Skip to main content Skip to search
22 Aug 2018
3 min 18 sec
Video Overview
Creators: 
Penchela

Bay was spread when Guru Rinpoche visited Bumthang in order to subdue all demons that disturbed local people. During the Ngang Lhakhang consecration, bay was performed. Bay was performed in the morning and evening during consecrations, and was performed by those who perform zhey. The main significance of performing Bay during the Ngang Lhakhang consecration was to subdue demons.

ཁ་རྒྱུན་ལས་འབད་བ་ཅིན་ རྦད་འདི་ ཆོས་སྐོར་སྟད་ལུ་ ཧེ་མ་གུ་རུ་གྱིས་ ཞབས་ཀྱི་བཅགས་ནང་པའི་སྐབས་ འདྲེ་བདུད་ཚུ་ བཏུལ་ནི་དོན་ལུ་ མཛད་གནངམ་ལས་ ད་རེས་ནང་པ་ དར་ཁྱབ་སོང་འདི་ ཡོདཔ་ཨིན་མས།  རྦད་འདི་ ཧེ་མ་ གུ་རུ་རིན་པོ་ཆེ་གིས་ འགྲ་དང་བགེགས་ཚུ་བརྟུལ་ནིའི་དོན་ལུ་ མཛད་གནང་ཡི་ཟེར་བཤད་དོ་ཡོདཔ་ ཨིན་འདུག། དེ་ལས་ ངང་ལྷ་ཁང་གི་ རབས་གནས་ཀྱི་སྐབས་ལུ་ཡང་ འདི་ལས་རྟ་དྲང་འདི་ རྐྱབ་སྲོལ་ཡོདཔ་་ཨིནམ་འབད་སླབ་དོ་ ཡོདཔ་ཨིན་མས། ད་རེས་ནང་པ་ཡང་ རྦད་འདི་རབས་གནས་ཀྱི་སྐབས་ དྲོ་པ་དང་ཕྱི་རུ་རྐྱབ་སྲོལ་ཡོདཔ་ཨིན་མས།  རྦད་འདི ་ངང་ལྷ་ཁང་གི་རབས་གནས་སྐབས་ལུ་ ཉིམ་དང་པ་ལས་རང ་དྲོ་པ་དང་ཕྱི་རུ་ མཇུག་མ་བསྡུ་ཚུན་ཚོད་ རྐྱབ་སྲོལ་ཡོདཔ་ཨིན་པས། རྦད་རྐྱབ་མི་ཚུ་ཡང་ གཞས་རྐྱབ་མི་ཚུ་གིས་འབད་ རྐྱབ་དགོ་དོ་ཡོདཔ་ཨིན་མས།  རྦད་འདི་མ་ཞིག་གི་འདི་ དགྲ་འདི་ཚུ་ བཏུལ་ནི་འཐབ་ལུ་ རྐྱབ་དོ་ཡོདཔ་ཨིན་མས། དེ་བཟུམ་འབད་ངང་ལྷ་ཁང་གི་ རབས་གནས་སྐབས་ལུ་ཡང་ རྦད་རྐྱབ་མི་འདི་ཡང་ ་དགྲ་དང་དགེགས་འདི་ཚུ་ བཏུལ་འདི་ དགེ་བའི་ཚུལ་དང་ དུད་ཀྱི་གནོད་པ་ མ་འོང་པར་  ཆར་ཆུ་དུས་ལུ་འབབ། ལོ་ཆུ་རྟག་ཏུ་ལེགས་ནི་གྱིས་ དོན་ལུ་ཨིན་མས། 

Transcript search
No results found for this search
0 of 0
  • བསྟན་འཛིན་ནོར་བུ་
    ད་ང་བཅས་ཀྱི་ རྦད་རྐྱབ་ནི་ཅིག་ཡོདཔ་ཨིན་ལགས་ ད་རུང་ལགས་ རྦད་རྐྱབ་དགོ་པའི་གི་འདི་ ཉིནམ་དང་པའི་ནང་ལུ་ཡང་ གཏམ་ངན་གྱི་རྦད་ཟེར་ རྐྱབ་དགོ་ལགས།
  • བསྟན་འཛིན་ནོར་བུ་
    གཏམ་ངན་གྱི་རྦད་ཟེར་ རྐྱབ་དགོ་མི་འདི་ག་ཅི་སྨོ་ཟེར་བ་ཅིན་ ད་ཤར་ནས་ཤར་བའི་ཁྲི་གདུགས་ཅིག་ཤར་བ་ད་རེས་ཀྱི་དྲོ་ ངེ་གཏམ་ངན་གྱི་བཤད་པ་བཤད་ནི་ཡོད་ ཁྲི་འདིར་བཞུགས་དང་ཁྲོམ་འདིར་བཟུམ་ངེའི་ནམ་ཡང་གཟུར་ཟམ་ན་ ངེའི་གཏམ་ངན་གྱི་བཤད་པ་དེ་རིང་གསན།
  • བསྟན་འཛིན་ནོར་བུ་
    ད་རེས་ང་གིས་ གཏམ་ངན་གྱི་བཤད་པ་རྐྱབ་ནི་ཨིན་ཟེར་ ད་ཁྲི་གུར་བཞུགས་མི་དང་ ཁྲོམ་ཁར་འཛོམས་མི་ སྙན་གསན་མི་ཡོངས་གསན་གནང་ཟེར་ ཚིག་ནང་ཡང་དེ་སྦེ་རང་ཡོདཔ་ཨིན།
  • བསྟན་འཛིན་ནོར་བུ་
    ད་ཨིན་པ་ལས་བརྟེན་ཏེ་ ཏེ་ད་གཏམ་ངན་འདི་གིས་ ག་དེམ་ཅིག་སྦེ་ གཏམ་འདི་ཁྱབ་བསྒྲགས་ག་དེ་སྦེ་ཡར་སོངཔ་ཨིན་ན་ འདི་གིས་མཛད་བྱ་(?) ཆོས་རྗེ་གཙང་པ་རྒྱ་རས་ག་དེ་འབད་ར་མཛད་ཡི་ག་ འ་ནཱི་ཆོས་རྗེ་གཙང་པ་རྒྱ་རས་ཀྱིས་ མཛད་པའི་མཛད་ཤུལ་ཅིག་ཨིན་མས་ལགས་ འདི་འབད་བ་ལས་བརྟེན་ཏེ་རྦད་ཡང་རིམ་པ་བཞིན་འདུག་ཡོདཔ་ཨིན།
  • བསྟན་འཛིན་ནོར་བུ་
    དེ་ལས་ དང་པ་གཞས་གཡོག་འདི་གིས་རྐྱབ་དགོ་ དེ་ལས་ གཉིས་པ་དར་དཔོན་ཟེར་མི་འདི་གིས་རྐྱབ་དགོ་ དར་དཔོན་གྱི་རྦད་འདི་འབད་བ་ཅིན་ དགེ་བསྙེན་གྱི་རྦད་ཨིན།
  • བསྟན་འཛིན་ནོར་བུ་
    དར་གཡོག་ཟེར་ཡོདཔ་ཨིན་ལགས་ དར་གཡོག་གི་རྦད་རྐྱབ་དགོ་ གསུམ་པ་འདི་ཨིན་ཁོ་ དར་གཡོག་འདི་འབད་བ་ཅིན་ཏེ་ཁོ་དགོན་པོ་གི་རྦད་ཨིན་ལགས།
  • བསྟན་འཛིན་ནོར་བུ་
    དེ་ལས་ མེ་མདའ་བ་ཟེར་ཡོདཔ་ཨིན་ལགས་ མེ་མདའ་བ་ཟེར་མི་འདི་ ཆོས་སྲུང་ནང་ཕབ་ནུག་ ཆོས་སྲུང་སྙོན་ཁག(??)་ཨིན་ལགས་ སྙོན་ཁག་གི་རྦད་རྐྱབ་དགོ་ལགས།
  • བསྟན་འཛིན་ནོར་བུ་
    ཁོ་རའི་མེ་མདའ་ཚུ་ཡོདཔ་ཨིན་ མ་པ་དཔེ་ཆ་ནང་མ་བཏུབ་བཏུབ་འབད་ག་ར་ཡོདཔ་ཨིན་ལགས་ འདི་ཚུ་འདི་ང་བཅས་ཡང་ཉམས་དོ་འོང་མནོ་སྟེ་ དང་ཕུ་འདི་གནམ་མེད་ས་མེད་དེ་སྦེ་ཅིག་མིན་འདུག་ མེད་དེ་རང་འབད་རུང་ང་ར་གི་ ཨམ་སྲུ་གི་ཨ་པ་རྩིསཔ་ཅིག་ཨིན་ལགས་ ཨིན་པ་ལས་བརྟེན་ཏེ་ཁོ་ཡང་གནམ་མེད་ས་མེད་འདི་ལུ་སྤྲོ་བ་ཡོད་མི་ཅིག་ཨིན།
  • བསྟན་འཛིན་ནོར་བུ་
    འདི་གི་མ་ཚད་ཆོས་དང་རིགས་འབྲེལ་བའི་ གཞས་འབད་བ་ལས་བརྟེན་ཏེ་ བླ་མ་ ཆོས་པ་ མཁན་པོ་ཡོད་ཚད་ཅིག་གིས་ཐུགས་ཀྱི་བརྩེ་བ་བསྐྱེད་འོང་ལགས།
  • བསྟན་འཛིན་ནོར་བུ་
    འདི་བསྐྱེད་པ་ལས་བརྟེན་ཏེ་ ང་གིས་འདི་མཛད་དེ་ བཀའ་དྲིན་བསྐྱང་གནང་ཟེར་ཞུ་བ་ལས་བརྟེན་ འདི་གིས་མཛད་རིམ་ག་ར་ཁོ་གིས་ཁྲམ་བཟོ་ཡོདཔ་ལས་ ད་ངབཅས་ཀྱིས་ རིམ་པ་བཞིན་དུ་ ཏེ་ གཞས་དཔོན་གཞས་གཡོག་རྩིས་སྤྲོད་ནི་ཡོདཔ་ཨིན།
  • བསྟན་འཛིན་ནོར་བུ་
    དང་ཕུ་འབད་བ་ཅིན་ ང་ར་ཡང་གཞས་གཡོག་སྦེ་ཕྱག་ཞུ་ཡི་ དེ་ལས་ ཤུལ་ལས་ང་བཅས་དགོངསམ་ཞུ་འབད་ཞིནམ་ལས་ ཏེ་ད་གཞས་དཔོན་གཞས་གཡོག་གསརཔ་བཙུགས་ཏེ་ཡོད།
  • བསྟན་འཛིན་ནོར་བུ་
    ད་དེ་གི་ཤུལ་ལས་ འེང་་་གུ་རུའི་རྦད་ཚུ་ཡང་རྐྱབ་ནི་ཡོད་ གུ་རུའི་རྦད་འདི་ཚུ་རྐྱབ་པའི་ གནས་སྐབས་ལུ་ཡང་ ད་ང་བཅས་རའི་དགྲོ་བོ་ཚུ་བསྒྲལ་ གཏོར་མ་འདི་ཚུ་འཕང་ འདི་ཚུ་འབད་བའི་སྐབས་ རྦད་འདི་རྐྱབ་རང་རྐྱབ་དགོ
  • བསྟན་འཛིན་ནོར་བུ་
    ཏེ་དེ་ལས་ ང་བཅས་ཀྱི་ཚེས་བཅུ་འདི་ཡང་ གནམ་མེད་ས་མེད་རྩ་ཅན་ཨིན་པ་ལས་བརྟེན་ཏེ་ ཨྱོན་རིན་པོ་ཆེ་ཡང་ཏེ་ སྤྱི་གཙུག་ལུ་བཀལ་ཏེ་ ཏེ་རྐྱབ་སྲོལ་ཡོད་མི་འདི་ གཅིག་འདི་ཨིན།