Skip to main content Skip to search
21 Jan 2016
25 min 30 sec
Video Overview
Creators: 
Sherig Dhentshog

A local man sings a very short song (only two verses of four lines each), called "Chungchung Phamai Kadrin" (Parents are grateful for the childhood). The singer claims it as his own song of sorrow. It expresses the sadness of growing up under parental care as a child and then having to work for others once an adult. The song speaks of how grateful parents are when one is still a small child.

 

༉  གློག་བརྙན་འདི་ནང་ ག་ཤ་རི་གཡུས་ཚན་ལས་ གཡུས་ཁའི་ཆོསཔ་རྒས་ཤོས་ཅིག་གིས་ ཁོ་རའི་སྐོར་ལས་ལོ་རྒྱུས་སླབ་དང་ཅིག་ཁར་ ཁོ་གི་གཡུས་ཁ་ལུ་དམ་པའི་ཆོས་ག་དེ་སྦེ་ཡོདཔ་ཨིན་ནའི་སྐོར་ལས་སླབ་ཨིན་པས། དེ་བསྒང་ ཁོ་ར་མཐའ་ཟུར་གྱི་གཡུས་ཚན་དེ་ནང་ ཤེས་ཡོན་སྦྱང་ནི་མེད་པར་ སྒོ་ནོར་སེམས་ཅན་དང་མཉམ་ཅིག་ག་དེ་སྦེ་སྦོམ་འགྱོ་ཡི་ག་དང་ ཤུལ་ལས་ ནང་པའི་ཤེས་ཡོན་འདི་ ག་དེ་སྦེ་སྦྱངས་ཚུགས་ཅི་གའི་སྐོར་ལས་བཤདཔ་ཨིན་པས། ཁོ་གིས་ ཁོ་རའི་ནང་པའི་ཤེས་ཡོན་གྱི་སྐོར་ལས་སླབ་ད་ ཁོ་གི་གཡུས་ཁར་ ནང་པའི་ཆོས་ཀྱི་ལམ་སྲོལ་ག་ཅི་ཟེར་མི་འདི་དར་ཁྱབ་འགྱོ་ཡི་ག་དང་ འདིའི་སྐོར་ལས་ལོ་རྒྱུས་དང་བཅསཔ་སྦེ་བཤད་ནི་འདུག བར་མཚམས་བླ་མ་ཟེར་མི་དེ་གིས་ ག་ཤ་རི་གཡུས་ཁ་ལུ་ དར་ཁྱབ་སོང་ཡོད་པའི་ནང་པའི་ཤེས་ཡོན་ཚུ་ག་དེ་སྦེ་གནང་ཡི་ག་ ཁ་གསལ་རྐྱབ་ཨིནམ་ད་ གློག་བརྙན་འདི་དང་འཁྲིལ་བ་ཅིན་ གཡུས་ཚན་དེ་ཁར་ ཤེས་རིག་གི་ལམ་ལུགས་དང་ནང་པའི་ཤེས་ཡོན་འགོ་ཐོག་བཙུགས་མི་འདི་ བར་མཚམས་བླ་མ་ཨིནམ་སྦེ་བཤདཔ་ཨིན་པས།

Transcript search
No results found for this search
0 of 0
  • པདྨ་དབང་འདུས་/ Pema Wangdi:
    ཡ་ ལགས་སོ་ ད་ལྟོ་ནཱ་ ནཱ་ སློབ་དཔོན་གྱིས་གོ་སྐབས་བཟང་པོ་ཅིག་གནང་ཡི་ འདི་བཟུམ་གནང་མི་ལུ་ གནམ་མེད་ས་མེད་བཀའ་དྲིན་ཆེ་ཟེར་ ང་བཅས་རའི་འབྲུག་མངའ་བདག་རྒྱལ་པོའི་བཀའ་དྲིན་གྱིས་ ནཱ་ལུ་ སློབ་དཔོན་ཕེབས་ཅི་ ནཱ་ལུ་ ཕེབས་སྦེ་ འདི་བཟུམ་གློག་བརྙན་ཅིག་སྟོན་ནི་གི་ བཙུགས་ནི་གི་ཅིག་གནང་ཡི་ གནམ་མེད་ས་མེད་གོ་སྐབས་གནང་མི་ལུ་ བཀའ་དྲིན་ཆེ།
  • པདྨ་དབང་འདུས་/ Pema Wangdi:
    ད་ལྟོ་ ག་ཤ་རི་ ཨ་རྒས་མཚམས་པ་ པདྨ་དབང་འདུས་ཀྱིས་འབད་ ཨ་ཙི་ཅིག་ཞུ་དོ་ ཧེ་མ་དཀའཝ་སྤྱད་པའི་ཡར་ལྟ་ དམ་པའི་ཆོས་ལུ་འགྱོ་འགྱོཝ་ཅིག་ ཞུ་ནི་ཟེར་མནོ་ཡོད་ལགས། འ་ནཱི་ག་ཅི་སྨོ་ཟེར་བ་ཅིན་ དང་ཕུ་ དང་པ་རང་ ང་བཅས་ཀྱི་ནཱ་ ག་ཤ་རི་གཡུས་ཚན་ལུ་ གནམ་མེད་ས་མེད་ཡར་རྒྱས་མ་འགྱོ་བའི་གཡུས་མཐའ་འཁོབ་ཨིན།
    གཡུས་མཐའ་ཁོབ་ལུ་ ཏེ་ སྒོམ་ཆེན་ཟེར་ཡང་མ་སྡོད་ ལེ་ཤ་མེད་ དང་ཕུ་ ཏེ་ འ་ནཱི་བཟུམ་ལཱ་ཡང་ གཙང་སྦྲ་ཡང་ ག་ཅི་གཙང་སྦྲ་འཕྲོད་བསྟེན་ཡང་མེད་པར་ སྤྱང་ཀ་ལས་སྤྱང་ཀ་ཨིན། འ་ནཱ་ལུ་གཙང་སྦྲ་ག་ཅི་ཡང་མེད་པར་ ཕགཔ་གི་ཨ་བ་དང་ བྱའི་ཨ་བ་ནང་ལུ་སྡོད་ཅི། འདི་གི་ནང་རྟེན་ཉིད་ལས་ སྡོད་སྡོདཔ་ལས་ ཆབ་གསང་ཡང་ ག་ཅི་ཡང་མེད་ འ་ནཱི་ ཚལ་མ་ནང་ན་བཏང་དེས་ བཙོག་པ་ཡོད་པའི་ནང་ལས་ ཚོགས་བསགས་ སྒྲིབ་བྱང་མེད་ ཚོགས་བསགས་པའི་ ཕྱུགཔོ་མེད་པར་ སྤྱང་ཀ་ཙང་ཙ་སྡོད་ཡི་ འདི་ལས་ཡར་ལྟ་ ཀེ་བ་ [ཕཱན་ཏང་?] ཟ་སྟེ་ འ་ནཱི་སྦེ་སྡོད་དེ་ སྦོམ་འགྱོ་ཡི།
  • པདྨ་དབང་འདུས་/ Pema Wangdi:
    ང་བཅས་ནཱ་མི་སེར་ག་ར་ དེ་སྦེ་སྦོམ་འགྱོ་སྟེ་ དེ་ལས་ དང་པ་རང་ ནཱ་ང་བཅས་ཚུ་ ཆོས་ལུ་འགྱོ་ནི་གི་ལམ་འགྲོ་ བར་མཚམས་ བར་མཚམས་བླ་མ་གཅིག་བྱོན་ཡི་ཡར་ལས་མར་ བར་མཚམས་བླ་མ་བྱོན་ཞིནམ་ལས་ཡར་ ནཱ་ལུ་ ག་དེ་སྦེ་སྨོ་ཟེར་བ་ཅིན་ བར་མཚམས་བླ་མ་གིས་ ནཱ་ལུ་ ང་བཅས་ནཱ་མཐོང་སར་ཟེར་མི་ལུ་ ཕར་ལུ་ཞབས་ཀྱིས་བཅགས་ཏེ་ ཕར་ལུ་ལོ་ལྔ་ཙམ་ཅིག་བཞུགས་ཅི།
  • པདྨ་དབང་འདུས་/ Pema Wangdi:
    དེ་ལས་ཡར་ལྟ་སྟེ་ ནཱ་ལུ་ ང་བཅས་སློབ་མ་ ང་བཅས་རེམ་གཉིསམ་འཛུལ་ཏེ་ ཕར་ མི་སེར་ཚུ་ཡང་ དེ་སྦེ་སྡོདཔ་ད་མི་བཏུབ་ཟེར་ ཁྱེད་མི་སེར་ཡང་ ཉམ་ཆུང་ལས་ཉམ་ཆུང་ སྤྱང་ཀ་ཨིན་མས། འ་ནཱི་འདི་ལེགས་ཤོམ་ཅིག་མིན་འདུག་ཟེར་ ཁྱེད་ཚུ་ཡང་ཟེར་ ང་བཅས་ཚུ་ ཕོ་རྒྱ་འབད་རུང་ ཕོ་རྒྱ་གིས་ཡང་ སྟབས་ལེགས་ཤོམ་མ་སྡོད་པས་ ཨོལ་ལྐོག་གུ་རྒྱན་ཆ་བཏགས་ནུག ཕྱེངམ་བཏགས་ནུག་ འ་ནཱི་ཕུད་ཟེར།
  • པདྨ་དབང་འདུས་/ Pema Wangdi:
    དེ་ལས་ཨ་ནཱ་ལས་ ད་ལྟོ་ཨམ་སྲུ་རང་ཨིན་རུང་ སྐྱ་འ་ནཱི་བཟུམ་ དེམ་ཅི་བཞག་ནུག འདི་མིན་ཟེར་ བཏོག་སྟེ་་འདི་བཟུམ་འབད་དེ་ ང་བཅས་སྒོམ་ཆེན་ཚུ་འབད་རུང་ ཁྱེད་སྒོམ་ཆེན་ཚུ་ དེ་སྦེ་འབད་དགོ་ བཏུབ་ཟེར་ དཔེ་ཆ་ལྷབ་དགོ་ཟེར་ འ་ནཱི་བཟུམ་སྦེ་གསུངས་ཏེ་ ང་བཅས་ ཧེ་མ་ འ་ནཱི་བཟུམ་འབདཝ་ལས་ ནཱ་ ང་བཅས་སྒོམ་ཆེན་ཚུ་ག་ར་ འདི་ལས་ཡར་ལྟ་ སྒོམ་ཆེན་ཡང་འཛུལ་ཡི་ རེ་རེ་གཉིས་གཉིས་འཛུལ་ཏེ།
  • པདྨ་དབང་འདུས་/ Pema Wangdi:
    ད་ལྟོ་ འ་ནཱི་ ད་ཚུན་བར་དུ་ལུ་ ཨ་ཙི་རེ་ མ་ཎི་བགྱང་ཤེས་མི་དང་ ཆོས་འབད་ཤེས་མི་ བཛྲ་གུ་རུ་བགྱང་ཤེས་མི་འདི་ འ་ནཱི་ཚུ་ མཚམས་བཅད་མི་ཚུ་ཡང་ བར་མཚམས་བླ་མ་གི་བཀའ་དྲིན་ཨིན། དེ་ལས་ཡར་ང་བཅས་ཚུ་ག་ར་སྡོད་ཅི་ཟེར། ད་ལྟོ་ ཁོང་འ་ནཱི་སྦེ་སྡོད་ཅི། འ་ནཱ་ལས་ང་ཡང་ ཧེ་མ་འདི་ མི་གནགཔ་ ཨ་པ་འདིན་ ང་ ཞག་བདུན་ལུ་རང་ ཤི་སོངཔ་ཨིན་པས། ཨ་མ་འདིན་ ང་བར་མཚམས་ལུ་འགྱོ་སྡོདཔ་ད་ ཤི་སོ་ཡི་ཟེར་ དེ་འབདཝ་ལས་ ང་སྤྱང་ཀ་ཨིན།
  • པདྨ་དབང་འདུས་/ Pema Wangdi:
    དེ་ལས་ ང་གིས་ ཆོས་ཨ་ཙི་རེ་ མ་ཎི་རེ་ ཡར་བླ་མ་ལས་ ཀ་ཁ་ག་ང་ ལྷབ་པར་འགྱོ་སྟེ་ ཨ་ནི་སྦེ་སྡོད་ཅི་ཟེར་ ཨ་ནཱི་སྦེ་འགྱོཝ་ད་ལུ་ བླ་མ་འབད་སར་སྡོད་དེ་ ང་གིས་ བླ་མ་དང་པ་རང་ ང་གི་ཀ་སྟོན་པའི་བླ་མ་འདི་ བར་མཚམས་རིན་པོ་ཆེ་ཨིན། དབང་ལུང་ཁྲིད་གནང་སྟེ།
  • པདྨ་དབང་འདུས་/ Pema Wangdi:
    འ་ནཱི་ཡོན་ཏན་ ཀུན་རྫོབ་ལག་ལེན་གནང་མི་ བར་མཚམས་རིན་པོ་ཆེ་ཨིན་ཟེར་ བར་མཚམས་རིན་པོ་ཆེ་གིས་ ཤུལ་ལས་ དེ་ལས་འ་ནཱ་ལས་ ང་བཅས་ར་ བར་མཚམས་རིན་པོ་ཆེ་གིས་ འ་ནིམ་ཅིག་བཟོ་ཞིནམ་ལས་ ང་བཅས་ ཀུན་རྫོབ་ལག་ལེན་དང་ ཆོ་ག་ཕྱག་ལེན་ ཕར་ལས་ལྷབ་སྦེ་ སྡོད་ཡི་ཟེར།
  • པདྨ་དབང་འདུས་/ Pema Wangdi:
    དེ་གི་ནང་རྟེན་༼དོན༽ཉིད་ལས་ བར་མཚམས་བླ་མ་གི་ཤུལ་ལས་ ཨ་ནཱ་ལས་ ང་བཅས་ར་ ཡར་ཀང་ལུང་རིན་པོ་ཆེ་ལུ་འགྱོ་ཡི་ ཀང་ལུང་རིན་པོ་ཆེ་ལུ་ ང་བཅས་རའི་ པད་གླིང་ཡོངས་རྫོགས་ཀྱི་དབང་ ཟླཝ་གསུམ་ ཡར་ ཡོངས་ཕུ་ལ་ལུ་ཞུ་ཡི་ ཀང་ལུང་རིན་པོ་ཆེ་ཟེར་སླབ་མི་ བླ་མ་དཀར་པོ་ཟེར་སླབ་འོང་ འ་ནཱི་བླ་མ་དཀར་པོ་ལས་ཞུ་ཡི།
  • པདྨ་དབང་འདུས་/ Pema Wangdi:
    འ་ནཱི་བླ་མ་དཀར་པོ་ལས་ དེ་སྦེ་ཞུ་ ཞུ་ཚར་ཏེ་ དེ་ལས་འ་ནཱ་ལས་ ཏེ་ད་ལྟོ་ ང་བཅས་རའི་ ར་ཧུ་ལ་བླ་མ་ཟེར་མི་གཅིག་ སྐྱབས་རྗེ་ རིན་པོ་ཆེ་གི་སློབ་མ་ ཨང་ ཨང་གཉིས་པ་གི་ ཨང་གསུམ་པ་གི་ ར་ཧུ་ལ་རིན་པོ་ཆེ་ཟེར་མི་བྱོན་ཏེ་འདུག་ ར་ཧུ་ལ་རིན་པོ་ཆེ་ཟེར་སླབ་ས་ལས་ ང་བཅས་སྒོམ་ཆེན་ ཕར་ལས་བཙར་ཏེ་ ཕར་ལས་མཚམས་རིམ་བཅད་དེ་ འཕོ་བ་སྦྱངས་ཏེ་ སྒོམ་མཉམ་ལེན་འབད་དེ་ སྒྲུབ་པ་འབད་དེ་ ཕར་ལས་ཞུ་ཡི་ཟེར།
  • པདྨ་དབང་འདུས་/ Pema Wangdi:
    ང་གི་ རྩ་བའི་བླ་མ་འདི་ རྐང་གྲངས་ཨ་ནཱི་གིས་ གསུམ་ཨིན་ཟེར་ འདི་ལུ་ཞུ་ཡི་ ཨང་གྲངས་ ད་ལྟོ་གསུམ་ལུ་ལྷོདཔ་ད་ ད་ལྟོ་ མཐོན་ཕུ་བླ་མ་ཟེར་མི་ཅིག་བྱོན་ཡི་ བླ་མ་རིན་ཆེན་ཨིན། འ་ནཱི་ལས་རྩ་རླུང་འཕྲུལ་འཁོར་དང་ འཁོར་འདས་རུ་ཤན་ ཀུན་བཟང་ལག་ལེན་ཡང་ ཕར་ལས་ ང་བཅས་ཆ་ཁྱབ་ག་ར་ ཕར་ལས་ལྷབ་ཅི་ ང་གི་རྩ་བའི་བླ་མ་འ་ནཱི་ཨིན་ཟེར།
  • པདྨ་དབང་འདུས་/ Pema Wangdi:
    དེ་གི་ནང་རྟེན(དོན)་ཉིད་ལས་ཡང་ དབང་ལུང་ ད་ལྟོ་ ཨང་བཞི་པ་ལུ་ལྷོདཔ་ད་འདི་ དབང་ལུང་འདི་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ཟེར་མི་འདི་ ཡར་ ང་བཅས་ར་ ཡོངས་ལ་དགོན་པ་ལུ་ཕེབས་ཅི་ཟེར་ སྐྱབས་རྗེ་རིན་པོ་ཆེ་ ཡོངས་ལ་དགོན་པ་ལུ་ ཕར་ཕེབས་ཏེ་བཞུགསཔ་ད་ལུ་ ཕར་ལུ་ དབང་ གཏེར་མཛོད་ཡོངས་རྫོགས་དང་ པད་གླིང་ཡོངས་རྫོགས་ ཕུར་པ་གནམ་ལྕགས་སྤུ་གྲི་ འ་ནཱི་གི་དབང་ལུང་ ཕར་ལས་ ང་བཅས་ཟླཝ་གཅིག་ལྷག་ཙམ་ཕར་ལས་ཞུ་ཡི་ ཡོངས་ལ་དགོན་པ་ལུ།
  • པདྨ་དབང་འདུས་/ Pema Wangdi:
    ཡོངས་ལ་དགོན་པ་ལུ་ ཏེ་ཡར་ ས་གོ་ལུ་མ་ཤོངམ་ལས་ ཧེ་མ་ཁི་དུང་ཟེར་སླབ་འོང་ ང་བཅས་ཀྱི་པདྨ་དགའ་ཚལ་ལུ་ པདྨ་དགའ་ཚལ་མི་སླབ་ ཧེ་མ་ཁི་དུང་ཟེར་སླབ་དེས་ འ་ནཱི་རྫོང་གི་ ས་གོ་ལུ་མ་ཤོང་པར་ ཕར་ལུ་སོང་སྟེ་ཞུ་ཡི་ཟེར། ཕར་ལུ་ཞུཝ་ད་ སྐྱབས་རྗེ་རིན་པོ་ཆེ་གིས་གསུང་ཡི་ ཨོམ་ ཁི་དུང་ཟེར་མ་སླབ་ འ་ནཱི་མིང་ དེ་སྦེ་མ་ཞུ་ ད་ལྟོ་པདྨ་ སེམས་དགའཝ་ཨིན་མས་ པདྨ་དགའ་ཚལ་ཟེར་ རིན་པོ་ཆེ་གིས་བཏགས་ཅི། འ་ནཱི་ལས་ ང་བཅས་ དབང་ལུང་ཡོངས་རྫོགས་ཕར་ལུ་ཞུ་ཡི།
  • པདྨ་དབང་འདུས་/ Pema Wangdi:
    སྐྱབས་རྗེ་རིན་པོ་ཆེ་ འ་ནཱ་ལས་ ད་རུང་ ནེ་པཱལ་ལུ་ ཕར་ལུ་ ཀཱཌ་མཱན་གྲུ་ ནེ་པཱལ་ལུ་འགྱོ་སྦེ་ དབང་ ལུང་ ཁྲིད་ ག་ར་ཕར་འགྱོ་སྦེ་ཞུ་ཡི་ཟེར་ ང་གི་རྩ་བའི་བླ་མ་ ཨང་བཞི་པ་ཨིན་ཟེར། ཨང་ལྔ་པ་ཟེརཝ་ད་འདི་ ད་ལྟོ་ ད་ལྟོ་ ཨ་ ཨ་ ང་ ང་གི་ལྗགས་ལུང་གནང་མི་འདི་ ག་སྨོ་ཟེར་བ་ཅིན་ དབང་གི་ལྗགས་ལུང་གནང་མི་འདི་ སྨྱོ་ཤུལ་མཁན་པོ་རིན་པོ་ཆེ་ཨིན་ཟེར་ ཡོངས་ལ་དགོན་པ་དང་པདྨ་དགའ་ཚལ་ལུ་ དབང་ལུང་ ཡོངས་རྫོགས་ཀྱི་ལུང་ ལྗགས་ལུང་ཞུ་མི་འདི་ གནང་མི་འདི་ སྨྱོ་ཤུལ་མཁན་པོ་རིན་པོ་ཆེ་ཨིན་ དེ་ལས་ཞུ་ཞུཝ་ཨིན་ཟེར།
  • པདྨ་དབང་འདུས་/ Pema Wangdi:
    དེ་ལས་ ཨང་དྲུག་པ་ལུ་ལྷོདཔ་ད་འདི་ རིན་ཆེན་གཏེར་མཛོད་དང་རྙིང་མ་གི་ཡོངས་རྫོགས་སྦེ་རང་གནང་མི་འདི་ སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་ཨིན་ གཏེར་མཛོད་ཡོངས་རྫོགས་ཀྱི་ ཏ་ལི་གྲྭ་ཚང་ལུ་ དགེ་ལེགས་ཕུ་ལུ་ ཟླཝ་དྲུག་ཞུ་ཡི་ འ་ནཱ་ལུ་ ང་བཅས་རའི་བསམ་གྲུབ་ལྗོངས་མཁར་ལུ་ ཕུར་པ་སྒྱུ་ལུས་ཀྱི་དབང་ ཟླཝ་ ཟླཝ་གཅིག་ཞུ་ཡི།
  • པདྨ་དབང་འདུས་/ Pema Wangdi:
    དེ་ལས་འ་ནཱ་ལས་ སྐྱབས་རྗེ་རྡོ་གྲུབ་ལས་ ད་ལྟོ་གཏེར་མཛོད་ཡོངས་རྫོགས་དང་འདི་ཚུ་ཞུ་ ད་ལྟོ་ ཕར་ སྐྱབས་རྗེ་ཁོ་ར་གི་ ཕར་གཟིམ་ཅུང་ནང་འགྱོ་ཞིནམ་ལས་ ཕར་ལུ་ལེ་ཤ་ཞུ་ཡི་ སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་ ཨང་དྲུག་པ་ ངའི་རྩ་བའི་བླ་མ་ཨིན་ཟེར།
  • པདྨ་དབང་འདུས་/ Pema Wangdi:
    ཨང་བདུན་པ་ལྷོདཔ་ད་འདི་ ཨང་བདུན་པ་ རྫོགས་ རྫོགས་རིམ་དང་ འཛམ་གླིང་རྒྱལ་ཁབ་ཀྱི་ ཆོས་གནང་མི་འདི་ ངའི་རྩ་བའི་བླ་མ་ ཨང་བདུན་པ་ལྷོདཔ་ད་ སྐྱབས་རྗེ་བདུད་འཇོམས་ སྐྱབས་རྗེ་མཁྱེན་བརྩེ་སྐུ་བགྲེས་རིན་པོ་ཆེ་ཨིན། སྐྱབས་རྗེ་གདུང་སྲས་ སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་ཨིན།
  • པདྨ་དབང་འདུས་/ Pema Wangdi:
    མཁར་པཱན་དྲི་ལུ་གནང་གནངམ་ཨིན། ཟླཝ་བརྒྱད་གནང་ཡི་ཟེར་ རྒྱལ་ཁབ་འཛམ་བུ་གླིང་གི་ཆོས་ དེ་བཟུམ་ཅིག་ག་ཏེ་ལུ་ཡང་མ་གནང་ཟེར་ འ་ནཱ་ལུ་ བླ་མ་ཚུ་ ག་ར་ བླ་མ་ཁྲི་ཁར་ གོ་སར་ཡོད་མི་ཙང་ཙ་རང་ བདུན་ཅུ་དོན་ལྔ་བཞུགས་ནུག བླ་མ་ཙང་ཙ་རང་ ཁྲི་ཁར་བཞུགས་མི་རང་། སྐྱབས་རྗེ་བདུད་འཇོམས་མཁྱེན་བརྩེ་གིས་ཟླཝ་བརྒྱད་གནང་ཡི་ཟེར།
  • པདྨ་དབང་འདུས་/ Pema Wangdi:
    དེ་ནང་ ཡོངས་རྫོགས་འདི་ དབང་ ལུང་ ཁྲིད་ ག་ར་ མན་ངག་ གདམས་ངག་མཛོད་ག་ར་ ཕར་ལུ་ཞུ་ཡི། དེ་ལས་ དེ་ནང་ཞུ་ དེ་ནང་ད་རུང་ ང་བཅས་རའི་ ཐོས་གྲོལ་ཆེན་མོ་གི་ལུང་ཞུ་མི་དང་ ངོ་སྤྲོད་ [ཚེ་སྲོག་ནས་སྡོམས་?]དང་ ཐོས་གྲོལ་ཆེན་མོའི་ དེ་ལས་ འ་ནཱ་ ངོ་སྤྲོད་གནང་མི་ རིག་པ་གཅེར་མཐོང་གི་ངོ་སྤྲོད་གནང་མི་ ག་སྨོ་ཟེར་བ་ཅིན་ རྟོགས་ལྡན་ཤཱཀྱ་ཤེས་རིགས་ཀྱི་ སྲས་མོ་ ནམ་མཁའ་སྒྲོན་མེའི་སྤྲུལ་སྐུ་རིན་པོ་ཆེ་ལས་ ཕར་ལས་ཞུ་ཡི་ མན་ངག་ག་ར་ ཕར་ལས་ཞུ་ཡི།
  • པདྨ་དབང་འདུས་/ Pema Wangdi:
    དེ་ལས་ ད་ལྟོ་ འཕོ་བ་སྦྱང་ཐབས་ཀྱི་ འ་ནཱི་གཉིས་འདི་ རྐང་གྲངས་མེདཔ་སྦེ་ ད་ལྟོ་ འཕོ་བ་སྦྱང་ཐབས་འདི་ ཡར་བོད་ལས་མར་ བྱོན་མི་ འགྲོ་མགོན་སྐྱབས་མགོན་རིན་པོ་ཆེ་བྱོན་མི་དེ་ལས་ འཕོ་བ་སྦྱང་ཐབས་ ཚར་ལྔ་ ཕར་ལས་ཞུ་ཡི།
  • པདྨ་དབང་འདུས་/ Pema Wangdi:
    ཏེ་ ང་གི་རྩ་བ་བླ་མ་ཨིན་ འ་ནཱི་ཡང་ དེ་ལས་ ད་ལྟོ་ ཨང་ ཨང་བརྒྱད་པ་ལུ་ལྷོདཔ་ད་ རྙིང་མའི་དབང་ལུང་གནང་མི་འདི་ བླ་མ་བསོད་ནམས་བཟང་པོ་ཨིན་ད་རུང་ བླ་མ་བསོད་ནམས་བཟང་པོ་ཡང་ ང་གི་རྩ་བའི་བླ་མ་ཨིན་ ཁོ་ལས་དབང་ཡང་ཞུ་ཡི་ཟེར།
  • པདྨ་དབང་འདུས་/ Pema Wangdi:
    ཏེ་ ད་ལྟོ་ ག་ཏེ་ལུ་ཞུ་ཡི་ག་ ཟེར་བ་ཅིན་ ཕར་ ང་བཅས་རའི་ ང་བཅས་ཀྱིས་ ཧེ་མ་ ཀུ་ལི་ཀ་ཊ་ཀྲ་ཟེར་སླབ་འོང་ ད་ལྟོ་འདི་ ཆོས་འཁོར་གླིང་ཨིན་ ཆོས་འཁོར་གླིང་ལུ་ཞུ་ཡི་ ཕར་ དོང་དོང་མ་ཟེར་ཡོད་ སྐྱབས་རྗེ་གདུང་སྲས་རིན་པོ་ཆེ་ མེས་མེས་བླ་མ་བསོད་ནམས་བཟང་པོའི་གཟིམ་ཅུང་ ཕར་ལུ་ཡོད་ལྷ་ཁང་ དེ་ནང་ཞུ་ཡི།
  • པདྨ་དབང་འདུས་/ Pema Wangdi:
    དེ་ལས་ དེ་ནང་ ད་ལྟོ་ གནམ་ཆོས་ ཨང་དགུ་པ་ལུ་ལྷོདཔ་ད་ གནམ་ཆོས་གནང་མི་འདི་ ཡ་ མེ་སོར་གྱི་བླ་མ་གྲུབ་དབང་པད་ནོར་རིན་པོ་ཆེ་ཨིན་ཟེར་ གནམ་ཆོས་འདི་ ཡོངས་རྫོགས་ ནཱ་ མཁར་ ཕུན་ཚོགས་གླིང་མཁར་པཱན་དྲི་ལུ་ཞུ་ཡི་ མཁར་པཱན་དྲི་མེད་པར་ མར་ ནོར་རྒྱལ་ལུ་ཞུ་ཡི་ཟེར།
  • པདྨ་དབང་འདུས་/ Pema Wangdi:
    ནོར་རྒྱལ་ལུ་ཞུ་ཡི་ དེ་ལས་ གྲུབ་དབང་པད་ནོར་རིན་པོ་ཆེ་ བུམ་ཐང་ལུ་ རྙིང་མ་ཡོངས་རྫོགས་ཀྱི་ བཀའ་མ་དང་ རྙིང་ཐིག་ཡ་བཞི་ ཕར་ལུ་ ནུབ་མོ་ ཟླཝ་གཅིག་ ཕར་ལུ་ཞུ་ཡི། འདི་གི་སྦྱིན་བདག་ག་སྨོ་ཟེར་བ་ཅིན་ གངས་སྟོད་སྤྲུལ་སྐུ་རིན་པོ་ཆེ་དང་ ཨ་ཞེ་ ཨ་ཞེས་རྒྱལ་ཡུམ་སྐུ་བགྲེས་བཞུགས་ཏེ་ སྡོད་ནུག་ ཕར་ལུ་ ང་བཅས་ཕར་ལས་ཞུ་ཡི་ ང་གི་རྩ་བའི་བླ་མ་ཨིན།
  • པདྨ་དབང་འདུས་/ Pema Wangdi:
    ཨང་བཅུ་ཐམ་ལུ་ལྷོདཔ་ད་འདི་ བུམ་ཐང་གི་ ཐུགས་སྲས་རིན་པོ་ཆེ་དང་ གངས་སྟོད་རིན་པོ་ཆེ་ གསུང་སྤྲུལ་རིན་པོ་ཆེ་གསུམ་འདི་ ཕར་ལུ་ ང་བཅས་བུམ་ཐང་ལུ་ སྨོན་ལམ་ཆེན་མོ་ལུ་ ཚར་གཉིས་གསུམ་འགྱོ་སྦེ་ ཕར་ཡང་རྩ་བའི་བླ་མ་ཨིན། ཕར་ལས་ཞུ་ཡི།
  • པདྨ་དབང་འདུས་/ Pema Wangdi:
    དེ་ལས་ ད་ལྟོ་ ཨང་བཅུ་གཅིག་ལུ་ལྷོདཔ་ད་ལུ་ ཀ་སྤུངས་ ཀ་ལིང་སྤུངས་ཀྱི་བླ་མ་འཆི་མེད་འདི་ མན་ངག་ཡོངས་རྫོགས་ སྒོམ་མཉམ་ལེན་དང་ མན་ངག་གི་ངོ་སྤྲོད་ག་ར་ཕར་ལས་ བླ་མ་འཆི་མེད་ཨིན་ རྩ་བའི་བླ་མ་ ཨང་བཅུ་གཅིག་ལུ་ལྷོདཔ་ད།
  • པདྨ་དབང་འདུས་/ Pema Wangdi:
    འ་ནཱི་འདི་ ང་ འ་ནཱ་ལུ་རྩ་འགེངས་ཏེ་ ང་བཅས་ག་ར་ དེ་བསྒང་ཞུ་ཡི་ དེ་ལས་ ད་ལྟོ་ ཨང་བཅུ་གཉིས་ལུ་ལྷོདཔ་ད་ ཀ་སྤུངས་སྦྱང་ས་དགོན་པ་གི་བླ་མ་ ཀློང་གྲོལ་གྱིས་ མཛོད་བདུན་ཁྲིད་དང་ མཛོད་བདུན་གྱི་ལུང་དང་ འདི་ཚུ་ག་ར་ ཕར་ལུ་ཞུ་ཡི་ བླ་མ་ བླ་མ་ཀློང་གྲོལ་ཟེར་ སླབ་འོང་།
  • པདྨ་དབང་འདུས་/ Pema Wangdi:
    རྐང་བཅུ་གསུམ་ལུ་ལྷོདཔ་ད་ལུ་ བཅུ་གསུམ་ལུ་ སྐྱབས་རྗེ་གདུངསྲས་རིན་པོ་ཆེ་ འཕྲིན་ལས་ནོར་བུ་འདི་ ང་རའི་རྩ་བའི་བླ་མ་ མན་ངག་ལུ་བརྟེན་ཏེ་ གདམས་ངག་ལུ་བརྟེན་ཏེ་ ངོ་སྤྲོད་ཤུགས་ ངོ་སྤྲོད་ཆེན་མོ་གནང་མི་ སྐྱབས་རྗེ་གདུངསྲས་རིན་པོ་ཆེ་ཨིན་ དབང་ལུང་ལེ་ཤ་ ང་བཅས་རའི་བདེ་ཆེན་གླིང་ལུ་ཞུ་ཡི་ ག་ཏེ་ལུ་ཡང་ལེ་ཤ་ཞུ་ཡི་ རྩ་བའི་བླ་མ་ མན་ངག་འདི་ གྲོས་ཐག་ ཐག་ཆོད་བཅད་མི་འདི་ [འཇིགས་མེད་རྩ་གྲོལ་?]ཧ་གོ་མི་འདི་ སྐྱབས་རྗེ་གདུང་སྲས་རིན་པོ་ཆེ་ཨིན།
  • པདྨ་དབང་འདུས་/ Pema Wangdi:
    ཨང་གྲངས་བཅུ་བཞི་ལྷོདཔ་ད་འདི་ སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་ བདུད་འཇོམས་གཏེར་གསར་གྱི་ གཏེར་མཛོད་ དབང་ག་ར་ ང་བཅས་ བསམ་སྒྲུབ་ལྗོངས་མཁར་ལུ་ གཏེར་བཛོད་དབང་ དེ་ལས་ ཡར་ལུ་ སྐྱབས་རྗེ་ ང་བཅས་རའི་ འགྲོ་འདུལ་གླིང་ འགྲོ་འདུལ་ ཡར་ འ་ནཱི་ང་བཅས་རའི་དབང་གར་ ཡར་ བར་མཚམས་ལུ་ ཏེ་ གསུང་འབུམ་ག་ར་ ཕར་ལུ་ཞུ་ཡི།
  • པདྨ་དབང་འདུས་/ Pema Wangdi:
    ལོ་གཉིས་ ཕར་ ལོག་ལོག་འགྱོ་སྦེ་ ཟླཝ་རེ་ཟླཝ་རེ་ཞུ་ཡི་ སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་ཨིན་ ང་གི་རྩ་བའི་བླ་མ། རྐང་བཅུ་བཞི་ལུ་ བཅོ་ལྔ་ལུ་ལྷོདཔ་ད་ སྐྱབས་རྗེ་དགའ་རབ་རིན་པོ་ཆེ་ ཁྲོས་མ་ལུ་ ཏེ་ ཡོད་ན་མེད་ན་ ཉམས་སུ་བླངས་ཏེ་ ཁྲོས་མ་ལུ་ཞུ་མི་འདི་ སྐྱབས་རྗེ་དགའ་རབ་རིན་པོ་ཆེ་ཨིན་ ང་གི་རྩ་བའི་བླ་མ།
  • པདྨ་དབང་འདུས་/ Pema Wangdi:
    རྐང་བཅུ་དྲུག་པ་ལྷོདཔ་ད་ལུ་ བཀའ་མ་ཡོངས་རྫོགས་ལུ་མན་ངག་གནང་མི་འདི་ བླ་མ་ནམ་མཁའི་སྙིང་པོ་ཨིན་ བཀའ་མ་ཡོངས་རྫོགས་ ལོག་ལོག་སྟེ་རང་ ང་བཅས་ནཱ་ ཕུན་ཚོགས་གླིང་ལུ་ ཡར་ ཨང་དང་པ་རང་ ནམ་མཁའི་སྙིང་པོ་ལས་ ང་བཅས་རའི་ བཀའ་འགྱུར་ བསྟན་འགྱུར་གྱི་ལུང་ ཡར་ ཀང་ལུང་ ཀང་ལུང་ཟངས་མདོག་དཔལ་རི་ལུ་ མར་ལུ་ཞུ་ཡི་ཟེར་ ནམ་མཁའི་སྙིང་པོ་ལས།
  • པདྨ་དབང་འདུས་/ Pema Wangdi:
    བཀའ་མ་ཡོངས་རྫོགས་འདི་ ང་བཅས་རའི་ དགེ་ལེགས་ཕུ་ལུ་ཞུ་ཡི་ ཡོངས་རྫོགས་སྦེ་ནཱ་ ནམ་མཁའི་སྙིང་པོ་ཨིན་ ང་གི་རྩ་བའི་བླ་མ། རྐང་གྲངས་བཅུ་བདུན་ལུ་ལྷོདཔ་ད་ འཕོ་བ་དང་ ལུང་ ཁྲིད་ག་ར་ འགྲོ་མགོན་སྐྱབས་མགོན་རིན་པོ་ཆེ་ ད་ཅི་ཞུ་མི་ ནཱ་ལུ་འདུག་ ད་རུང་ལོག་སྟེ་ འགྲོ་མགོན་སྐྱབས་མགོན་ཨིན་ཟེར།
  • པདྨ་དབང་འདུས་/ Pema Wangdi:
    འཕོ་བ་གི་ཡོད་ན་མེད་ན་ ང་བཅས་ ལུང་མཐར་འཁོལ་མི་འདི་ འགྲོ་མགོན་སྐྱབས་མགོན་རིན་པོ་ཆེ་ཨིན་བོད་ཀྱི་ དེ་ལས་ རྐང་བཅོ་བརྒྱད་ལུ་ལྷོདཔ་ད་ ཐོས་གྲོལ་ཆེན་མོའི་ལུང་དང་ ངོ་སྤྲོད་གནང་མི་འདི་ ནམ་མཁའ་སྒྲོན་མེ་ཨིན་ རྐང་བཅོ་བརྒྱད་ལུ་ ནམ་མཁའ་སྒྲོན་མེ་ རྟོགས་ལྡན་ཤཱཀྱ་ཤྲཱི་གི་སྲས་མོ་ ནམ་མཁའ་སྒྲོན་མེ་རིན་པོ་ཆེ་ལས་ཞུ་ཡི།
  • པདྨ་དབང་འདུས་/ Pema Wangdi:
    ཚིག་གསུམ་གནད་གྲོལ་དང་ རིག་པའི་གཅེར་མཐོང་ རྫོགས་ཆེན་ག་ར་ ཕར་ལས་ཞུ་ཡི་ཟེར་ ཟླཝ་གཉིས་དེ་ཅིག་ཞུ་ཡི། དེ་ལས་ རྐང་བཅུ་དྲུག་ བཅུ་དགུ་ལུ་ལྷོདཔ་ད་ ཀང་ལུང་ བླ་མ་དཀར་ ད་ཅི་ཞུ་མི་ ད་ཅི་ཞུ་མི་འདི་འ་ནཱི་འདི་ ཏེ་ ད་ལྟོ་ ཉི་ོུ་ལུ་ལྷོདཔ་ད་ སྐྱབས་རྗེ་ བྱ་བྲལ་རིན་པོ་ཆེ་ བྱ་བྲལ་རིན་པོ་ཆེ་གི་ ཏེ་
  • པདྨ་དབང་འདུས་/ Pema Wangdi:
    མན་ངག་དང་ དབང་ ལུང་ ཁྲིད་འདི་ གནས་གླང་དར་(གླང་བྲག་)ལུ་ཞུ་ཞུཝ་ཨིན། ང་གི་རྩ་བའི་བླ་མ་ཨིན་འ་ནཱི་ཡང་། འ་ནཱི་རྩ་བའི་བླ་མ་དེ་ཅིག་གི་ནང་ལས་ ང་བཅས་རའི་ ཀང་ལུང་ཟངས་མདོག་དཔལ་རི་ དཔལ་རི་ ཕུན་ཚོགས་གླིང་ལུ་ ནམ་མཁའི་སྙིང་པོ་ ད་ཅི་ཞུ་མི་ཨིན་ རྫོགས་ཆེན་ལུ་ཁྲིད་ཨིན།
  • པདྨ་དབང་འདུས་/ Pema Wangdi:
    རྐང་གྲངས་ཉི་ཤུ་རྩ་གཅིག་ཡོད་ང་གི་རྩ་བའི་བླ་མ་ དེ་ཅིག་ལས་ ང་ཤེས་རུང་མ་ཤེས་རུང་ མི་ནག་པའི་ཨ་ལོ་ཅིག་ཨིན། ཨིན་རུང་ དབང་ ལུང་ ཁྲིད་ དེ་ཅིག་ལས་ཞུ་ཡི་ ཞུ་སྟེ་འབད་རུང་ ང་ ད་ལྟོ་ སྨོན་ལམ་བཏབ་བཏབ་ས་རང་ཡོད།
  • པདྨ་དབང་འདུས་/ Pema Wangdi:
    ང་ར་མཐར་འཁྱོལ་མ་ཚུགས་རུང་ བླ་མ་བཟང་པོའི་ཐུགས་རྗེ་བྱིན་རླབས་ཀྱིས་འབད་ ཨ་ཙི་རེ་ འཁོར་བ་ནང་མ་སྲིདཔ་ཅིག་འོང་ རྒྱལ་ཁབ་ལུ་ཕན་ཐོགས་ མི་སེར་ལུ་ཕན་ཐོགས་ཚུགསཔ་ཅིག་ རྒྱལ་ཁབ་ལུ་ཕན་ཐོགས་འོང་བཅུག་ ང་བཅས་རའི་འབྲུག་རྒྱལ་ཁབ་ཀྱི་ ནད་རིགས་ཞི་རེ་དང་ དམག་འཁྲུགས་མུ་གེ་འཇོམས་ནི་གི་ ག་ར་ལུ་ཕན་ཐོགས་ཚུགསཔ་ཅིག་འོང་བཅུག་ཟེར་ སྨོན་ལམ་བཏབ་བཏབ་ས་རང་ཡོད།
  • པདྨ་དབང་འདུས་/ Pema Wangdi:
    འདི་གི་ནང་རྟེན་༼དོན༽ཉིད་ལས་ ཏེ་ ད་ལྟོ་ ང་བཅས་རའི་ བར་མཚམས་བླ་མ་འདི་གིས་ ནཱ་ལུ་ ཕེབས་ བྱོན་ཡི་ ད་ཅི་གོང་ལྟར་ཞུ་བ་བཞིན་དུ་ཨིན། བླ་མ་ བར་མཚམས་རིན་པོ་ཆེ་ཨིན། བར་མཚམས་རིན་པོ་ཆེ་གིས་ ད་ ང་བཅས་ར་ནཱ་ལུ་ ག་ཤ་རི་ནང་ན་ ལྷ་ཁ་ཅིག་བཞེངས་དགོ་ ཁྱེད་ ཚོགས་བསགས་སྒྲིབ་བྱང་ གནམ་མེད་ས་མེད་སྤྱང་ཀ་ཨིན་པས་ ཨ་རྟག་ར་སྤྱང་ཀ་སྦེ་སྡོད་ནི་ཨིན་མས། ལྷ་ཁང་ཅིག་བཞེངས་དགོ་ཟེར་གསུངས་ཡི།
  • པདྨ་དབང་འདུས་/ Pema Wangdi:
    གསུངས་ཞིནམ་ལས་ ད་ལྟོ་ ང་བཅས་ར་ནཱ་ག་ཤ་རི་ལུ་ ནཱ་ལུ་བྱོན་ཞིན་ན་ ཕར་ མཐོང་ས་ལས་ཚུར་ བྱོན་ཞིན་ན་ ནཱ་ལུ་སྐུ་ཞག་གཅིག་གཟིམས་ཞིན་ན་ ཏེ་ ད་ལྟོ་ ང་བཅས་ནཱ་ ལྷ་ཁང་བཞེངས་ནི་གི་འགྱམ་ལེན་ཡི།
  • པདྨ་དབང་འདུས་/ Pema Wangdi:
    འགྱམ་ལེནམ་ད་ལུ་ སློབ་དཔོན་ལྷ་དབང་ཟེར་མི་ཅིག་སྡོད་ཡི་ ཡར་ པད་ཚལ་གླིང་ལས་ཨིན། པད་ཚལ་གླིང་ལས་ བུམ་ཐང་པ་ཨིན། པད་ཚལ་གླིང་སྤྲུལ་སྐུ་ ཁོ་ཡང་སྤྲུལ་སྐུ་བཟུམ་རང་སྡོད་ཡི་ ཁོ་ ཁོ་མཆོད་དཔོན་གོང་མ་ ང་ མཆོད་གཡོག་སྦེ་སྡོད་ཅི་ ཁོ་ དབུ་མཛད་སྦེ་སྡོད་ཅི་ ང་ མཆོད་དཔོན་སྦེ་སྡོད་ཅི།
  • པདྨ་དབང་འདུས་/ Pema Wangdi:
    སྡོདཔ་ད་ ང་བཅས་གཉིས་ འཆམ་ ཕར་ བར་མཚམས་རིན་པོ་ཆེ་བཞུགས་སྟེ་ཁྲི་གུ་ ཏེ་ སློབ་དཔོན་ལྷ་དབང་ང་བཅས་གཉིས་ཀྱིས་ འདི་ལུ་ བགེགས་སྐྲོད་དང་ འཆམ་ [མི་ཁོམ་?] འཆམ་ ང་གིས་རྐྱབ་ཅི་ དེ་ནཱ། འབག་ཡང་ འབག་ བདེ་ཆེན་གླིང་ལས་ བརྙ་འབག་འོང་ཡི་ གཅིག་རྐྱངམ་ཅིག་ནགཔོ་ དེ་ལས་ འཆམ་གོ་འདིན་མེད་ ཐགས་རས་དང་ བཀབ་ནེ་དཀརཔོ་ཚུ་ འཐེན་ཏེ་རྐྱབ་ཅི་ སྤྱང་ཀའི་བསྒང་ལུ་ དེ་ནང་ང་གིས་ འཆམ་རྐྱབ་སྟེ་ ལྷ་ཁང་རྨང་ལེན་ཡི།
  • པདྨ་དབང་འདུས་/ Pema Wangdi:
    རིན་པོ་ཆེ་ མ་ཧཱ་བྷ་ལ་ ཡར་ལས་མར་ འ་ནཱི་ ག་ཅི་ལོ་ འབག་སྟེ་ཡོད་ ང་བཅས་ར་ གཡག་གླང་གི་རྭཝ་རིངམོ་ཚུ་བསྡམས་ཏེ་ མ་ཧ་བྷ་ལ་ འ་ནཱི་བཏང་ཡི་ བཏང་སྟེ་ བཏངམ་ད་ མ་ཤེས་ང་བཅས་ཚུ་གིས་བཏང་ནི་ ཤིང་སྒྲིག་ནི་ སྒྲོམ་སྒྲིག་མ་ཤེས་པར་ ཕར་ལུ་ ཐིམ་ཕུ་ལུ་འགྱོ་ཡི་ ལྷབ་པར།
  • པདྨ་དབང་འདུས་/ Pema Wangdi:
    ཨ་ཁུ་བཀྲོངས་མི་དུང་འཁོར་སྦོམ་ ད་ལྟོའི་གསརཔ་འདི་མེད་ དང་ཕུའི་རྙིངམ་འདི་ཡོད་ ཕུར་པ་ ཡིག་བརྒྱ་དུང་འཁོར་སྦོམ་ཡོད་ འ་ནཱི་ཁྱིམ་ནང་ ས་གྱང་བརྡུང་ནི་དང་ སྒྲོམ་སྒྲིག་ནི་ མ་ཎི་དུང་འཁོར་རྐྱབ་ནི་ས་ འ་ནཱ་ལུ་ བདུན་ཕྲག་གཉིས་ སྦྱང་བ་འབད་དེ་ དེ་ལས་ ནཱ་གི་འགྱམ་ལེན་ ནཱ་གི་ལྷ་ཁང་རྐྱབ་ཅི།
  • པདྨ་དབང་འདུས་/ Pema Wangdi:
    ནཱ་ལྷ་ཁང་བཞེངས་ བཞེངསམ་ད་ ག་དེམ་ཅིག་ གནམ་ལོ་ནམ་ཨིན་ན་ གནམ་ལོ་སླབ་མི་ཤེས་པས་ འབྲུག་ལོ་བཞི་སོང་ཡི་ འབྲུག་ལོ་བཞི་ ལོ་བཞི་ཅུ་བཞི་བརྒྱད་འགྱོ་ཡི་ བཞི་ཅུ་བཞི་བརྒྱད་འགྱོ་ཡི་ ཏག་ཏ་འགྱོ་ཡི་དུས་ཅི། བཞི་ཅུ་བཞི་བརྒྱད་འགྱོ་ཡི་ལོ་ འ་ནཱ་ལུ་ ང་བཅས་ནཱ་ལུ་ ལྷ་ཁང་ཅིག་བཞེངས་ཏེ་
  • པདྨ་དབང་འདུས་/ Pema Wangdi:
    འ་ནཱི་ལྷ་ཁང་ནང་ལུ་ ང་བཅས་ག་ར་ ད་ལྟོའི་ ད་ལྟོའི་ང་བཅས་ར་ནཱ་ལུ་ ཆོས་སྡེ་ལྷན་ཚོགས་ཟེར་མི་ཅིག་བཙུགས་ཏེ་ཡོད་ ཨ་ཏི་གཞི་ཚོགས་ཟེར་བཙུགས་ཏེ་ཡོད་ རྙིང་མ་གཞི་ཚོགས་ཟེར་མི་ཅིག་བཙུགས་ཏེ་ཡོད་ འ་ནཱི་རྙིང་མ་གཞི་ཚོགས་དང་ ཨ་ཏི་གཞི་ཚོགས་ ཆོས་སྡེ་ལྷན་ཚོགས་ཀྱི་ ང་ཁྲི་འཛིན་གོངམ་ཅིག་ཨིན།
  • པདྨ་དབང་འདུས་/ Pema Wangdi:
    བསྐོས་ཡི་ ནཱ་མི་སེར་གྱིས་ ང་བཅས་སྒོམ་ཆེན་དམངས་ཀྱིས་ ཁྲི་འཛིན་གོངམ་ཨིན། ང་གི་འོག་ལས་ ཁྲི་འཛིན་འོགམ་གཅིག་ཡོད་ ང་གི་འོག་ལས་དྲུང་ཆེན་གཅིག་ཡོད་ ད་རུང་ དྲུང་ཆེན་འོགམ་གཅིག་ཡོད་ རྩིས་འཛིན་པ་གཅིག་ཡོད་ རྩིས་འཛིན་པ་འོགམ་གཅིག་ཡོད་ འཐུས་མི་ཚོགས་པ་བདུན་ཡོད།
  • པདྨ་དབང་འདུས་/ Pema Wangdi:
    སྒོམ་ཆེན་ཡོངས་བསྡོམས་ཡོད་ བསྡོམ་གི་ཉི་ཤུ་རྩ་དྲུག་ཡོད་ཟེར་ ང་བཅས་ར་ནཱ་ལུ་ འདི་ཚུ་ དེ་གི་ཐོག་ཁར་ ང་བཅས་ཚུ་གིས་ ལྷ་ཁང་ལུ་ ཤེས་རུང་མ་ཤེས་རུང་ ཡར་ངོ་མར་ངོ་ཚེས་བཅུ་ ཡར་ངོ་འདི་ལྷོདཔ་ད་ ང་བཅས་ཀྱིས་ ནཱ་ལས་ཡར་ལྟ་ ཚེས་བཅུ་ཐམ་ལས།
  • པདྨ་དབང་འདུས་/ Pema Wangdi:
    པད་གླིང་བླ་མ་ནོར་བུ་རྒྱ་མཚོ་དང་ ཚོགས་སྐྱེས་ཐུགས་ཐིག་ འ་ནཱི་ཚུ་བཙུགསཔ་ཨིན། མར་ངོ་ལུ་ལྷོདཔ་ད་ མཁའ་འགྲོ་ཐུགས་ཐིག་དང་ ཁྲོས་མ་གིས་འབད་བཙུགསཔ་ཨིན། གནམ་སྒང་དགུ་སྟོང་ལྷོདཔ་ད་ བླ་མ་མཆོད་པ་རྡོ་སེམས་དང་ སྔགས་ཀྱི་གསོ་སྦྱོང་གིས་འབད་བཙུགསཔ་ཨིན། དེམ་ཅིག་ ཡར་ངོ་མར་ངོ་མ་ཆདཔ་སྦེ་ ང་བཅས་ནཱ་ལུ་བཙུགས་ཏེ་སྡོདཔ་ཨིན།
  • པདྨ་དབང་འདུས་/ Pema Wangdi:
    ང་བཅས་སྒོམ་ཆེན་ཚུ་གིས་ རྒྱུད་ལུ་ཡོན་ཏན་གནམ་མེད་ས་མེད་སྦྱང་བ་འདི་མེད། ཧེ་མ་ མ་སྦྱངས་ནི་འདི་གིས་ ང་བཅས་ར་ ཨ་ཙི་རེ་ ད་ལྟོ་ ཆོ་ག་ཕྱག་ལེན་ བླ་མ་བཟང་པོ་ཚུ་ལུ་གསོལ་བ་བཏབ་སྟེ་ ཆོ་ག་ཕྱག་ལེན་ ཡར་ངོ་མར་ངོ་ཅིག་འབད་དེ་སྡོདཔ་ཨིན་ ཨ་ཙི་རེ་ དེ་གི་ནང་ལས་ ང་བཅས་ར་ ད་ལྟོ་ལྷ་ཁང་ཡང་ ཉམས་གསོ་ཞུ་རན་ཏེ་ཡོད།
  • པདྨ་དབང་འདུས་/ Pema Wangdi:
    ད་ལྟོ་ ཧེ་མ་ གནམ་ལོ་ བཞི་ཅུ་ཞེ་ བཞི་བཅུ་ཞེ་བརྒྱད་འགྱོཝ་ད་ལུ་ ཧེ་མ་ས་གྱང་སྡོད་ཡི་ ལོ་ཉི་ཤུ་འགྱོ་མ་འགྱོ་ འགྱོ་མ་འགྱོ་ བཅུ་བདུན་དང་བཅོ་བརྒྱད་ཀྱི་བར་ན་ ང་བཅས་ཚུ་ས་གྱང་ བྱི་ཙི་གིས་སྤེད་དེ་ ཧ་ར་ཧེ་རེ་གྱོ་ཞིནམ་ལས་ སྟབས་མ་བདེ་ཞིནམ་ལས་ མི་སེར་དམངས་ཀྱིས་རུབ་སྟེ་ ང་བཅས་དམངས་སྦེ་ རབ་རུབ་འབད་དེ་ རྡོ་རག་རོག་ཅིག་བརྩེགས་ཅི་ བརྩེགས་སྦེ་རྐྱབ་སྟེ་ཡོད་ཟེར།
  • པདྨ་དབང་འདུས་/ Pema Wangdi:
    འདི་ལུ་ ང་བཅས་གཞུང་གིས་ཡང་ ད་ལས་ཡར་མར་གནང་འོང་ ད་ལྟོ་གཞུང་ལས་ཡང་མེད་ ང་བཅས་སྒོམ་ཆེན་ཚུ་ལས་ སྟོང་ཕྲག་ལྔ་ལྔ་བསྡུ་ཡི་ཟེར་ དེ་ལས་མི་སེར་ཚུ་ལས་ སྟོང་ཕྲག་ ཁྱིམ་དགུང་རེ་རེ་ལས་ སྟོང་ཕྲག་གཉིས་རེ་བསྡུ་ཡི།
  • པདྨ་དབང་འདུས་/ Pema Wangdi:
    སྟོང་ཕྲག་ མེད་མི་ཚུ་ལས་ཡང་ ཨམ་མོ་རེངམ་གཅིག་ ཟླ་བ་སྒྲོལ་མ་ཟེར་སྡོད་ཡི་ ལྔ་བརྒྱ་བསྡུ་ཡི་མོ་ལས་འདི་ འདི་ཚུ་བསྡུ་སྟེ་ ད་ལྟོ་རབ་རུབ་འབད་དེ་ འ་ནཱི་བཟུམ་ཅིག་རྐྱབ་སྟེ་ཡོད་ བཟོ་ཡང་ལེགས་ཤོམ་མེད་ ཚད་ཐིག་ཡང་མེད་ ཐོག་ཡང་ཐུང་སྟེ་ཡོད་ ཉམས་གསོ་ཞུ་ནི་སྦེ་ ཉམས་གསོ་ཞུ་ནི་གི་ ང་བཅས་རའི་གཞུང་ལུ་ཡང་ རྒེད་འོག་ལས་བརྒྱུད་དེ་དྲུང་ཁག་ལུ་ཞུ་ཚར་ཏེ་ཡོད།
  • པདྨ་དབང་འདུས་/ Pema Wangdi:
    ཡར་ སྒང་སྟེང་རིན་པོ་ཆེ་ལུ་ཡང་ཞུ་སྟེ་ཡོད་ རྙིང་མ་གཞི་ཚོགས་ལུ་ཡང་ཞུ་སྟེ་ཡོད་ ཨ་ཏི་གཞི་ཚོགས་ལུ་ཡང་ཞུ་སྟེ་ཡོད་ ཆོས་སྡེ་ལྷན་ཚོགས་ལུ་ཡང་ཞུ་སྟེ་ཡོད་ དེ་ལས་ འགོ་དཔོན་ཕུར་པ་ལུ་ཞུཝ་ད་ འ་ནཱི་ལྷ་ཁང་སྟབས་བདེཝ་མིན་འདུག་ཟེར་ ད་ལྟོ་ དྲག་ཤོས་དྲུང་ཆེན་ ཁྱོད་བཞུགས་པའི་བར་ན་ སྐྱིད་སྡུག་གནང་དགོ་ཟེར་ཞུ་ཡི་ང་གིས་ དུས་ཅི་ཚོགས་འཛོམས་ལུ་ཞུ་ཡི།
  • པདྨ་དབང་འདུས་/ Pema Wangdi:
    ཏེ་ ད་ལྟོ་ མང་དངུལ་མིན་འདུག་ཟེར་ ང་གི་ཁ་ཐོག་ལས་ ག་ཅི་གནང་ནི་སྨོ་ཟེར་བ་ཅིན་ [དོད་སྡུས་པའི་?] རྫོང་ཁག་ཉི་ཤུ་ལུ་གནང་ནི་ཟེར་ ལེ་ཤ་ ཁོ་གི་གསལ་རི་རི་ཡོད་ཟེར་གསུངས་དེས་ འ་ནཱི་སྦེ། ཏེ་ ད་ལྟོ་ ཨ་ཏི་གཞི་ཚོགས་ཀྱིས་ཡང་ ད་ལྟོ་རྒྱབ་སྐྱོར་ཅིག་གནང་ནི་ཟེར་གསུངས་དེས།
  • པདྨ་དབང་འདུས་/ Pema Wangdi:
    དེ་ལས་ ད་ལྟོ་ རྙིང་མ་གཞི་ཚོགས་ཀྱིས་ཡང་ རྒྱབ་སྐྱོར་གནང་ནི་ཟེར་གསུངས་ཏེ་ཡོད་ ད་ལྟོ་ ནམ་གནང་འོང་ག་ ནཱ་ལས་ཡར་ལྟ་ རྒེད་འོག་ལས་བརྒྱུད་དེ་སྐྱེལ་ཏེ་ཡོད་ འ་ནཱི་ཉམས་གསོ་ཅིག་ཞུ་ནི་གི་ གནམ་མེད་ས་མེད་སྨོན་ལམ་རྒྱ་ཆེནམ་སྦེ་བཏབ་སྡོད་ཡོ། ང་བཅས་མི་སེར་ག་ར་ འ་ནཱི་སྨོན་ལམ་ཅིག་དེ་སྦེ་བཏབ་དོ་ཟེར་ ད་ལྟོ་ ང་བཅས་ག་ར་གིས་ར་ མི་སེར་དམངས་ཀྱིས་ཡང་།
  • པདྨ་དབང་འདུས་/ Pema Wangdi:
    འ་ནཱི་ ང་བཅས་རའི་ ག་ཤ་རི་ཉམ་ཆུང་ལུ་ ད་ལྟོ་ ནཱ་ལྷ་ཁང་ཅིག་ལེགས་ཤོམ་འགྱོ་ནིའི་ ལེགས་ཤོམ་སྨོན་ལམ་བཏབ་དོ་ དེ་ལས་ ད་ལྟོ་ ང་བཅས་སྒོམ་ཆེན་ རང་དབང་རང་གི་ མཚམས་པ་ཨིན་རུང་ སྒྲུབ་སྡེ་ཨིན་རུང་ བཤད་གྲྭ་ཨིན་རུང་ གྲྭ་ཚང་ཨིན་རུང་ ང་བཅས་དགོན་སྡེ་ཁག་ བླ་མ་སྤྲུལ་སྐུ་ཨིན།