Video Overview
Sangshing Dorji from Phungsharang village in Pemagatshel district sings a song called "Gungnyen Tashi" (The Sky of Auspiciousness). It is a modern Boedra song, seemingly emerging in the 1960s. The lyrics refer to the noble rulers of Bhutan, in particular the monarch, as a wish fulfilling gem like a sun in the auspicious sky, or like the wind that destroys the clouds. It expresses gratitude towards the ruler of the country.
- Pemagatshel
- སངས་ཤིང་རྡོ་རྗེ་/ Sangshing Dorji:ཡ་ ལགས་སོ། ང་གིས་ གཅིག་ཞུ་ནི། ད་ལྟོ་ ང་ནཱ་ བདེ་ཆེན་གླིང་ ཕུང་ཤ་རང་ལས་ཨིན། ངེའི་མིང་ སངས་ཤིང་རྡོ་རྗེ་ཟེར་ སླབ་ཨིན།
- སངས་ཤིང་རྡོ་རྗེ་/ Sangshing Dorji:ང་ལོ་ ལྔ་བཅུ་ལྔ་བདུན་སོང་ཡི། ད་ལྟོ་ ང་གིས་ གཅིག་ཞུ་ནི། ད་ལྟོ་ དང་ཕུ་ ཆོས་བརྒྱུད་སྦེ་བ་ཅིན་ ང་བཅས་ཀྱི་ བདེ་ཆེན་གླིང་ལུ།
- སངས་ཤིང་རྡོ་རྗེ་/ Sangshing Dorji:དང་ཕུ་འབད་བ་ཅིན་ པད་གླིང་རྙིང་མ་ཨིན། ང་བཅས་ཀྱི་ ནཱ་ལུ་ ད་ལྟོ་ བླམ་གཅིག་ཡོད། འ་ཚེ་དབང་རྣམ་རྒྱས་ཟེར་ སླབ་ཨིན།
- སངས་ཤིང་རྡོ་རྗེ་/ Sangshing Dorji:ད་ ས་ཆགས་འདི་ མིར་གཱོན་ཟེར་ སླབ་ཨིན། མིར་གཱོན་དགོན་པ་ཟེར་ སླབ་ཨིན། མིར་གཱོན་བླ་མ་ཟེར་ ཞུཝ་ཨིན།
- སངས་ཤིང་རྡོ་རྗེ་/ Sangshing Dorji:མ་པ་ དང་ཕུ་ པད་གླིང་ཨིན། ད་ལྟོ་མར་ ང་ནཱ་ བླམ་ བར་མཚམས་བླ་མ་གཅིག་བྱོན་ཏེ།
- སངས་ཤིང་རྡོ་རྗེ་/ Sangshing Dorji:བར་མཚམས་བླམ་ལས་ ག་ར་ཆོས་ཞུ་ཏེ། ག་ར་དེ་ལས་མར་ གཏེར་གསར་ རྙིང་མ་གནང་ཡི། ཏེ་དེ་ལས་ ཆོས་དར་ཏེ་ ནཱ་བླམ་ཐུང་སྲིད་དང་ རྟེན་དབང་ཕྱུག་དང་ གཏོང་ཆུ་དང་།
- སངས་ཤིང་རྡོ་རྗེ་/ Sangshing Dorji:ཁོང་ཚུ་ལས་མར་ གཏེར་གསར་གནང་སྟེ་ བླམ་ བར་མཚམས་བླ་མ་གིས་གནང་སྟེ་ དེ་ལས་ སྐྱབས་རྗེ་གདུང་སྲིད་རིན་པོ་ཆེའི་ སློབ་མ་འབད་དེ་ བཀའ་རྟེན་ཏེ་ སྒོམ་ཆེན་འབད་ཕར་སོང་ ཕར་ལས་ཞུ་སྟེ
- སངས་ཤིང་རྡོ་རྗེ་/ Sangshing Dorji:དེ་ལས་བརྟེན་ ནཱ་ལུ་ཆོས་ གཏེར་གསར་ཨིན། ནཱ་ལུ་ དེ་ལས་ཏེ་ ད་ལྟོ་འདི་ དགའ་རབ་རིན་པོ་ཆེ་ལས་དང་ མཁན་རྩེ་རིན་པོ་ཆེ་ལ་སོགས་པ་ཚུ་ལས་ཞུ་སྟེ།
- སངས་ཤིང་རྡོ་རྗེ་/ Sangshing Dorji:འདི་བཟུམ་འབད་དེ་ ད་ལྟོ་འདི་ ང་བཅས་རའི་ ནཱ་འདི་ གཏེར་གསར་རྙིང་མ་གནང་དོ་ ང་བཅས་རའི་ནཱ་ལུ་ གཞན་ག་ཅི་ཡང་མེད་ ད་ལྟོ་འབད་བ་ཅིན་ ཁྲོས་ནག་འདི་གནང་དོ།
- སངས་ཤིང་རྡོ་རྗེ་/ Sangshing Dorji:དེ་ལས་ དེམ་ཅི་རང་ཨིན་ ད་ལྟོ་ ཧེ་མ་འདི་ པད་གླིང་སྡོད་འདུག། པད་གླིང་འདི་ ད་ལྟོ་མེད་
- སངས་ཤིང་རྡོ་རྗེ་/ Sangshing Dorji::ད་ལྟོ་ ལྷ་འདི། པད་གླིང་ར་གསོལ་དོ། ད་ལྟོ་ཡང་ ལྷ་འདི་ པད་གླིང་ཨིན། ཆོས་འདི་ གནམ་མེད་ས་མེད་ཅིག་ པད་གླིང་མེདཔ་སོང་ཡི། ད་ལྟོ་ ང་གིས་ འདི་བཟུམ་ཨིན་ལགས། ཧེ་མ་ ང་བཅས་ ནཱ་ལུ་ སོ་སོར་ག་ཅི་ཡང་མེད།
- སངས་ཤིང་རྡོ་རྗེ་/ Sangshing Dorji:གཞན་གྱི་ སླ་བསྲེ་ཀོ་བསྲེ་ག་ཅི་ཡང་མེད་པར་ གཞན་ག་ཅི་ཡང་མེད་པར་ འ་ནི་ ང་བཅས་ཀྱི ་དགའ་རབ་རིན་པོ་ཆེ་ མཁན་རྩེ་རིན་པོ་ཆེ་ སྐྱབས་རྗེ་གདུང་སྲིད་རིན་པོ་ཆེ་ཚུ་ལས་ སློབ་མ་ ལེ་ཤ་ཡོད།
- སངས་ཤིང་རྡོ་རྗེ་/ Sangshing Dorji:ལེ་ཤ་ཡོདཔ་ལས་ ཁོང་ཚུ་གིས་ འདི་ར་གནངམ་ཨིན་ཟེར་ ང་བཅས་ཚུ་ ང་གིས་དེམ་ཅིག་ ཞུ་ནི། ང་བཅས་ཀྱི་ ནཱ་བདེ་ཆེན་གླིང་ལུ་འདི་ལགས།