Video Overview
Thinley from Tongling village narrates an account of how he can fix bone fractures in a traditional way. Whenever his neighbors suffer bone fractures, they come to his house for treatment. He not only fixes broken bones of people, but also started to fix broken bones of animals in the community. He gives many examples about how he fixed fractures and treated dislocated bones for various people.
བཀྲིས་སྒང་རྫོང་ཁག་ ར་དྷི་རྒེད་འོག་ སྟོང་གླིང་གཡུས་ཚན་ལས་ འཕྲིན་ལས་ཀྱིས་ ཁོ་གིས་གཡུས་ཁའི་མི་ཚུ་གི་ ལགཔ་དང་རྐངམ་གྱི་རུ་ཏོ་ བཅག་བཅགཔ་དཀྲིམས་དཀྲུམསཔ་ཚུ་ རག་ལུགས་ཀྱི་ཐོག་ལས་ ག་དེ་སྦེ་བཟོ་དོ་ཡོདཔ་ཨིན་ནའི་སྐོར་ལས་ བཤདཔ་མས། ཏེ་ཁོ་རའི་ཁྱིམ་ཚང་ཚུ་ དུས་ནམ་ར་འབད་རུང་ རྐངམ་དང་ལགཔ་ འདི་ལས་རུ་ཏོ་རེ་བཅག་དཀྲུམས་དང་ འབལ་འབལཝ་རེ་ཡོད་པ་ཅིན་ ཁོ་གིས་བཙུགས་བྱིན་དོ་ཡོདཔ་མ་ཚད་ ཁོ་གིས་ སེམས་ཅན་གྱི་རུ་ཏོ་འབལ་འབལཝ་ཚུ་ཡང་ བཙུགས་བྱིན་དོ་ཡོདཔ་མས། ཁོ་གིས་ཧེ་མ་ལས་ མི་ལེ་ཤ་ཅིག་གི་ རུ་ཏོ་འབལ་འབལཝ་ཚུ་བཙུགས་བྱིན་ནུག། ་
- Trashigang
- Radhi
- འཕྲིན་ལས Thinleyསྤང་ཐང་འཕྲིན་ལས་ཀྱི་ལགཔ་དང་རྐངམ་བཟོ་ཐངས་ཀྱི་སྐོར་ལས་ཞུ་ནི་ལགས། རྐངམ་གི་མཛུབ་ཅུང་ཡང་ཚིག་འཁྲུགས་འགྱོ་ནི་ཡོད་ དེ་ལས་འ་ནཱི་ཚིག་ཡང་འཁྲུགས་འགྱོ་ནི་ཡོད།
- འཕྲིན་ལས Thinleyདེ་ལས་འ་ནཱི་ཡང་ ཡར་སྐུབ་འགྱོ་ནི་ཡོད་ དེ་ལས་རྟིངམ་ཡང་ཚིག་དཀྲུམ་ནི་ཡོད་ དེ་ལས་རྐངམ་གི་རུ་ཏོ་ཆག་ནི་ དེ་ལས་པུས་མོ་ཡང་ཚིག་འཁྲུགས་ནི་ཡོད།
- འཕྲིན་ལས Thinleyདེ་ལས་འ་ནཱི་སྤྱི་མི་གུ་འཁྲུགས་པ་ཅིན་བཟོ་ནི་ལཱ་ཁག་ཡོད་ ཏེ་ འ་ནཱི་ཕྱག་ལྟག་གུ་ཡང་ལཱ་ཁག་ཡོད། འ་ནཱི་འཁྲུགས་པའི་སྐབས་ལུ་ རུ་ཏོ་ནང་ན་རྩ་ཆད་ཡང་སོངམ་པ་ཅིན་མི་འདྲ།
- འཕྲིན་ལས Thinleyའ་ནཱི་འདི་མེ་བཏང་དགོ་ ལྕགས་ཆུང་ཀུ་འབད་བཀུག་བཀུག་འབད་འོང་ འ་ནཱི་གི་ནང་བཙུགས་ དེ་ལས་ མེ་བཏང་འབད་མཐུད་དགོ་ འ་ནཱི་འདི་ རྩ་ཆད་སོང་པ་ཅིན་སྦོ་ཀྲོ་འབད་འགྱོ་སྡོད་འོང་།
- འཕྲིན་ལས Thinleyདེ་ལས་ལྟག་ཀོ་ཆག་ནི་ཡོད་ ཏེ་ ལྟག་ཀོ་བཟོ་ནི་ཡོད་ དེ་ལས་བྱང་ཁོག་བཟོ་ནི་མེད་ དེ་ལས་སྒལ་ཏོ་ཡང་བཟོ་ནི་མེད་ ཏེ་ འདི་ཚུ་བཟོ་དགོཔ་ མེ་བཏང་འདི་རང་བཟོ་དགོ་ བྱང་ཁོག་དང་སྒལ་ཏོ་འདི།
- འཕྲིན་ལས Thinleyལགཔ་ཡང་འཁྲུགས་ནི་ཡོད་ ལགཔ་གི་རུ་ཏོ་གཉིས་ཡོད་ འདི་གཉིས་ཆ་རང་བཟོ་ནི་ཡོད་ ཏེ་ མ་དཀྲུམ་པ་རྩ་འཁྲུགས་པ་ཅིན་ མེ་བཏང་འདི་ ནང་ན་གི་ཆུ་བརྩག་བཏང་དགོ་ ཏེ་རྩ་སྐུམ་སྡོད་པ་ཅིན་དྲག་མི་བཏུབ།
- འཕྲིན་ལས Thinleyརྐངམ་གི་རྐང་དུང་ཡང་ མི་འཁྲུགས་ དེ་ལས་ལགཔ་གི་རུ་ཏོ་འདི་ཡང་མི་འཁྲུགས་ དེ་འབདཝ་ད་ཕྱག་ལྟག་རུ་ཏོ་དང་སྤྱི་མི་རུ་ཏོ་གཉིས་ཅོག་འཐད་ འ་ནཱི་རྩ་ཆད་ཡར་སོང་པ་ཅིན་མི་བཏུབ།
- འཕྲིན་ལས Thinleyདེ་ལས་ འ་ནཱ་ཡང་རྩ་ཆད་སོང་པ་ཅིན་མི་བཏུབ་ དེ་ལས་ འ་ནཱ་ཡང་རྩ་ཆད་ཡར་སོངམ་པ་ཅིན་ མི་བཏུབ་ ཏེ་ འ་ནཱ་ཡང་རྩ་ཆད་སོངམ་པ་ཅིན་མི་བཏུབ་ ཏེ་ ད་རུང་འདི་ནང་ཡང་རྩ་ཆད་སོང་རུང་མི་བཏུབ།
- འཕྲིན་ལས Thinleyཏེ་ འ་ནཱ་ཚིག་འཁྲིགས་པ་ཅིན་ ཕྲང་འབད་བཟོ་བཏུབ་ འདི་ཡང་མེ་བཏང་འབད་བཟོ་བཏུབ་ ཏེ་ འ་ནཱ་འདི་ མེ་བཏང་འདི་བཟོ་ནི་ལཱ་ཁག་ཡོད་ ཏེ་ འ་ནཱ་ཚིག་ཡང་མི་བཏུབ་མེ་བཏང་བཟོ་ནི། འ་ནཱི་ཅིག་ཨིན་ལགས་ལགཔ་དང་རྐངམ་གི་ཚིག་བཟོ་ཐངས།