Video Overview
Choney Goenpa was located in Phangyul Gewog (county) in Wangdiphodrang Dzongkhag (district). A great Dupthop Thinley Pema, an incarnation of Indian Siddha Phadampa Sangay, established the monastery. Before that, the place was blessed by Guru Rinpoche while he was travelling to the Bay Langdra. The temple was renovated by the 51st Desi Jigme Namgyal, father of the first king of Bhutan Ugyen Wangchuck. Of the many relics, the popular ones are statues of the Tsela Nam Sum. All the relics inside the temple are installed by Jigme Namgyal. In the year 2015, the temple was again renovated.
ཆོས་ཉིད་དགོན་པ་འདི་ དབང་འདུས་ཕོ་བྲང་རྫོང་ཁག་ ཕངས་ཡུལ་རྒེད་འོག་ནང་ཆགས་ཏེ་ཡོདཔ་ད་ དགོན་པ་འདི་རྒྱ་གར་གྱི་སྒྲུབ་ཐོབ་ཆེན་མོའི་ ཡང་སྲིད་རིན་པོ་ཆེ་འཕྲིན་ལས་པདྨ་གིས་ ཕྱག་བཏབ་གནང་ཡོདཔ་ད་ ས་གནས་འདི་སྔོན་གུ་རུ་རིན་པོ་ཆེ་ སྦས་གླང་བྲག་ལུ་བྱོན་པའི་སྐབས་ བྱིན་གྱིས་རླབས་གནང་གནངམ་མས། ལྷ་ཁང་འདི་ གོང་ས་ཨུ་རྒྱན་དབང་ཕྱུག་གི་ཡབ་ འབྲུག་གི་སྡེ་སྲིད་ ༥༡ པ་གོང་ས་འཇིགས་མེད་རྣམ་རྒྱལ་གྱིས་ ཉམས་བཅོས་མཛད་གནང་ཡོདཔ་ད་ འདི་ཁར་ནང་རྟེན་ལེ་ཤ་ཅིག་ཡོད་ས་ལས་ གཙོ་ཆེ་ཤོས་འདི་ ཚེ་ལྷ་རྣམ་གསུམ་གྱི་སྐུ་འདྲ་འདི་ཨིནམ་མས། ནང་རྟེན་ཚུ་ཆ་མཉམ་ འཇིགས་མེད་རྣམ་རྒྱལ་གྱིས་བཙུགས་གནང་ཡོདཔ་ད་ སྤྱི་ལོ་ ༢༠༡༥ ལུ་ ལྷ་ཁང་འདི་ལོག་སྟེ་ར་ ཉམས་གསོ་ཞུ་གནང་ནུག།
- Goenkhar
- པ་སངས་ཚེ་རིང་། Pasang Tsheringཆོས་ཉིད་དགོན་པའི་ ཏེ་ ང་བཅས་ར་དབང་འདུས་རྫོང་ཁག་ དབང་འདུས་རྫོང་གི་ཆ་འོག་འབད་དོ་བ་ནཱ་གི་འདི་ ཏེ་ འ་ནཱི་འདི་ ཆགས་རབས་ཀྱི་སྐོར་ལས་དུམ་གྲ་ཅིག་ ཏེ་ ད་ཞུ་བ་ཅིན།
- པ་སངས་ཚེ་རིང་། Pasang Tsheringཏེ་ མ་པ་ད་ཡིག་ཆ་དང་ནེམ་འདི་ ག་ནི་ཡང་མིན་འདུག་ ཧེ་མ་ལས་ ཏེ་ ཨིན་རུང་ད་ང་བཅས་ར་ཡར་ལས་མར་ཕམ་རྒས་ཤོས་ཚུ་ ཏེ་ ང་བཅས་ར་གི་ རྫོང་ནང་གི་རྒས་ཤོས་འདི་ཚུ་གིས་ གསུངས་དོ་བཟུམ་སྦེ་ ཏེ་ ཡུདཔ་ཅིག་ད་ ཡིག་ཆ་ཡོད་རུང་ཡོད་མེད་རུང་མེད་ ཏེ་ ཡུདཔ་ཅིག་ག་རང་རིག་པ་མགུ་མཚུངས་ཚམས་འབད་ ནཱ་གཅིག་ཁར་འདུག་ ཏེ་འདི་གི་མ་འཐུསཔ་མིན་འདུག།
- པ་སངས་ཚེ་རིང་། Pasang Tsheringཏེ་ ད་ནཱ་གི་སྐོར་ལས་དུམ་གྲ་ཅིག་ཞུ་བ་ཅིན་ སྔོན་མ་དུས་རབས་ ཏེ་ ༧༤༦ ནང་ལུ་ ཨྱོན་རིན་པོ་ཆེ་ སྦས་གླང་བྲག་བྱོན་པའི་གི་སྐབས་ལུ་ ཏེ་ དེ་ལས་ ཏེ་ འ་ནཱི་གི་ཞོར་ཁ་ལུ་ ཏེ་ ནཱ་ལས་བྱོན་ ཏེ་ ནཱ་ལུ་ཡང་ ཏེ་ ས་བདག་དུག་པ་འདི་ཚུ་གིས་ ཏེ་ གནམ་མེད་ས་མེད་གནོད་པ་སྦོམ་འབད་ཡོད།
- པ་སངས་ཚེ་རིང་། Pasang Tsheringཏེ་ དེ་ལས་ ཨྱོན་རིན་པོ་ཆེ་གིས་ཨ་མར་ གཤོང་ལུ་ ཏེ་ གནས་ནང་ལུ་ ཏེ་ བྱ་ཁྱུང་གི་སྐུར་ལུ་བཞེས་ ཏེ་ བྱ་ཁྱུང་གིས་བསྒྲུབ་པ་གནང་ ཏེ་ འ་ནཱི་སྦེ་འབད་ ཏེ་ ད་ལསནི་ཏེ་ ནཱ་ལུ་བྱ་ཁྱུང་གི་ གནས་སྦེ་བྱིན་གྱིས་རླབས་ ཏེ་ འ་ནཱི་འབད་མཛད་འབད་ བྱོན་བྱོནམ་ཨིན་པས།
- པ་སངས་ཚེ་རིང་། Pasang Tsheringཏེ་ ཨིན་རུང་ཨྱོན་རིན་པོ་ཆེ་གི་གནས་བརྒྱ་དང་རྩ་བརྒྱད་ ཏེ་ ཐོ་ནང་ལུ་མེདཔ་ཨིན་པས་ གྱངས་ཁ་འདི་ ང་བཅས་འབྲུག་ལུ་གནས་བརྒྱ་དང་རྩ་བརྒྱད་ཀྱི་གྲས་ལས་ ཏེ་ གཅིག་ནཱ་བྱ་ཁྱུང་གི་གནས་འབད་ བྱིན་གྱིས་རླབས་གནང་མི་འདི་ འབད་ནི་འདི་གིས་ ཏེ་ འ་ནཱི་བརྒྱ་དང་རྩ་བརྒྱད་ཀྱི་གྲས་ཚུདཔ་ཨིན།
- པ་སངས་ཚེ་རིང་། Pasang Tsheringཏེ་ད་ འདི་གི་རྟིང་མ་ལས་ ཏེ་ ད་ལསནི་ དུས་རབས་ ༡༦ པའི་ནང་ལུ་ ཏེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སློབ་མ་ ཏེ་ གྲུབ་ཐོབ་འཕྲིན་ལས་སྤན་པ་ར་ཟེར་མི་འདི་གིས་ ཏེ་ དེ་ལས་ནཱ་ལུ་ གདན་ས་ཕྱག་བཏབ་གནང་གནངམ་ཨིན་མས་བ།
- པ་སངས་ཚེ་རིང་། Pasang Tsheringཏེ་ འ་ནཱི་གདན་ས་ཕྱག་བཏབ་གནངམ་ད་ ཏེ་ དུས་རབས་འདི་ ༡༦ པའི་གི་ ༥༠ ལས་ ༨༠ གི་ནང་མཁོད་ནང་ལུ་ ཕྱག་བཏབ་བཏབ་བཟུམ་ཅིག་འདུག་ ད་འདི་གི་དུས་ཚོད་ལྟཝ་ད།
- པ་སངས་ཚེ་རིང་། Pasang Tsheringཏེ་ གྲུབ་ཐོབ་ཁོ་ར་ རྒྱ་གར་ན་ཕ་དམ་པ་སངས་རྒྱས་ཀྱི་ ཡང་སྲིད་ཨིན་པས་བ་ ཏེ་ འ་ནཱི་འབད་ནི་འདི་གིས་ ནཱ་ལུ་ཡང་ གྲུབ་ཐོབ་འཕྲིན་ལས་སྤན་པ་ཟེར་ ཁོ་ར་གི་མཚན་ཡང་དེ་སྦེ་སྲོལ་ དེ་སྦེ་ཨིན་པས།
- པ་སངས་ཚེ་རིང་། Pasang Tsheringཏེ་ ད་ལས་ འ་ནཱ་ལས་ ཁོ་གིས་ནཱ་ལུ་ ཕྱག་བཏབ་གནང་དེམ་འབད་སྦེ་ ཏེ་དེ་ལས་ འ་ནཱ་ལས་མར་ཏེ་ རིམ་པ་བཞིན་དུ་ ང་བཅས་དབང་འདུས་རྫོང་གི་ ཏེ་ དགོན་སྡེ་སྦོམ་ཤོས་ཅིག་སྦེ་ ཏེ་ ཡོད།
- པ་སངས་ཚེ་རིང་། Pasang Tsheringཏེ་ དུས་རབས་ ༡༨ པའི་ནང་ལུ་ སྐུ་ཞོགས་འཇིགས་མེད་རྣམ་རྒྱལ་དང་ དབང་རྫོངཔ་ཨན་དྲུ་གཉིས་ ཏེ་ མ་མཐུན་པ་ ཏེ་ དེ་ལསནི་དབང་རྫོངཔ་ཨན་དྲུ་གིས་ ངོ་ལོག་རྐྱབ་ ཏེ་ འ་ནཱི་སྦེ་ ཡར་སོང་ཞིནམ་ད་ལས་ ཏེ་ དབང་རྫོངཔ་ཨན་དྲུ་དང་དམག་རྐྱབ་པའི་སྐབས་ལུ་ ཏེ་ སྐུ་ཞོགས་འཇིགས་མེད་རྣམ་རྒྱལ་གྱིས་ནཱ་བཞུགས་ ཏེ་ དེ་ལས་ནཱ་ལུ་ སྐུ་ཞོགས་འཇིགས་མེད་རྣམ་རྒྱལ་གྱི་ ཏེ་ འ་ནཱི་ལྡེབས་རིས་ཅིག་ཡང་འདུག།
- པ་སངས་ཚེ་རིང་། Pasang Tsheringཏེ་ འདི་ང་ད་ལྟོ་ ལྷ་ཁང་ཉམས་བཅོས་འབད་བའི་བསྒང་སྦེ་ ཏེ་ མ་བཏུབ་བཏུབ་འབད་རང་བདག་འཛིན་འབད་ ལྕགས་སྒྲོམ་ནང་བཙུགས་ ག་ར་ལེགས་ཤོམ་སྦེ་ བདག་འཛིན་འབད་བཞག་ཡི།
- པ་སངས་ཚེ་རིང་། Pasang Tsheringཏེ་ དེ་ལསནི་སྔོན་མ་ལྷ་ཁང་འདི་ ཐོག་གཉིས་ཀྱི་བརྩི་ཨིན་པས་བ། མར་འོག་ཐོག་འདི་དང་ ཏེ་ ཡར་ཐོག་ཁར་གྱི་ ལྷ་ཁང་འདི་ཨིན་མས། ཏེ་ བར་ན་སྐོར་གྱི་ ཚེ་ལྷ་རྣམ་གསུམ་གྱི་ལྷ་ཁང་འདི་ ཧེ་མ་ལྷ་ཁང་མིན་འདུག།
- པ་སངས་ཚེ་རིང་། Pasang Tsheringཏེ་ གྲུབ་ཐོབ་ཁོ་ར་གི་ གཟིམ་ཅུང་འབད་བཞུགས་བཞུགསཔ་མས། ཏེ་ གྲུབ་ཐོབ་ཁོ་ར་ནཱ་ལས་དགུང་ལོ་ ༤༠ ལུ་ ཏེ་ དེ་ལསནི་ཡར་རྡོ་ལེགས་བླམ་མཛད་གནང་ནུག་བ།
- པ་སངས་ཚེ་རིང་། Pasang Tsheringཏེ་ རྡོ་ལེགས་བླམ་མཛདཔ་ད་ རྡོ་ལེགས་བླམ་ ཏེ་ བྱཱར་ཡར་རྡོ་ལོ་ཁར་བཞུགས་ དགུན་ནཱ་ ཏེ་ ནཱ་ལུ་འབད་ ཏེ་ བྱཱར་སུ་དགུན་སུ་འབད་བཞུགས་བཞུགསཔ་ཨིན་མས་བ།
- པ་སངས་ཚེ་རིང་། Pasang Tsheringཏེ་ དེ་ལས་འ་ནཱ་ལས་ བྱཱར་སུ་དགུན་སུ་འབད་བཞུགས་ ཏེ་ དེ་ལས་ སྒྲོལ་མའི་ལྷ་ཁང་འདི་ ཏེ་དེ་བསྒང་རྡོ་ལེགས་བླ་མའི་གཟིམས་ཅུང་འབད་རང་ནེམ་འབད་སྦེ་ ཏེ་ ལྷ་ཁང་གི་གྲས་མེན་པས།
- པ་སངས་ཚེ་རིང་། Pasang Tsheringཏེ་ ལོག་རྟིང་མ་དུས་རབས་ ༡༨ པའི་ནང་ལུ་ ཏེ་ སྐུ་ཞོགས་འཇིགས་མེད་རྣམ་རྒྱལ་དང་ དབང་རྫོངཔ་ཨན་དྲུ་ ཏེ་ མ་མཐུན་པར་དམག་རྐྱབ་ འ་ནཱི་སྦེ་འབད་ཞིནམ་ལས་ ཏེ་ དམག་རྒྱལ་སོང་ཞིནམ་ལས་ རོགས་ནཱ་སྐུ་ཞོགས་འཇིགས་མེད་རྣམ་རྒྱལ་གྱི་ནང་ལུ་ ཏེ་དེ་ལས་ ཁོ་དམག་རྒྱལཝ་འདྲཝ་ཅིག་འབད་བ་ཅིན་ནཱ་ལུ་ ཚེ་ལྷ་རྣམ་གསུམ་གྱི་ལྷ་ཁང་བཞེངས།
- པ་སངས་ཚེ་རིང་། Pasang Tsheringཏེ་ འ་ནཱི་སྦེ་ མཛད་ནི་ཨིན་ཟེར་ཁོ་ར་གིས་ཐུགས་སྨོན་གནང་ ཏེ་ འ་ནཱི་སྦེ་འབད་ཞིནམ་ལས་ ཏེ་དེ་ལས་ཏེ་ ནཱ་སྒྲོལ་མ་ལྷ་ཁང་ནང་གི་འདི་ ཚེ་ལྷ་རྣམ་གསུམ་གྱི་ ཏེ་ ལྷ་ཁང་སྦེ་ བཞེངས་གནང་ཡི།
- པ་སངས་ཚེ་རིང་། Pasang Tsheringཏེ་ རྒྱལ་རབས་དང་ལྡན་པའི་ལྷ་ཁང་ཡང་ཨིན་ འ་ནཱི་འབད་ནི་འདི་གིས་ ཏེ་དེ་ལས་ འ་ནཱ་ལས་ ཏེ་ སྐུ་ཞོགས་འཇིགས་མེད་རྣམ་རྒྱལ་གྱིས་ ཏེ་ ཚེ་ལྷ་རྣམ་གསུམ་སྦུག་ རྟེན་གྱི་གཙོ་བོ་འདི་སྒྲོལམ་ཨིན།
- པ་སངས་ཚེ་རིང་། Pasang Tsheringཏེ་ དེ་ལས་ རྣམ་རྒྱལམ་དང་ ཏེ་ ཚེ་དཔག་མེད་ ཏེ་ སྒྲོལམ་ཉི་ཤུ་རྩ་གཅིག་གི་ སྐུ་འདི་ཚུ་ཡང་ ཏེ་ ལེགས་ཤོམ་སྦེ་ ག་ར་རིམ་པ་བཞིན་དུ་ ཏེ་ འ་ནཱི་འབད་བཞེངས་ཡི་ ཏེ་ མ་བཏུབ་བཏུབ་འབད་བཙུགས་གནང་ནུག།
- པ་སངས་ཚེ་རིང་། Pasang Tsheringཏེ་ འ་ནཱ་ལས་ ཏེ་དེ་ལས་ མ་པ་སྐུ་ཞོགས་ཁོ་ར་གི་མཚན་འདི་ གོང་ས་དྲི་མེད་ཤེས་རབ་ཟེར་ ལོག་རྟིང་མ་ཡར་ལྡེབས་རིས་ན་གི་མཚན་འདི་འབདཝ་ད་ གོང་ས་དྲི་མེད་ཤེས་རབ་ཟེརཝ་མས་བ་ ཏེ་ སྐུ་ཞོགས་འཇིགས་མེད་རྣམ་རྒྱལ་ཟེར་ཡང་ཞུཝ་མས་ གོང་ས་དྲི་མེད་ཤེས་རབ་ཟེར་ཡང་ཞུཝ་མས།
- པ་སངས་ཚེ་རིང་། Pasang Tsheringསྐུ་ཞོགས་གནགཔོ་ཟེར་ཡང་ཞུཝ་མས་ ད་སྐུ་ཞོགས་གནགཔོ་ཟེར་མི་འདི་ ཏེ་ མཚན་ཟོགཔ་ཅིག་ཨིན་ན་ ག་དེ་སྦེ་ཨིན་ན་ རྟག་བུ་སྤྱིར་བཏང་གི་མིང་ཅིག་ མཚན་ཨིན་ན་འདི་ ང་བཅས་ཀྱིས་བརྟན་བརྟན་ཅིག་ག་ནི་ཡང་ཞུ་ནི་མིན་འདུག།
- པ་སངས་ཚེ་རིང་། Pasang Tsheringཏེ་ད་ འ་ནཱི་འབད་ནི་འདི་གིས་ ཡར་རོལམོ་ དུང་ ཏེ་ ཅ་ལ་གཉིད་ཁུག་རེ་དང་ འ་ནེམ་ཡང་ཡོད་ ཏེ་ འ་ནཱི་ཚུ་སྐུ་ཞོགས་གནགཔོ་ སྐུ་ཞོགས་གནགཔོ་ཟེར་ཞུཝ་མས་བ།
- པ་སངས་ཚེ་རིང་། Pasang Tsheringཏེ་ ལོག་རྟིང་མ་ ནཱི་ཚུ་དབྱེ་བ་བཅད་ཅི་བཅད་ཅི་འབདཝ་ད་ ཕར་སྐུ་ཞོགས་འཇིགས་མེད་རྣལ་རྒྱལ་ཁོ་ར་གིས་ཕུལ་གནང་གནངམ་མས་བ་རོགས་ནཱ་ལུ་ ཏེ་ འ་ནཱི་ཚུ་ད་ལྟོ་བར་ནང་ཡང་ ང་བཅས་ཀྱིས་དེ་སྦེ་ར་ཡོད།
- པ་སངས་ཚེ་རིང་། Pasang Tsheringཏེ་ དེ་ལས་ འ་ནཱ་ལས་མར་ ཏེ་ དུས་རབས་བཅོ་བརྒྱདཔོ་ལས་མར་ ཏེ་དེ་ལསནི་ སྐུ་ཞོགས་འཇིགས་མེད་རྣམ་རྒྱལ་ ཚེ་ལྷ་རྣམ་གསུམ་གྱི་ ཏེ་ ལྷ་ཁང་འདི་བཟོ་ག་ར་འབད་སྦེ་ འབད་ཞིནམ་ལས་ ཏེ་ ལྷ་ཁང་འདི་ ཐོག་གསུམ་སྦེ་ཡར་སོང་འདུག།
- པ་སངས་ཚེ་རིང་། Pasang Tsheringཡར་ཐོག་ཁར་ལུ་ གུ་རུ་གི་ལྷ་ཁང་ ཏེ་ དེ་ལས་ བར་ན་སྐོར་ལུ་ ཚེ་ལྷ་རྣམ་གསུམ་ མར་འོག་ལུ་ ཏེ་ སྟོན་པའི་གི་ལྷ་ཁང་འབད་ཨིན་པས་བ་ གནས་བརྟན་གྱི་ལྷ་ཁང་བཟུམ་ཅིག་ཨིན་མས་ ཏེ་ འ་ནཱི་སྦེ་འབད་འབད་ ཏེ་ ཐོག་གསུམ་སྦེ་ དེ་སྦེ་སོང་ཡི།
- པ་སངས་ཚེ་རིང་། Pasang Tsheringདེ་ལས་ འ་ནཱ་ལས་ ཏེ་ སྐུ་ཞོགས་འཇིགས་མེད་རྣམ་རྒྱལ་གྱིས་ ཏེ་དེ་ལས་ ལྷ་ཁང་འདི་ ཐོག་གསུམ་བཟོ་ག་ར་འབད་ཚར་ཞིནམ་ལས་ ཏེ་ ང་བཅས་གྲྭ་ཚང་ནང་གི་ ཡན་ལག་བཟུམ་ཅིག་སྦེ་ ནཱི་གི་ལྷ་ཁང་འདི་ ཏེ་ མར་གྲྭ་ཚང་གི་སྤྱི་འོག་འབད།
- པ་སངས་ཚེ་རིང་། Pasang Tsheringའདི་བསྒང་ལས་རང་ ཏེ་ དང་ཕུ་གི་ལུགས་སྲོལ་འབད་པ་ཅིན་ ཏེ་ མར་རྫོང་གཞི་མེ་བཞེས་འ་ནཱི་སྦེ་འབདཝ་ད་ ད་རེས་འབད་ཚེ་དཔལ་འབྱོར་ཡར་རྒྱས་ཡར་སོང་སྟེ་ ཏེ་དེ་ལས་ ཏེ་ ང་བཅས་ར་ ད་མཁོ་སྒྲུབ་རྐྱབ་མ་ཚུགས་པའི་ དུས་ཡང་མིན་འདུག་ ཏེ་ མཁོ་སྒྲུབ་རྐྱབ་ཚུགས་པས།
- པ་སངས་ཚེ་རིང་། Pasang Tsheringཏེ་ དང་ཕུ་འབདཝ་ད་ མཁོ་སྒྲུབ་འཇམ་ཏོང་ཏོ་སྦེ་རྐྱབ་མ་ཚུགས་ ང་བཅས་ར་དཔལ་འབྱོར་ཡར་རྒྱས་མེད་ནི་འདི་གིས་ ཏེ་ མར་ལུ་འ་ནཱི་སྦེ་ རྫོང་གཞི་ཨ་ཙི་རེ་ཐང་ཐིག་ཆགས་ འ་ནཱི་སྦེ་འབདཝ་ད་ མེ་བཞེས་འ་ནཱི་སྦེ་འབདཝ་ད་ ནཱ་གི་རྟེན་དང་ ནཱི་ཚུ་ ཅ་ལ་འདི་ཚུ་རྫོང་ནང་བཙུགསཔ་ཞིན་ན་ གྲྭ་ཚང་འདི་ དེ་འཕྲོ་ལས་ཡར་ལྷོང་བཏང་ཚུགས་པའི་གི་ འཆར་གཞི་ཨིན་མས་བ།
- པ་སངས་ཚེ་རིང་། Pasang Tsheringད་འདི་བཟུམ་སྦེ་ཕར་ ཐིམ་ཕུག་འབད་བ་ཅིན་ ཏེ་ ཕ་ཇོ་ལྡིང་དང་བཀྲིས་སྒང་ སྤུ་ན་ཁ་འབད་བ་ཅིན་སིཝ་ལ་དང་རྟ་ལོག་ འ་ནཱི་ཚུ་ཨིན་མས་བ་ ལྷ་ཁང་འ་ནཱི་ཚུ་ ཏེ་ རོགས་ཕྲང་ཕྲང་རང་མར་རྫོང་ནང་གིས་དེམ་འབད།
- པ་སངས་ཚེ་རིང་། Pasang Tsheringཏེ་ རྫོང་ནང་གི་སྒྲིག་ག་ཨིནམ་སྦེ་རང་སྡོད་དགོ་པས་ང་བཅས་ནཱ་ལུ་ཡང་ ཏེ་ དང་ཕུ་ལས་རང་མར་ལས་གསོལ་ཐབ་(??)བྱོན་རུང་ཡང་ མར་རྫོང་ནང་གི་སྒྲིག་ག་ཨིནམ་སྦེ་ ང་བཅས་ནཱ་ལུ་ འ་ནཱི་སྦེ་ ཏེ་འབྱོན་ གསུང་ཆོས་གནངམ་ད་ཡང་ འ་ནཱི་འབད་རང་ཨིན།
- པ་སངས་ཚེ་རིང་། Pasang Tsheringཏེ་ དེ་ལས་ འ་ནཱ་ལས་མར་ ཏེ་ འབད་ཞིན་ན་ དེ་ལས་ནཱ་ལས་མར་རིམ་པ་བཞིན་དུ་ ཏེ་ དེ་ལས་ཏེ་ ད་ཡུདཔ་ཅིག་ལྷ་ཁང་འདི་གི་ ལོ་གསུམ་བརྒྱ་ལྔ་བཅུ་ འ་ནཱི་ཅིག་གི་བརྩིས་སོང་ནུག་ འ་ནཱི་འབད་ང་བཅས་ཀྱིས་དུས་ཚོད་ལྟཝ་ད་ གྲུབ་ཐོབ་པའི་དུས་ཚོད་ལས་མར་འབད་ལྟཝ་ད་ ཏེ་ གྲུབ་ཐོབ་ཁོ་ར་དགུང་ལོ་ ༦༠ ལས་ཏེ་ ཞིང་ཕེབས་སོང་འདུག
- པ་སངས་ཚེ་རིང་། Pasang Tsheringཏེ་ དེ་ལས་ཡར་རྟེན་གྱི་ཐོག་ཁར་གུ་རུ་འདི་ ཏེ་ སྤ་རོ་སྟག་ཚང་གི་གུ་རུ་འདི་གི་གཅིག་ སྤ་རོ་རྫོང་ནང་གི་གུ་རུ་འདི་གི་གཉིས་ ནཱ་གི་གུ་རུ་འདི་གི་གསུམ་འདི་ བོདཔ་དཔལ་བཟང་(??)འདིའི་ཆ་མཟོ་ཨིན་ཟེར་ ཏེ་ གནམ་མེད་ས་མེད་བྱིན་རླབས་ཅན་ཅིག་འབད་བརྩིཝ་ཨིན་མས།
- པ་སངས་ཚེ་རིང་། Pasang Tsheringཏེ་ དེ་ལས་ འ་ནེ་སྦེ་ ཏེ་ འདི་མ་པ་རོགས་མེན་ན་མནོཝ་ཅིག་ཡང་བཏང་མས་ ག་ཅི་སྨོ་ཟེར་བ་ཅིན་ དུས་ཅི་ང་བཅས་ཡང་མར་ལས་མེ་མཆོད་ མེ་གནམ་མེད་ས་མེད་མེ་འབར་འོང་ ལྷ་ཁང་ཁྱིམ་ཐོག་ཁར་མེ་བཤེད་ རབ་གསལ་ཁར་མེ་བཤེད།
- པ་སངས་ཚེ་རིང་། Pasang Tsheringཨ་ནཱ་ལྷ་ཁང་གི་རྩ་བར་ ཏེ་ སློབ་གྲྭ་གི་གྲྭ་ཤག་དང་འདི་ཚུ་ག་ར་མེ་གིས་བཞེས་འབདཝ་ད་ ཏེ་ གུ་རུ་འདི་སྒོ་ལསནི་མ་ཐལ་ ཏེ་ དེ་ལས་ཡར་རབ་གསལ་ནང་ལས་མར་ལྟ་གཏང་ནི་འབདཝ་ད་ ཏེ་ མི་བཞི་ཆ་ག་དེ་སྦེ་མར་བཏང་རུང་བཏང་མ་ཚུགས་པར།
- པ་སངས་ཚེ་རིང་། Pasang Tsheringཏེ་ དེ་ལས་ རང་སོའི་ད་ལུང་བསྟན་བཟུམ་ཅིག་འོང་མས་ད་ ཏེ་ ག་དེ་སྦེ་འབད་ན་ཟེར་ཁོང་ཡར་ལས་མར་དེ་སྦེ་དྲི་དེས་ ཏེ་ ང་ནཱ་ལས་ ཨ་དེ་སྦེ་འབད་བ་ཅིན་ད་ ལྷ་ཁང་མེ་མི་བཞེས་ནི་མས་ད་ཡར་ར་བཞག་ད་ཟེར་ ཏེ་ དེ་ལས་ང་གིས་ཐག་བཅད་ ཏེ་ ཡར་རབ་གསལ་ནང་བཞག་འབད་ ཏེ་ འ་ནེ་སྦེ་ཨིན།
- པ་སངས་ཚེ་རིང་། Pasang Tsheringཏེ་ གུ་རུ་འདི་ གཞན་དང་མ་འདྲཝ་ཅིག་ཡོད་ འདི་ནང་རྟེན་གྱི་བྱིན་རླབས་ཅན་ངོ་མ་འདི་རང་གུ་རུ་འདི་བརྩིཝ་ཨིན་གཅིག།
- པ་སངས་ཚེ་རིང་། Pasang Tsheringཏེ་ དེ་ལས་ འ་ནཱི་མར་གི་ ཀུན་ར་ནང་གི་བསྟན་པ་འདི་ཡང་ ཏེ་ རོགས་གྲུབ་ཐོབ་ཁོ་ར་གིས་རང་བཞེངས་གནང་གནངམ་མས་ ཏེ་ བར་ན་སྐོར་གྱི་ ཚེ་ལྷ་རྣམ་གསུམ་གྱི་ ཏེ་ ཨ་ནཱི་ལྷ་ཁང་འདི་ སྐུ་དང་བཅསཔ་འབད་ག་རང་རོགས་སྐུ་ཞོགས་འཇིགས་རྣམ་རྒྱལ་གྱིས་བཞེངས་གནང་གནངམ་མས།
- པ་སངས་ཚེ་རིང་། Pasang Tsheringཏེ་ དེ་ལས་དགོན་ཁང་འདི་ རྗེ་ཡོན་ཏན་རྒྱལ་མཚན་གྱིས་ བཙུགས་བཙུགསཔ་མེན་ན་མནོཝ་ཅིག་འདུག་ལགས་ ག་ར་དགོན་ཁང་གི་ཐོ་ནང་ལུ་ལྟཝ་ད་ རྗེ་ཡོན་ཏན་རྒྱལ་མཚན་གྱིས་ ཕུལ་ཕུལཝ་ཙང་ཙ་རང་མས་བ་ ཏེ་ འ་ནཱི་དགོན་ཁང་འདི་ རྗེ་ཡོན་ཏན་རྒྱལ་མཚན་གྱི་སྐབས་ལུ་དགོན་ཁང་བཙུགས་ རྟེན་འདི་ཡང་བཙུགས་ ཨ་ནཱི་སྦེ་མཛད་གནང་གནངམ་བཟུམ་ཅིག་འདུག་ལགས།
- པ་སངས་ཚེ་རིང་། Pasang Tsheringཏེ་ འ་ནེམ་ཅིག་ཨིན་མས་ ཏེ་དེ་ལས་ འ་ནཱ་ལས་མར་ ཏེ་ རིམ་པ་བཞིན་དུ་འབད་ ཏེ་ དེ་ལས་ཏེ་ ན་ཧིང་ཞེ་ཧིང་ལས་ ཏེ་ ༢༠༡༢ ནང་ལས་ ཏེ་ གཞུང་ཞབས་ལས་རོགས་ཨ་ནཱི་ང་བཅས་ལྷ་ཁང་འདི་ ཏེ་ད་ ཨ་ཙི་ག་ནི་བ་རྔམ་རང་ཡར་སོང་འདུག་བ་ ད་ངེ་གི་ད་རས་ང་གིས་ཉམས་བཅོས་འབད་མི་འདི་གིས་ཁར་ཚུན་ཚོད་འབདཝ་ད་ ཉམས་བཅོས་ཚར་གསུམ་འབད་འདུག
- པ་སངས་ཚེ་རིང་། Pasang Tsheringཏེ་ ལེགས་ཤོམ་ཅིག་འགྱོ་མ་བཏུབ་མས་ ག་ཅི་སྨོ་ཟེརན་དང་ཕུ་ ཏེ་ད་ དཔལ་འབྱོར་ཡར་རྒྱས་མེད་པར་ ཏེ་ ག་ཅི་འབད་རུང་ ཏེ་ སྟབས་བདེ་ཏོག་ཏོ་ཅིག་ འགྱོ་མ་བཏུབ་པར་ ཏེ་ ལེགས་ཤོམ་སྦེ་རྐྱབ་མ་ཚུགས་པར་ཡར་སོངཔ་མས།
- པ་སངས་ཚེ་རིང་། Pasang Tsheringཏེ་ ཨིན་རུང་ལོ་བདུན་བཅུ་བརྒྱད་བཅུ་འདི་ཡར་སོང་འདུག་ ཨ་ནཱི་ཉམས་བཅོས་ཧེ་མ་ལས་འབད་དེ་ ཏེ་ དོ་རུང་རང་འ་ནཱི་ལུ་ ཏེ་ ལྷ་ཁང་འདི་བལྟ་བཏུབ་ཅིག་རང་མེད་ཡར་སོང་སྟེ་ ཏེ་ ནང་སྐོར་ནང་རྟེན་དང་ ནེམ་གནམ་མེད་ས་མེད་ལེགས་ཤོམ་འདུག།
- པ་སངས་ཚེ་རིང་། Pasang Tsheringཏེ་ད་ ཕྱི་ལས་པགས་ཀོ་འདི་བལྟ་བཏུབ་ཅིག་མིན་འདུག་ཟེར་ ཏེ་འབད་ ཏེ་ སྔོན་མ་གི་ལྷ་ཁང་རྙིངམ་འདི་དེ་སྦེ་མི་བཏུབ་པས་ཟེར་ དེ་ལས་ གཞུང་ཞབས་ལས་རོགས་ཨ་ནཱི་ནེམ་ ཏེ་ ཉམས་བཅོས་འབད་དགོ་འབད་ཟེར།
- པ་སངས་ཚེ་རིང་། Pasang Tsheringཏེ་དེ་ལས་ འདི་ནང་ལུ་ ནཱ་གི་འགོ་འདྲེན་འདི་ང་འཐབ་ མར་ལས་རྫོང་ཁག་ལས་འབད་ ཏེ་ གཞུང་ཞབས་ལས་རོགས་ འ་ནེ་སྦེ་ རྒྱུ་དངོས་ཚུ་གནང་འབད་ ཏེ་ད་ འདིའི་ཉམས་བཅོས་འདི་ཡང་ ད་ཡུདཔ་ཅིག་ཚར་དོ།
- པ་སངས་ཚེ་རིང་། Pasang Tsheringཏེ་ད་ ཨ་ཙི་མ་ཚརཝ་ཟེར་རུང་ཨ་མ་ལས་ཕར་གྱི་མ་ཎི་འཁོར་ཅོག་(??)དང་ ཨ་ནཱི་ཚུ་ཨ་ཙི་ཅིག་ཚར་མ་ཚུགསཔ་ཅིག་རང་ཨིན།
- པ་སངས་ཚེ་རིང་། Pasang Tsheringཏེ་ད་ ཉམས་བཅོས་འདི་ ༢༠༡༥ སྐོར་ཆ་བསྒྲུབ་ཚུགས་ནི་གི་རྩིས་མས་ད་ པགས་ཀོ་འདི་བསྒྲུབས་ཚར་ཡི་ ད་ནང་སྐོར་ནང་མཆོད་གཤམ་ ཏེ་དེ་ལས་མར་ལས་ཕར་ མ་ཎི་འཁོར་ཅོ་རྡོ་གཅལ་ཨ་ཙི་ཅིག་ ཏེ་ ལཱ་བསྒྲུབ་མ་ཚུགས་པར་འ་ནེ་སྦེ་ཡོདཔ་ཨིན་ད་ འ་ནཱི་ཚུ་ཡང་བསྒྲུབ་དོ་ ཏེ་དེ་ལས་མར་གི་འདི་ བྱ་ཁྱུང་གི་གནས་ཨིན།
- པ་སངས་ཚེ་རིང་། Pasang Tsheringཏེ་ འ་ནཱི་འབད་ནི་འདི་གིས ནཱ་གི་མིང་འདི་ཡང་ ཕང་ཡུལ་རྒེད་འོག་འབད་དོ་བ་ནཱ་གི་འདི་ ན་གི་ལྷ་ཁང་འདི་ ཕང་ཡུལ་རྒེད་འོག་ལུ་ཨིན་ ཏེ་ བྱ་ཁྱུང་གི་གནས་འབད་ནི་འདི་གིས་ ཁྱུང་གནས་དགོན་པ་ཟེར་ དེ་སྦེ་ཞུཝ་ཨིན་ནཱ་གི་མཚན་འདི།
- པ་སངས་ཚེ་རིང་། Pasang Tsheringཏེ་ ཨ་ནཱི་ད་ རྒྱལ་རབས་དང་ལྡན་པའི་ལྷ་ཁང་ཅིག་ཨིན་ ཏེ་ད་དེ་ལསནི་ད་གཞན་གནམ་མེད་ས་མེད་ཅིག་ ཏེ་ དེ་ལསནི་ལོ་རྒྱུས་གཞན་འདྲ་མི་འདྲ་ཅིག་ ཏེ་ གནམ་མེད་ས་མེད་ག་ནི་ཡང་ ད་ཡིག་ཆནི་མིན་འདུག
- པ་སངས་ཚེ་རིང་། Pasang Tsheringཏེ་ ཡུདཔ་ཅིག་ཨ་ནཱི་འབད་ ང་བཅས་གིས་ ཏེ་ དཔེ་ཆ་གི་ གྲུབ་ཐོབ་ཁོ་ར་གི་ དུས་ཚད་ལུ་ཅིག་ཡང་བལྟ་ ཏེ་ དེ་ལས་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ སློབ་མ་ཨིན་མས་བ་ བུ་ཆེན་བཞི་འབདཝ་ད་ གཅིག་ཁོ་ཨིན་མས་བ།
- པ་སངས་ཚེ་རིང་། Pasang Tsheringསྤྲུལ་སྐུ་བཞི་ཟེརཝ་ད་ གཅིག་ཁོ་ཨིན་མས་ ཏེ་ འ་ནཱི་གི་དུས་ཚོད་ལུ་དཔག་ལྟཝ་ད་ ལྷ་ཁང་འདི་གི་ལོ་ ༣༥༠ དང་ ཏེ་ ༤༠ འ་ནཱི་ཅིག་གི་ ནང་ཁོད་ནང་འདི་ ཡར་རང་ཡར་སོང་འདུག
- པ་སངས་ཚེ་རིང་། Pasang Tsheringཏེ་ ལྷ་ཁང་འདི་ཡང་རོགས་ མ་པ་གྱང་དང་ ཨ་ནཱི་ཚུ་འདི་ དང་ཕུ་གི་ ག་ཨིན་མི་འདི་རང་མས་ ཏེ་ ང་གིས་ཡང་ ཏེ་ད་ ཉམས་བཅོས་ཞུཝ་ཟེར་སླབ་རུང་ནང་སྐོར་ནང་རོགས་ཐེབས་ག་ནི་ཡང་མ་དཀྲོགས་ ཨ་ནཱི་དང་ཕུ་ལྷ་རིསཔ་བྱང་ཆུབ་སེམས་པའི་ཕྱག་བྲིས་ཨིན་ཟེར་མས་བ་ མར་འོག་ཐོག་གི་འདི་ གྱང་ཁར་ལུ་ ཨ་ནཱི་རས་མ་སྦྱར་བར་བྲིས་བཞག
- པ་སངས་ཚེ་རིང་། Pasang Tsheringཏེ་ ང་ད་ལྟོ་ལྡེབས་རིས་འདི་ཚུ་ཡང་ ད་ ཁོང་ར་གཞུང་གི་ མི་འབོ་ ཏེ་ ལྟ་བཅུག་ ཏེ་དེ་ལས་ ཡར་གི་ཐོག་གོང་འགོ་གཉིསཔོ་འདི་ ཨ་ནཱི་ལྡིབས་རིས་ཡང་སྤོགས་ ཏེ་ ག་ར་བདག་འཛིན་འབད་ ཏེ་ ཡར་ལྕགས་སྒྲོམ་གཅིག་ཉོ་ ལྕགས་སྒྲོམ་སྦོམ་གཅིག་རང་ཉོ་ ཏེ་ དེ་ནང་བཙུགས་བདག་འཛིན་འབད་སྦེ་ དེ་སྦེ་ཡོད།
- པ་སངས་ཚེ་རིང་། Pasang Tsheringཏེ་དེ་ལས་ མར་གི་འདི་ ཨ་ནཱི་ལྷ་རིསཔ་བྱང་ཆུབ་སེམས་པའི་ཕྱག་བྲིས་ཨིན་མས་ཟེར་ ཏེ་ སྤྱིར་བཏང་གི་དེ་སྦེ་སླབ་ཨིན་མས་ བཤད་སྲོལ་འདི་ ཏེ་ འ་ནཱི་འབད་ནི་འདི་གིས་ ང་ད་ལྟོ་མར་གི་འདི་ཡང་ དཀྲོག་རང་མ་དཀྲོགས་ ཨ་ནཱི་རོགས་ཧེ་མ་ག་ཨིནམ་འབད་རང་ཨ་ཙི་ ཏེ་ད་ ག་དེ་ཟབ་ཟབ་འབད།
- པ་སངས་ཚེ་རིང་། Pasang Tsheringཏེ་ མེདཔ་མ་བཏང་པར་རང་ ལེགས་ཤོམ་འབད་རང་ བདག་འཛིན་འབད་ ཏེ་ འ་ནེ་སྦེ་ ཉམས་བཅོས་འབད་སྦེ་ ལྷ་ཁང་འདི་ དང་ཕུ་གི་འདི་ལས་ གནམ་མེད་ས་མེད་ཕར་དང་ཚུར་ཐེབས་ག་ནི་ཡང་མ་བཏང།
- པ་སངས་ཚེ་རིང་། Pasang Tsheringརོགས་ཁོ་ར་གྱང་ཁོ་རའི་ཁར་རང་ ཏེ་ གྱང་ཨ་ཙི་རེ་བོག་ཡར་སོང་མི་ཚུ་ཡང་ ལོག་པག་ཅུ་རྐྱབ་ བཅོ་ཁ་རྐྱབ་ ཏེ་ སྔོན་མ་ག་ཨིནམ་འབད་རང་བཟོ་འབད་ འ་ནེ་སྦེ་རང་ཡོད་ ཏེ་ འདི་ད་ འགྱུར་བ་ག་ནི་ཡང་མེད།
- པ་སངས་ཚེ་རིང་། Pasang Tsheringཏེ་ རོགས་འཛམ་གླིང་སྤྱི་ཚོགས་ཀྱི་མི་འོང་སྟེ་ཡང་བལྟཝ་ད་ ད་ རྙིངཔ་བཅོ་ཁ་རྐྱབ་ནི་དྲག་ཤོས་ཅིག་ད་ནཱ་གི་འདི་ཡར་སོང་འདུག་ རོགས་རྫོང་ཁག་ ༢༠ གི་དཔེ་བལྟ་ས་འདི་ལེགས་ཤོམ་ཨིན་མས།
- པ་སངས་ཚེ་རིང་། Pasang Tsheringད་འ་ནཱི་བལྟ་བཅུག་དགོ་པས་ཟེར་ ཁོང་ར་འཛམ་གླིང་སྤྱི་ཚོགས་ཀྱི་མི་གིས་ཡང་ འ་ནེ་སྦེ་རང་སླབ་ཨིན་མས་ ཏེ་ ཁོང་ར་གཞུང་གི་ཁ་ཐུག་ལས་ཡང་ ཕར་ནེམ་ ཨ་ནཱི་བསྟན་སྲུང་གི་ཁ་ཐུག་ལས་ཡང་ འ་ནེ་སྦེ་རང་ཡོད་ལགས་ ཏེ་ དེ་ལས་གཞན་ད་ཐེབས་གནམ་མེད་ས་མེད་ཅིག་ག་ནི་ཡང་ཞུ་ནི་མེད་ ཏེ་ད་ འ་ནེམ་ཅིག་ཨིན་མས་ ནཱ་གི་ཆགས་རབས་ཀྱི་སྐོར་ལས་འབད་བ་ཅིན།
- པ་སངས་ཚེ་རིང་། Pasang Tsheringཏེ་ འབུམ་སྡེ་དང་ ནེ་ཚུ་འདི་ང་བཅས་ར་ རྟན་མདོས་(??)དང་ནེ་ཚུ་འདི་ མར་རྫོང་ནང་བཟུམ་སྦེ་རང་ དྲོ་པ་བ་ཟ་(ཆུ་ཚོད་)གཉིས་གཅིག་ འ་ནེམ་ཅིག་ལས་ ལོངས་སྟེ་རང་བཏང་དགོ་ ཞག་བདུན་བཏང་དགོ་བ་ ཏེ་ འབུམ་སྡེ་འ་ནཱི་ཚུ་ དེ་ལས་རོགས་གཞུང་ལས་རོགས་ག་ར་བཀྲི་ཀྲི་ཡོད་ ཏེ་ད་ འདི་ཚུ་དེམ་འབད་སྦེ།
- པ་སངས་ཚེ་རིང་། Pasang Tsheringཏེ་དེ་ལས་ སྔོན་མ་སྔོན་མ་དེ་ལས་ལྕགས་རི་རྗེ་གིས་ནཱ་ལུ་ ཏེ་ སྒྲུབ་སྡེ་བཙུགས་གནང་གནངམ་ཨིན། ཏེ་ སྒྲུབ་སྡེ་འབདཝ་ད་ ད་ རྫོང་ཁག་གཅིག་ནང་ལུ་ སྒྲུབ་སྡེ་ཡང་གཉིས་འབད་ཡར་སོང་འདུག་ཟེར་འབད་ཞིནམ་ལས་ ཏེ་ ནཱ་གི་སྒྲུབ་སྡེ་འདི་ ལོག་སྟེ་རང་ ཏེ་ ཡར་བླམ་སེ་ཁར་འབད་བཟོ་ དེ་ལས་ བཤད་གྲྭ་བཟོ་བཟོཝ་ཨིན།
- པ་སངས་ཚེ་རིང་། Pasang Tsheringཏེ་ བཤད་གྲྭ་འདི་ནཱ་ དབྱངས་པའི་སློབ་དཔོན་གྱིས་སྐབས་ལུ་བཤད་གྲྭ་བཟོ་ཞིནམ་ལས་ ཏེ་ དེ་ལས་བཤད་གྲྭ་འདི་ ནཱ་ས་སྒོ་འདི་ཡང་ ཨོ་ཏོག་ཏོ་ཅིག་བདེ་ཏོག་ཏོ་ཅིག་མེད་ ག་ནི་ཡང་བཏབ་བདེ་ཏོག་ཏོ་ཅིག་མེད་པར་ ཏེ་ དེ་ལས་ ཤིང་གི་ཡང་ དཀོན་དྲགས་འབད་ དེ་བསྒང་ ཏེ་ ག་རི་ལམ་དང་ ནེམ་ག་ནི་ཡང་མ་འཐོན་འབད་ ཤིང་དང་ནེམ་ཡང་ཨ་ཙི་ ཏེ་ ལཱ་ཁག་ཡོད་འབད།
- པ་སངས་ཚེ་རིང་། Pasang Tsheringཏེ་ འདི་ནང་སྟབས་བདེ་ཏོག་ཏོ་ཅིག་ མིན་འདུག་ཟེར་ ཏེ་ བཤད་གྲྭ་འདི་ཡང་ ཏེ་ དེ་ལས་རོགས་ཡར་ ཏེ་ རིན་ཆེན་གླིང་སྤོ་ ཏེ་ ཨ་ཡརའི་ན་ལུ་ ག་ནི་བ་རྒྱས་ཤིང་རྒྱསཔ་འབད་ཡར་སོང་ཡི།
- པ་སངས་ཚེ་རིང་། Pasang Tsheringཏེ་ ད་ནཱ་ལུ་རོགས་ ད་ ཨ་ནཱི་ལྷ་ཁང་གི་དགོན་ཆུང་ཅིག་དང་ ནེམ་འབད་ནེམ་འབད་བཞག་དགོ་པས་ད་ ལྷ་ཁང་འདི་ཡང་བདག་འཛིན་འབད་ ཏེ་ དེམ་འབད་དགོ་པས་ དེ་ལསནི་ འདི་གི་སྲུང་སྐྱོབ་བཟུམ་ཅིག་ཡང་ཨིན་མས་ཟེར་ ཏེ་ སློབ་གྲྭ་བཟོ་ འབད་ཞིནམ་ལས་ཏེ་ དེ་ལསནི་ཏེ་ ང་དར་གྱི་དགོན་པ་ལས་ ནཱ་སོང་ཟེར་ སྐྱབས་རྗེ་གིས་ ཏེ་ དང་གྲྭ་ཚང་གི་བཀའ་ འ་ནེ་སྦེ་གནང་ ཏེ་ དེ་ལས་ ང་ནཱ་སྤོ་ ད་ང་གིས་ལོ་བདུན་བརྒྱད་ཅིག་འ་ནེམ་ཅིག་སོང་ཡི།
- པ་སངས་ཚེ་རིང་། Pasang Tsheringཏེ་ད་ འ་ནཱི་ ༢༠༡༥ སྐོར་ཆ་ལྷ་ཁང་འདི་ ག་ར་བསྒྲུབ་ཚུགསཔ་པའི་བརྩི་ཨིན་ ཏེ་ ད་ལྟོ་ལཱ་ཕྱར་ཕྱིར་ད་ པགས་ཀོ་འདི་བཟོ་ད་རུང་ནང་སྐོར་ནང་ཨ་ནཱི་ཕྱར་ཕྱིར་ལུ་ རྫོགས་པའི་ཟེརཝ་མིན་འདུག་ དེ་ལས་ མི་འཇམ་ཏོག་ཏོ་འབད་མི་འཐོབ་པས་ འཐོབ་རུང་དེ་ལས་མ་དངུལ་གྱི་འཇམ་ཏོག་ཏོ་འབད་འགྱོ་མི་བཏུབ་པས།
- པ་སངས་ཚེ་རིང་། Pasang Tsheringཏེ་ད་དུས་ཅི་མེ་མཆོད་འདི་ཡང་ ག་དེ་སྦེ་རང་ཤུགས་ལངས་འོང་ ག་དེ་སྦེ་རང་འབད་རུང་རླུང་འཚུབ་དང་བཅས་པ་འབད་ག་དེ་སྦེ་རྐྱབ་རུང་ ཏེ་ ལྷ་ཁང་འདི་མེ་མཆོད་མ་ཤོར་ ཏེ་ ཁྱིམ་ཤོར་ཤོར་བ་འདི་ ད་མར་ང་རང་གི་ཁྱིམ་འདི་ དེ་ལས་འདི་གི་འོག་ལུ་མཆོད་ཁང་དང་ང་བཅས་ཨ་ཞང་སྡོད་འབད་ ཏེ་ ཁྱིམ་ཅིག་ཡོད།
- པ་སངས་ཚེ་རིང་། Pasang Tsheringའ་ནཱི་ཚུ་ ང་བཅས་འབདན་ ཏེ་ རྒྱུ་དངོས་ག་ནི་ཡང་མ་འཐོབ་ ཏེ་ ནཱི་ཁར་འདི་མནོ་བསམ་ཡང་མ་བཏང་ རང་གི་རྒྱུ་ཅ་ལ་འདི་ད་རེ་བ་ཡང་མེད་ ཏེ་ ནེམ་མནོ་བསམ་ཡང་མེད།
- པ་སངས་ཚེ་རིང་། Pasang Tsheringཏེ་ ད་ལྷ་ཁང་འདི་རང་ལེགས་ཤོམ་ཅིག་སྦེ་ སྲུང་ཚུགསཔ་ཅིག་ཡོད་པ་ཅིན་ཟེར་ ཨ་ནཱ་ཨ་ནཱི་ཁར་འབད་དོ་བ་མེ་འབར་ས་འདི་ ཏེ་ འ་ནཱི་ Guest House འདི་དང་ འ་ཕི་འདི་རང་འབར་བའི་བསྒང་ལས་ ཏེ་ འ་ནཱི་འདི་དང་ ལྷ་ཁང་འདི་རང་སྲུང་ ཏེ་ ང་རང་གི་ན་ལས་ཁ་བཀོད་རྐྱབ་ ཏེ་ མི་འདི་ཚུ་ཡར་བཏང་ ཏེ་ འ་ནེ་སྦེ་འབད་སྦེ་ ཏེ་ ཨ་ནཱི་རླུང་འཚུབ་གིས་སྦེ་ ཡར་སོང་ཏེ་ མར་ལས་ག་རི་དང་ ཆུ་འབག་མི་བ་མེ་མགྱོགས་སོངཔ་ཨིན།
- པ་སངས་ཚེ་རིང་། Pasang Tsheringགཞན་མ་པ་རྟག་བུ་གི་ རླུང་བཟུམ་ཅིག་འབད་བ་ཅིན་འདི་ ག་རི་དང་མེ་རང་མགྱོགས་ ནཱ་ཆུ་འདི་རང་མགྱོགས་བ་ ཏེ་ད་ཨ་ནཱི་འདི་ཚེ་རླུང་འཚུབ་ཤུགས་ ཨ་རྟགས་དང་མ་འདྲ་བའི་རླུང་འཚུབ་རྐྱབ་ ཏེ་ ཁྱིམ་ཐོག་ནང་ག་འཐུ་འ་ནེ་སྦེ་ རྐྱབ་འབད་ནི་འདི་གིས་ ག་རི་དང་ཆུ་བ་འདི་ ནཱ་མེ་འདི་མགྱོགས་སོང་སྟེ་ འ་ཕར་གྱི་ཁྱིམ་འདི་ཚུ་ ཤོར་སོང་མི་འདི་ འ་ནེ་སྦེ་ཡར་སོངཔ་ཨིན་ གཞན་ནེ་ཡང་མི་ཤོར་ནི་མས་བ་ ཏེ་ འ་ནཱི་ཨ་ཙི་ཅིག་འ་ནེ་སྦེ་ འགྱོ་མ་བཏུབ་ཨིན།
- པ་སངས་ཚེ་རིང་། Pasang Tsheringཏེ་ ཨིན་རུང་ལྷ་ཁང་འདི་ལུ་ སྐྱོན་ག་ནི་ཡང་མ་བྱུང་ ཏེ་ ཨ་ཕར་རབ་གསལ་ཁར་ལས་ དུམ་གྲ་ཅིག་བཤེད་འབད་ཞིནམ་ལས་ ཏེ་ ང་ད་མེ་བསད་མི་འདི་ ཨ་ནཱ་ལས་རང་འཛུལ་དགོ་ནི་མས་ཟེར་ ཏེ་ ཨ་ནཱ་ལས་བཙུགས་འདི་བསད།
- པ་སངས་ཚེ་རིང་། Pasang Tsheringཏེ་ ཡར་ཁྱིམ་ཐོག་ཁར་ ཧེ་མ་ལས་ང་རང་གིས་ ཆུ་དང་ནེ་ཚུ་འདེགས་ཡར་བཀྲམ་ཀྲིག་ཀྲི་སྦེ་ བཞག་འབད་ ཏེ་དེ་ལས་ ཏེ་ ཡར་ལུ་ ཏེ་ འི་ནང་ག་གིས་ཡང་འཛེགས་མི་ཚུགས་པས་ད་རུང་ ང་བཅས་ར་གིས་འདི་འབད་རང་མི་ཚུགས་པས། ཏེ་ འ་ནཱི་འབད་ནི་འདི་གིས་ ཏེ་ འི་ནང་ཨ་མར་ ང་བཅས་རའི་གཡུས་ཁར་ལས་ ཨཔ་སངས་རྒྱས་རྡོ་རྗེ་ཟེར་མི་ཅིག་ཡོད།
- པ་སངས་ཚེ་རིང་། Pasang Tsheringཏེ་ རོགས་འ་ནཱི་བླམ་འཕྲིན་ལས་དབང་འདུས་ཀྱིས་ སོང་འབད་ ཏེ་ ཁོ་ཡར་ཐོག་ཁར་བཀལ་ སྤ་ཁོ་ཡང་དུ་པ་རང་ཐོན་འདུག་ ཏེ་ ཡར་མེ་ཚར་གསུམ་ཡང་ཤི་མཆི་འདུག་ ཏེ་ ཨིན་རུང་ལོག་རྟིང་མ་འདི་རང་འདི་ མེ་འདི་བསད་ད་འདུག
- པ་སངས་ཚེ་རིང་། Pasang Tsheringཏེ་ ནཱ་རབ་གསལ་ཁར་གི་འདི་ རོགས་གཞུང་གི་ཨ་ནཱི་མེ་བསད་མི་འདི་གིས་རང་ ཏེ་ བསད་ད་ཡི་ ཏེ་ དེ་ལས་ རོགས་མར་རེན་ཇར་(ནགས་ཚལ་གླིང་འཛིན་འགོ་དཔོན) བཙན་སྐྱོགས་དང་ ཏེ་དེ་ལས་ ཨ་ནཱ་ཁོང་གཡུས་ཁར་ལས་ མི་གཉིས་གསུམ་ཅིག་ ཏེ་ ན་ང་བཅས་རང་ཨ་ལོ་ཚུ་འབད་ ཏེ་ ཅ་ལ་ཚུ་འདི་ བརླག་སྟོར་འདི་མ་ཤོར་ ཏེ་ མ་ཤོར་རུང་ད་ ད་ལྟོ་ ཏེ་ ཁྲམ་དང་བསྒྲིག་ལེགས་ཤོམ་སྦེ་ བལྟ་ཡང་མ་ཚུགས།
- པ་སངས་ཚེ་རིང་། Pasang Tsheringཏེ་ ནཱ་ད་ཅ་ལ་ག་ར་རང་རོང་བཏང་འབད་སྦེ་ ཏེ་ གསེར་སྐུ་དང་ནཱི་ཚུ་འདི་སྐྱོན་ག་ནི་ཡང་མ་ཆགས་པས་ང་གྱངས་ཁ་རྐྱབ་བལྟཝ་ད་ ག་རང་ཚངམ་འབད་འདུག་ ཏེ་ དེ་ལས་ ཁྲམ་དང་ག་ར་ང་བཅས་ར་གི་ཡིག་ཚང་མེ་བཏང་བཞག་ ཀམ་པུའུ་ཊར་ནང་ལུ་ ག་ནི་ཡང་མེད་པར་ ད་རེས་ཚར་ཅིག་ ཏེ་ གླེན་གོ་བཟུམ་སྦེ་ འ་ནེ་སྦེ་ཡར་སོང་ཡི།
- པ་སངས་ཚེ་རིང་། Pasang Tsheringཏེ་ད་ འ་ནཱི་ཁྲམ་འདི་ ལོག་ཕར་གཞུང་ལས་ ཞུ་འབད་ ཏེ་དེ་ལས་ ད་ཁྲམ་བསྒྲིག་རྐྱབ་ ཡར་ག་ར་ནེམ་འབད་སྦེ་འབད་དགོ་པས་མནོ་ ཏེ་ད་ འ་ནེ་སྦེ་ཡོད། ཏེ་ ཅ་ལ་མ་པ་ ད་ གནས་གོང་ཆེ་དྲགས་འདི་ ག་ནི་ཡང་གནམ་མེད་ས་མེད་མ་འབྱང་པས་ ད་ འ་ནེ་སྦེ་དང་ཕུ་ག་ཨིནམ་འབད་རང་རོགས་ ཏེ་ འདི་ནང་ལུ་ སྒྲ་མ་ཉམས་འབྲུ་མ་གཉམ་འབད་རང་ཡོད་ཟེར་ཞུ་ནི་འབད་ཨིན།
- པ་སངས་ཚེ་རིང་། Pasang Tsheringད་གཞན་ཐེབས་གནམ་མེད་ས་མེད་ག་ནི་ཡང་ཞུ་ནི་མེད་ ད་ འ་ནེམ་ཅིག་ཨིན།
- ནོར་འཛིན་ལྷ་མོ། Norzin Lhamoསྨོ་ལགས་ དེ་ལས་ ཨ་མར་གནས་ན་འདི་ ག་ཅི་རང་མཇལ་ནི་ཡོདཔ་ཨིན་ན?
- པ་སངས་ཚེ་རིང་། Pasang Tsheringད་ ད་མར་གནས་ན་འདི་ མཇལ་ནི་ཟེར་ཐེབས་ ཏེ་ གནམ་མེད་ས་མེད་ཅིག་ག་ནི་ཡང་མེད་ ཏེ་ ཡར་གནས་ཀྱི་ནང་སྐོར་ནང་འཛུལ་ ཏེ་ དེ་ལས་ཏེ་ ད་ཨ་ནཱི་གནས་འདི་ མཇལཝ་ད་མ་པ་སྤྱིར་བཏང་གི་ ཏེ་ ད་ཕར་རྡོ་གི་རིས་མོ་འདྲ་མི་འདྲ་འདི་ ཏེ་ ད་ག་ཏེ་རང་འབད་རུང་རྡོ་གིས་རིས་མོ་འདི་ ཐོན་འོང་བ་ཏེ་སྨོ།
- པ་སངས་ཚེ་རིང་། Pasang Tsheringཏེ་ད་ཐོན་རུང་ ཏེ་ ང་བཅས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཛད་རྣམ་འདི་མི་འདྲ་བ། ད་ང་བཅས་གི་འབད་བ་ཅིན་ རྡོ་གི་རིས་མོ་དང་ ཨ་ནེམ་ཅིག་རགས་རོ་ཅིག་འབད་མཇལ་ནི་མ་གཏོགས་ཅིག་བུ་ ཏེ་ ཐེབས་གནམ་མེད་ས་མེད་ཅིག་ག་ནི་ཡང་མཇལ་ནི་མི་འོང་བ།
- པ་སངས་ཚེ་རིང་། Pasang Tsheringཏེ་ད་ རོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འདི་ཚུ་གི་ ཏེ་དག་པ་རང་བྱོན་འབད་ནི་འདི་གིས་ཁོང་ལུ་ ཏེ་མ་དག་པ་གཅིག་ཡང་མེད་ནི་འདི་གིས་ ཁོང་གི་གཟིགས་ཚད་གཅིགཔོ་འདི་ ཆ་མཉམ་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྒྱལ་བའི་སྐུ་གསུང་ཐུགས་འ་ནེ་སྦེ་མཇལ་དོ་ཡོདཔ་མས་བ་ ཏེ་ འ་ནཱི་འབད་ནི་འདི་གིས་ ཏེ་ ད་བྱ་ཁྱུང་འདི་ཡོད་པའི་ཟེར་མས།
- པ་སངས་ཚེ་རིང་། Pasang Tsheringཏེ་ འ་ནཱི་བྱ་ཁྱུང་གི་ མཆོ་ཏོ་འདི་ ཏེ་ སྤོགས་འབག་མཆི་པའི་ལོ་རྒྱུས་སྦེ་སླབ་མས་ ཏེ་ ད་ནེ་ཚུ་སྤོགས་སྤོགསཔ་ཨིན་ན་ག་དེ་སྦེ་འབད་འབདཝ་ཨིན་ན་མ་ཤེས་ ཏེ་ད་ རྣ་རྒྱུན་གཅིག་ འ་ནེ་སྦེ་བཤདཔ་མས།
- པ་སངས་ཚེ་རིང་། Pasang Tsheringཏེ་ མ་པ་གཙོ་བོ་ར་བྱ་ཁྱུང་གི་གནས་ཨིན་ ཏེ་ འ་ནཱི་འདི་ ད་ ང་བཅས་ར་ཕྱི་ཆརཔ་རྐྱབ་དགོ་རུང་རྐྱབ་ ཉིམ་ཤར་དགོ་རུང་ཤར་ ནང་སྐོར་ནང་འཛུལ་ ཏེ་ བ་ཛྲ་གུ་རུ་བགྱངས་ ཏེ་ འ་ནེ་སྦེ་འབདཝ་ཅིག་ འ་ནཱ་ལས་མར་བདུད་རྩི་འདི་ད་ལྟོ་བར་ནང་ཡང་ ནེ་སྦེ་རང་འབྱོན་ནི་ཡོད།
- པ་སངས་ཚེ་རིང་། Pasang Tsheringཡུདཔ་ཅིག་ཁར་ལས་ རྡོ་ཡོད་ཚད་ཅིག་ཁར་ལས་ བདུད་རྩི་བྱོན་བཏུབ་བ་ ཚར་གཅིག་གུ་ཨ་ནཱི་ཆུ་འཐོན་ཏེ་ ཏེ་ འ་ནཱི་འདི་ད་ལྟོ་བར་ནང་ཡང་འབབ་ནི་ཡོད།
- པ་སངས་ཚེ་རིང་། Pasang Tsheringཏེ་ རང་ས་ར་ད་ ཏེ་ དོ་རུང་དེ་སྦེ་འདྲས་ཟེར་མནོ་བ་ཅིན་ དོ་རུང་ནེ་སྦེ་ཡང་འགྱོ་མི་བཏུབ་པས་ རེ་ཚེ་སྐབས་འདིནི་འབྱོད་མི་བཏུབ་པས། ཏེ་ སོ་ཁ་གནམ་ནེམ་ཉིམ་ཤར་འེ་ནེ་སྦེ་འབད་ ཏེ་ རོགས་སྐྱབས་རྗེ་བཟུམ་འབྱོན།
- པ་སངས་ཚེ་རིང་། Pasang Tsheringའ་ནེ་སྦེ་ ཚར་གཅིག་དྲག་ཤོས་དཔལ་ལྡན་དབང་ཕྱུག་ཡང་ ནཱ་འབྱོན་འབདཝ་ད་ མར་གནས་ན་འབྱོན་འབདཝ་ད་ དེ་ཚེ་ཁོ་ཡང་ཧ་རང་ལས་ད་ཡི།
- པ་སངས་ཚེ་རིང་། Pasang Tsheringགནམ་མེད་ས་མེད་བདུད་རྩི་འབྱོན་ཏེ་ ཏེ་དེ་འབད་འདྲས་མནོ་བ་ཅིན་ ད་རུང་རེ་ཚེ་སྐབས་ང་བཅས་ར་འགྱོཝ་ད་ཡང་ ག་ནི་ཡང་འབྱོན་ནི་མིན་འདུག་ ག་དེ་སྦེ་འབད་ཚད་གུ་དེ་འབད་རུང་ ཏེ་ ནང་སྐོར་ནང་ག་ནི་ཡང་འབྱོན་ནི་མིན་འདུག
- པ་སངས་ཚེ་རིང་། Pasang Tsheringད་རང་ས་རང་གི་ ཏེ་ རོགས་དུས་སྐབས་ཅིག་དང་འཁྲིལ་ཏེ་ ཏེ་ འ་ནེ་སྦེ་འབྱོན་དོ་ཡོདཔ་མས་ རང་རང་སོ་སོ་གི་ ནེམ་ཅིག་དང་འཁྲིལ་ ཏེ་ འ་ནེམ་ཅིག་ཨིན་མས། ཏེ་ད་མར་གི་གནས་འདི་ ཏེ་དེ་ལས་ སྡིགཔ་བལྟ་སའི་ཟེར་མི་ཅིག་ཡོད་ མར་ལས་ཚུར་རྡོ་དོང་འཐོནམ་ཅིག
- པ་སངས་ཚེ་རིང་། Pasang Tsheringཏེ་ འ་ནཱ་ལས་ཕར་འཛུལ་ ཏེ་ དེ་ལས་ཡར་ ནང་སྐོར་ནང་གི་འདི་ ཁྱེད་གཉིས་ཐལ་ ད་ང་བཅས་འདི་མི་ཐལ་བས་བ་ ཨ་ནཱི་བར་ན་སྐོར་ལུ་རྡོ་གཅིག་ཡོད་ ཏེ་ ཨ་ནཱི་མར་ལས་འགྱིར་ འ་ནེ་སྦེ་འཛུལ་དགོ་པས་བ་ ཏེ་ འ་ནི་ཅིག་ རེ་ཚེ་ཡར་ལས་འཛུལ་ རེ་ཚེ་མར་ལས་འཛུལ་བཏུབ་པས་བ།
- པ་སངས་ཚེ་རིང་། Pasang Tsheringཏེ་ འ་ནཱི་འབད་ཞིན་ན་ ཏེ་ མར་ལས་སྦེ་ཡར་འཛེགས་ ཏེ་ ཐོག་གཅིག་དེ་ཅིག་ཡར་འཛེགས་འབད་ཏེ་ འ་ཡར་ནང་སྐོར་ནང་ལུ་ བྱ་ཁྱུང་གི་གནས་འདི་ འ་ཡར་ཁར་ལུ་ཨིན་ཟེར་ ཏེ་ འ་ནེ་སྦེ་བརྩིཝ་ཨིན་ ཏེ་ ད་འདི་ག་ར་གིས་ ད་ལྟོ་མཇལ་ས་ཡོད་ ཏེ་ སྒྲ་མ་ཉམས་འབྲུ་མ་ཉམས་པ་རང་ དེ་སྦེ་རང་ཡོད།
- པ་སངས་ཚེ་རིང་། Pasang Tsheringད་མ་པ་ནཱ་གི་འདི་ རོགས་རྒྱལ་རབས་ཀྱི་ ལྷ་ཁང་ཡང་ཨིན་ ཏེ་ད་ཏེ་ ཏེ་ རྒྱལ་རབས་ ཏེ་ རོགས་སྐུ་ཞོགས་འཇིགས་མེད་རྣམ་རྒྱལ་གྱི་སྐབས་ལུ་ ཏེ་ གནམ་མེད་ས་མེད་ནེམ་མཛད་གནང་ནུག་བ།
- པ་སངས་ཚེ་རིང་། Pasang Tsheringཏེ་ ཨ་ཡར་ལས་ཕར་ སྐུ་ཞོགས་འཇིགས་མེད་རྣམ་རྒྱལ་གྱི་ཨ་ནཱི་ ནེམ་ཡང་འདུག་ འབའ་ཅོག་ ཏེ་སྟག་བཟེ་ོ འབའ་ཅོག་རྣམ་རྒྱལ་གཟར་ཟེར་དེ་བསྒང་འབདཝ་ད་ ཆུ་ཅིག་ཡང་འདུག་བ་ ཏེ་ སྐམ་སོངཔ་མས་ད།
- པ་སངས་ཚེ་རིང་། Pasang Tsheringའ་ནཱི་ཚུ་ ཏེ་ ནཱ་ལུ་མནོ་མནོཝ་ཅིག་རང་བཞུགས་བཞུགསཔ་འོང་ནི་མས་ ཏེ་ མདའ་རྐྱབ་སའི་ཕྱག་མདའ་གནང་སའི་ འབའ་ཅོག་ཅིག་ཡང་འདུག
- པ་སངས་ཚེ་རིང་། Pasang Tsheringཏེ་ད་འབའ་ཅོག་འདི་ཡང་ མ་པ་ད་ ཚལ་མ་འབད་ཨིན་མས་ཨིན་ནི་འདི་ ཏེ་ དེ་ལས་ རྣམ་རྒྱལ་ས་ཟེར་མི་འདི་ཡང་ ཏེ་ ང་ནཱ་རྒས་ཤོས་ཚུ་ལུ་དྲི་ ཡར་བལྟ་བར་འགྱོ་འབདཝ་ད་ཨིན་མས་ ད་ཨ་ནཱི་དེ་བསྒང་ཆུ་འཐོན་ནུག་བ་ འ་ནཱ་ལས་ ཏེ་ རྣལ་རྒྱལ་གཟར་ཟེར་ ཏེ་འ་ནཱི་སྐུ་ཞོགས་ཁོ་ར་གི་མཚན་དང་ སྦྲགས་ཏེ་རང་ཨིན་མས་བ།
- པ་སངས་ཚེ་རིང་། Pasang Tsheringརྣམ་རྒྱལ་འབའ་ཅོག་ལོ་ རྣམ་རྒྱལ་གཟར་ལོ་ དེ་ལས་ཏེ་ ནཱ་ལྷ་ཁང་ནང་འབད་རུང་ ནེམ་ག་ཅི་ལོ་དུང་ རོལམོ་འ་ནཱི་ཚུ་ག་རང་རོགས་ སྐུ་ཞོགས་ཁོ་ར་གི་མཚན་ཁར་འདུག་བ།
- པ་སངས་ཚེ་རིང་། Pasang Tsheringཏེ་ འ་ནཱི་ཚུ་ག་ར་ཁོ་ར་གིས་ཕུལ་གནང་འབད་ ཏེ་ ནཱ་ལུ་ཨ་ཙི་སྒྲ་རྒྱས་ཏོག་ཏོ་འབད་མཛད་གནང་ནུག་བ་དེ་བསྒང་།