོས་ཚུ་འཛོམས་ཏེ་ ལྷ་ག་གི་ལྷ་ཁང་བཞེངས་ནི་ཨིན་ནའི་གྲོས་བསྡུར་འབད་ནུག དེ་ལས་ ས་ཁོངས་འདི་ སིང་གྷ་དི་ཝི་གི་ཨིནམ་ལས་ སིང་གྷ་དི་ཝི་ལུ་ གསོལ་ཁ་ཕུལ་ནི་འགོ་བཙུགས་ནུག་ དེ་ལས་ ལོ་བསྟར་གྱི་གསོལ་མཆོད་ཡང་འགོ་བཙུགས་ནུགThey started to clear jungles and bushes. They heard the blowing of conch from this place (Sangkha Dhuni). Hearing the Sangkha Dhuni, they came seeking for this and located this place to be sacred. All forefather came together to discuss what temple is supposed to be constructed and for which god goddesses. They then recognized this to be sacred site of Singha Devi and started worshipping this as sacred site of Singha Devi. Then they use to perform annual Puja here.
- ཀེ་བི་ནེ་པཱལ་ KB Nepalདེ་འབདཝ་ད་ ཧེ་མ་ལས་འབད་སྲོལ་ཡོདཔ་ལས་ འདི་ན་ག་ནི་ཡང་མེད་རུང་ གསོལ་ཁ་བཏང་དོ་ ཏེ་ དུས་ཀྱི་འགྱུར་བ་དང་འཁྲིལ་ཏེ་ སྲོག་བཅད་ནི་འདི་སྤང་ད་ཡི་ ད་ང་བཅས་ཤིང་འབྲས་ མེ་ཏོག་ རོ་ཏྲི་(ཀེབ་ཏ)དང་ ཨོམ་གི་འབད་དོ།Even after our forefathers, we did the same but adapting to the time, we now have stopped sacrificing doing sacrificial offering. Instead, we now use fruit, flowers, roti and milks for the Puja.
- ཀེ་བི་ནེ་པཱལ་ KB Nepalདེ་ལས་ སྤྱི་ལོ་ ༡༩༧༠ ལུ་ ང་བཅས་གསོལ་མཆོད་སྦོམ་ཅིག་བཏང་ཡི་ པུ་རན་(གསོལ་མཆོད་)དེ་ཡང་ ངན་པ་འདི་ཚུ་བཟློག་ནི་དང་ རང་བཞིན་གྱི་རྐྱན་ངན་བཟློག་ནིའི་དོན་ལུ་ཨིན། དེ་བསྒང་ཏ་མང་བླམ་གིས་ གར་འཆམ་ཡང་རྐྱབ་ཅི་ འ་ནཱི་ཉིམ་ ༡༨ ཀྱི་པུ་རན་འདི་གིས་ རྐྱན་ངན་ག་རང་བཟློག་ཅི།In the year of 1970, we performed grand Puja here by all people jointly. People of 12 gewogs came together to perform Puran and the reason behind conducting Puran was to prevent from misfortune, suffering and threat of natural calamities. Even Tamang lamas came here and performed mask dance. After puran of eighteen days, all the sufferings and misfortune was erased.
- ཀེ་བི་ནེ་པཱལ་ KB Nepalདེ་ལས་ དུ་བཟང་དང་ ལྷ་ཚུ་གི་འཁྲུངས་སྐར་ལུ་ མི་ཚུ་འཛོམས་ཏེ་འབད་གསོལ་ཁ་ཕུལ་དོ་ དེ་ལས་ ཞལ་འདེབས་དུམ་གྲ་རེ་འཐོབ་མི་འདི་གིས་ ཁྱིམ་ཆུང་ཀུ་ཅིག་རྐྱབ་སྟེ་ བདག་འཛིན་པ་བཞག་སྟེ་ཡོད། དེ་ལས་ མི་དད་པ་ཅན་ཚུ་གི་ བཀའ་དྲིན་ལས་ ལྷ་ཁང་བཞེངས་ཡི།On auspicious days like Krishna Jaanma Aasthrami, birthday of Ram, Bala-chatur Dashi and Shiva Ratri people of village would come together to perform Puja. And donation would be given and with this donation we made temporary house. Then we even kept caretaker here and name of caretaker was Lal Bahadur Joggi. He was the one who knew about Shas-tra and with donation from people we dismantled the temporary house and made this Mandir.
- ཀེ་བི་ནེ་པཱལ་ KB Nepalསྤྱི་ལོ་ ༡༩༧༠ གི་པུ་རན་གནང་སྐབས་ཀྱི་ཞལ་འདེབས་འདི་ལས་ དུར་གཱ་གི་སྐུ་དངུལ་ཀྲམ་ ༦༤༠༠༠ འབད་མི་ཅིག་བསྒྲུབས་ཅི་ འདི་གི་ཤུལ་ལས་ གསོལ་མཆོད་གནངམ་པའི་སྐབས་ ཀ་ཤ་གཅིག་འོང་འབད་ མི་དང་གཅིག་ཁར་སྡོད་ཡི།After this, in the year of 1970, there was another Purun conducted and got huge donation, so we bought this statue of Durga Mata paying 64 thousand. After so many years when there was Puja going on here at this place, Deer came here and stayed near people.
- ཀེ་བི་ནེ་པཱལ་ KB Nepalདེ་ལས་ བཟུང་ཞིན་ན་ཁོ་བསད་དེ་ ལྷ་ལུ་ཕུལཝ་ད་ རླུང་དང་ཆརཔ་རྐྱབ་ལས་ དེ་ལས་ དཔའ་བོ་རྐྱབ་པའི་ཤུལ་ལུ་ སྐར་མ་ ༣༠ གི་རྒྱབ་ལས་ ཆརཔ་དང་རླུང་ཆད་ཅི་ དེ་བསྒང་ང་ཡང་ཨ་ལོ་འབད་ཡོད་ལས་ ང་གིས་ཡང་ཤེས།People caught the deer and discussed what is to be done with this deer. People finalized to sacrifice saying he is here to die. Then people killed and after sometime, strong winds and rain started coming. Even today we can see the trace of broken branch of the tree. Then shamanist performed puja here and after half an hour, rain and winds stopped and puja ended. I know this incident; I was small kid during that time.
- ཀེ་བི་ནེ་པཱལ་ KB Nepalདེ་ལས་ སྤྱི་ལོ་ ༢༠༠༡ དང་ ༢༠༠༢ ལུ་ ལྷ་ཁང་གི་རྒྱབ་ལས་ ཤིང་གི་ར་ཏོ་ལས་ གླངཔོ་ཆེ་བཟུམ་སྦེ་ཐོན་ཡི་ ད་རེས་འདི་ ང་བཅས་ཀྱི་ལྷ་གཱ་ནིཤཱ་འབད་བརྩིཝ་ཨིན། ཤི་ཝ་གི་ལྷ་ཁང་ཡང་ རྫོང་ཁག་ལས་གནང་བ་བྱིན་ཏེ་ བཞེངས་ཡོད།After that, in the year of 2001 to 2002, behind this temple from the root of the tree, shape of elephant head like structure came out. And today, we worship this to be manifestation of Lord Ganesh. Then later we even constructed Shiva Mandir towards right side of Durga Mandir. Dzongkhag approved to build this Temple and with the help of donation we constructed.