Skip to main content Skip to search
05 Jul 2018
5 min 9 sec
Video Overview
Creators: 
Penchela

Sarab Singh explains the origin of Chab Drung, a big drum made from wood and skin. He says the legend tells of a prince called Ba Zayou Tandung Maga who built a house, but it was dismantled every day. His father King Saw Dung Gay Legma Hang recommended he visit King Name Samey for help. The latter agreed and made a drum from a hollow tree and his brother’s skin. The prince played that drum and circumambulated the main pillar of the house all night, which stopped the trouble and allowed the house to be built.

༉  རྩི་རང་རྫོང་ཁག་ རྩི་རང་སྟོད་རྒེད་འོག་ལས་ སཱ་རབ་ཤཱིང་གི་པགས་ཀོ་གིས་འབད་བཟོ་བཟོ་བའི་བང་རྔ་ ཆབ་དྲུང་གི་འབྱུང་ཁུངས་ཀྱི་སྐོར་ལས་བཤད་པ་རྐྱབ་ཨིན་མས། ཁོ་གིས་ ལོ་རྒྱུས་སླབ་ཐངས་དང་འཁྲིལ་བ་ཅིན་ སྔོན་རྒྱལ་པོའི་སྲས་ བཱ་ཛའི་ཡོ་སྟང་དུང་མ་ཟེར་མི་དེ་ ཁྱིམ་རྐྱབ་བཞུགས་པའི་སྐབས་ ཨ་རྟག་ར་ཧྲམ་འགྱོ་བའི་སྐབས་ ཁོ་རའི་ཡབ་ཀྱི་བཀའ་བཞིན་དུ་ རྒྱལཔོ་ས་མེ་ཟེར་མི་དང་མཇལ་ཏེ་ རྒྱབ་སྐྱོར་འཚོལ་འཚོལཝ་ཨིན་ཟེར་ཨིན་མས། རྒྱལཔོ་གིས་ ཞལ་གྱིས་བཞེས་ཞིནམ་ལས་ ཤིང་ཧོག་ཀ་ཡོད་མི་ཅིག་དང་ ཁོ་རའི་ཕོ་སྤུན་གྱི་པགས་ཀོ་གིས་འབད་བང་རྔ་ཅིག་བཟོ་སྟེ་ ནུབམོ་གཅིག་ར་ཁྱིམ་དེ་བསྐོར་ར་རྐྱབ་སྟེ་ བང་རྔ་བརྡུངས་བཞུགས་པའི་ཤུལ་ལུ་ རྐྱེན་དང་བར་ཆད་ག་ནི་ཡང་མེད་པར་ ཁྱིམ་འདི་རྐྱབ་ཚུགས་ཅི་ ཟེར་ཨིན་མས། དེ་འབདཝ་ལས་ ལོ་རྒྱུསཤ་འདི་དང་འཁྲིལ་བ་ཅིན་ ཆབ་དྲུང་འདི་ མི་སྡེའི་ནང་ ག་དེ་སྦེ་ལག་ལེན་འཐབ་སྲོལ་བྱུང་བྱུངམ་ཨིན་ན་དང་ རྩ་ཆེ་ཏོག་ཏོ་དང་ཁག་ཆེ་ཏོག་ཏོ་ཨིནམ་ ཤེས་ཚུགསཔ་ཨིན་མས།

Transcript search
No results found for this search
0 of 0
  • ས་རབ་ཤིང་ལིམ་བུ་/ Sarab Shing Limbu:
    ཧེ་མ་ ང་བཅས་རའི་ཕམ་རྒན་ཤོས་ཚུ་གིས་སླབ་དོ་བཟུམ་འབདན་ ཁྱབ་དྲུང་འདི་ག་དེ་སྦེ་བྱུང་ཡི་ཟེར་བ་ཅིན། རྒྱལཔོ་སོས་དུང་གེ་ལེགས་མ་ཧང་ཟེར་མི་ཅིག་སྡོད་ཅི་ལོ་ འདི་གི་བུ་བར་རྫ་ཡུས་རྟན་དུང་མེན་པ་ཟེར་ ཁོ་གིས་འདི་ཁྱིམ་རྐྱབ་དོ་ཡོདཔ་མས། ཁྱིམ་འདི་ད་རེས་བཟོ་ཚར་ ནངས་པར་ལོངམ་ད་ ཧྲམ་འགྱོ་འགྱོ་འོང་ཟེརཝ་མས་ལོ་བ།
  • ས་རབ་ཤིང་ལིམ་བུ་/ Sarab Shing Limbu:
    དེ་སྦེ་ར་འབད་ཡི་འབད་ཡི་ འབད་ར་མ་ཚུགས་པར་ དེ་ལས་ཁོ་གིས་ ག་ཅི་འབད་ཡི་ག་ང་གིས་ཁྱིམ་འདི་ ཤིང་དང་རྡོ་འདམ་ལེགས་ཤོམ་སྦེ་བླུགས་སྦེ་བཟོ་ཚརཝ་ད་ར་ དྲོ་པ་ལོང་བལྟཝ་ད་མི་འོང་པས་ ག་ར་ཧྲམ་འགྱོཝ་མས་ལོ། དེ་ལས་ཡབ་སོས་དུང་གེ་ལེགས་མ་ཧང་ལུ་དྲིས་ནུག དེ་ལས་ཡབ་ཀྱིས་ ཁྱོད་ར་ཡར་ནམ་ས་མི་རྒྱལ་པོ་འབད་སར་སོང་ ཟེར་བཀའ་གནང་ནུག ཡར་སོང་སྦེ་དྲི་བ་འབདཝ་ད་ལུ་ བཏུབ་ང་བཟོ་གེ་ཟེར་སླབ་ནུག
  • Sarab Shing Limbu / ས་རབ་ཤིང་ལིམ་བུ།:
    ཁོ་གིས་ དེ་ལས་ཤིང་དོང་ཡོད་མི་ཅིག་དོང་བཏོན་སྦེ་བཟོ་བྱིན་ནུག་དེ་བསྒང་རང་ ར་ཛ་གཡུས་བརྟན་དུང་མེན་ག་གི་ཁྱིམ་ཡང་བཟོ་ཚར་ནུག ཁོ་གི་ཁྱིམ་འདི་ཨ་རྟག་ར་ ཧྲམ་འགྱོ་དོ་ཡོདཔ་མས་ དེ་ལས་ནམ་ས་མི་གི་ཡུམ་ཡོདཔ་མས། མོ་གི་དེ་ལས་[ནང་བཏའ་?]ཁྱོད་ཀེ་ས་མི་དང་ནམ་ས་མི་གཉིས་སྤུན་ཆ་ཨིན།
  • Sarab Shing Limbu / ས་རབ་ཤིང་ལིམ་བུ།:
    ད་རེས་ཕོ་རྒfམ་བསད་སྦེ་ ཁོ་གི་སྤག་པ་གི་ཁྱབ་དྲུང་བཟོ་སྦེ་བཙོང་ནི་འབད་དོ་ཟེར་ ནོ་གཅུང་ལུ་སླབ་ནུག ད་ཁྱད་མེད་ད་བསད་ད་ནུག་ བཟོ་སྦེ་བརྡུང་ད་ ཟེར་སླབ་ནུག་ཁོ་གིས། དེ་ལས་ཁྱིམ་ཚང་ག་ར་སླབ་སྦེ་ དེ་མ་ཚད་ཁྱིམ་ནང་གི་ལཱ་འབད་ ག་ར་སླབ་སྦེ་ནུབ་མོ་གང་རང་ ཀཝ་སྐོར་ར་རྐྱབ་སྦེ་ཞབས་བྲོ་འཐེན་ནུག
  • Sarab Shing Limbu / ས་རབ་ཤིང་ལིམ་བུ།:
    ཁོ་གི་ཁྱིམ་འདི་མ་ཧྲམ་པས་ལོ། འདི་ནང་ཞབས་བྲོ་འདི་ [ཐ་བག་འདི་ཤིང་བཟའ་མི་བུབ་ཨིན་མས། ཐ་བ་ཐག་པ་ཀུ་བུ་མེས་ལ་ཏེ་ཨཝ་ཧིམ་དང་ཧིམ་དང་ཟེར་?] ཀཝ་སྐོར་ར་རྐྱབ་ཅི་རང་ཞབས་བྲོ་རྐྱབ་ནུག དེ་ལས་ [ངག་བྱང་ས་རང་?] ནུབ་གཅིག་ཞབས་བྲོ་རྐྱབ་ད་ ཁོ་གི་ཁྱིམ་འདི་ག་དེ་སྦེ་བཟོ་ཡི་ དེ་སྦེ་ར་འདུག་ལོ།། །།